Skip to main content Skip to search
29 Jun 2018
4 min 6 sec
Video Overview
Creators: 
Sherig Dentshog

Toedpalung Gönpa has a long history, but no written records. In 2007 it was upgraded to an Anim Dratshang (nunnery) and named Ugyen Thakchok Yangtse. An Anim Dratshang called Ugyen Thekchok Yangtse was established by Grarab Rinpoche so that the Dharma would continue to flourish in the area.  Garab Rinpoche appointed Ani Karma Seldon to be head of the Dratshang. 

སྟེད་པ་ལུང་དགོན་པ་འདི་ པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ལུ་ཆགས་སྟེ་ཡོདཔ་ཨིན་མས། མི་ག་གི་ཡང་དགོན་པ་འདི་གི་འབྱུང་ཁུངས་འདི་མ་ཤེསཔ་མས།  དགོན་པ་འདི་ཧེ་མ་ལས་ཡོདཔ་མ་ཚད་ བླམ་ཡང་ལེ་ཤ་ར་ལྷན་སྐྱེས་འབད་ནུག སྤྱི་ལོ་༢༠༠༧་ལུ་དགོན་པ་ འདི་ཨ་ནིམ་གྲྭ་ཚང་ལུ་བཟོ་ཞིནམ་ལས་ མིང་ཡང་ ཨྱོན་ཐེག་ཕྱོགས་དབྱངས་བརྩི་ཟེར་བཏགས་ནུག གྲྭ་ཚང་འདི་ཡང་ ག་རབ་རིན་པོ་ཆེ་མཆོག་གི་ གཞི་བཙུགས་མཛད་གནང་ནུག། གྲྭ་ཚང་འདི་ནང་ཨ་ནི་བསྡོམས་༣༠་དེ་ཅིག་ཡོདཔ་དང་ ག་རབ་རིན་པོ་ཆེ་མཆོག་གི་ ཨ་ནེ་སྐར་མ་གསལ་སྒྲོན་འདི་ དབུ་འཛིན་འབད་བསྐྱོད་གནང་ནུག། གཡུས་འདི་ནང་ ་ཨ་ནིམ་གྲྭ་ཚངགཞི་བཙུགས་འབད་དགོ་མི་འདི་ཡང་ དམ་པའི་ཆོས་དར་ནིའི་དོན་ལུ་དང་ གཡུས་འདི་གི་མི་ཚུ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ཨིན་མས།

Transcript search
No results found for this search
0 of 0
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ ལགས་སོ། ཏེ་ང་འདི་ ངེའི་མིང་འདི་ ཀརྨ་གསལ་སྒྲོན་ཟེར་ཞུ་ནི་ལགས། ཏེ་ང་འདི་ཧེ་མ་ རང་འབྱུང་ལུ་སྡོད་སྡོདཔ་ཨིན་ལགས་ རང་འབྱུང་ལུ།
  • ཀརྨ་གསལ་སྒྲོན་/Karma Seldon:
    རང་འབྱུང་གྲྭ་ཚང་ནང་སྡོདཔ་ད་ རིན་པོ་ཆེ་གིས་ ཨ་ནེ་གྲྭ་ཚང་བཙུགས་ཞིནམ་ལས་ ཨ་ནེ་ལྟ་མི་འབད་ ནཱ་སྡོད་ཟེར་ བཀའ་གནང་སྟེ་ ཏེ་ང་ནཱ་སྡོདཔ་ཨིན་ལགས་ད་ལྟོ།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ནཱ་ ནཱ་ལུ་འདི་ དགོན་པའི་མིང་ བསྟོད་པ་ལུང་ཟེརཝ་མས་ས་ལགས་ ཧེ་མ་འདི་བསྟོད་པ་ལུང་ཟེར་སླབ་ཨིན་མས། ཏེ་ད་ལྟོ་འདི་ང་བཅས་ར་ ཨ་ནེ་གྲྭ་ཚང་བཙུགས་ཞིནམ་ལས་འབདན་ ཏེ་ཨོྱན་ཐེག་མཆོག་གཡང་རྩེ་ཟེར་ རིན་པོ་ཆེ་གིས་དེ་སྦེ་གནང་གནངམ་ཨིན་ལགས་ མིང་སོར་ཏེ་ཡོད་ལགས། ད་ལྟོ་འདི་ ཨོྱན་ཐེག་མཆོག་གཡང་རྩེ་ཟེར།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ ད་ལྟོ་ནཱ་ ཨ་ནེ་གྲྭ་ཚང་འདི་ ཏེ་འགོ་དང་པ་ ནམ་ལས་བཙུགས་ཅི་ག་ཟེར་བ་ཅིན་ ཏེ་ཨ་ནེ་འདི་ ཏེ་གནམ་ལོ་ ༢༠༠༧ ལས་ཡར་བཙུགས་བཙུགསཔ་ཨིན་ལགས།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ང་བཅས་ར་ ཨ་ནེ་གྲྭ་ཚང་ནང་ལུ་ ནཱ་ག་དེམ་ཅིག་ཡོད་ཟེར་བ་ཅིན་ ཨ་ནེ་ད་ལྟོ་ སུམ་ཅུ་དེ་ཅིག་ཡོད་ཟེར་ཞུ་ནི་ཨིན་ལགས།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ ནཱ་ལུ་ཧེ་མ་ལུ་ ཧེ་མ་ཧེ་མ་ལས་རང་ ནཱ་ལུ་དགོན་པ་ཅིག་ཨིན་མས་ ཏེ་ལྷ་ཁང་གཅིག་འདུག་ ཧེ་མ་ཧེ་མ།
  • ཀརྨ་གསལ་སྒྲོན་/Karma Seldon:
    འ་ནཱི་ རོགས་ནཱ་ལུ་ བླ་མའི་རྒྱུད་པ་ཅིག་ཡོདཔ་མས་ རོགས་ཧེ་མ་ལས་རང་། གནམ་ལོ་འདི་ ནམ་ལས་ཆགས་ཏེ་དགོན་པ་ཨིན་ན་འདི་ ང་གིས་ཞུ་མི་ཤེས་པས།
  • ཀརྨ་གསལ་སྒྲོན་/Karma Seldon:
    དེ་ལས་ རོགས་དགོན་པ་ ཏེ་རོགས་བླ་མའི་རྒྱུད་པ་ཆ་ཁྱབ་ ད་ལྟོ་འབད་བ་ཅིན་ ད་ལྟོ་ནཱ་ཤ་ལི་ལས་མར་ལྟ་སྟེ་ སྒོམ་ཆེན་ཚུ་ ལེ་ཤ་ཅིག་རང་འདུག་ རོགས་བླ་མའི་རྒྱུད་པ་ རྒྱུད་པ་སྦེ་སྡོད་དེ།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ བླ་མའི་རྒྱུད་པ་གཅིག་འདི་ ནཱ་སྐྱེ་ས་ཡང་ནཱ་ལས་ར་ཨིན་པས་བླ་མ་ ཏེ་བླ་མ་སེང་གེ་སྒྲ་སྒྲོག་ཟེར་མི་ ཅིག་འདུག་ འ་ནཱི་བླ་མ་སེང་གེ་སྒྲ་སྒྲོག་སླབ་མི་འདི་གིས་ ཏེ་
  • ཀརྨ་གསལ་སྒྲོན་/Karma Seldon:
    ང་བཅས་རའི་ སྐྱབས་རྗེ་དགའ་རབ་རིན་པོ་ཆེ་གི་ ཏེ་ཞབས་ཕྱི་འབད་བཞུགས་ཏེ་ ཏེ་ཡུདཔ་ཁ་ལས་ སྐྱབས་རྗེ་རིན་པོ་ཆེ་ལུ་ འ་ནཱི་ལྷ་ཁང་རྙིངམ་འདི་ ག་ར་བཤིག་སྟེ་ གསརཔ་ད་ལྟོ་ ཟངས་མདོག་དཔལ་རི་སྦེ་བཞེངས་སྦེ་ ཏེ་འ་ནཱ་ལུ་ ཁོ་ར་གི་ས་ཆ་དང་ ལྷ་ཁང་དགོན་པ་ག་ར་ ཏེ་རིན་པོ་ཆེ་ལུ་ཕུལ་ཏེ།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ རིན་པོ་ཆེ་ལུ་ ཏེ་དགོན་པ་ཅིག་དགོ་པས་ཟེར་ ནཱ་ཤཱ་ལི་ དགའ་མུང་ ཤུ་མར་པ་ཆ་ཁྱབ་ཀྱིས་ འ་ནཱི་སྦེ་འབད་དེ་ རོགས་གཡུས་ཚན་ཚུ་གིས་ ཏེ་ནཱ་ལུ་ཆོསཔ་དགོ་པས་ཟེར་ཞུཝ་སྦེ་ ཏེ་དེ་ལས་རིན་པོ་ཆེ་གིས་ བཀའ་གནང་སྟེ་ ཨ་ནེ་གྲྭ་ཚང་ཅིག་བཙུགས་ནི་ཟེར་བཀའ་གནང་སྦེ་ ཏེ་ད་ ད་ལྟོ་འདི་ ཨ་ནེ་གྲཱ་ཚང་ཟེར་ བཙུགས་གནང་གནངམ་ཨིན་ཟེར་ཞུ་ནི་ཨིན།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ ཏེ་ལྷ་ཁང་ནང་གི་རྟེན་གཙོ་བོ་ངོ་མ་རང་ ག་ཅི་དང་ག་ཅི་སྨོ་ཟེར་བ་ཅིན་ གུ་རུ་གཙོ་འཁོར་གསུམ་རྐྱངམ་ཅིག་ཨིན་པས། དེ་ལས་གཡས་གཡོན་གི་ཆ་ཁྱབ་འདིན་ག་ར་ དེ་སྦེ་རེ་རེ་བཞིན་དུ་འབད་དེ་ཞུ་དགོཔ་ཅིག་ ག་ནི་ཡང་མིན་འདུག མ་མཁྱེནམ་ཅིག་ག་ནི་ཡང་མིན་འདུག
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ནཱ་ད་ལྟོ་ འ་ནཱི་གྱང་བྲིས་ཚུ་ག་ར་ སྐྱབས་རྗེ་སྐུ་འཕྲེང་ཙང་ཙ་རྐྱངམ་ཅིག་ཨིན་ ཟེར་ཞུ་ནི་ཨིན་ལགས། འ་ནཱི་གྱང་བྲིས་དང་དེ་ཚུ།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ ཨ་ནཱི་ ང་བཅས་ ད་ལྟོ་ཨ་ནེ་ཚུ་འདི་ ཏེ་ག་ཅི་ར་འབདཝ་སྨོ་ཟེར་བ་ཅིན་ དྲོ་པ་ཆུ་ཚོད་༥ ལས་ལོངམ་ཨིན། ཏེ་ཆུ་ཚོད་ལྔ་ལས་ལོང་སྦེ་ ཏེ་ཆུ་ཚོད་གཅིག་གི་རིང་ལུ་ རང་སོ་ག་ཅི་འབད་དགོཔ་ ཁ་ཐུན་དགེ་སྦྱོར་ག་ཅི་བཏང་དགོཔ་ཡོད་རུང་བཏང་སྦེ་ ཏེ་དེ་ལས་ཆུ་ཚོད་དྲུག་ལས་འདི་ ག་ར་དུ་རུ་རུ་སྦེ་འཛོམས་ཏེ་ ནཱ་ལྷ་ཁང་ནང་ལུ་ སྒྲོལ་ཆོག་ལས་འགོ་བཟུང་ ཏེ་བསང་དང་འདི་ཚུ་བཏངམ་ཨིན་ཟེར་ ཆུ་ཚོད་༧ ཚུན་ཚོད་བཏངམ་ཨིན་ ཟེར་ཞུ་ནི་ཨིན་ལགས།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ང་བཅས་ ཆོས་འདི་ག་ཅི་བཏངམ་སྨོ་ཟེར་བ་ཅིན་ ད་ལྟོ་གཏེར་གསར་ཨིན་ལགས་གཏེར་གསར་ བཏངམ་ཨིན་ཟེར་ཞུ་ནི།
  • ཀརྨ་གསལ་སྒྲོན་/Karma Seldon:
    དེ་ལས་ ཏེ་ད་དཔེ་ཆ་ལྷབ་ནི་ཡོད་རུང་ ཉི་མ་ལུ་ བར་ན་ལྷབ་ཨིན་ཟེར་ ཕྱི་རུ་འདི་ ད་རུང་ཆུ་ཚོད་༥ ལས་གསོལ་ཁ་ཅིག་བཙུགསཔ་ཨིན་ཟེར་ཞུ་ནི་ལགས།
  • ཀརྨ་གསལ་སྒྲོན་/Karma Seldon:
    གསོལ་ཁ་ནང་ལུ་ཡང་ ཏེ་ང་བཅས་ར་གཏེར་གསར་གྱི་གསོལ་ཁ་བཏངམ་ཨིན་ ད་ལྟོ་སྤྱིར་བཏང་ལས་ དེ་ནང་ལས་ད་རུང་ ཏེ་ནཱ་གི་གནས་བདག་གི་མིང་འདི་ ཏེ་གསང་སྔགས་རྒྱ་མཚོ་ཟེར་མི་ཅིག་འདུག་ས་ལགས། ཨ་མར་སྤོག་ཏོ་ཅིག་འདུག་ འ་ནཱ་ལུ་ གསང་སྔགས་རྒྱ་མཚོ་ཟེར་ རོགས་ཧེ་མ་ཡང་ གསོལ་ཁ་འ་ནཱི་གསང་སྔགས་རྒྱ་མཚོ་གི་གསོལ་ཁ་གནང་གནངམ་ཨིན་པས།
  • ཀརྨ་གསལ་སྒྲོན་/Karma Seldon:
    ཏེ་ད་ལྟོ་ ང་བཅས་ར་རིན་པོ་ཆེ་གིས་ཡང་ ཏེ་འ་ནཱི་ཤོ་ལོ་ཀ་གཅིག་མཛད་གནང་སྟེ་ འ་ནཱི་སྦེ་གསང་སྔགས་རྒྱ་མཚོ་གི་གསོལ་ཁ་ཨ་རྟ་ར་ དེ་སྦེ་བཏང་དོ་ཟེར་ཞུ་ནི་ཨིན་ལགས། ཏེ་ད་ ང་གིས་གནམ་མེད་ས་མེད་ཅིག་ རྒྱས་ཤིང་རྒྱསཔ་སྦེ་ཞུ་མི་ཤེས་པས། ཏེ་ད་འ་ནེམ་ཅིག་རང་ཨིན་པས་ངེའི་ཁ་ཐུག་ལས། ལགས་སོ་ བཀའ་དྲིན་ཆེ་ལགས།། །།