Skip to main content Skip to search
21 Jun 2018
7 min 1 sec
Video Overview
Creators: 
Duptho, Sonam Chophel

Lobzang Dorji, from Radhi, Trashigang, shares an account of Tshongtshongma Rinpoche. In Radhi, it is said that there have been several great masters, including Terton Dhonga Roelchen , Lam Dhopola, Youngphula's Lama Kota, Karangpa Lam Moenlam Rabzang and Tshongtshongma Lama. Tshongtshongma Lama's first incarnation was said to be from Dagpala; next he was reborn in Tsongtsong village in Gelong Goenpa. He is said to be the true disciple of Manjushree, and always chanted her Mantra (Om Ah Ra Pa Tsa Na Di Di). As he was a devoted disciple, it is said that he gained the power of seeing Manjushree. He completed his studies in a Tibetan monastery; the religious practices of Tsongtsong thus resemble the practices of Tibet.

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ ཚོང་ཚོང་མ་རིན་པོ་ཆེ་གི་ སྐོར་ལས་ ལོ་རྒྱུས་ཚུ་ བཤད་འདི་ཡོདཔ་ཨིན། སྔོན་མ་ ར་དྷི་རྒེད་འོག་ནང་ལུ་ སྐྱེ་བོ་དམ་པ་མང་པོ་ཅིག་ ཞུགས་ཡོདཔ་མས་ དཔེར་ན་ གཏེར་བཏོན་ མདོང་དགའ་ རོལ་ཆེན་དང་ བླམ་རྡོ་ཕུ་ལ་ ཡོན་ཕུ་ལ་གི་བླ་མ་ཀོ་ཏ་ སྐ་རང་པ་དང་ བླམ་སྨོན་ལམ་རབ་བཟང་དང་ དེ་ལས་ ཚོང་ཚོང་མ་བླ་མ་ཚུ་ཨིན་མས། ཚོང་ཚོང་མ་གིས་ཡང་སྲེས་དང་པ་འདི་ དར་སྒར་པེ་ལ་ལས་ཨིན་མས་ དེ་ལས་འདི་གིས་ཤུལ་ལས་ ཁོ་ཚོང་ཚོང་གཡུས་མཚན་ནང་ལུ་ཡོད་པའི་ ས་གནས་དགེ་སློང་དགོན་པ་ཟེར་སར་ སྐྱེ་བ་ལན་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • རིན་ཆེན་?]ཟེར་ སྐྱོན་མིང་འདི་ སློབ་དཔོན་ཁི་རྗེ་ཟེར་བྱུང་ནུག་སྔ་རབས་ལུ་ ཏེ་འ་ནཱི་བཟུམ་མའི་མཁས་མཆོག་ གུ་རུ་རིན་པོ་ཆེའི་སྤྲུལ་པ་བཟུམ་ཅིག་སྦེ་ ས་བཅུད་བྱིན་གྱིས་བརླབས་ནུག་ང་བཅས་ར་ནཱ། ལགས་སོ། ཏེ་ད་ ང་བཅས་རའི་ནཱ་ཧེ་མ་ བླ་མ་སྔ་རབས་ལུ་འབད་བ་ཅིན་ བླ་མ་མཁས་མཆོག་ ག་སྡོད་ཡི་ཟེར་བ་ཅིན་ ཏེ་ད་ རྐང་པར་ལས་ཡར་ལྟ་ གཏེར་བཏོན་མདོ་སྔགས་[རོལ་ཆེན་ བློ་བཟང་རྡོ་རྗེ་ Lobzang Dorji
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འ་ནཱི་བྱིན་གྱིས་བརླབས་ཞིནམ་ལས་ ཏེ་ད་ལྟོ་བདེཝ་སྐྱིདཔ་འབྱུང་མི་འདི་ འ་ནཱ་ལས་ཡར་ལྟ་ཨིན་མས་ ཏེ་ད་ ཤུལ་ལས་ཀྱི་འབད་བ་ཅིན་ ཧེ་མ་ང་བཅས་ར་ བཀྲ་ཤིས་སྒང་གི་སྲས་ དོ་པོ་ལ་ཟེར་ བཀྲ་ཤིས་སྒང་རྫོང་དཔོན་སྦེ་བཞུགས་ཏེ་སྡོད་ནུག བཀྲ་ཤིས་སྒང་རྫོང་དཔོན་འ་ནཱི་བཞུགས་པའི་སྐབས་ལུ་ ཏེ་བླ་མ་བཟང་པོ་ག་བཞུགས་ཏེ་ཡོད་ཟེར་བ་ཅིན་ ཏེ་ཡོན་ཕུ་ལ་གི་ ཏེ་བླ་མ་ཀོ་ཏ་ཟེར་མི་ལོ་ དེ་ལས་བཀྲ་ཤིས་སྒང་གི་ རྐང་པར་གྱི་བླ་མ་ སྨོན་ལམ་རབ་བཟང་ཟེར་མི་ལོ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    དེ་ལས་ ཏེ་ཡོངས་ལ་བླ་མ་བསོད་ནམས་བཟང་པོ་ཟེར་མི་ལོ་ ནཱ་ཚོང་ཚོང་མ་ལུ་ ཏེ་ཚོང་ཚོང་མ་སློབ་དཔོན་ཟེར་ མཚན་སྙན་གྲགས་སྦོམ་ཡོད་མི་ འདི་བཟུམ་བྱུང་ནུག དེ་ལས་ བཀྲ་ཤིང་སྒང་རྫོང་དཔོན་སྲས་དོ་པོ་ལ་བཞུགས་པའི་སྐབས་ལུ་ ཏེ་ཚོང་ཚོང་མ་སློབ་དཔོན་གྱི་འབད་ སྐུ་རིམ་ རྫོང་དཔོན་གྱི་ག་ཅི་གནང་རུང་ སྐུ་རིམ་ལ་སོགས་པ་ དེ་ལས་ལུང་པའི་རིམ་གྲོ་ག་ཅི་གནང་རུང་ ཏེ་ཚོང་ཚོང་མ་རིན་པོ་ཆེ་གིས་འབད་ གནངམ་ཨིན་མས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཚོང་ཚོང་མ་རིན་པོ་ཆེ་ཟེར་མི་ ཏེ་ཧེ་མ་ སྐུ་ཡོན་ཏན་ཡང་ ཏེ་འགོ་ཚར་ཅིག་ འཁྲུངས་ཡུལ་ཡར་ དག་པ་ལས་ཨིན་མས། ཏེ་ཤུ་ལས་ ཚར་ཅིག་ ང་བཅས་ར་ནཱ་ ཏེ་ཚོང་ཚོང་མ་ལས་ མངའ་འོག་ལས་རང་ཨིན་ འ་ནཱི་དགེ་སློང་དགོན་པ་ཟེར་ས་ལས་འཁྲུངས་ནུག ཏེ་དེ་ལས་ ཚོང་ཚོང་མ་རིན་པོ་ཆེ་ཟེར་མི་ གནམ་མེད་ས་མེད་ སྔར་གྱི་སྐུ་ཐོག་བསྒང་ལུ་ ག་ཅི་ཡང་མི་མཁྱེན་ནི་ཨིན་མས་ ཕག་པ་འཇམ་དཔལ་དབྱངས་ཅིག་བསྒྲུབས་སྦེ་ ཏེ་ཨ་ར་པ་ཙ་ན་དྷི་ཅིག་བསྒྲུབས་སྦེ་ ཏེ་གསོལཝ་བཏབ་འབདཝ་ལས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཤུལ་ལས་ གནམ་མེད་ས་མེད་མཁས་མཆོག་ གཞན་དང་མ་འདྲཝ་ཅིག་བྱུང་སྟེ་ སྐུ་ཡོན་ཏན་བཞེས་པའི་བསྒང་ལུ་ བོད་ཁམས་ལུ་སྦེ་བཞེས་སྟེ་ བོད་ཁམས་ལས་སྦེ་ སྐུ་ཡོན་ཏན་བཞེས་སྟེ་ ད་ལྟོ་ང་བཅས་ར་ཚོང་ཚོང་མའི་ལུགས་སྲོལ་སྦེ་ ད་ལྟོ་ཆོ་ག་བཏང་ནི་ཡོད་མི་ཡང་ ཁམས་ལུགས་ཟེར་ ཏེ་ང་བཅས་ར་ནཱ་མ་ཤེས་མི་ཚུ་གིས་ ཨིན་ནི་འདི་ བོད་ཁམས་ཀྱི་ལུགས་སྲོལ་སྦེ་ ཆོ་ག་བཏང་ཐངས་ཅིག་འདུག ཏེ་ཚོང་ཚོང་མའི་ལུགས་སྲོལ་སྦེ་བརྩིཝ་མས་ ང་བཅས་མ་ཤེས་མི་ཚུ་གིས། ཏེ་ཚོང་ཚོང་རིན་པོ་ཆེ་ཟེར་ གནམ་མེད་ས་མེད་ འགྲན་ཟླ་དང་བྲལ་བ་ཅིག་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འཕསག་པ་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་གཟིགསཔ་གི་བླ་མ་ཅིག་ཨིན་མས། ཏེ་དེ་ལས་ གནམ་བྱཱར་ལུ་ཚོང་ཚོང་མ་ལུ་བཞུགས་ཏེ་ དགུན་ལུ་ ནཱ་གསེར་ཟམ་དགོན་པ་ལུ་སྦེ་བཞུགསཔ་ཨིན་མས། ཏེ་གསེར་ཟམ་དགོན་པ་ཡང་ ཚོང་ཚོང་མ་རིན་པོ་ཆེ་གིས་ཕྱག་བཏབ་སྟེ་ སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཚུ་ གནམ་མེད་ས་མེད་ དཔེ་ ང་བཅས་ར་འབྲུག་རྒྱལ་ཁབ་ལུ་རང་མེད་མི་མཛད་པ་བཅུ་གཉིས་ དཔེ་ག་ར་ ཚོང་ཚོང་རིན་པོ་ཆེ་གིས་བཞེངས་མི་ ཏེ་ད་ལྟོ་ གསེར་ཟམ་དགོན་པ་ལུ་བཞུགས་ཏེ་ཡོད་ ཟེར་ཞུ་ནི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    དེ་ལས་ གསེར་ཟམ་དགོན་པ་གི་མཆོད་རྟེན་འདི་ཡང་ ཏེ་ཚོང་ཚོང་རིན་པོ་ཆེ་གིས་ བལ་ཡུལ་མཆོད་རྟེན་དང་དབྱེ་བ་མེདཔ་བཟུམ་ཅིག་སྦེ་ ཏེ་བཀྲ་ཤིས་སྒང་རྫོང་དཔོན་ལུ་གནང་བ་ཞུ་སྟེ་ མི་སེར་ཚུ་ ཏེ་འུར་ལཱ་བཀོལ་ནི་གི་ལུགས་སྲོལ་སྡོད་ཡི་ཧེ་མ་ འ་ནཱི་འུར་ལཱ་བཀོལ་ནི་གི་ བཀའ་ཡི་གནང་བ་ཐོབ་སྦེ་ ཏེ་མི་སེར་ཚུ་ འུར་ལཱ་རྐྱབ་སྦེ་ ནང་ནའི་གཟུངས་འབུལ་གྱི་རིགས་ཚུ་ག་ར་ ཚོང་ཚོང་རིན་པོ་ཆེ་གིས་འབད་བཞེངས་ཏེ་ ད་ལྟོ་ཚོང་ཚོང་མ་རིན་པོ་ཆེ་གིས་བཞེངས་པའི་གསེར་ཟམ་མཆོད་རྟེན་ཟེར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ལྟོ་ཡང་མཇལ་ནི་གི་ལུགས་སྲོལ་སྡོད་ཡི་ ཏེ་ང་བཅས་ར་ནཱ་ལུ་ བླ་མ་མཁས་མཆོག་ ཚོང་ཚོང་རིན་པོ་ཆེ་ཟེར་བྱུང་ཡི་ དེ་ལས་འ་ནཱི་མཇུག་ལུ་ ཤུལ་ལས་མཁའ་གླིང་སློབ་དཔོན་ཟེར་ཡང་བྱུང་ཡི་ འཁྲུངས་ཡུལ་ནཱ་དཔའ་དཀར་གླིང་ལས་ཨིན། ཏེ་མཁའ་གླིང་སློབ་དཔོན་གྱི་རྒྱུད་ ཏེ་བོད་ལས་རྩིས་གཞུང་འ་ནཱི་བཟུམ་ཅིག་བསྣམས་སྦེ་བྱོན་ནུག མཁའ་གླིང་སློབ་དཔོན་གྱིས་ ཆོས་ཡང་ཀློང་ཆེན་རྙིང་ཐིག་གི་མན་ངག་བདག་པོ་ཅིག་སྦེ་བྱུང་ནུག ད་ལྟོ་ དཔའ་དཀར་གླིང་ལྷ་ཁང་རྙིངམ་འདི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ཀློང་ཆེན་རྙིང་ཐིག་གི་ལུགས་སྲོལ་སྦེ་བྱུང་སྟེ་ཡོད་ ད་ཅི་ ཏེ་གོང་ལས་ ཚོང་ཚོང་མ་གི་ཞུ་ནི་ལུས་སོ་ནུག ཚོང་ཚོང་མ་རིན་པོ་ཆེ་ཡང་ ཏེ་ཆོས་ལུགས་དཀོན་མཆོག་སྤྱི་འདུས་ཡང་ཨིན་མས། ཀློང་ཆེན་རྙིང་ཐིག་ཡང་ཨིན་མས། ཁོ་གི་དམིགས་བསལ་གྱི་ ཏེ་ཤུལ་ལས་ སྐྱབས་རྗེ་བདུད་འཇོམས་ཞལ་མཇལ་ཏེ་ སྐྱབས་རྗེ་བདུད་འཇོམས་ལས་ བདུད་འཇོམས་གཏེར་གསར་ཡང་ ཏེ་ཚོང་ཚོང་མ་རིན་པོ་ཆེ་གིས་བཞེས་བཞེསཔ་ཨིན། བླ་མ་གསར་རྙིང་མེད་པར་ བླ་མ་བདུན་དེམ་ཅིག་ ཚོང་ཚོང་རིན་པོ་ཆེ་གིས་བསྟེན་ཏེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ལྟོ་ ཚོང་ཚོང་མ་བྲག་ཕུག་ནང་ལུ་ཡང་ ཏེ་ཚོང་ཚོང་རིན་པོ་ཆེའི་ཞལ་འཆེམས་བཟུམ་ཅིག་སྦེ་ དཀར་ཆག་ཚུ་ཡང་བཞེངས་བཞག་ནུག སྐུ་ཚུ་ཡང་ གུ་རུ་མཚན་བརྒྱད་སྦེ་བཞེངས་བཞག་མི་ ད་ལྟོ་ཡང་མཇལ་ནིའི་ཡོད་ ཚོང་ཚོང་མའི་བྲག་ཕུག་ལས་ ཏེ་གྲུབ་ཆུ་ཡང་ ད་ལྟོ་ ཏེ་ཚོང་ཚོང་རིན་པོ་ཆེ་བཞུགསཔ་ད་བཞེས་མི་གི་གྲུབ་ཆུ་ ད་ལྟོ་ཡང་མཇལ་ནི་ཡོད། ཏེ་ཚོང་ཚོང་རིན་པོ་ཆེ་ཟེར་མི་གིས་ཕྱག་བཏབ་སྟེ་ ད་ལྟོ་རང་འབད་རུང་ ང་བཅས་ཆ་ཁྱབ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་བདེ་ཏོག་ཏོ་ སྐྱིད་ཏོང་ཏོ་ ཏེ་ད་མཐོང་རོང་ལས་མར་ལྟ་ཡང་ ས་བཅུད་བྱིན་གྱིས་བརླབས་ གསེར་ཟམ་ཟེར་ནི་མེད་ ང་བཅས་ར་སྡི་ཕོངས་མེད་ཟེར་ནི་མེད་ ཏེ་བདེ་ཏོག་ཏོ་ སྐྱིད་ཏོང་ཏོ་ ཡོན་ཏན་ལས་རང་འབད་རུང་ མཁས་མཆོག་ ཏེ་འ་ནཱི་དུས་ཚོད་ལུ་ ཚོང་ཚོང་བླ་མ་གི་སྐབས་ལུ་ ཏེ་ཕར་ ཤིང་རིང་མོ་ལས བླ་མ་མཆོད་རྟེན་ཟེར་ཡང་ཡོདཔ་ཨིན་མས་འ་ནཱི་བསྒང་ལུ་ མཁས་མཆོག་ཙང་ཙ་འཛོམས་འཛོམས་ཨིན་མས། དེ་ལས་འ་ནཱི་གི་མཇུག་ལུ་འདི་ ཏེ་ད་ང་བཅས་ར་ནཱ་ མཁའ་གླིང་སློབ་དཔོན་ཟེར་བྱུང་ཡི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    དེ་ལས་འ་ནཱ་ལས་ ཏེ་ཤུལ་ལས་ ང་བཅས་ཀྱི་དུས་ཚོད་ལུ་ ཏེ་མཁས་མཆོག་རམས་འབྱར་བླ་མ་ དེ་ལས་ དབུ་མཛད་བགྲེསཔ་ཟེར་ཡང་བྱུང་ཡི། དེ་ལས་འ་ནཱ་ལས་ཡར་ལྟ་འབདན་ ད་ལྟོ་ ང་བཅས་ཆ་ཁྱབ་ཀྱིས་ འ་ནཱིམ་ཅིག་དྲན་སྦེ་ ཏེ་ད་ལྟོ་ང་བཅས་ ང་བཅས་ར་རྩིས་ཨ་ཙི་རེ་ལྷབ་མི་ཡང་ རམས་འབྱར་ དབུ་མཛད་བགྲེསཔ་ལས་ལྷབ་སྟེ་ ད་ལྟོ་ཚུན་ཚོད་ ནཱ་མི་སེར་ལུ་ ང་བཅས་ཀྱིས་ གཟའ་སྐར་ཚེས་གྲངས་ཨ་ཙི་རེ་བལྟ་སྟེ་ ད་ལྟོ་ ལོ་སུམ་ཅུ་སོ་དྲུག་དེ་ཅིག་འགྱོ་ཡི་ དེ་སྦེ་ འ་ནཱི་སྦེ་ཕྱག་ཞུ་སྦེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་སྡོད་མི་འདི་ ཏེ་མཁའ་གླིང་སློབ་དཔོན་ལས་བརྒྱུད་དེ་ ཏེ་རབས་འབྱར་སློབ་དཔོན་ལུ་བརྒྱུད་དེ་ ཏེ་ད་ལྟོ་ང་བཅས་ཀྱིས་ལྷབ་སྟེ་ དེ་སྦེ་འབད་འབདཝ་ཨིན། ཏེ་ད་ལྟོ་ ཚོང་ཚོང་རིན་པོ་ཆེ་གིས་ཕྱག་བཏབ་བཏབ་འབད་བ་ཅིན་ ཏེ་ད་ ཧེ་མ་ བཀྲ་ཤིས་སྒང་དང་ ཏེ་ཚོང་ཚོང་མ་ལུ་རྐྱངམ་ཅིག་བྱོན་སྦེ་ ཏེ་གསེར་ཟམ་ལུ་བྱོན་ཏེ་ དེ་སྦེ་བྱཱར་ས་དགུན་ས་སྦེ་བཞུགས་པའི་ལོ་རྒྱུས་འདུག ཏེ་ད་འཕྲལ་འཕྲལ་ནཱ་ ར་སྡི་ལས་མར་ལྟ་ཡང་ ཏེ་འགྲོ་དོན་རེ་མཛད་དེ་ ཚོང་ཚོང་རིན་པོ་ཆེ་གིས་བྱིན་གྱིས་བརླབས་བརླབས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ལོ་རྒྱུས་འ་ནཱིམ་ཅིག་ ང་བཅས་ཕམ་ཚུ་གིས་ འདི་བཟུམ་ཅིག་བཤད་བཤདཔ་ཅིག་ ཏེ་ང་བཅས་ཀྱིས་ གནམ་མེད་ས་མེད་གསལ་ཏོག་ཏོ་ཅིག་ཞུ་ནི་མིན་འདུག་ ཨིན་རུང་ ང་བཅས་ལས་དོ་རུང་ རོགས་ཕམ་རྒན་ཤོས་ཚུ་གིས་ཞུ་ནི་ཡོདཔ་འོང་ཟེར་ ང་གིས་འ་ནཱིམ་ཅིག་རྐྱངམ་ཅིག་འདུག་ལགས་ད་ལྟོ།། །།