Skip to main content Skip to search
04 Sep 2018
25 min 25 sec
Video Overview
Creators: 
Nelson Walker

Tsheluna Ney was discovered by Guru Rinpoche, who had a vision of Tsepakmé (Amitayus) and offered a pair of longevity vessels while meditating in a cave. The 32nd Jé Khenpo, Tsultrim Gyeltsen, built the first structure, which was sponsored by a woman from Khasadrapchu a few kilometers away. Jé also had a vision, revealing sacred sites around the main temple, including a sacred lake, and Guru Rinpoche’s meditation cave. The temple has the main statue of Guru Rinpoche as a central figure, created by Jé himself as per the prophecy. The place was believed to be equivalently sacred to a sacred site in Nepal, Draphu Maratika (Maratika cave). 

Transcript search
No results found for this search
0 of 0
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ནཱ་གི་བཟུམ་ཅིག་འབད་བ་ཅིན་ ད་ང་བཅས་ར་ གུ་རུ་རིན་པོ་ཆེ་གི་ ད་དུས་རབས་འབད་བ་ཅིན་ དང་པ་ར་ང་གིས་ གུ་རུ་རིན་པོ་ཆེ་ དུས་རབས་ག་ཅི་ནང་ བྱོན་གནང་ཡི་ག་ཟེར་བ་ཅིན་ ད་དུས་རབས་འབད་བ་ཅིན་ ད་ང་བཅས་ར་ དུས་རབས་བརྒྱད་པའི་ནང་བྱོན་གནང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་དུས་རབས་བརྒྱད་པའི་ནང་བྱོནམ་ད་ གུ་རུ་རིན་པོ་ཆེ་གིས་ ག་ལས་བྱོན་ནུག་ཟེར་བ་ཅིན་ ད་ང་བཅས་ར་ དང་པ་སྤ་རོ་སྟག་ཚང་ དེ་ལས་ གཉིས་པ་ལུ་ སྤ་རོ་མཆིམས་ཕུག་ ཏེ་ནཱ་གི་འདི་བཟུམ་ཅིག་འབད་བ་ཅིན་ ང་བཅས་ར་གསུམ་པ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ང་བཅས་འབྲུག་ནང་འཁོད་ལས་ ད་རེས་གནས་ཀྱི་ ཙཱ་རི་དང་པ་གཉིས་པ་གསུམ་པ་ཟེར་ བརྩིཝ་བཟུམ་ཅིག་འབད་བ་ཅིན་ ཏེ་ནཱ་གི་འདི་བཟུམ་ཅིག་འབད་བ་ཅིན་ ཏེ་ཙཱ་རི་གསུམ་པ་ཕོགཔ་ཨིན་ཟེར་ཞུ་ནི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་འདི་ཡང་ ནཱ་གི་གནས་འདི་ ད་ངོ་མ་ ཏེ་ང་བཅས་ར་ ག་ཏེ་དང་དབྱེར་མེདཔ་སྨོ་ཟེར་བ་ཅིན་ ཕར་ནཱེ་པཱལ་ ཏེ་བྲག་ཕུག་མ་རཱ་ཏི་དང་ ཏེ་དབྱེ་བ་མེད་པ་ཨིན་ལགས། བྲག་ཕུག་མ་རཱ་ཏི་ཀ་གཉིས་པ་འདི་ནཱ་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འདི་ཡང་ བྲག་ཕུག་མ་རཱ་ཏི་ཀ་གཉིས་པ་ཨིན་ཟེརཝ་ད་ ད་འདི་ཨིན་དགོ་མི་ཁུངས་འདི་ ག་ཅི་ན་ཟེར་བ་ཅིན་ ཏེ་བྲག་མ་རཱ་ཏི་ལས་ ཨུ་རྒྱན་རིན་པོ་ཆེ་གིས་ ཏེ་མ་འོངས་པ་ན་ ང་བཅས་ར་གི་ འབྲུག་རྒྱལ་ཁབ་ནང་གི་ མི་སེར་ཉམ་ཆུང་ཚུ་གིས་ ཏེ་ཕར་ནཱེ་པཱལ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: བྲག་ཕུག་མ་རཱ་ཏི་ལུ་ ལྷོད་མ་ཚུགསཔ་བཟུམ་ཅིག་སྦེ་འབད་བ་ཅིན་ ང་བཅས་ར་ འབྲུག་ནང་འཁོད་ལུ་ ཏེ་མཇལ་ནི་གི་དོན་དག་ལུ་ ཏེ་ལུང་བསྟན་ག་ཡོད་ས་ན་ལུ་ ཏེ་ཆགས་གནང་ཟེར་ ཏེ་ཕར་ལས་ཁོ་གིས་ ཚེ་གི་བུམ་པ་འདི་དང་ ཏེ་ཚེ་རིལ་འདི་ཐུགས་སྨོན་གནང་སྦེ་ ཏེ་བཀོ་བཏངམ་ད་ལུ་ ཏེ་ཚེ་གི་རིལ་བུ་འདི་ ནཱ་ཆགས་ཡོད་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ནཱ་ ཆགས་ཡོད་ནི་འདི་གིས་ དང་པ་དེ་ལགས་ ཏེ་ གཉིས་པ་ཟེརཝ་ད་ལུ་ ཏེ་ ནཱ་ལྷ་ཁང་གི་འོག་ལུ་ གུ་རུ་རིན་པོ་ཆེ་ཁོ་ར་གི་ ཏེ་ སྒྲུབ་པ་གནང་བཞུགས་ས་གི་ ཏེ་ སྒྲུབ་ཕུག་ཅིག་མཇལ་ནི་ཡོད་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ སྒྲུབ་ཕུག་འདི་ནང་ལུ་ གུ་རུ་རིན་པོ་ཆེ་གིས་ཟླཝ་བཞི་ ཁོ་སྐུ་མཚམས་གནང་བཞུགསཔ་ད་ལུ་ ཟླཝ་བཞི་ལངམ་ད་ ཏེ་ སངས་རྒྱས་ཚེ་དཔག་མེད་ ཏེ་ གུ་རུ་རིན་པོ་ཆེའི་སྐུ་མདུན་ལུ་ དངོས་སུ་བྱོན་ཞིནམ་ད་སྦེ་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ རོགས་སངས་རྒྱས་ཚེ་དཔག་མེད་ཀྱིས་ ཏེ་ ཚེ་གི་བུམ་པ་ཆ་གཅིག་གནངམ་ད།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ འདི་གུ་རུ་རིན་པོ་ཆེ་ཁོ་ར་གིས་ ཨའོ་ད་ ང་ར་གིས་གྲུབ་ཐོབ་ཅི་ཟེར་ ཏེ་ ཁོ་ར་གི་དོན་དག་ལུ་ བསྣམས་མ་བྱོན་པ་འབད་ཞིནམ་ད་ ད་མ་འོངས་པ་ན་ ང་བཅས་ར་གི་ སློབ་མ་དད་པ་ཅན་ཚུ་དང་ མི་སེར་ཚུ་ག་ར་ལུ་ ཏེ་ ཕྱག་འཚལ་ས་གི་ རྟེན་བཟུམ་ཅིག་འབད་ཞིནམ་ད་ ཏེ་ ནཱ་ལྷ་ཁང་རྒྱབ་ཁ་ལས་བརྩི་བ་ཅིན་ མེ་ད་(སྐར་མ)གསུམ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ཡར་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁོ་ར་གི་ བླ་མཚོ་ཟེར་ ཏེ་ནཱ་ག་ར་ སྤྱིར་བཏང་ག་ར་གིས་ མཁྱེན་དོ་འོང་ ཏེ་ ང་བཅས་ར་ ཕར་བུམ་ཐང་ལུ་འབད་བ་ཅིན་ ཏེ་ སྟང་མེ་འབར་མཚོ་ཟེར་ ཏེ་ ནཱ་བཟུམ་ཅིག་འབད་བ་ཅིན།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁོ་ར་གི་ བླ་མཚོ་འདི་ ད་ང་བཅས་ར་ འདི་ཡང་ང་བཅས་ར་ མི་སེར་སྤྱིར་བཏང་གི་ ཚབ་ཚ་འུར་འུར་བཟུམ་ཅིག་སྦེ་ མཇལ་བཟུམ་ཅིག་འབད་བ་ཅིན་ ཏེ་ བླ་མཚོ་འདི་ནང་ལུ་ ག་ཅི་ཡང་མཇལ་ཚུགས་པའི་གི་ ཏེ་ འོས་འབབ་ཅིག་མེད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འདི་ཡང་ མི་འོང་མེད་ཟེརཝ་ད་ལུ་ ཏེ་ ང་བཅས་ཀྱིས་ འདི་ལུ་སེམས་འདི་ ཏེ་ ང་བཅས་ར་གི་ འདི་ནང་ལུ་ བག་གཡེང་ལུ་ བཏང་དཔ་བཟུམ་ཅིག་འབད་བ་ཅིན་ ཏེ་ ག་ཅི་ཡང་མཇལ་ཚུགས་པ་ལཱ་ཁག་ཡོད་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ད་ སེམས་འདི་བག་གཡེང་ལུ་ མ་བཏང་པ་འབད་ཞིནམ་ད་ ད་མཚོ་འདི་ག་དེ་སྦེ་ ཆགས་ཆགས་ཨིན་ན་ཟེར་བའི་གི་ ཏེ་ བསམ་བློ་འདི་བཏང་ད་བ་ཅིན་ ཏེ་ གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་ངོ་མ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: གུ་རུ་རིན་པོ་ཆེ་ མར་ལས་ཡར་གང་རྐྱལ་སྦེ་ ཡར་བཞུགས་བཞུགས་པའི་གི་ ཏེ་ སྐུ་གཟུགས་ལུ་ཆགས་ཡོད་པའི་ ཏེ་ བླ་མཚོ་འདི་ནང་ལུ་ ཏེ་ བུམ་པ་འདི་འདི་ནང་ལུ་ གཏེར་ལུ་སྦ་གནང་འབད་སྦེ་ཡོད་ནི་འདི་གིས་ ཏེ་ ནཱ་གི་གནས་འདི་ བྲག་ཕུག་མ་རཱ་ཏི་དང་ ཏེ་དབྱེར་མེད་(འགྱོ་བ)དགོ་པའི་ ཁུངས་འདི་འདི་ལས་བརྟེན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་བྱོན་གནང་ ཞབས་ཀྱིས་བཅགས་གནང་ བྱིན་གྱིས་བརླབས་ཚརཝ་ད་ལུ་ ཏེ་ ནཱ་གི་གནས་འདི་ ཏེ་ ལོ་མང་རབས་ཅིག་ ཏེ་ འདི་ནང་ལྷ་ཁང་ཟེར་ཡང་མེད་ གནས་འདི་ཡང་ འ་ནཱི་དང་འ་ནཱི་ཟེརཝ་ཅིག་ ཏེ་ ག་གིས་ཡང་ ངོས་འཛིན་མ་གནང་འབད་སྦེ་ ཏེ་ ལོ་མང་རབས་ཅིག་དེ་སྦེ་ལུས་སོང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འ་ནཱི་ལུས་པའི་གི་སྐབས་སུ་ལུ་ ཏེ་ ང་བཅས་ར་གི་ དུས་སྐབས་འདི་ ནམ་བབས་གནང་གནངམ་སྨོ་ཟེར་བ་ཅིན་ གནམ་ལོ་ལས་འབད་བ་ཅིན་ ༡༨༠༢ ལུ་ ཏེ་ ང་བཅས་ར་ རྗེ་མཁནམ་འབད་བ་ཅིན་ ཁྲི་རབས་སུམ་ཅུ་སོ་གཉིས་པ་ རྗེ་ཚུལ་ཁྲིམས་རྒྱལ་མཚན་ཟེར་ ཏེ་ ཁོ་ར་འཁྲུངས་ས་འདི་འབད་བ་ཅིན་ ཏེ་ང་བཅས་ར་ ཕར་ཤར་ལས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཁོ་རྗེ་མཁན་པོའི་ཁྲི་ཐོག་ལུ་ ཁྲི་རབས་འབད་བ་ཅིན་ སུམ་ཅུ་སོ་གཉིས་པའི་ ཁྲི་ཐོག་ལུ་བཞུགས་པའི་སྐབས་སུ་ལུ་ ཏེ་ ཚར་གཅིག་འབདཝ་ད་ལུ་ ཏེ་ སྐྱབས་རྗེ་རིན་པོ་ཆེ་གཟིགས་སྣང་ ཏེ་ ཕྱི་རུ་གཟིམས་བཞུགསཔ་ད་ལུ་ ཏེ་ ནཱ་གི་གནས་ཚུ་ག་ར་ སྐྱབས་རྗེ་གིས་གཟིགས་སྣང་ལུ་འཆར་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ གནས་འདི་ འ་ནཱི་དང་དབྱེ་བ་མེད་པ་ཨིན་ཟེར་ ག་ར་ཆགས་སྦེ་ འདི་གི་ནངས་པ་ སྐྱབས་རྗེ་ཁོ་ར་ ཕར་ལས་ནཱ་བྱོནམ་ད་ལུ་ ཏེ་ ཁོ་གི་ཕྱག་ཞུ་སྟེ་གིས་ ཏེ་ ང་བཅས་མར་ ད་ལྟོ་ ས་གནས་འབད་བ་ཅིན་ ཁ་ས་གྲབ་ཅུ་གི་ སྦོག་ལོགས་ཁར་ལུ་ ཏེ་ཡོངས་གྲགས་ལུ་ ད་རེས་ གྱམ་རྡོ་ཟུར་ཟེར་ དེ་སྦེ་སླབ་སྲོལ་ཡར་སོང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ངོ་མ་འདི་འབད་བ་ཅིན་ ཏེ་ གྱམ་རྡོ་ཟེར་ སླབ་མས་ལགས། ད་འ་ནཱ་ལས་ གྱམ་རྡོ་རྣམ་སྲས་ལྷམོ་ཟེར་མི་འདི་ཡང་ ཁོ་གི་ཕྱག་ཞུ་ ནཱ་འབྱོན་ཞིནམ་ད་ ཏེ་ སྐྱབས་རྗེ་གིས་ ནཱ་བྱོནམ་ད་ལུ་ དེ་ཚེ་ཕྱི་རུ་ སྐྱབས་རྗེ་གི་གཟིགས་སྣང་ལུ་འཆར་མི་ ནཱ་གི་གནས་ཚུ་ ཏེ་ཆ་མཚུངསམ་སྦེ་ཡར་སོངཔ་ལས་བརྟེན་ཏེ་གིས་སྦེ།
  • ཟླ་བ་རྒྱལ་མཚན་ Dawa Gyeltshen
    འདི་ནང་ལྷ་ཁང་བཞེངས་ནི་གི་ ལུང་བསྟན་ཅིག་ཁོ་ར་ལུ་འདུག་ཟེར་ ཏེ་ ཐུགས་བསམ་འདི་བཞེད་སྦེ་ ཏེ་ སྐྱབས་རྗེ་གིས་ འདི་ནང་ལུ་ ལྷ་ཁང་བཞེངས་ནི་གི་ ཏེ་ཐུགས་སྨོན་གནངམ་ད་ལུ་ ཏེ་དེ་ལས་ གྱམ་རྡོ་རྣམ་སྲས་ལྷམོ་གིས་ཡང་ ཨ་དེ་སྦེ་འབད་བ་ཅིན་བཏུབ།
  • ཟླ་བ་རྒྱལ་མཚན་ Dawa Gyeltshen
    ད་སྐྱབས་རྗེ་གིས་ ལྷ་ཁང་འདི་བཞེངས་པ་ཅིན་ ལྷ་ཁང་འདི་ མ་སྒྲུབ་ཚུན་ཚོད་ཀྱི་རིང་ལུ་ ཏེ་ སྦྱིན་བདག་འདི་ ང་ར་གིས་མཛད་གེ་ཟེར་ ཏེ་ ཁོང་ར་གཉིས་ ཕན་ཚུན་གཅིག་ལུ་ཐུག་འབད་ཞིནམ་ན་ ཏེ་ ནཱ་གི་ལྷ་ཁང་འདི་ འགོ་དང་པ་དེ་སྦེ་བཞེངས་གནང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་དེ་ལས་ ལྷ་ཁང་འདི་བཞེངས་གནངམ་ད་ལུ་ ཏེ་ ཧེ་མ་ལྷ་ཁང་འདི་ བཟུམ་ཅིག་འབད་བ་ཅིན་ ང་བཅས་ཀྱི་རྒྱ་སྦོམ་ཆུང་ ག་དེ་ཅིག་གི་བརྩི་ཡོདཔ་ཨིན་ན་ཟེར་བ་ཅིན་ ཏེ་ ང་བཅས་ར་གི་ འདི་ནང་ལུ་འབད་བ་ཅིན་ མི་འབད་བ་ཅིན་ མི་ལྔ་གཉིས་དེ་ཅིག་ ཏེ་ ང་བཅས་ར་གི་ ཆོ་གུ་བཏང་བཏུབ་ཅིག་འབད་ཞིནམ་ད།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ཞལ་དེ་ཡང་ ང་བཅས་ར་ཕར་ ནུབ་ཁ་ཐུག་ལུ་སྦེ་ ཏེ་ ལྷ་ཁང་འདི་ ཞལ་ཕར་ནུབ་ཁ་ཐུག་སྒོར་ ཞིནམ་ད་སྦེ་ ཏེ་དེ་སྦེ་ བཞེངས་གནང་གནངམ་ཨིན་ཟེར་ལགས། ཏེ་ འ་ནཱི་བཞེངས་ཚར་ཞིནམ་ད་ལུ་ ཏེ་ད་འདི་ནང་ལུ་ ནང་རྟེན་འདི་བཞེངས་རནམ་ད་ལུ།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ སྐྱབས་རྗེ་གིས་ ད་སྤྱིར་བཏང་ ང་བཅས་ར་འཇིམ་བཟོ་ཡོད་ཚེ་གཅིགཔ་ལུ་ སྐྱབས་རྗེ་གིས་ བཀའ་མ་གནང་བ་འབད་ཞིནམ་ད་ ཏེ་ ང་བཅས་ར་ ཁོ་ར་འཁྲུངས་ས་འདི་འབད་བ་ཅིན་ སྤ་རོ་ཧེ་ཕུག་དགོན་པ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ཁོ་རའི་མཚན་འདི་ལུ་འབད་བ་ཅིན་ ཏེ་འཇིམ་བཟོ་ཕུར་རྒྱལ་ཟེར་ ཞུཝ་མས་ལགས། ཏེ་ད་རེས་བཟུམ་ཅིག་འབད་བ་ཅིན་ ཏེ་ ཁོ་གི་མཚན་འདི་ ང་བཅས་ཀྱིས་ གོཝ་མ་གཏོགས་གཅིག་ལུ་ ཏེ་ང་བཅས་ཀྱིས་ དངོས་སུ་མཇལ་ནི་མ་ཐོབ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ ཁོ་ཞལ་བཞུགས་པའི་སྐབས་སུ་ལུ་ ཏེ་ སྐྱབས་རྗེའི་ཁོ་ལུ་བཀའ་གནང་ ཏེ་ ཁོ་ཕར་ལས་ ནཱ་བྱོན་ཞིནམ་ད་སྦེ་ ཏེ་ནཱ་གི་ ནང་རྟེན་ངོ་མ་འདི་ ཏེ་ད་ནཱ་གི་བཟུམ་ཅིག་འབད་བ་ཅིན་ ཏེ་ སྦུག་ལུ་ཕྱག་ལུ་ ཏི་རུ་ཅིག་ཕུལ་སྦེ་འབད་མི་གི་ གུ་རུ་སྦོམ་འདི་ ཏེ་ཁོ་གི་སྐབས་སུ་ལུ་བཞེངས་གནང་གནངམ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་གུ་རུ་འདི་ ཏེ་ མ་འོངས་པ་ནང་ ཁོ་རའི་དུས་ཚོད་དང་འཁྲིལ་ཞིནམ་ན་སྦེ་ གསུང་བྱོན་གནང་འོང་ཟེར་ ད་འདི་གསུང་བྱོན་དགོ་མི་ཁུངས་འདི་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ བྲག་ཕུག་མ་རཱ་ ད་གུ་རུ་རིན་པོ་ཆེ་གི།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འ་ནཱི་སྐུ་འདྲ་བཞེངས་མི་གི་ འཇིམ་བཟོཔ་འདི་ ཁོ་རའི་ཕྱག་ལུ་ ཏེ་ ང་བཅས་རའི་ ཡི་གུ་འབད་བ་ཅིན་ ཏེ་ ཡི་གུ་ཨ་རང་བྱོན་ཅིག་ དངོས་སུ་སྦེ་ཡོད་པའི་ཟེར་ལགས། ད་འ་ནཱི་ཡོད་ནི་འདི་གིས་ ཁོ་གི་སྐུ་ཅིག་བཞེངསམ་ད་ལུ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཁོ་གིས་ སྐུ་ཅིག་འཐོབ་ཐོབ་ནང་སྐོར་ནང་ལུ་ ད་ཨ་འབུམ་ཕྲག་ལས་བཅས་ ཐོན་འགྱོ་ནི་འདི་གིས་ ཁོ་ར་གིས་ཡང་ ལུང་བསྟན་ག་དེ་སྦེ་ གསུངས་ཏེ་ཡོདཔ་སྨོ་ཟེར་བ་ཅིན་ ཁོ་གིས་ བཞེངས་བཞེངས་མི་གུ་རུ་ཚུ།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ ང་བཅས་ར་ རབ་གནས་མ་འབད་བ་བཞག་སྟེ་འབད་རུང་ཡང་ ཏེ་ མ་འོངས་པ་ནང་ལུ་དུས་སུ་ ཁོ་ར་གིས་ གསུང་བྱོན་གནང་འོང་ཟེར་ ཏེ་ འ་ནཱེ་འབད་ནི་གིས་ ཏེ་ནཱ་གི་ ཏེ་ད་ ལྷ་ཁང་འདི་འབད་བ་ཅིན་ ཏེ་དེ་བསྒང་ འ་ནཱེ་ཅིག་ཁར་བཞེངས་ གནང་གནང་མི་གི་ལྷ་ཁང་ཨིན་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ འ་ནཱི་བཞེངས་སྦེ་ ད་དུས་ཅི་བཟུམ་ཅིག་འབད་ཅིན་ ད་གུ་རུ་རིན་པོ་ཆེ་ཁོ་ར་གིས་བཞེངས་ཏེ་གི་ ལོ་ངོ་བཟུམ་ཅིག་འབད་བ་ཅིན་ ད་ག་དེ་ཅིག་འཁོར་ཨིན་ན་ཟེར་བ་ཅིན་ ཏེ་ ལོ་འབད་བ་ཅིན་ ལོ་ཉིས་བརྒྱ་བཅོ་ལྔ་ལགས་ ད་དུས་ཅི་ ༢༠༡༦ ལུ་ དེ་ཅིག་འཁོརཝ་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དེ་ལས་ད་ ནཱ་ཁ་ཐུག་ལས་ཡོད་མི་གི་ གུ་རུ་འདི་དང་ ཏེ་ ནཱ་ལས་ཀྱི་བཞུགས་མི་གི་ ཨེང་་་་འོད་དཔག་མེད་ཀྱི་སྐུ་མདུན་གཉིས་ ཕར་ལས་སཾ་བྷའི་སྐུ་འདྲ་གཅིག་ ད་རུང་ཕར་ལས་འབད་བ་ཅིན་ ཏེ་ འོད་དཔག་མེད་ཀྱི་ སྐུ་འདྲ་ཅིག་འབདཝ་ད་བསྡོམས་ཀྱིས་ སྐུ་འདྲ་ལྔ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འདི་ཡང་ ད་ང་བཅས་ར་ག་ར་གིས་ མཁྱེན་དོ་འོང་ལགས། ཏེ་ ཧེ་མ་ཞལ་ ཁོ་ར་ཞལ་དེ་སྦེ་བཞུགས་ནུག(?) ཁོ་གི་མཚན་འདི་ལུ་ཞུ་བ་ཅིན་ ཏེ་ཁོ་ར་ ཏེ་འཁྲུངས་ས་འདི་བུམ་ཐང་ལས་ ཏེ་ ཁོ་རའི་མཚན་ལུ་འབད་བ་ཅིན་ བློན་པོ་གཏམ་ཞིང་རྒྱ་གར་ཟེར་ཞུཝ་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་ བློན་པོ་གཏམ་ཞིང་རྒྱ་གར་ ཕྱི་འབྲེལ་བློན་པོ་སྦེ་ བཞུགས་པའི་སྐབས་སུ་ལུ་ ཏེ་ ཁོ་གི་སྲུང་འཁོརཔ་ མཚམས་པ་རིན་ཆེན་ཟེར་མི་འདི་ ནཱ་སྐུ་མཚམས་གནང་བཞུགས་སྦེ་ ཏེ་ ལོག་ཁོ་ནང་ལས་བྱོན་རནམ་ད་ལུ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ཁོ་གིས་ ཏེ་ ནཱ་གཟིགསཔ་ད་ལུ་ ལྷ་ཁང་ནང་སྐོར་ག་ར་ ཧོག་ཀ་སྦེ་ ལུས་སོངཔ་ལས་བརྟེན་ཏེ་ ད་འདི་ནང་ལུ་ ཏེ་ད་ བློན་པོ་གི་སྐུ་རིམ་བཟུམ་ཅིག་སྦེ་ ཏེ་ འ་ནཱི་ནང་གི་ ད་ལྟོ་མཇལ་ནི་ཡོད་མི་གི་ ཏེ་ སྐུ་འདྲ་སྦོམ་ལྔཔོ་འདི་འབད་འབད་བ་ཅིན་ ཏེ་འདི་ཡང་ ཁོ་གི་སྐབས་སུ་ལུ་ ཏེ་དེ་སྦེ་ བཞེངས་ཕུལ་ཕུལཝ་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་འདི་གི་ དུས་མཆོད་བཟུམ་ཅིག་ལུ་ ལོ་ངོ་ལྟ་འབད་བ་ཅིན་ ལོ་ངོ་ལྔ་བཅུ་ང་གཉིས་དེ་ཅིག་ཡར་སོང་ནུག་ལགས། དེ་ལས་ ཕར་གྱི་ཁུག་ནང་བཞུགས་མི་གི་ འཕགསཔ་བཅུ་གཅིག་ཞལ་གི་སྐུ་འབག་(འདྲ)འདི་འབད་འབད་བ་ཅིན།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ང་བཅས་ར་ སྤ་རོ་ དེ་བསྒང་ སྐུ་ཞོགས་ཚེ་རིང་དཔལ་འབྱོར་ཟེར་མི་འདི་ ཞལ་བཞུགས་པའི་སྐབས་སུ་ལུ་ ཏེ་ སྐུ་ཞོགས་ཚེ་རིང་དཔལ་འབྱོར་གྱིས་ འ་ནཱི་བཟུམ་ཁལ་གཅིག་གཅིག་བཞེངས་གནངམ་ད་ ད་རེས་གཅིག་ང་བཅས་ཕར་སྐྱིད་ཆུ་ལུ་མཇལ་ནི་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ གཉིས་པ་འདི་འབད་བ་ཅིན་ ནཱ་ ནཱ་མཇལ་ནི་ཡོད་མི་འདི་ལགས། ཏེ་ གསུམ་པ་ལུ་འབད་བ་ཅིན་ ང་བཅས་ཕར་བུམ་ཐང་ བྱམས་པ་ལྷ་ཁང་ལུ་ཡོད་མི་གི་ འཕགསཔ་བཅུ་གཅིག་ཞལ་འདི་ འ་ནཱི་ཁོང་གསུམ་འདི་ དུས་མཉམ་གཅིག་ལུ་ བཀྲམ་གནང་གནངམ་ཨིན་ཟེར་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ལྟག་ལས་བཟུམ་ཅིག་འབད་བ་འབད་བ་ཅིན་ ཕར་ལས་དང་ཚུར་ལས་བསྡོམས་ཏེ་ གུ་རུ་མཚན་བརྒྱད་ལགས། དེ་ལས་ འ་ནཱི་གི་ཤུལ་མ་ལུ་ ད་ཨ་ཙི་ཅིག་ཉམས་གསོ་ཤོར་སོང་སྦེ་ ཏེ་ལོག་སྟེ་ཉམས་གསོ་འདི་འབད་བ་ཅིན་ ང་བཅས་ཀྱིས་ ག་དེམ་ཅིག་ཁར་ཞུ་གནང་ནུག་ཟེར་བ་ཅིན་ ཏེ་ གནམ་ལོ་འབད་བ་ཅིན་ ༡༩༩༠ ལོ་ལུ་ ཉམས་གསོ་ཞུ་གནང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ ཉམས་གསོ་ཞུ་གནང་མི་དེ་ཡང་ ད་རེས་ང་བཅས་ར་ འབྲུག་རྒྱལ་བཞི་པ་གི་ཡུམ་ ཏེ་རྒྱལ་ཡུམ་སྐལ་བཟང་དང་ བསྟན་སྲུང་ལཱ་དཔོན་དྲག་ཤོས་མཛོད་དཔོན་དབང་ཕྱུག་གིས་སྦེ་ ལོག་ཉམས་གསོ་ཞུ་གནང་མི་ལྷ་ཁང་འདི་ ནཱ་གི་འདི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འ་ནཱི་ཉམས་གསོ་ཞུ་གནངམ་ད་ འདི་ནང་ལུ་ གསར་བཞེངས་ག་ཅི་གནང་ནུག་ཟེར་བ་ཅིན་ ཏེ་ད་ནཱ་ལས་འབད་བ་ཅིན་ འཕགསཔ་བཅུ་གཅིག་ཞལ་གྱི་ལྡེབས་རིས་ལགས། ཏེ་ ནཱ་ལས་འབད་བ་ཅིན་ སངས་རྒྱས་ཤཱཀྱ་ཐུབ་པ། ནཱ་ལས་འབདན་ གུ་རུ་མཚན་བརྒྱད།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ཕར་ལས་འབད་བ་ཅིན་ དགོངས་འདུས་ལྷ་དགུ་ ཏེ་ འ་ནཱི་དྲག་ཤོས་ནཱེམ་ གསར་བཞེངས་གནང་མི་འདི་ འ་ནཱི་ལགས། ད་འདི་ཡང་ ད་ཉམས་གསོ་མ་ཞུཝ་གི་ཧེ་མ་ལུ་ ཏེ་ སྐྱབས་རྗེ་གིས་ ལྷ་ཁང་འདི་བཞེངས་གནང་བའི་གི་སྐབས་སུ་ལུ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ག་ཏེ་ཁ་ཐུག་ལས་ བཞུགས་ཡོདཔ་ཨིན་ན་ཟེར་བ་ཅིན་ ཏེ་ མར་ལྷ་ཁང་གི་འོག་ལུ་ གུ་རུ་རིན་པོ་ཁོ་ར་གི་ སྒྲུབ་ཕུག་ཅིག་མཇལ་ནི་ཡོད་ཟེར་མི་དེ་ ཏེ་ དང་ཕུ་འབད་བ་ཅིན་ འ་ནཱེ་ལས་ཡོད་ཟེར་མས་བ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་ལས་ཡོདཔ་ད་ལུ་ ཏེ་ ག་ཅི་འདུག་ཟེར་བ་ཅིན་ ཏེ་ ཡར་ལས་མར་ལུ་ ཆུ་རུད་སྦོམ་ཅིག་ཐོན་འོང་ཞིནམ་ན་སྦེ་ ཏེ་འ་ནཱི་བྲག་ཕུག་འདི་གི་ རྒྱབ་ཁར་ལས་ ཏེ་ ང་བཅས་འབད་བ་ཅིན་ མར་ལས་ཀྱི་བཤེད་གཟུགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ཤིང་ བྱི་ཤིང་ཅིག་ཡོདཔ་ཨིན་ ཏེ་འ་ནཱི་ བྱི་ཤིང་འདིའི་འོག་ལས་ ས་ག་ར་ཐོན་ཡར་སོང་སྦེ་ ཏེ་ཁོ་འགྱེལ་ཡར་སོངམ་ཅིག་ དེ་ལས་ འ་ནཱི་བྲག་ཕུག་འདི་མར་ འ་ནཱེ་སྦེ་ཐོན་ཡར་སོང་སྦེ་ ལོག་ཉམས་གསོ་ཞུཝ་ད་ལུ་ ཏེ་ ཨོ་རྒྱན་རིན་པོ་ཆེ་གིས་ ཞལ་འདི་ལོག་མར་ཁ་ཐུག་ལུ་སྦེ་ དེ་སྦེ་སྒོར་ དེ་སྦེ་གནང་གནངམ་ཨིན་ཟེར་ལགས།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ཧེ་མ་འབད་བ་ཅིན་ སྐྱབས་རྗེ་གིས་བཞེངས་མི་བསྒང་འབད་བ་ཅིན་ ཏེ་ ཞལ་འདི་ཕར་ནུབ་ཁ་ཐུག་ལུ་སྒོར་ཞིནམ་ད་སྦེ་ ཏེ་དེ་སྦེ་ཡོད་པའི་ཟེར་ དེ་ལས་ད་གཅིག་འདི་ ང་བཅས་ར་ ད་རེས་ནངས་པ་ ད་གནས་ཀྱི་མཚན་བཟུམ་ཅིག་འབད་དེ་འབད་རུང་ཡང་ ག་ར་གིས་གསན་འདི་འབད་རུང་དྲག།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཞལ་ལས་གསུངས་ཏེ་འབད་རུང་དྲག་ ཏེ་ གནས་ཀྱི་མཚན་འདི་འབད་བ་ཅིན་ ཏེ་ ང་བཅས་ཀྱིས་ཕྱི་འགྱུར་སྦེ་ལགས་ ཏེ་ འཛོལ་བ་སྦེ་ དེ་སྦེ་ར་གསུངས་ཏེ་ཡོད་པའི་ལགས། ཏེ་འདི་ཡང ག་དེ་སྦེ་སྨོ་ཟེར་བ་ཅིན་ མང་ཤོས་ཅིག་གིས་ ཚལ་ལུ་གནས་ཟེར་ དེ་སྦེ་སླབ་ཏེ་ ཡོངས་གྲགས་ལུ་ དེ་སྦེ་ཡར་སོང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་འ་ནཱི་ ནཱ་གི་གནས་ཀྱི་མཚན་འདི་འབད་བ་ཅིན་ ཏེ་ ཚལ་ལུ་གནས་ཟེརཝ་མེན་ལགས། ད་ནཱ་གི་གནས་འདི་ མཚན་འདི་ག་ཅི་ཞུ་སྨོ་ཟེར་བ་ཅིན་ ཏེ་ ཚེ་ལུང་གནས་ཟེར་ལགས། ད་ཚེ་རུང་ཟེར་ སླབ་དགོ་མི་འདི་ ཁུངས་འདི་ག་ཅི་ཡོད་ཟེར་བ་ཅིན།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཚེ་ཟེར་མི་འདི་ ང་བཅས་ད་ལྟོ་ག་ར་གིས་ མི་སེར་ག་ར་གིས་སྤྱོད་དོ་ལགས་ ཏེ་འདི་ཐོབ་ཡོད་མི་འདི་ལགས་ ད་འ་ནཱི་ལུ་ ཚེ་འདི་ཐོབ་ཆེཝ་ད་ལུ་ མི་སེར་ཚུ་གི་རེ་བ་འདི་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ད་ང་ལོ་བརྒྱ་དང་བརྒྱད་སྡོད་དགོ་ཟེར་བའི་ རེ་བ་ཅིག་ག་ར་ལུ་ བསྐྱེད་དེ་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ལོ་བརྒྱ་དང་བརྒྱད་འདི་ སྡོད་དགོཔ་བཟུམ་ཅིག་སྦེ་འབད་བ་ཅིན་ འདི་ལུ་ག་ཅི་དགོཔ་སྨོ་ཟེར་བ་ཅིན་ ད་ང་བཅས་ འབྲུག་རྒྱལ་ཁབ་ནང་ལུ་ གནས་ལེ་ཤ་ཡོད་ལགས། ད་བསམ་གྱིས་མ་ཁྱབ་པའི་གནས་ལགས་ གུ་རུ་རིན་པོ་ཆེ་གི་གནས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འ་ནཱི་བཟུམ་འབདཝ་ད་ལུ་ འ་ནཱི་གནས་ཡོད་ཚེ་གཅིག་པའི་ནང་ལས་ ང་བཅས་འ་ནཱི་ མ་ཤི་བ་སྦེ་ཚེ་རིངམོ་སྦེ་སྡོད་ཚུགས་མི་གི་ ལུང་བསྟན་ཐོབ་ཨིན་ན་ཟེར་བ་ཅིན་ ཏེ་ འདི་ཐོབ་མ་ཚུགས་པའི་ལགས། གནས་རང་ས་སོ་སོར་ལུ་ ཁྱད་མཆོག་རེ་རེ་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ང་བཅས་ར་ ནཱ་བཟུམ་ཅིག་འབད་བ་ཅིན་ ཏེ་ གུ་རུ་རིན་པོ་ཆེ་ཁོ་ར་གིས་ ངོ་མ་ར་ཚེ་སྒྲུབ་བསྒྲུབས་འབད་ནི་དེ་གིས་ ཏེ་ནཱ་བཟུམ་ཅིག་ མཇལ་དཔ་བཟུམ་ཅིག་འབད་བ་ཅིན་ ཏེ་ང་བཅས་ར་གི་ ལོ་འབད་བ་ཅིན་ ལོ་བརྒྱ་དང་བརྒྱད་ཀྱི་ ཚེའི་དངོས་གྲུབ་ཐོབ་ཚུགས་པའི་གི་ ཏེ་ནུས་པ་འདི་ ནཱ་ལས་ཡོདཔ་ལས་བརྟེན་ཏེ་གིས་སྦེ་ ཚེ་ལུང་ཟེར་སླབ་དགོ་པའི་ ཁུངས་འདི་འ་ནཱི་ཨིན་ལགས་ ལུང་ཟེར་ཞུ་དགོ་མི་འདི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དང་པ་འདི་འ་ནཱི་ལགས་ ད་ལུང་ཟེརཝ་ད་ ད་རུང་ལུང་གཉིས་པ་འདི་ ག་ཅི་ཡོད་ཟེར་བ་ཅིན་ ད་རེས་ནངས་པ་ ད་འདི་ཡང་ ང་བཅས་ར་གི་ མི་སེར་ཚུ་གིས་ མ་མཁྱེན་པ་སྦེ་ ཏེ་དེ་སྦེ་འཛོལ་བ་ཡར་སོངཔ་མ་གཏོགས་གཅིག་བུ་ལུ་ སྤྱིར་བཏང་གི་འདི་ ང་བཅས་ར་གིས་ འདི་ཤེས་ཅི་མཐོང་ཅི་གི་ དེ་སྦེ་མཛད་མཛད་མི་འོང་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་རེས་ནངས་པ་ ང་བཅས་ར་ ཏེ་ ཞལ་ལས་གསུངས་ཏེ་འབད་རུང་དྲག་ ཡིག་ཐོག་ལུ་བཀོད་དེ་འབད་རུང་དྲག་ ཏེ་ང་བཅས་ ག་དེ་སྦེ་འདུག་ཟེར་བ་ཅིན་ ཏེ་ང་བཅས་ ད་རེས་ འབྲུག་རྒྱལ་བཞི་པ་འབད་བ་ཅིན་ ང་བཅས་གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་གི་ ལུང་བསྟན་དང་འཁྲིལ་འཁྲུངས་འཁྲུངསམ་ཨིན་ཟེར་མི་འདི་ ཏེ་ གནམ་མེད་ས་མེད་དར་ཁྱབ་ཡོད་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འདི་ཡང་ ང་གིས་ ཁ་གསལ་བཟུམ་ཅིག་སྦེ་ ཕུལཝ་བཟུམ་ཅིག་འབད་བ་ཅིན་ ད་འ་ནཱི་འདི་ འབྲུག་རྒྱལ་བཞི་པ་གི་སྐོར་ལས་ ལུང་བསྟན་གསུངས་གནང་མི་འདི་ གཏེར་ཆེན་འབྲུག་སྒྲ་རྡོ་རྗེ་མེན་ལགས་ འ་ནཱི་འདི་ ག་གིས་གསུངས་གནང་ཡི་ཟེར་བ་ཅིན་ གུ་རུ་རིན་པོ་ཆེ་ཁོ་རའི་སྐུ་དངོས་ གསུངས་གནང་གནངམ་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་སྐུ་དངོས་གསུངས་གནངམ་ད་ ད་མར་ལས་ ཟིན་བྲིས་བཏབ་མི་འདི་ ག་གིས་གནང་ནུག་ཟེར་བ་ཅིན་ གཏེར་ཆེན་འབྲུག་སྒྲ་རྡོ་རྗེ་གིས་ བཏབ་གནང་གནངམ་མས་ལགས། ད་གཏེར་ཆེན་འབྲུག་སྒྲ་རྡོ་རྗེ་གི་རྣམ་ཐར་འདི་ ད་རེས་ང་བཅས་ མི་སེར་ག་ར་གིས་ མཇལ་བའི་བསྒང་ལས་ ད་གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་གི་ ལུང་བསྟན་ཨིན་མས་ཟེར་མི་འདི་ ང་བཅས་ཀྱིས་ དར་ཁྱབ་དེ་སྦེ་ཡར་སོང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འ་ནཱི་གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་གིས་ གསུང་གནང་གནངམ་མེན་ལགས་ གུ་རུ་རིན་པོ་ཆེ་གིས་ གསུངས་གནང་གནངམ་ཨིན་ལགས། འ་ནཱི་ས་གནས་འདི་ ག་ཏེ་ལུ་གསུངས་གནང་གནངམ་སྨོ་ཟེར་བ་ཅིན་ འ་ནཱི་ས་གནས་འདི་ན་ལུ་ གསུངས་གནང་གནངམ་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ནཱ་ལུ་འབདཝ་ད་ལུ་ཡང་ ནཱ་རྒྱབ་ཁར་ལས་བྱོནམ་ད་ལུ་ ཏེ་ཨོ་རྒྱན་རིན་པོ་ཆེ་ཁོ་ར་གི་ བླ་མཚོ་གི་སྦོ་ལོགས་ཁར་ར་ ཏེ་ང་བཅས་ར་གི་ བྱག་ཐེ་རིལ་རི་སྦེ་ལགས་ གཅིག་མཇལ་ནི་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་བྲག་འདི་གུ་ལུ་ གུ་རུ་རིན་པོ་ཆེ་ སྐུ་དངོས་བཞུགས་ གཏེར་ཆེན་འབྲུག་སྒྲ་རྡོ་རྗེ་གིས་ མར་རྩ་བར་བཞུགས་ཞིནམ་ད་སྦེ་ ཏེ་ སྐྱབས་རྗེ་གིས་ཡར་ལས་ གུ་རུ་རིན་པོ་ཆེ་གིས་ ག་ཅི་གསུངསམ་ཅིག
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ཁོ་མར་ལས་ཟིན་བྲིས་བཏབ་ཞིནམ་ད་སྦེ་ ཏེ་ ད་རེས་ང་བཅས་ཀྱིས་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་གི་རྣམ་ཐར་ནང་ལུ་ མཇལ་ནི་ཡོད་མི་འདི་འབད་བ་ཅིན་ ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁོ་ར་གིས་ ལུང་བསྟན་གསུངས་གནང་ བྲིས་མི་འདི་འབད་བ་ཅིན་ ཏེ་ ང་བཅས་ གཏེར་ཆེན་འབྲུག་སྒྲ་རྡོ་རྗེ་གིས་ དེ་སྦེ་བྲིས་གནང་གནངམ་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་འབདཝ་ལས་བརྟེན་ཏེ་གིས་སྦེ་ ཏེ་ད་ འདི་ནང་ལུ་ཡང་ ང་བཅས་ར་གི་ མི་སེར་ཚ་གིས་ སྤྱིར་བཏང་ད་རེས་ ཁ་རྒྱུན་ལུ་འབད་བ་ཅིན་ ཏེ་ང་བཅས་ར་ ཡར་བདེ་ཆེན་ཆོས་གླིང་ཡོད་ཟེར་ཞུཝ་མས་སྦ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ཅིག་ཡང་ གུ་རུ་རིན་པོ་ཆེ་ཁོ་ར་གིས་ ལུང་བསྟན་གསུངས་གནང་པའི་སྐབས་སུ་ལུ་ འདི་ནང་ལུ་ག་ཅི་བཀོད་ཡོདཔ་སྨོ་ཟེར་བ་ཅིན་ ཏེ་ འོག་གྲོང་ཟེར་ཡོད་པའི་ལགས། ཏེ་ འོག་གྲོང་ཟེར་མི་འདི་ ད་རེས་བདེ་ཆེན་ཆོས་གླིང་ལུ་གོ་བའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱེ་འབད་ཞིནམ་ལས་ ཏེ་ གུ་རུ་རིན་པོ་ཆེ་གིས་ ཁོ་ལུ་གསུངས་ ཏེ་ ཁོ་གིས་ག་ར་ཟིན་བྲིས་འཐབ་སྦེ་ ཏེ་ད་རེས་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ བཀྲིན་ཆེ་ཤོས་ཅིག་ ཏེ་ང་བཅས་ར འབྲུག་རྒྱལ་བཞི་པ་ཨིནམ་ལས་བརྟེན་ཏེ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འབྲུག་རྒྱལ་བཞི་པ་གིས་ ཏེ་ད་ ལུང་བསྟན་གསུངས་གནང་སའི་ས་གནས་འདི་ ནཱ་ལུ་འབདཝ་ལས་བརྟེན་ཏེ་ ཏེ་ ཡོངས་གྲགས་ལུ་ ཚེ་ལུང་ཟེར་སླབ་དགོ་པའི་ཁུངས་འདི་ འ་ནཱི་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དང་མ་(པ)ར་ ང་བཅས་ར་ ཚེ་རིངམོ་སྦེ་བཞུགས་ནི་གི་ལུང་ལགས་ གཉིས་པ་ལུ་ འབྲུག་རྒྱལ་ཁབ་ནང་དགའ་ཏོག་ཏོ་ འ་ནེམ་ཅིག་འགྱོ་མི་འདི་ འབྲུག་རྒྱལ་བཞི་པ་གི་བཀྲིན་ འདིའི་ལུང་བསྟན་ ནཱ་ལུ་གསུངས་གནང་གནངམ་འབད་ནི་དེ་གིས་ ཏེ་ ནཱ་གི་གནས་གི་མིང་ལུ་ མཚན་ཡོངས་གྲགས་ལུ་ ཚེ་ལུང་གནས་ཟེར་ ཞུ་དགོ་མི་གི་ཁུངས་འདི་ འ་ནཱི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ གནས་ཟེར་མི་འདི་ འདི་ནང་ལུ་ གནས་ག་དེམ་ཅིག་ཡོདཔ་སྨོ་ཟེར་བ་ཅིན་ ཁལ་གཅིག་དགུ་ལགས་ འ་ནཱི་ག་ར་ཁལ་གཅིག་དགུ་འབདཝ་ད་ལུ་ ཁལ་གཅིག་བརྒྱད་གུ་རུ་རིན་པོ་ཆེ་ ཁོ་ར་གི་མཛད་རྣམ་ལགས།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ ཁལ་གཅིག་དགུ་ཟེརཝ་ད་འདི་ གཅིག་འདི་ང་བཅས་ར་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ བཏོན་གནང་གནངམ་མི་གི་གནས་ འ་ནཱི་འབདཝ་ད་ལུ་ ཡོངས་བསྡམས་ཀྱིས་ ཚེ་ལུང་གནས་ནང་ལུ་འབད་བ་ཅིན་ ང་བཅས་ར་ ཏེ་ད་ གནས་འབད་བ་ཅིན་ ཁལ་གཅིག་དགུ་དེ་ཅིག་མཇལ་ནི་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ད་གཅིག་འདི་ ད་འདི་ནཱ་ལུ་ ང་བཅས་ར་ འདི་གི་མ་ཚད་པར་ ཏེ་ད་ཡར་ལུ་འབད་བ་ཅིན་ འ་ནཱི་ལུང་བསྟན་གསུངས་གནང་སའི་ བྲག་འདི་གི་འོག་ལུ་ ང་བཅས་ར་གི་ ཚེ་ཆུ་ཅིག་འོང་ནི་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ང་བཅས་ར་གི་ ཚེ་ཆུ་ཅིག་དབོག་ནི་ཡོདཔ་ད་ལུ་ ད་ཚེ་ཆུ་དབོག་ས་གི་ ཏེ་ ང་བཅས་ར་ཡུལ་འདི་ ག་ཅི་ཨིན་ན་ཟེར་བ་ཅིན་ ཏེ་ ང་བཅས་ར་ཡར་ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲསམོ་ ཏེ་ལྷ་ལྕམ་པདྨ་སྲས་ཟེར་མི་འདི་ ཏེ་ དགུང་ལོ་བརྒྱད་ལུ་ མོ་ལུ་སྐུ་གཟུགས་ལུ་ ན་ཚ་ཅིག་ཟུན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ སྨན་བཅོས་རིམ་གྲོ་ ག་ཅི་ཕུལ་ཏེ་འབད་རུང་ མོ་དྲགས་མ་ཚུགས་པ་འབད་ཞིནམ་ད་ ཏེ་ མོ་ཞིང་ལུ་བྱོན་གནང་ནུག་ལགས། མོ་ཞིང་ལུ་བྱོནམ་ད་ལུ་ དེ་ལས་ མོ་གི་དབུ་ཐོད་དེ་ གུ་རུ་རིན་པོ་ཆེ་གིས་ ཡ་ད་འདི་ འབྲུག་རྒྱལ་ཁབ་ནང་ལུ་ ག་ཏེ་ལུ་ལུང་བསྟན་ཡོད་ས་ཅིག་ནང་ལུ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ཁོ་གིས་ཡར་ལས་ འདི་ལུང་བསྟན་གཟིགསཔ་ད་ལུ་ ཏེ་འདི་ བྲག་ཕུག་མ་རཱ་ཏི་ཀ་གཉིས་པ་ན་ བབས་ལས་བརྟེན་ཏེ་གིས་སྦེ་ ནཱ་ལུ་ དུས་རབས་བརྒྱད་པའི་ནང་ལུ་ བསྣམས་བྱོན་ཞིནམ་ན་སྦེ་ འ་ནཱི་བྲག་འདི་གི་འོག་ལུ་ གཏེར་ལུ་སྦ་གནང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་དུས་རབས་བརྒྱད་པའི་ན་ འ་ནཱ་གཏེར་ལུ་སྦ་བཞག་སྦེ་ཞིནམ་ད་ ཏེ་ དུས་རབས་འབད་བ་ཅིན་ དུས་རབས་བཅོ་བརྒྱད་པའི་ནང་ གཏེར་ཆེན་འབྲུག་སྒྲ་རྡོ་རྗེ་ ཏེ་ པུས་མོ་ལ་ཁར་ལུ་ ཏེ་ བླ་མའི་གཟིགས་ཁང་ནང་ གཟིམས་བཞུགས་ད་ལུ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཨོ་རྒྱན་རིན་པོ་ཆེ་གིས་ ནཱ་ལས་ཏེ་ མཁའ་འགྲོ་ཚུ་ག་ར་ ཡར་ལུ་གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་ གདན་འདྲེན་ཞུ་བ་བཏང་སྦེ་ ཡར་ལུ་ཏེ་ གདན་འདྲེན་ཞུ་ ཡར་ལས་ནཱ་ལུ་ ཕེབས་ཞིནམ་ད་སྦེ་ ཏེ་ང་བཅས་ར་ འབྲུག་པའི་ཟླཝ་འབད་བ་ཅིན།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ཟླཝ་ང་བཅས་ར་ ཆུ་ཕོ་རྟ་ལོ་གི་ ཟླཝ་འབད་བ་ཅིན་ ཟླཝ་བརྒྱད་པའི་གི་ ཚེས་གཉིས་ལུ་ ཏེ་ནཱ་ལུ་ཕེབས་ཞིནམ་ད་སྦེ་ ཏེ་ནཱ་ལས་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་གིས་ ལྷ་ལྕམ་པདྨ་གསལ་གྱི་དབུ་ཐོད་དེ་ གཏེར་ལས་བཞེངས་གནང་ནུག་ལགས།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ད་ད་རིས་དབུ་ཐོད་འདི་ ག་ཏེ་ལུ་བཞུགས་ཡོདཔ་སྨོ་ཟེར་བ་ཅིན་ ང་བཅས་ཐིམ་ཕུག་བཀྲིས་ཆོས་རྫོང་དང་ ཏེ་ སྤུན་ན་བདེ་བ་ཆེན་མོ་གི་ ནང་རྟེན་སྦེ་བཞུགས་ཡོདཔ་ལགས། ད་རེས་བཟུམ་ཅིག་འབད་བ་ཅིན་ ང་བཅས་སྤུན་ན་ཁ་བཞུགས་ཡོད།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: འདི་ཡོད་དགོ་མི་འདི་ཡང་ ང་བཅས་མདངས་ཞག་ཟླཝ་དང་པའི་ནང་ ཏེ་ང་བཅས་ར་གི་ ལྷ་མོའི་ མགོན་པོའི་སྒྲུབ་ཆེན་ཟེར་ཅིག་གནང་ནི་ཡོད་པའི་ལགས། ཏེ་ འ་ནཱི་མགོན་པོའི་སྒྲུབ་ཆེན་གནངམ་ད་ལུ་ ཏེ་ ཡར་དཀྱིལ་འཁོར་ནང་བཙུགས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ད་རེས་ཀྱི་ཚེས་གཅིག་ལས་ ང་བཅས་ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ གསོལ་ཐབ་ཕེབས་ལས་ ཏེ་ཁོ་ཡང་མཉམ་ཅིག་ནང་ལུ་ཕེབས་ནི་ཡོད་ འདི་ནང་ལུ་འབདཝ་ད་ལུ་ ཏེ་ ང་བཅས་ར་ཟླཝ་འབད་བ་ཅིན་ ཏེ་ ཟླཝ་བརྒྱད་པའི་ནང་ ཏེ་ ཐིམ་ཕུག་ལུ་ ལྷ་མོའི་སྒྲུབ་ཆེན་གནང་པའི་སྐབས་སུ་ལུ།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ དཀྱིལ་འཁོར་ནང་བཙུགས་ཞིནམ་ད་སྦེ་ ཏེ་ མཇལ་ནི་ཡོད་མི་འདི་འབད་བ་ཅིན་ ཏེ་ ནཱ་ལས་གཏེར་ལས་ བཞེས་གནང་གནངམ་ལགས། ད་ལྟོ་ནཱ་ མཇལ་ནི་ཡོད་མི་འདི་འབད་བ་ཅིན་ འ་ནཱི་གི་ཤུལ་འདི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ མོ་ཡར་ལུ་བཞག་ དེ་ལས་ མོ་གི་དབུ་ཐོད་འདི་ གཏེར་ཆེན་གྱིས་ འབྲུག་སྒྲ་རྡོ་རྗེ་གིས་ གཏེར་ལས་བཞེས་ས་བའི་ཤུལ་མ་ལུ་ དེ་ལས་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ སྤྲུལ་སྐུ་བྱོན་གནང་ནུག་ལགས།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ སྤྲུལ་སྐུ་བྱོནམ་ད་ལུ་ ག་ཏེ་ཕྱོགས་ལུ་བྱོན་གནང་ནུག་ཟེར་ཅིན་ ཏེ་ང་བཅས་ར་བུམ་ཐང་ཕྱོགས་ལུ་སྦེ་ ཏེ་འདི་ཡང་ ང་བཅས་ར་ག་ མཚན་འདི་ག་ཅི་ཞུཝ་སྨོ་ཟེར་བ་ཅིན་ ཏེ་ གཏེར་སྟོན་པདྨ་གླིང་པ་ཟེར།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ གཏེར་སྟོན་པདྨ་གླིང་པ་འདི་ གཏེར་སྟོན་ ལྷ་ལྕམ་པདྨ་གསལ་གྱི་ཡང་སྲིད་ཨིན་ལགས། འགོ་དང་པ་འདི་ཁོ་ཨིན་ལགས་ འབྲུག་ལུ་འབད་བ་ཅིན་ལགས། དེ་ལས་ འ་ནཱལས་མར་སྦེ་ སྐུ་ཕྲེང་རིམ་བྱོན་གྱིས་ བྱོན་ཞིནམ་ད་ལུ་སྦེ་ ཏེ་ད་རིས་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་བཟུམ་ཅིག་སྦེ་འབད་བ་ཅིན་ ཏེ་ གསུང་གི་སྤྲུལ་སྐུ་སྦེ་ ཏེ་ ལྷ་ལྕམ་པདྨ་གསལ་གྱི་ཡང་སྲིད་འདི་ ང་བཅས་འབྲུག་ལུ་ གསུང་གི་སྤྲུལ་སྐུ་སྦེ་བྱོན་ཏེ་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་འདི་འབད་བ་ཅིན་ ག་ཟེར་མི་འདི་ཨིན་ན་ཟེར་བ་ཅིན ད་རེས་ང་བཅས་ར་ སྒང་སྟེང་དགོན་པ་ལུ་ མཚོ་བཞེངས་བཞེད་བཞུགས་མི་ ཏེ་ སྒང་སྟེང་སྤྲུལ་སྐུ་ལགས། ཏེ་འ་ནཱི་ ད་རེས་སྐུ་ཕྲེང་དགུ་པ་འདི་འབད་བ་ཅིན་ ལྷ་ལྕམ་པདྨ་གསལ་གྱི་ ཏེ་གསུང་གི་སྤྲུལ་སྐུ་འདི་ ཁོ་ལུ་སྦེ་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ལུ་ ཏེ་ མང་ཤོས་ཅིག་གིས་ འདི་མཁྱེན་དོ་འོང་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ན་ཧིང་ལས་ ང་བཅས་ར་ ཏེ་བི་བི་ཨེསི་(འབྲུག་རྒྱང་བསྒྲགས)ནང་ལུ་ ཏེ་ ཕར་སྒང་སྟེང་དགོན་པ་གི་ ཚེས་བཅུ་གི་སྐོར་ལས་ འགྲེལ་བཤད་གནངམ་ད་ལུ་ཡང་ འདི་ནང་ལུ་ཡང་ ཕྲ་ཤིང་ཕྲ་བ་སྦེ་ ཏེ་མི་སེར་ར་གིས་ གསུངས་གནང་དེས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱེ་འབདཝ་ལས་བརྟེན་ཏེ་གིས་སྦེ་ ནཱ་གི་གནས་འདི་ ཏེ་ང་བཅས་ར་ མང་ཤོས་ཅིག་གིས་ ད་རེས་ནངས་པ་ ཧ་གོ་མ་ཚུགས་པས་བ་ལགས། ད་གནས་འདི་ག་དེ་སྦེ་ཨིན་ན་ ཏེ་ཧེ་མ་ལས་ཆགས་ཆགསཔ་ཨིན་ན་ ད་ལྟོ་བཟུམ་ཅིག་ཨིན་ན་ ཏེ་མང་ཤོས་ཅིག་གིས་ མཁྱེན་མ་ཚུགསཔ་པར་དེ་སྦེ་བཞུགས་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ནཱ་གི་བཟུམ་ཅིག་འབད་བ་ཅིན་ ཏེ་ལོ་ཉིས་བརྒྱ་བཅོ་ལྔ་གི་ཧེ་མ་ལུ་ ཏེ་ བཞེངས་གནང་གནངམ་གི་ལྷ་ཁང་ལགས། ཏེ་ གནས་འདི་བཟུམ་ཅིག་འབད་བ་ཅིན་ དུས་རབས་བརྒྱད་པའི་ནང་བཅགས་གནང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་འདི་ང་བཅས་ཀྱིས་ ལོ་ཚད་འ་ནཱེམ་ཅིག་ཟེར་ ཞུ་ནི་མིན་འདུག་ལགས། ཏེ་ དུས་ཅི་བཟུམ་ཅིག་སྦེ་འབད་བ་ཅིན་ ཏེ་ལོ་ངོ་ཉིས་བརྒྱ་བཅོ་ལྔ་འཁོར་བའི་ དུས་ཆེན་འདི་དུས་ཅི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་འབདཝ་ལས་བརྟེན་ ད་ང་བཅས་ ནཱ་བཟུམ་ཅིག་མཇལ་དཔ་བཟུམ་ཅིག་འབད་བ་ཅིན་ ང་བཅས་ར་ལུ་ ད་ཅི་ཞུ་དོ་བཟུམ་ ཏེ་ང་བཅས་ར་ལུ་ ཏེ་ཚེ་རིངམ་སྦེ་སྡོད་ཚུགས་པའི་ལུང་བསྟན་ ནཱ་ལས་ཐོབ་ལས་བརྟེན་ཏེ་གིས་སྦེ་ ཏེ་གནས་ཀྱི་ཡོངས་གྲགས་ལུ་ ཚེ་ལུང་གནས་ཟེར་ ཏེ་ལོ་བརྒྱ་དང་བརྒྱད་ཐུབ་ཚུགས་པའི་ནུས་པ་ཡོད་པའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ད་ ནཱ་ལུ་བཀའ་ཁྲབ་གཉིས་ཡོད་པའི་ལགས་ ད་ཕར་གྱི་ཁུག་ནང་བཞུགས་པའི་ བཀའ་ཁྲབ་འདི་བཟུམ་ཅིག་སྦེ་འབད་བ་ཅིན་ ཏེ་ང་བཅས་ར་ རྟ་ལོག་ ད་རྟ་ལོག་གི་རྒྱལཔོ་ ད་ད་རིས་བཟུམ་ཅིག་འབད་བ་ཅིན་ ཡོངས་གྲགས་ལུ་ རྟ་ལོག་རྒྱལཔོ་ཟེར་ དེ་སྦེ་ཞུ་ཡར་སོང་བའི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་སྤྱིར་བཏང་འདི་འབད་བ་ཅིན་ ང་བཅས་ར་ ཕར་བུམ་ཐང་ལུ་ ནཱ་བུ་གིས་མཁྱེན་སྡོད་འོང་ལགས། ང་བཅས་ར་ བུམ་ཐང་ལུ་འབད་བ་ཅིན་ ཏེ་ ལྕགས་མཁར་རྒྱལཔོ་ཟེར་ཞུ་མི་འདི་ འ་ནཱི་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ད་ ད་རེས་བཟུམ་ཅིག་འབད་བ་ཅིན་ ཁོ་གི་མཚན་འདི་ ག་ཅི་ཞུཝ་སྨོ་ཟེར་བ་ཅིན་ ཏེ་ང་བཅས་ར་ ནཱ་ལུ་འབད་བ་ཅིན་ ཏེ་རྒྱལ་ཆེན་ཀུན་ཏུ་བཟངམོ་ཟེར་ ཏེ་ རྟ་ལོག་གི་རྒྱལཔོ་ཟེར་ཞུ་མི་འདི་ ཏེ་འ་ནཱི་ལགས་ ཏེ་ ཞབས་དྲུང་རིན་པོ་ཆེ་ཁོ་རའི་ བཀའ་སྲུང་འདི་འ་ནཱི་ལགས།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ནཱ་གི་བཟུམ་ཅིག་སྦེ་འབད་བ་ཅིན་ ཨོ་རྒྱན་རིན་པོ་ཁོ་ར་གི་ བཀའ་སྲུང་ངོ་མ་ ཏེ་ པུས་མོ་བཙན་ལགས། ང་བཅས་ར་ཡར་ པུས་མོ་ལ་བཞུགས་ཡོད་མི་གི་ ཏེ་ པུས་མོ་བཙན་འདི་འབད་བ་ཅིན་ ནཱ་གྱི་ཁུག་ནང་བཞུགས་ཡོད་མི་འདི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ད་ ནཱ་ལུ་བཟུམ་ཅིག་འབད་བ་ཅིན་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་འདི་ བཟུམ་ཅིག་འབད་བ་ཅིན་ ཏེ་ང་བཅས་ར་ ནཱ་ན་ཧིང་ ༢༠༡༥ ལུ་ ཏེ་ འབྲུག་རྒྱལ་ལྔ་པ་གིས་ ཏེ་འབྲུག་རྒྱལ་བཞི་པ་གི་སྐུ་རིམ་ལུ་སྦེ་ རྫོང་ཁག་ཁལ་གཅིག་ལུ་གནང་མི་ནང་ལས་ གཅིག་འ་ནཱི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ ནཱ་ལས་བཞུགས་མི་གི་ ཞབས་དྲུང་རིན་པོ་ཆེ་བཟུམ་ཅིག་འབད་བ་ཅིན་ ཏེ་ང་བཅས་ར་ ཡར་མཚམས་པ་སངས་རྒྱས་བསྟན་འཛིན་གྱིས་སྦེ་ སྟོང་སྐུ་སྦེ་ བཞེངས་གནང་མི་ལས་གཅིག་འ་ནཱི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ནཱ་གི་ད་ སྤྱིར་བཏང་གི་ ད་ང་བཅས་ར་མར་གི་ ཏེ་གཡུས་ཚན་འདི་བཟུམ་ཅིག་སྦེ་འབད་བ་ཅིན་ ད་རེས་གཡུས་ཚན་གྱི་མིང་འདི་ ང་བཅས་ཀྱི་ གནས་ཀྱི་མིང་ལུ་ སླབ་མི་འདི་ འདི་ལས་བརྟེན་ཡར་སོང་ནུག
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་མ་པ་ངོ་མ་བཟུམ་ཅིག་འབད་བ་ཅིན་ ཏེ་ཚ་ལུང་ནང་ཟེར་མི་འདི་ ཏེ་ནཱ་ཚེ་ལུང་གནས་ཀྱི་མཇུག་ལུ་ ཏེ་མར་ཆགས་ཡོད་ནི་འདི་གིས་ ཏེ་མར་གི་འདི་ ང་བཅས་ར་ ཚ་ལུང་ན་ཟེར་ཞུ་དགོ་མི་གི་དམིགས་ཡུལ་འདི་ འདི་ལས་བརྟེན་ཏེ་ཨིན་མས་བ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་མང་ཤོས་ཅིག་གིས་ ད་རེས་ནངས་པ་ མར་གཡུས་ཀྱི་མིང་འདི་ ནཱ་འ་ནཱ་གནས་ཀྱི་མིང་སྦེ་སླབ་སྦེ ཏེ་དེ་སྦེ་ཡར་སོང་ནུག་ལགས། ཏེ་ སྤྱིར་བཏང་ལྷ་ཁང་བཟུམ་ཅིག་ལུ་ དབང་དུ་བཏང་འབད་བ་ཅིན་ ད་མང་ཤོས་ཅིག་གིས་ ད་མིང་ཡང་ ང་བཅས་ར་ གཞུང་གི་ལྷ་ཁང་མས་ཟེར་ ཏེ་དེ་སྦེ་ཆ་གནས་དེ་སྦེ་གནང་དེས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ནཱ་གི་ལྷ་ཁང་འདི་བཟུམ་ཅིག་འབད་བ་ཅིན་ གཞུང་གི་ལྷ་ཁང་མེན་ལགས། ད་ནཱ་གི་འདི་བཟུམཅིག་འབད་བ་ཅིན་ ཏེ་སྒེར་གྱི་ལྷ་ཁང་ ཏེ་སྒེར་གྱི་ཟེརཝ་ད་ ད་ནཱ་གི་ལྷ་ཁང་འདི་ ག་གི་ཨིན་ན་ཟེར་བ་ཅིན་ ད་ནཱ་གི་ལྷ་ཁང་འདི་ ང་ར་གི་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ང་གིས་ ངེ་གི་ཕ་མ་གིས་ ག་དེ་ཅིག་ཁར་རྩིས་ལེན་གནང་ནུག་ཟེར་བ་ཅིན་ ༡༨༠༢ ལུ་ རྩིས་ལེན་གནང་ནུག་ལགས། ད་འ་ནཱི་ལས་འགོ་བཙུགས་ཞིནམ་ད་སྦེ་ ཏེ་ དུས་ཅི་ཚུན་ཚོད་འབད་བ་ཅིན་ ལོ་ངོ་ ༢༡༥ ཡར་སོང་ནུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ང་གིས་ ལོ་འབད་བ་ཅིན་ ལོ་ ༥ ལས་ ཏེ་ལོ་ ༢༥ ཚུན་ཚོད་ལུ་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ སྤུ་ན་བདེ་བ་ཆེན་མོ་ ཏེ་གྲྭ་ཚང་གཉིས་ནང་ལུ་ ཕྱག་ཞུ་ཡི་ལགས། ང་འ་ནཱ་ལུ་ཕྱག་ཞུ་སྡོད་པའི་ དུས་ཚོད་ནང་ལུ་།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ང་གིས་ གནམ་ལོ་འབད་བ་ཅིན་ ༢༠༠༠ ལུ་ཏེ་ ད་རེས་སྐྱབས་རྗེ་རིན་པོ་ཆེའི་བཀའ་དང་འཁྲིལ་ཞིནམ་ན་སྦེ་ ནཱ་འགྱོ་དགོ་པས་ཟེར་ བཀའ་གནང་ཐོན་འོངམ་ལས་བརྟེན་ ཏེ་ ང་གིས་དབྱིན་ལོ་ ༢༠༠༠ ལུ་ ཏེ་གྲྭ་ཚང་ལས་ ནཱ་འོང་སྦེ་ ཏེ་ད་རེས་ནཱ་ བདག་འཛིན་འཐབ་སྟེ་གིས་འབད་བ་ཅིན་ ཏེ་ ལོ་བཅུ་དྲུག་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ནཱ་གི་འདི་ངོ་མ་ ཏེ་ ང་བཅས་ར་ ཏེ་འདི་འདི་ནང་ལུ་ ད་མི་སེར་གྱི་ལ་ལུ་ཅིག་ཁར་འབདབ་ཅིན་ མི་སེར་དམངས་ཀྱི་ལྷ་ཁང་ཟེར་ དེ་སྦེ་འདུག་ལགས། ཏེ་ནཱ་བཟུམ་ཅིག་སྦ་འབད་བ་ཅིན་ ཏེ་ང་བཅས་དམངས་ཀྱིས་ཡང་ གནམ་མེད་མེད་ཅིག་ འདི་ནང་ལུ་རྒྱབ་སྐྱོར་ ག་ཅི་ཡང་མེད་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ནཱ་གི་འབད་དགོཔ་བཅའ་དགོཔ་ ཏེ་ད་རེས་བཟུམ་ཅིག་གི་ གནས་སྟངས་ལུ་བཟུམ་ཅིག་འབད་འབད་བ་ཅིན་ ཏེ་འདི་ནང་ལུ་ ད་ང་བཅས་ར་ མང་ཤོས་ཅིག་གིས་ ཧེ་མ་བཟུམ་ཅིག་འབད་བ་ཅིན་ ང་ཕར་ལས་ནཱ་འོང་པའི་གི་ དུས་ཚོད་བཟུམ་ཅིག་ནང་སྦེ་འབད་བ་ཅིན།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཨ་ནཱི་ལྷ་ཁང་ཁོ་ར་གཅིག་དང་ ཕར་ང་ར་སྡོད་སའི་ ཁྱིམ་གཉིས་མ་གཏོགས་ཅིག་བུ་ལུ་ ད་ལྟོ་ཡར་ལྟག་ལས་ཕར་ཡོད་མི་འདི་ཚུ་ ག་ར་ཚལ་མ་སྐྱེས་སྦེ་ དེ་སྦེ་མཇལ་ནི་ཡོད་ལགས། ཏེ་ འ་ནཱི་ལས་འབད་ཞིནམ་ལས་ དབྱིན་ལོ་འབད་བ་ཅིན་ དབྱིན་ལོ་ ༢༠༡༠ ལུ་ དེ་སྦེ་ཚུན་ཚོད་སྡོད།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ ༢༠༡༡ ལུ་ ཏེ་ ང་ར་གིས་འཆར་གཞི་ག་ཅི་བརྩམས་ཡི་ཟེར་བ་ཅིན་ ད་འདི་ནང་ལུ་ སྒྲུབ་སྡེ་ཅིག་བཙུགས་ཚུགས་པ་ཅིན་ ཏེ་ གནས་ཀྱི་མཚན་དང་འཁྲིལཝ་ད་ལུ་ འདི་ནང་ལུ་ ང་བཅས་བཤད་གྲྭ་བ་འདི་ སྒྲུབ་སྡེ་ཅིག་བཙན་ཏོག་ཏོ་འགྱོ་ནི་མས་ཟེར་ མནོ་ཞིནམ་ན་ དེ་ལསནི་ ཏེ་ང་གིས་ སྒྲུབ་སྡེ་འགོ་དང་པ་རྐྱབ་ནི་འདི་ འཆར་གཞི་ ༢༠༡༡ ལུ་ བརྩམས་གནང་ཡི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་བརྩམས་ཞིནམ་ད་ལུ་སྦེ་ ད་ང་ཡར་ལས་མར་འབད་ཞིནམ་ད་ དེ་ལས་ ཉིས་སྟོང་ག་དེ་ཅིག་ཚུན་ཚོད་ འཆར་གཞི་བརྩམས་སྦེ་ ལཱ་ཚུགས་ཡི་ཟེར་བ་ཅིན་ ཏེ་ ཉིས་སྟོང་འབདབ་ཅིན་ ༢༠༡༥ ཚུན་ཚོད་ལགས་ ན་ཧིང་ཚུན་ཚོད།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འ་ནཱ་ལུ་འབདཝ་ད་ཡང་ ཏེ་མི་སེར་གྱི་རྒྱབ་སྐྱོར་འདི་ག་ར་ང་ལུ་ མི་སེར་གྱིས་གནང་གནངམ་ཨིན་ལགས། ཏེ་ གཞུང་ཁ་ཐུག་ལས་ འདི་ནང་གྲོགས་ག་ཅི་ཡང་མེད་ ཏེ་ མི་སེར་ཁ་ཐུག་ལས་གནངམ་ད་ལུ་ ཏེ་འདི་ལུ་ ང་ལུ་ མི་སེར་གྱིས་ རྒྱབ་སྐྱོར་འབདཝ་ད་ལུ་ མི་སེར་ག་དེམ་ཅིག་བྱོན་ཡི་ཟེར་བ་ཅིན་ མི་སྟོང་ཕྲག་ཁལ་གཅིག་ལྔ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འདི་གི་ མ་དངུལ་འབད་བ་ཅིན་ འབུམ་ ༥༠ ཐམ་པ་ལགས། ཏེ་ང་ར་ལས་ ༡༥ བཏོན་ས་ལས་ ཡོངས་བསྡོམས་ཀྱི་ ༦༥ བཏང་ཞིནམ་ན་ལས་སྦེ་ ཏེ་ ད་རིས་ནཱ་གི་གནས་ཚུལ་འབད་བ་ཅིན་ ཨ་ཕར་ཡོད་མི་ཚུ་འབད་བ་ཅིན་ སྒྲུབ་སྡེ་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ད་ ད་རེས་བཟུམ་ཅིག་ལུ་ དབང་དུ་ལུ་བཏང་འབད་བ་ཅིན་ ཏེ་ཧེ་མ་ང་ར་གིས་ ནཱ་འོང་མི་ཀྲམ་ད་(དུས་ཚོད་) ཏེ་དུས་ཅི་ ད་རེས་བཟུམ་ཅིག་འབད་བ་ཅིན་ ཨ་ཙི་ཅིག་ ནཱ་གི་གནས་ཀྱི་ དུས་ཚོད་བཟུམ་ཅིག་འབད་བ་ཅིན་ ཨ་ཙི་ཅིག་འགྱུར་བཅོས་སྦོམ་ཡར་སོང་ཡི་ཟེར་ཞུ་ནི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་འདི་ཡང་ང་བཅས་ར་ ཧེ་མ་བཟུམ་འབད་བ་ཅིན་ ཏེ་ང་གིས་ ཤེསཔ་ཅིག་ཁར་ལུ་ ལོ་གཅིག་ནང་ལུ་ ཏེ་ མི་བརྒྱ་གཅིག་འཛུལ་ཚུགས་པ་ཅིན་ དྲག་ཤོས་འདུག་ལགས། ད་འདི་ལས་མར་སྦེ་ གོ་རིམ་བཞིན་འབདཝ་ད་ལུ་ ཏེ་ ལོ་གཅིག་བ་གཅིག་ཡར་མངམ་ གཅིག་བ་གཅིག་ཡར་མངམ་སྦེ་ ཏེ་དུས་ཅི་བཟུམ་ཅིག་སྦེ་འབད་བ་ཅིན་ ཏེ་ནཱ་ཧིང་དང་ཕྱདཔ་ད་ ཏེ་ དུས་ཅི་ལོག་ལྟབ་ཀྱིས་ མི་དུས་ཅི་མངམ་འོང་ཡི་ལགས།
  • ཟླ་བ་རྒྱལ་མཚན
    Dawa Gyeltshen: ཏེ་ འདི་ཡང་འོང་དགོ་མི་ཁུངས་འདི་ ག་ཅི་ཡོདཔ་ཟེར་བ་ཅིན་ སྤྱིར་བཏང་ག་ར་གིས་མཁྱེན་དོ་འོང་ ཏེ་ དུས་ཅི་ང་བཅས་ར་ ཏེ་ དུས་ཆེན་བཟང་པོ་གསུམ་འཛོམས་ཡོདཔ་ལས་བརྟེན་ཏེ་གིས་སྦེ་ འདི་ལས་བརྟེན་ཏེ་གིས་སྦེ་ ཏེ་ང་བཅས་ར་ མི་སེར་ཚུ་གིས་ དེ་སྦེ་དད་པ་བསྐྱེད་དགོ་པའི་ཁུངས་འདི་ འདི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འདིའི་ནང་དོན་ཉིད་ལས་ ད་རིས་ནངས་པ་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ མི་སེར་ལས་ ཏེ་ མངམ་རོགས་ ཏེ་ད་ནཱ་གི་གནས་འདི་ལུ་ བརྩི་ཁུངས་(མཐོང)བསྐྱེད་མི་འདི་ ད་ལྟོ་ག་ཏེ་གི་འགྱོ་དོ་ཟེར་བ་ཅིན་ ཏེ་ང་བཅས་ར་ཡང་ ཅའི་ན(རྒྱ་ནག)རྒྱལ་ཁབ་ནང་ལས་ ཏེ་ དེ་སྦེ་བརྩི་བཀུར་བསྐྱེད་དོ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དེ་ཡང་བསྐྱེད་དགོ་མི་ ག་ཅི་འདུག་ཟེར་བ་ཅིན་ ཏེ་ན་ཧིང་ ང་བཅས་ར་དབྱིན་ཟླ་ ༡ པའི་གི་ནང་ལུ་ ཏེ་རྒྱ་ནག་ལས་ མི་ག་དེ་ཅིག་འོང་ཡི་ཟེར་བ་ཅིན་ མི་ ༨༥ ལགས། ཏེ་འདི་ཡང་ ནཱ་ལུ་འོང་དགོ་མི་དམིགས་ཡུལ་འདི་ག་ཅི་ན་ཟེར་ ང་གིས་ཁོང་ལུ་ དེ་སྦེ་ཞུ་ལྟཝ་ད་ལུ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཁོང་གིས་ངོ་མ་ར་ ཏེ་ ནཱ་གི་གནས་འདི་ ང་བཅས་ར་ ཚེ་རིང་ནི་གི་ འདིའི་ནང་དོན་ཉིད་ལས་ དུས་ཅི་བཟུམ་ཅིག་འབད་བ་ཅིན་ ང་བཅས་འབྲུག་རྒྱལ་ཁབ་ནང་གི་ གནས་ཚུ་མཇལ་ཚུགས་པ་ཅིན་ ཏེ་ གུ་རུ་རིན་པོ་ཆེ་སྐུ་དངོས་མཇལ་ཚུགས་པའི་གི་ འདུ་ཤེས་ཅིག་ཡོད་ཟེར་བའི་གི་ འདུ་ཤེས་ཅིག་ཁོང་གིས་གོ་ཡི།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་འ་ནཱེ་འབད་ནི་དེ་གིས་ འ་ནཱི་ལས་བརྟེན་ཏེ་གིས་སྦེ་ ཏེ་ཁོང་གིས་ ཁར་ཚ་(ཟད་སོང)སྦོམ་བཏང་ཞིནམ་ན་ལས་སྦེ་ ཏེ་ང་བཅས་ འབྲུག་རྒྱལ་ཁབ་ནང་འོང་དགོ་མི་འདི་ དམིགས་ཡུལ་འདི་ལས་བརྟེན་ཏེ་ཨིན་ཟེར།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་འབདཝ་ད་ལུ་ ང་བཅས་འབྲུག་ནང་འཁོད་ཀྱི་ མི་སེར་གྱིས་ གནམ་མེད་ས་མེད་ཅིག་ར་ བརྩི་ཁུངས་མ་བསྐྱེད་དེ་འབད་རུང་ ཏེ་ང་བཅས་ར་ ཕྱིའི་རྒྱལ་ཁབ་ཀྱི་མི་གིས་ ཏེ་ བརྩི་བཀུར་བསྐྱེད་འབད་མི་འདི་ལུ་ ཏེ་ང་བཅས་ འབྲུག་རྒྱལ་ཁབ་ནང་གི་ གནས་ཚུ་ཨ་ཙི་ཅིག་ཡར་རྒྱས་འགྱོ་བའི་གི་ རྟགས་མཚན་ཅིག་འདི་ནང་ལས་ སྟོན་ཚུགས་པས་ཟེར་ ཏེ་འདི་ཞུ་ནི་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འདི་ཏེ་ ཏེ་གཞན་འདི་འདི་ནང་ལུ་ ད་ལྟོ་བཟུམ་ཅིག་ལུ་འབད་བ་ཅིན་ ཏེ་ང་བཅས་ར་ གནས་ཀྱི་གནས་སྟངས་བཟུམ་ཅིག་འབད་དེ་འབད་རུང་ཡང་ ད་ཧ་ལམ་ཧེ་མ་དང་ཕྱད་པ་ཅིན་ ད་ལྟོ་འགྱུར་བཅོས་སྦོམ་ཡོད་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ནཱ་ལུ་ ངོ་མ་ར་ ཏེ་འཐུང་ཆུ་ དེ་ལསནི་ གློག་མེ་ དེ་ལས་ ང་བཅས་ར་འཁོར་ལམ་ ཏེ་ད་དཔེ་བཟུམ་ཅིག་འབད་བ་ཅིན་ ཏེ་ང་བཅས་ར་ ཊེ་ལི་ཕཱོན(བརྒྱུད་འཕྲིན)འདི་ཚུ་ག་ར་ ཏེ་ ལེགས་ཤོམ་སྦེ་ ཐོབ་ཚུགས་པའི་གི་ དེམ་འགྱོ་ནི་དེ་གིས་ ཏེ་ཧེ་མ་ཕྱད་པ་ཅིན་ ནཱ་ཚེ་ལུང་གནས་བཟུམ་ཅིག་འབད་བ་ཅིན་ ཏེ་ གནམ་མེད་ས་མེད་ཀྱི་ གོང་ལས་གོང་འཕེལ་འགྱོ་དོ་ཟེར་ཞུ་ནི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ད་རྗེ་གིས་ དམིགས་ཡུལ་བཟུམ་ཅིག་འབད་བ་ཅིན་ ཏེ་འ་ནཱི་ ང་བཅས་འདི་གི་ མི་ཕོག་ལགས། ད་འདི་ཡང་ ང་བཅས་ཀྱིས་ ནཱ་ལུ་ འདི་འབད་དགོ་མི་གི་དམིགས་ཡུལ་འདི་ ག་ཅི་འདུག་ཟེར་བ་ཅིན་ ཏེ་དེ་བསྒང་ སྐྱབས་རྗེ་གིས་ ལྷ་ཁང་འདི་བཞེངས་ཚར་ཞིནམ་ལས་ ཏེ་འདི་ནང་ལུ་ ང་བཅས་ར་ དཀོན་གཉེར་སྦེ་སྡོད་ནི་གི་དོན་དག་ལུ་ ང་བཅས་ར་ མི་མཚན་ཚུ་གིས་ ཏེ་འཛོམས་འདུ་ཅིག་གནང་གནངམ་ཨིན་ཟེར་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འཛོམས་འདུ་འདི་གནངམ་ད་ལུ་ ཏེ་ མི་སེར་ཚུ་གིས་ ག་ཅི་གསུངས་གནང་ནུག་ཟེར་བ་ཅིན་ འའོ་ད་འདི་ནང་ལུ་ ང་བཅས་ཀྱིས་ འདི་ནང་ལུ་ དཀོན་གཉེར་འབད་མི་ཚུགསཔ་འོང་ ཏེ་བྱཱ་ལམ་འདི་ཨ་ཙི་རིང་མས་ཟེར་ ཏེ་འ་ནཱི་འབདཝ་ལས་ འ་ནཱི་འབདཝ་ལས་བརྟེན་ ཏེ་ང་བཅས་ར་གི་ ཕམ་འདི་ཚུ་གིས་ ད་དེ་སྦེ་འབད་བ་ཅིན་ ང་བཅས་ཀྱིས་ བདག་འཛིན་འཐབ་གེ་ཟེར།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་དེ་སྦེ་ བཀའ་གནང་ཐོན་འོང་ ཁོང་ར་གི་ རོགས་སྐྱབས་རྗེ་གི་བཀའ་འདི་དེ་སྦེ་ བསྒྲུབས་ཐོན་འོངཔ་ལས་བརྟེན་ཏེ་གིས་སྦེ་ ད་ལྟོ་ང་བཅས་ཀྱིས་ དེ་སྦེ་འཛིནམ་མ་གཏོགས་ཅིག་བུ་ལུ་ ཏེ་ སྐྱབས་རྗེ་ཁོ་ར་གི་ མི་མཚན་འདི་ ང་བཅས་མེན་ཟེར་ཞུ་ནི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་ང་རའི་ ད་ད་རའི་ མི་བརྒྱུད་འདི་འབད་བ་ཅིན་ ངོ་མ་ར་ ད་ནཱ་ ང་རའི་ལྷ་ཁང་མཇུག་ལུ་ ཏེ་ཚེ་ལུང་ནང་ལས་མས་ལགས། ད་འདི་ ང་ར་བཟུམ་ཅིག་སྦེ་འབད་བ་ཅིན་ སྐྱེ་ཡང་ནཱ་ལས་སྐྱེས་ སྦོམ་ཡང་ནཱ་ལས་སྦོམ་ཡི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱེ་འབདཝ་ད་ལུ་ ད་ང་བཅས་མང་ཤོས་ཅིག་གིས་ ད་རུང་འདི་འདྲས་ཟེར་ མནོ་སྡོད་འོང་ལགས་ ཏེ་དེ་སྦེ་མེནཟེར་ཞུ་ནི་ཨིན་ལགས། ད་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ ང་བཅས་ར་ འབྲུག་རྒྱལ་ཁབ་ནང་བྱོན་ཞིནམ་ད།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ སྤུ་ན་ཁ་ལུ་འབྱོན་སྦེ་ ཏེ་ང་བཅས་ར་ ད་རེས་བཟུམ་ཅིག་འབད་བ་ཅིན་ ཏེ་ཕར་སྤུན་ན་ཁ་ པ་ཆས་ཁ་ལུ་འབྱོན་ཞིནམ་ད་ལུ་ པ་ཆས་ནམ་མཁའ་སྒྲོན་མ་ལུ་ དེམ་མཛད་སྦེ་ པ་ཆས་ནམ་མཁའ་སྒྲོནམ་ ཆོས་རྗེ་འབྲུག་པ་ཀུན་ལེགས་ ཁོ་ར་གི་གསང་ཡུམ་སྦེ་བཞེས་སྦེ།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ཁོ་ར་གིས་ ཕར་ལས་བྱོནམ་ད་ལུ་ པ་ཆས་ནམ་མཁའ་སྒྲོནམ་ ཕར་བཞུགས་ཟེར་ བླ་མ་གིས་ ག་ཅི་ར་གསུངས་ཏེ་འབད་རུང་ཡང་ ཏེ་ཁྱོད་ཀྱིས་ད་ ག་བཞག་ས་ལུ་ ཏེ་ང་ར་ཡང་ ཐུན་ཅིག་བཏང་ནི་གི་བློ་འདོད་ཡོད་ཟེར་ ཏེ་དེ་སྦེ་ ཕར་ལས་ བླ་མའི་གི་ཕྱག་ཞུ་འབྱོན་སྦེ་ ཏེ་ནཱ་ཚེ་ལུང་གནས་ལྷོདཔ་ད་ལུ་ ཏེ་ད་ཕར་ལུ་ བྲག་ཕུག་ཅིག་མཇལ་ནི་ཡོད་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་ལྷོདཔ་ད་ ཡ་ད་ པ་ཆས་ནམ་མཁའ་སྒྲོནམ་ ཁྱོད་སྡོད་ས་གི་ལུང་བསྟན་འདི་ འ་ནཱ་ལུ་ཡོད་སྨ་རེ་ཟེར་ དེ་ལས་ འ་ནཱི་བྲག་ཕུག་འདི་ནང་ལུ་ པ་ཆས་ནང་མཁའ་སྒྲོནམ་ བྲག་ཕུག་ནང་བཙུགས་ ཕྱི་ཁར་ལས་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ རྩིགཔ་གནང་གནངམ་མས་ཟེར་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དེ་ལས་ རྩིག་གནང་བཞག་སྦེ་ དེ་ལས་ འདི་ནང་ལུ་ ད་ཁྱོད་ར་ རིན་ཁྱོད་ར་ག་ཅི་ཡང་འབད་དགོཔ་མེད་ ཁྱོད་ར་རྩེ་གཅིག་ཏུ་ ཏེ་ ང་གསོལཝ་བཏབ་ ཏེ་ཁྱོད་རའི་གསོལཝ་ཚོགས་འདི་འབད་བ་ཅིན་ ཏེ་ཡར་ལས་མར་རོགས་ མཁའ་འགྲོམ་ཚུ་གིས་བསྣམ་བྱོན་འོང་ཟེར།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་དེ་སྦེ་གསུངས་སྦེ་ དེ་ལསནི་ ཆོས་རྗེ་འབྲུག་པ་ཀུན་ལེགས་ འ་ནཱེ་སྦེ་བཞག་སྦེ་ཏེ་ ང་བཅས་འབྲུག་རྒྱལ་ཁབ་ནང་གི་ འདུལ་བྱ་མ་རྫོགས་སྦ་སྦེ་ དེམ་འབད་སྦེ་ ཏེ་ལོག་འབྲུག་རྒྱལ་ཁབ་ནང་གི་ འདུལ་བྱ་རྫོགས་སྦེ་ ཏེ་པ་ཆས་ནམ་མཁའ་ ཡར་བལྟ་བོད་ལུ་བྱོན་རནམ་ད་ ཏེ་ནཱ་བྱོན་སྦེ་ པ་ཆས་ནམ་ནཁའ་སྒྲོན་མི་གི་ ཁོ་ག་ཅིམ་ཟེརན་ ཡ་ནམ་མཁའ་སྒྲོནམ་ ཁྱོད་ག་དེ་སྦེ་ཡོད་ཟེར།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་བླ་མ་གིས་ མར་ལས་གསུངམ་ད་ལུ་ ཏེ་མོ་གིས་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ ལོ་གསུམ་སྦེ་གནང་བཞག་བཞགཔ་མས་ལགས། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ འ་ནཱི་སླབ་ད་ལུ་ མོ་གི་སེམས་ཁར་ལུ་ ང་ཁ་ཙ་བཙུགས་བཙུགསཔ་ཨིན་ཟེར་བའི་གི་ ཏེ་ཚོར་སྣང་ཅིག་མ་གཏོགས་གཅིག་བུ་ གཞན་ཤར་མ་ཚུགས་པའི་ཟེར་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ག་ཅི་འདུག་ཟེར་བ་ཅིན་ བླ་མའི་ཐུགས་རྗེ་བྱིན་རླབས་ལས་བརྟེན་ཏེ་གིས་སྦེ་ མོ་གིས་ལོ་གསུམ་ཟེར་མི་འདི་ སེམས་ཁར་ར་མ་དྲན་པ་སྦེ་ ཏེ་འ་ནཱ་བཞུགས་སྦེ་ ད་དེ་སྦེ་འབད་བ་ཅིན་ ཁྱོད་ཡུན་མ་རིང་མ་ར་སངས་རྒྱས་འོང་ ད་ཏེ་ ང་ཡང་ བོད་ལུ་ལོག་བྱོན་དོ་ཟེར།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་དེ་སྦེ་ ཁོ་དེ་སྦེ་གསུངས་སྦེ་ དེ་ལསནི་ ཏེ་བླམ་འབྲུགཔ་ཀུན་ལེགས་ ནཱ་ལས་བྱོན་ཏེ་གིས་ ཏེ་ཉིནམ་གཉིས་ཀྱི་རྒྱབ་ཁར་ལས་ ང་བཅས་ར་ འབྲུག་པའི་གི་འབད་བ་ཅིན་ ཟླཝ་དྲུག་པའི་གི་ ཚེས་ ༡༥ ལུ་ ཏེ་དྲོ་པ་དུས་ཆེན་འདི་དང་འཁྲིལ་ཞིནམ་ན་སྦེ་ ཏེ་མོ་གི་སྐུ་གཟུགས་ལུ་ ན་ཚ་ག་ཅི་ཡང་མེད་སྦ་སྦེ་ མཐའ་ན་མོ་ར་གི་ ཨེ་་་ཅ་ལ་ མོ་ར་གི་གཟིམ་ཆ་ མོ་ར་གི་གསོལ་བཞེས་ས་ཚུ་ག་ར་བསྣམས་ཞིནམ་ན་སྦེ་ མོ་གིས་ ཡར་དག་པའི་མཁའ་སྤྱོད་ལུ་འབྱོན་ཡར་སོངཔ་མས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: འ་ནཱི་འབད་ནི་འདི་གིས་ ཏེ་ད་རེས་ནངས་པ་ ང་བཅས་ར་ ཟླཝ་དྲུག་པའི་གི་ཚེས་ ༡༥ ལུ་ ཏེ་འ་ནཱི་ པ་ཆས་ནམ་མཁའ་སྒྲོལ་མའི་ སྒྲུབ་ཕུག་ནང་ལུ་འོང་སྦེ་ ང་བཅས་ར་གིས་ ཏེ་འདི་ནང་ལུ་ ཏེ་སེམས་མཉམ་བཞག་གི་ཐོག་ལུ་ བཞག་ཚུགས་མི་འབད་འབད་བ་ཅིན་ ཏེ་ཆོས་ཀྱི་སྒྲ་གོ་བའི་ཟེར་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་འ་ནཱི་འདི་ ག་ཅིའི་བཀྲིན་སྨོ་ཟེར་བ་ཅིན་ ཆོས་རྗེ་འབྲུག་པ་ཀུན་ལེགས་ ཁོ་ར་གི་བཀྲིན་ཨིན་ཟེར་ ཏེ་འ་ནཱི་ལུ་ ང་བཅས་ནཱ་འོང་ཞིནམ་ལས་ ང་བཅས་ཀྱིས་ གསོལཝ་བཏབ་ཚུགསཔ་བཟུམ་ཅིག་སྦེ་འབད་བ་ཅིན་ ང་བཅས་མི་སེར་ཚུ་གིས་ གསོལཝ་བཏབ་པ་ཅིན་ ཏེ་པ་ཆས་ནམ་མཁའ་སྒྲོན་མ་གིས་ ལོ་རེ་ནང་ལུ་ འ་ནཱ་རུ་ཚར་རེ་བྱོན་དོ་བའི་ཟེར་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་བྱོནམ་ད་ལུ་ རང་གི་སྨོན་ལམ་འདི་དང་ ཏེ་ཡར་ལས་ ཏེ་ མཁའ་འགྲོ་གིས་གནང་མི་གི་ སྨོན་ལམ་འདི་ གཅིག་ཁར་མཐུད་པ་ཅིན་ ཏེ་ང་བཅས་ར་ འཁོར་བ་ནང་སྡུག་བསྔལ་མྱོང་སྡོད་མ་དགོ་པར་ ཐར་པ་འགྱོ་ཚུགསཔ་ཟེར་བའི་གི་ རྟགས་མཚན་ཅིག་འདི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དེ་ལས་ གཉིས་པ་ཟེརཝ་ད་ལུ་ འདི་གི་ཏེ་དཔེ་འདི་ ག་ཅི་བཟུམ་ཅིག་ལུ་སྟོན་དོ་ཟེར་བ་ཅིན་ ད་ང་བཅས་ར་གིས་ མང་ཤོས་ཅིག་གིས་ ད་རེས་ནངས་པ་བཟུམ་ཅིག་འབད་བ་ཅིན་ ང་བཅས་ཀྱིས་ ཆོས་འདི་ཕོ་སྐྱེས་ཀྱིས་འབདཝ་མ་གཏོགས་གཅིག་བུ་ལུ་ ཏེ་ ཨམ་སྲུ་གིས་ གནམ་མེད་ས་མེད་ཅིག་ འབད་ནི་མེདཔ་བཟུམ་ཅིག་ ཏེ་ འ་ནཱི་བཟུམ་པའི་གི་འཆར་གཞི་གུ་འགྱོ་དེས་བ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་འབདཝ་ད་ལུ་ ཨེ་་པ་ཆས་ནམ་མཁའ་སྒྲོལ་མ་གིས་ ག་ཅི་སྟོན་བཞག་ནུག་ཟེར་བ་ཅིན་ ང་བཅས་ར་ལུ་ རྩ་བའི་བླམ་ཅིག་བསྟེན་ ཆོས་འདི་ལེགས་ཤོམ་སྦེ་འབད་བ་ཅིན་ ཕོ་དང་མོ་ལུ་དབྱེ་བ་ག་ནི་ཡང་མེད་ ཐར་པ་འགྱོ་ཚུགས་ཟེར་བའི་གི་ ཏེ་ ལམ་འདི་ མོ་གིས་ སྟོན་བཞག་བཞགཔ་ཨིན་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་ འ་ནཱི་འབད་ནི་དེ་གིས་ ང་བཅས་ཀྱིས་ འ་ནཱ་མཇལཝ་ད་ལུ་ ག་ཅི་གི་ཐུགས་ཁར་བཞག་དགོ་ཟེར་བ་ཅིན་ ང་ཡང་ཚེ་ད་རེས་ར་ སངས་རྒྱས་མ་ཚུགས་འདི་འབད་རུང་ ཚེ་འདི་གི་ཕྱི་མ་ལུ་ སྡུག་བསྔལ་མྱོང་སྡོད་མ་དགོ་པར་ ཏེ་ ཐར་པ་ལུ་ཐོབ་པའི་གི་ ཏེ་དེམ་ཅིག་ལུ་སྐྱེ་བཅུག་ཟེར་བའི་གི་ འདུ་ཤེས་བསྐྱེད་ཚུགསཔ་འབད་བ་ཅིན་ ཏེ་འདི་གིས་ སྨོན་ལམ་འཐུས་ཚུགསཔ་ཨིན་ཟེར།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་འདི་འབད་བ་ཅིན་ གུ་རུ་རིན་པོ་ཆེ་ཁོ་རའི་བཞུགས་ཁྲི་འདི་ འ་ནཱི་ལགས་ ཁྲི་འདི་འ་ནཱི། འ་ནཱ་འདི་ གུ་རུ་རིན་པོ་ག་ཅི་འབདཝ་ད་ བཞུགས་གནང་གནངམ་མའི་གི་ཁྲི་ཨིན་ན་ཟེར་བ་ཅིན།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཏེ་གུ་རུ་རིན་པོ་ཆེ་གིས་ འ་ནཱ་ལུ་ ཚེའི་སྒྲུབ་པ་གནང་བཞུགས་པའི་སྐབས་སུ་ལུ་ ཏེ་ཉི་མ་ ཏེ་ཁོ་གི་ ཐུན་མཚམས་ཀྱི་ནང་ལུ་ ཏེ་ ཁམས་སངས་སྦེ་ བཞུགས་པའི་སྐབས་སུ་ལུ་ གུ་རུ་རིན་པོ་ཆེ་ འ་ནཱ་བྱོན་ཞིནམ་ད་སྦེ་ ཏ་འ་ནཱི་དར་འདི་གུ་བཞུགས་གནང་སྦེ་ ཏེ་ ཁོ་གིས་ ཉིམ་འདེབ་བཞུགས་བཞུགས་པའི་གི་ཁྲི་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ཁྲི་འདི་གི་ འོག་ཐོག་ལུ་ ཏེ་ ག་ཅི་ཡོདཔ་ཨིན་ན་ཟེར་བ་ཅིན་ ང་བཅས་ར་ ཏེ་ལྷ་ལྕམ་མནྜ་རཝ་གི་ཡབ་ ཏེ་ ཟ་ཧོར་རྒྱལཔོ་ཟེར་ ཞུ་མི་འདི་གི་ ཏེ་ཁོ་གི་ སྐུ་ཆོས་འདི་ ད་ང་བཅས་ར་འབད་བ་ཅིན་ ཆོས་གོ་ཟེར་ཞུཝ་མས་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་ གུ་རུ་རིན་པོ་ཆེ་ཁོ་ར་ལུ་ ཏེ་ཁོ་གིས་ཧེ་མ་ ལཱ་ངན་པ་འབད་མི་ཚུ་གི་ ཏེ་ང་བཅས་འབད་བ་ཅིན་ བཤགས་པ་བཟུམ་ཅིག་སྦེ་ ཏེ་ གུ་རུ་རིན་པོ་ཆེ་ལུ་ཕུལཝ་ད་ལུ་ ཏེ་ གུ་རུ་རིན་པོ་ཆེ་ཁོ་ར་གིས་ མ་བཞེས་པ་འབད་ཞིནམ་ད་སྦེ་ ཏེ་ད་ལྟོ་ འ་ནཱི་བྲག་འདི་གི་ནང་སྐོར་ནང་ལུ་ གཏེར་ལུ་སྦ་སྟེ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་བྲག་འདི་གི་ མ་འོངས་པ་ནང་ ང་བཅས་ར་གི་ ཏེ་ རྡོ་འདི་ཁོ་ར་གིས་འབད་ཞིནམ་ད་ལུ་ ཏེ་འདི་ཁབ་ཏོག་ལོག་ཞིནམ་ད་སྦེ་ ཏེ་ང་བཅས་ལུ་ མཇལ་ནི་ཐོབ་པའི་གི་ ནུས་་འེང་་་མཇལ་ཚུགས་ཟེར་མི་འདི་ ཏེ་ངོ་མ་ར་ ཏེ་གཏེར་ལུ་སྦ་ཡོད་སུ་འདི་ འ་ནཱ་ལུ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་འདི་འབད་བ་ཅིན་ ཟ་ཧོར་རྒྱལ་པོ་གི་ ཆོས་གོ་གཏེར་ལུ་སྦ་གནང་ས་གི་ ཏེ་ ཁྲི་འདི་འ་ནཱ་ལགས། ད་འ་ནཱ་འདི་འབད་བ་ཅིན་ ཏེ་གུ་རུ་རིན་པོ་ཆེ་གིས་ ཟླཝ་བཞི་ ཁོ་གི་ཚེ་གི་སྒྲུབ་པ་གནང་བཞུགས་སའི་ སྒྲུབ་ཕུག་འདི་འ་ནཱ་ལུ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱ་ལུ་ གུ་རུ་རིན་པོ་ཆེ་ ཟླཝ་བཞི་ཚེའི་སྒྲུབ་པ་གནང་བཞུགསཔ་ད་ལུ་ ཟླཝ་བཞི་ལངཔ་ད་ལུ་ ཏེ་གུ་རུ་རིན་པོ་ཆེ་དང་ སངས་རྒྱས་ཚེ་དཔག་མེད་ དངོས་སུ་སྦེ་མཇལ་སྦེ་ ཏེ་གུ་རུ་རིན་པོ་ཆེ་ལུ་ སངས་རྒྱས་ཚེ་དཔག་མེད་ཀྱི་ ཚེའི་བུམ་པ་ཆ་གཅིག་གནངམ་ད་ ཏེ་གུ་རུ་རིན་པོ་ཆེ་ ཁོ་ར་གིས་ བསྣམས་མ་འབྱོན་པ་སྦེ་ ཏེ་དེམ་ཐོབ་སའི་ ས་གནས་འདི་འབད་བ་ཅིན་ འ་ནཱ་ལུ་ལགས།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་འ་ནཱི་འདི་ ང་བཅས་ཕར་ ནཱེ་པཱལ་ བྲག་ཕུག་མ་རཱ་ཏི་ལུ་ ཏེ་ མཇལ་བ་མ་ལྷོདཔ་བཟུམ་ཅིག་འབད་བ་ཅིན་ ཏེ་ ང་བཅས་ཀྱིས་ འ་ནཱ་མཇལ་ད་པ་ཅིན་ བྲག་ཕུག་མ་རཱ་ཏི་ལུ་ ཚར་གཅིག་མཇལཝ་ད་ དབྱེ་བ་མེད་པ་ཨིན་ཟེར།
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ད་རིས་ནཱ་ ཡོངས་གྲགས་ལུ་ ནཱ་གི་གནས་ཀྱི་མིང་ལུ་ ཚེ་ལུང་གནས་ཟེར་ སླབ་དགོ་མི་གི་དོན་དག་ཅིག་ འ་ནཱི་སྦེ་ལགས། འ་ནཱི་འདི་ གུ་རུ་རིན་པོ་ཆེ་གི་ ཟླཝ་བཞི་ ཚེའི་སྒྲུབ་པ་གནང་སའི་ སྒྲུབ་ཕུག་འདི་ འ་ནཱི་ལགས་ ནཱ་གི་ཚེ་ལུང་གནས་ཀྱི་ གནས་རྩ་ཆེ་ཤོས་འདི་ར་ ངོ་མ་འདི་ར་འ་ནཱི་ལགས། ལགས་སོ་ལགས།