Skip to main content Skip to search
06 Jul 2018
4 min 30 sec
Video Overview
Creators: 
Rinchen Dorji

Ap Loday of Tangsibji Gewog shares the history of Tsangkha temple, which is said to have been built by his paternal ancestors with the help of another resident, Ap Gyelong. Later, Ap Penjor, a patron from Dragten decided to rebuild the temple with the villagers' help. The temple was built with two stories and Ap Loday helped with the construction. The temple again was renovated with a third level sponsored by Tsangkha Rinpoche and the construction was managed by carpenter Wangdi. Tsangkha Rinpoche presided over the reconsecration Ap Loday’s two sons, who are monks, contributed paintings and accessories on the temple.  Now the government provides some funds for temple upkeep.

༉  ཀྲོང་གསར་ སྟང་སི་སྦྱིས་རྒེད་འོག་ ཚངས་ཁ་ལས་ ཨ་རྒས་བློ་གྲོས་ཆོས་བཟང་གིས་ ཚངས་ཁའི་ལྷ་ཁང་གི་ལོ་རྒྱུས་སླབ་ཨིནམ་ད་ ལྷ་ཁང་འདི་དེབསྒང་ ཁོ་གི་རིགས་བརྒྱུད་ཚུ་གིས་ གཡུས་དེ་ནང་ ཨ་རྒས་དགེ་སློང་ཟེར་མི་ལས་གྲོགས་རམ་འཚོལ་ཏེ་བཞེངས་ཡོདཔ་མས། ལྷ་ཁང་གི་ནང་རྟེན་ངོ་མ་འདི་ སྟོན་པ་བཅོམ་ལྡན་འདས་དང་ གུ་རུ་རིན་པོ་ཆེའི་སྐུ་འདྲ་ཚུ་ཡོདཔ་ད་ ཤུལ་ལས་བྲག་སྟེང་རྒེད་འོག་ལས་ ཨཔ་དཔལ་འབྱོར་ཟེར་མི་གི་ཁས་བླངས་ཀྱི་ཐོག་ལས་ མི་སེར་ཚུ་གིས་ལྷ་ཁང་འདི་ལོག་བཞེངས་བཞེངསམ་ཨིནམ་ད་ ལྷ་ཁང་འདི་ ཐོག་ཚད་གཉིས་སྦེ་འདུག ཨ་རྒས་བློ་གྲོས་ཡང་ དེ་བསྒང་ལྷ་ཁང་འདི་བཞེངས་པའི་སྐབས་ ལཱ་འབད་མི་ཨིནམ་ད་ ལྷ་ཁང་འདི་གུ་ ཐོག་ཚད་གཅིག་ལོ་བཀལ་ཐོག་ལས་ ད་རུང་ལོག་ཉམས་གསོ་ཞུ་བའི་སྐབས་ སྦྱིན་བདག་ ཚངས་ཁ་རིན་པོ་ཆེ་མཆོག་གིས་མཛད་ཐོག་ལས་ བཟོ་བོ་དཔལ་འབྱོར་གྱིས་འགོ་འདྲེན་འཐབ་སྟེ་བཞེངས་བཞེངསམ་ཨིན་མས། ལྷ་ཁང་འདི་བཞེངས་བསྒྲུབས་ཞིནམ་ལས་ རིན་པོ་ཆེའི་བཀའ་ཕེབས་བཞིན་དུ་ ཨ་རྒས་བློ་གྲོས་ཀྱི་བུ་དགེ་སློང་གཉིས་ཀྱིས་ ཅ་ཆས་ཚུ་བཙུགས་ཡོདཔ་ད་ ད་རེས་ནངས་པར་ གཞུང་གིས་བདག་འཛིན་འཐབ་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • བློ་གྲོས་ཆོས་བཟང་
    Lodroe Chozang: ད་ཚང་ཁ་ལྷ་ཁང་གི་སྐོར་ལས་མ་ཞུ་བའི་ཧེ་མ་ ང་རའི་ངོ་སྤྲོད་ཅིག་ཞུ་བ་ཅིན་ ངེའི་མིང་འདི་བློ་གྲོས་ཟེར་ཞུཝ་ཨིན་ལགས། མ་པ་ལྷ་ཁང་འདི་ ངེ་གི་ཁྱིམ་ནང་གི་ཕམ་རྒས་ཤོས་ཚུ་གིས་ར་རྐྱབ་ནུག དེ་ལས་ལྷ་ཁང་འདི་ ང་བཅས་རའི་གཡུས་ཁའི་མི་རྒས་རྒསཔ་ ཨ་རྒས་[གལ་ལོང་?]གི་འཇིགས་སྒྲོལ་འབད་དེ་བཞག་ནུག ལྷ་ཁང་འདི་ནམ་བཞེངས་བཞེངསམ་ཨིན་ན་ ང་གིས་མི་ཤེས་པས། ལྷ་ཁང་འདི་ཐོག་ཚད་གཅིག་འབད་བཞེངསམ་མ་ཚད་ ནང་རྟེན་ཡང་གུ་རུ་རིན་པོ་ཆེ་ སངས་རྒྱས་ དེ་ལས་ཞབས་དྲུང་གི་སྐུ་འདྲ་ཚུ་ཨིན།
  • བློ་གྲོས་ཆོས་བཟང།: དེ་ལས་ཡུདཔ་ཅིག་ཁ་ལས་ལྷ་ཁང་འདི་དེ་སྦེ་མི་བཏུབ་པས་ཟེར་ བྲག་སྟེང་གཉིསཔོ་དཔལ་འབྱོར་གྱིས་སྦྱིན་བདག་མཛད་དེ་ལྷ་ཁང་འདི་ཉམས་གསོ་ཞུ་ནི་འགོ་བཙུགས་ཏེ་ ལྷ་ཁང་འདི་ཐོག་ཚད་གཉིས་འབད་བཞེངས་ཡི། ང་ར་ཡང་འདི་ནང་ལཱ་འབད་ཡི་ཟེར་ཞུ་ནི་ཨིན། དོ་རུང་གཡུས་ཁ་ལུ་མི་མང་སུ་འགྱོ་ ལྷ་ཁང་འདི་ཆུང་ཀུ་འབད་བ་ཅིན་མི་བཏུབ་པས་ཟེར་ ལྷ་ཁང་འདི་བཟོ་དབང་འདུས་ཟེར་མི་ཅིག་གིས་འགོ་འདྲེན་ཐོག་ལས་དང་སྦྱིན་བདག་ཚང་ཁ་རིན་པོ་ཆེ་གིས་མཛད་དེ་ཉམས་གསོ་ཞུ་ཡི་ལགས། ལྷ་ཁང་གི་ཚོན་ཡང་ང་ར་གི་བུ་དགེ་སློང་གཉིས་ཀྱིས་འབད་བཏང་སྟེ་ དེ་ལས་གཞུང་གིས་ཡང་རྒྱབ་སྐྱོར་མཛད་དེ་མ་དངུལ་ཨ་ཙི་རེ་ཡང་ཐོབ་ཅི་ཟེར་ཞུ་ནི་ཨིན་ལགས།། །།