Skip to main content Skip to search
01 Sep 2018
4 min 31 sec
Video Overview
Creators: 
Sherig Dentshog

The community of Ugyen Samdrup Choeling was once plagued by diseases, killing many people. A man called Tenzin Wangchuk went for divination and had to suppress the deities Drakpa Wangdi, at the top of the village, and Dur Drakpo at the end of the village. A temple and stupa had to be constructed. The temple comprises of eight manifestations of Guru Rinpoche and other sacred relics of Kuzhu Guru, a spiritual master of the East. In the temple the community celebrates an annual festival that originated in Drametse lhakhang in Mongar district.

༉  ད་རེས་ནངས་པར་ཉམས་གསོ་ཞུ་བཞིན་དུ་ཡོད་པའི་ཨོ་རྒྱན་བསམ་གྲུབ་ཆོས་གླིང་ལྷ་ཁང་དེ་ སྤྱི་ལོ་ ༡༧༨༣ ལུ་བཞེངས་བཞེངས་ཨིནམ་ད་ བཞེངས་དགོ་པའི་རྒྱུ་མཚན་དེ་ཡང་ དེ་བསྒང་ མི་ལེ་ཤ་ཅིག་ཚེ་ཐུང་ ཤི་འབད་བའི་ནམ་དུས་ལུ་ བསྟན་འཛིན་དབང་ཕྱུག་ཟེར་མི་གིས་ སག་སྟེང་སྐུ་ཤུགས་གུ་རུ་འབད་ས་བཅར་ཏེ་ཐུགས་རྟགས་ཞུ་བའི་སྐབས་ལུ་ གཡུས་སྟོད་ལུ་བཙན་དྲེགས་པ་དབང་འདུས་དང་གཡུས་མཇུག་ལུ་ ཆུ་གཉིས་འཛོམས་སར་བདུད་དྲག་པོ་ཅིག་འདུག་ འ་ནཱི་གིས་གནོདཔ་བཀལ་དོ་ཡོདཔ་སྦེ་ཐོནམ་བཞིན་དུ་ འ་ནཱི་གི་ཟློག་ཐབས་ལུ་ལྷ་ཁང་གཅིག་དང་དམ་མཆོད་རྟེན་གཅིག་བཞེངས་དགོ་པས་ཟེར་གསུངས་ཞིནམ་ལས་ བཞེངས་བཞེངསམ་ཨིན་པས། ལྷ་ཁང་དེ་ནང་ ནང་རྟེན་གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་དང་ སྐུ་ཤུགས་གུ་རུའི་སྐུ་འདྲ་ དེ་ལས་ རྡོ་གུ་བརྐོ་བརྐོ་བའི་ཕྱག་རྡོར་གྱི་སྐུ་གཅིག་ ཚོགས་ལྷམ་གཅིག་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལགས་སོ། ང་འདི་ནཱ་ སྐྱེས་ས་སྦོམ་ས་ནཱ་ལས་རང་ཨིན་ཟེར་ཞུ་ནི་ལགས། ང་འདི་ ང་གི་མིང་ རྡོ་རྗེ་ཚེ་རིང་ཟེར་ཞུ་ནི་ལགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    གོ་གནས་འདི་ང་ རྡོ་རྗེ་སློབ་དཔོན་འབད་སྡོད་ཡོད་ཟེར་ཞུ་ནི་ལགས། དེ་ལས་ད་ ནཱ་ཨྱོན་བསམ་གྲུབ་ཆོས་གླིང་གི་ལྷ་ཁང་གི་བཤད་པ་མདོར་བསྡུས་ཙམ་སྦེ་ཞུ་ནི་ལགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་འདི་ ད་ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་པོ་ནཱ་མི་ལེ་ཤཱ་སྡོད་ནུག་ མི་ལེ་ཤ་སྡོད་པའི་ནང་ལས་ ཏེ་ད་ཚེ་ཐུང་ཀུ་འོང་སྟེ་ གནམ་མེད་ས་མེད་ལས་དང་སྡུག་བསྔལ་ རང་རང་ས་ནཝ་ཚཝ་འབད་དེ་ དགའཝ་སྐྱིདཔ་མེདཔ་ལས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    དེ་ལས་ནཱ་ ཨཔ་བསྟན་འཛིན་དབང་ཕྱུག་ཟེར་མི་གིས་ ཡར་སག་སྟེང་སྐུ་ཞོགས་གུ་རུའི་སྐུ་མདུན་ལུ་བཅར་ཏེ་འབདཝ་ད་ལུ་ སྐུ་ཞོགས་གུ་རུ་གིས་ག་དེ་སྦེ་གསུངས་ཡི་ཟེར་བ་ཅིན།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡུལ་སྟོད་ལུ་ བཙན་དྲེགས་པ་དབང་འདུས་འདུག་ དེ་ལས་ཡུལ་མཇུག་ལུ་ཆུ་གཉིས་འཛོམས་ས་ལུ་ བདུད་དྲག་པོ་འདུག་ཟེར་གསུངས་ཡི་ཟེར་ཨིན་པས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འདིའི་བཀག་ཐབས་འདི་ ག་ཅི་འབད་ནི་སྨོ་ཟེར་བ་ཅིན་ ཏེ་ད་ནཱ་ལྷ་ཁང་གཅིག་བཞེངས་ རི་མགོ་ལུ་ལྷ་ཁང་གཅིག་བཞེངས་ཏེ་ དེ་ལས་ད་བཀའ་དམ་མཆོད་རྟེན་གཅིག་བཞེངས་དགོ་པས་ དེ་ལས་བཙན་གསོལ་ནི་གི་བཙན་ཁང་གཅིག་བཞེངས་དགོ་པས་ ཟེར་ཨིན་པས་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    ནཱ་ལྷ་ཁང་གི་ནང་རྟེན་ངོ་མ་འདི་ ག་ཅི་ཡོད་ལགས?
  • རྡོ་རྗེ་ཚེ་རིང་ Dorji Tshering
    ནཱ་གི་ནང་རྟེན་འབད་བ་ཅིན་ གུ་རུ་མཚན་བརྒྱད་གཅིག་ཡོད་ཟེར་ཞུ་གེ་ལགས། དེ་ལས་གུ་རུ་སྟོང་དང་རྩ་བརྒྱད་གཅིག་ཡོད་ཟེར་ཞུ་ནི་ལགས་ ནང་རྟེན་ཟེར་རུང།
  • རྡོ་རྗེ་ཚེ་རིང་ Dorji Tshering
    དེ་ལས་ད་ ཧེ་མ་ དང་ཕུ་གི་འབད་ཅ་ཅིན་ད་ ནཱ་སྐུ་ཞོགས་གུ་རུ་གིས་གནང་གནངམ་གི་དབུ་ཞྭ་གཅིག་ཡོད་ལགས། ཏེ་ཚོགས་ལྷམ་གཅིག་ཡོད་ལགས། དེ་ལས་ ནཱ་རྡོ་གུ་པ་ཏྲ་བརྐོ་བརྐོཝ་གི་ཕྱག་རྡོར་གཅིག་ཡོད་ཟེར་ཞུ་ནི་ལགས་ ཤུལ་བཞག་འབད་བ་ཅིན།
  • ཤེས་རིག་དོན་ཚོགས་ Sherig Dentshog
    དེ་ལས་ ནཱ་ལུ་འཆམ་ཡང་ཡོད་སྨོ་ལགས?
  • རྡོ་རྗེ་ཚེ་རིང་ Dorji Tshering
    འཆམ་ཡོད་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    འདི་གི་སྐོར་ལས་ཁ་གསལ་སྦེ་གསུང་ནི་ཡོད་པ་ཅིན་ལགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འཆམ་གྱི་ཁ་གསལ་འབད་བ་ཅིན་ གནམ་མེད་ས་མེད་ཅིག་མི་ཤེས་པས་ ཨིན་ཏེ་འབད་རུང་ ཧེ་མ་འཆམ་བྱུང་བའི་བྱུང་ཐངས་འདི་ ག་ཏེ་ལས་བྱུང་ཡི་ཟེར་བ་ཅིན་ དགྲ་མེད་རྩེ་ལས་བྱུང་བྱུངམ་ཨིན་ཟེར་ གསུངསམ་མས་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    དེ་ལས་ ནཱ་ལུ་དུས་རྒྱུན་གྱི་ཚེས་བཅུ་འདྲཝ་ འཆམ་འདྲཝ་ སྨྱུང་གནས་འདྲཝ་ འདི་ཚུ་མཛད་གནངམ་ད་ལུ་ སྦྱིན་བདག་ག་གིས་ཐོནམ་སྨོ་ལགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་འདི་ད་ སྦྱིན་བདག་ཟེར་རུང་ ང་བཅས་ར་མི་སེར་གྱིས་ར་འབདཝ་ཨིན་ལགས། ཏེ་ད་ནཱ་ཡོདཔ་མེདཔ་ ནཱ་མི་སེར་ལས་ར་ཨ་ཙི་རེ་བསྡུ་ལེན་འབད་དེ་འབད་དོ་ཟེར་ཞུ་ནི་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    ཏེ་ནཱ་ལྷ་ཁང་འདི་འབད་བ་ཅིན་ གནམ་ལོ་འབད་བ་ཅིན་ནམ་བཞེངས་གནང་ཡི?
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལྷ་ཁང་གི་གནམ་ལོ་འབད་བ་ཅིན་ དང་པ་ར་ ༡༧༨༣ ལུ་རྐྱབ་རྐྱབ་ཨིན་ཟེར་ཞུ་ནི་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    དེ་ལས་ ཉམས་གསོ་ཞུ་ཡི་ག་ལགས? ཤུལ་ལས་ལགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཉམས་གསོ་ཞུ་ནུག་ལགས་བར་སྐབས་ཅིག་ཁ་ལུ་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    ཏེ་ད་ལྟོ་ཡང་ཉམས་གསོ་ཞུ་སྟེ་ གསརཔ་བཞེངས་གནང་པའི་བསྒང་རང་ཨིན་པས། ཏེ་འ་ནཱི་རྙིངམ་འདི་ བཤིག་བཏང་ནི་སྨོ་ འདི་ཡང་བཞག་ནི་སྨོ་ལགས?
  • རྡོ་རྗེ་ཚེ་རིང་ Dorji Tshering
    རྙིངམ་འདི་བཤིག་ཞིན་ན་ ཏེ་ད་ལྟོའི་གསརཔ་འདི་ ང་བཅས་རའི་གཞུང་ལས་ མ་དངུལ་ཨ་ཙི་ཅིག་གནང་ཞིནམ་ལས་ ང་བཅས་རའི་གཡུས་སྒོ་ནང་ མི་ཡང་ཨ་ཙི་ཅིག་ མི་རློབས་ཡང་འཕྱེལ་སོངམ་ལས་བརྟེན་ ཏེ་ད་ལྟོ་ཨ་ཙི་ཅིག་རྒྱ་སྐྱེད་འབད་དེ་རྐྱབ་སྟེ་ཡོད་ཟེར་ཞུ་ནི་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    ཏེ་ད་ ནཱ་ལུ་སྒོམ་སྡེ་ཡང་འདུག་ སྒོམ་སྡེ་འབད་བ་ཅིན་ ཞལ་གྲངས་ག་དེམ་ཅིག་ཡོད་ལགས?
  • རྡོ་རྗེ་ཚེ་རིང་ Dorji Tshering
    སྒོམ་སྡེ་ཟེར་རུང་ མ་པ་ལེ་ཤ་མེད་ལགས། ང་བཅས་ཉི་ཤུ་དེ་ཅིག་ཡོད་ཟེར་ཞུ་ནི་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    ལགས་སོ། ཏེ་འ་ནཱི་ལྷ་ཁང་བཞེངས་གནངམ་ད་ལུ་ ཏེ་ཞབས་ཏོག་འདི་ ཁྱེད་སྒོམ་སྡེ་ཚུ་གིས་གནངམ་སྨོ་ མི་སེར་ཚུ་གིས་ཡང་གནང་དོ་ག་ ག་དེ་སྦེ་ལགས? ནཱ་ལཱ་འབདཝ་ད་ལུ།
  • རྡོ་རྗེ་ཚེ་རིང་ Dorji Tshering
    འ་ནཱི་འདི་ད་ ང་བཅས་སྒོམ་ཆེན་གྱིས་ཡང་འབད་དོ་ ཁོང་མི་སེར་ཚུ་གིས་ཡང་རྒྱབ་སྐྱོར་འབད་གནངམ་ཨིན་ཟེར་ཞུ་ནི་ལགས།
  • ཤེས་རིག་དོན་ཚོགས་ Sherig Dentshog
    ལགས་སོ། བཀའ་དྲིན་ཆེ་ལགས།། །།