Skip to main content Skip to search
24 Aug 2018
5 min 7 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • གཙང་ཁ་རྒཔོ་ Tsangkha Gup
    ད་མ་གཞི་ཨ་ནཱི་གཙང་ཁ་མཚོ་འདི་ཏེ་ད་བྱུང་རབས་དང་ཆགས་རབས་འདི་ཚུ་གི་ཁ་ཐུག་ལས་མདོར་བསྡུས་ཅིག་འབད་ཞུཝ་འདྲཝ་ཅིག་འབད་བ་ཅིན་མ་པ་འ་ནཱི་མཚོ་འདི་དང་ཕུ་ལུ་ཡར་བོད་གཡུས་དང་གཙང་ཟེར་འབདཝ་ད་ཏེ་གཙང་ཁ་རོང་ཟེར་མི་དེ་ནང་ལས་ཏེ་ཡར་ལས་མར་ཐོན་ཏེ་སྦེ་ ནཱ་ང་བཅས་ཀྱི་ལྷོ་འབྲུག་ལུ་ཏེ་གཙང་ཁ་ལུ་ཆགས་ཆགསཔ་ཨིན་ཟེར་ཏེ་དང་ཕུ་གི་རྒྱལ་བརྒྱུད་སྔོན་བྱོན་གྱི་རྒྱལ་བ་གོངམ་འདི་ཚུ་དང་ཁོང་ར་ཕམ་རྒས་ཤོས་འདི་ཚུ་གིས་དེ་སྦེ་བཤདཔ་ཨིན་པས་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ཡར་ལས་མར་གཙང་ཁ་རོང་ལས་ནཱ་ཐོན་ནཱ་ཆགས་སྦེ་ཞིནམ་ད་ཏེ་དེ་བསྒང་ལུ་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཡར་བསམ་ཡས་ཆོས་འཁོར་ལྷ་ས་བཞེངས་པའི་དུས་ཚོད་ལུ་ཏེ་ཡར་གྱི་ལྷ་སྲིན་དང་འདྲེ་སྲིན་འདི་ཚུ་དམ་ལུ་བཙུགས་པའི་སྐབས་དེ་ལུ་ཏེ་འ་ནཱི་གཙང་ཁ་མཚོ་འདི་ཏེ་ཁོ་གིས་གུ་རུ་རིན་པོ་ཆེ་གི་དམ་གྱི་འོག་ལུ་གནས་མ་བཏུབ་པར་ཏེ་ཡར་ལས་མར་ནཱ་ང་བཅས་ཀྱི་ལྷོ་འབྲུག་ལུ་ཡར་སོངམ་ཨིན་ཟེར་ དེ་སྦེ་བཤདཔ་ཨིན་པས་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་འ་ནཱི་འབད་ཞིནམ་ད་ཡར་ལས་མར་བསམ་ཡས་ཆོས་འཁོར་ལྷ་ཁང་བཞེངས་ཚར་འབད་ཞིནམ་ད་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཏེ་ད་སྤྲུལ་པ་སྣ་ཚོགས་ཀྱི་ཁ་ཐུག་ལས་འབད་ ཏེ་ཡར་ལས་མར་ནཱ་ང་བཅས་ཀྱི་ལྷོ་འབྲུག་ལུ་བྱོན་འབདཝ་ད་ཕར་མཐའ་གནམ་མཁའི་རྫོང་ཟེར་ཏེ་མཚོ་འདི་གི་གཡས་ཁ་ཐུག་ལུ་མཐའ་གནམ་མཁའི་རྫོང་ཟེར་ཡོད་ཕར་[རྟ་སྤྱད་?]ལུ་ཏེ་འ་ནཱ་མཐའ་གནམ་མཁའི་རྫོང་ནང་གུ་རུ་གིས་སྦས་ཡུལ་ལུ་འབད་ཏེ་ཕར་སྒྲུབ་པ་གནང་བཞུགསཔ་ད་
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ཡར་ལས་མར་དམ་འོག་ལུ་གནས་མ་བཏུབ་པའི་མཚོ་སྨནམ་འདི་ ནཱ་གཙང་ཁ་ལུ་ཏེ་ཡོདཔ་མཁན་སྦེ་ཞིནམ་ད་ཏེ་ཕར་ལས་ཚུར་སྦེ་ཏེ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ཐུགས་སྨོན་གནང་སྟེ་འབད་ ཁོ་ནཱ་དམ་བཙུགས་ནི་གི་དོན་ལས་སྦེ་ཏེ་ཕར་ལས་དྲག་པོ་གི་ཏེ་དམར་གཏོར་ཆེན་མོ་འཕངས་འཕངསམ་ཨིན་ཟེར་འཕངས་ཏེ་སྦེ་ ཏེ་དེ་ལསན་མཚོ་སྨནམ་འདི་དམ་འོག་ལུ་བཙུགས་ཏེ་དེ་ལས་བཀའ་དང་དམ་གནང་སྦེ་ཞིནམ་ད།
  • གཙང་ཁ་རྒཔོ་ Tsangkha Gup
    སེམས་ཅན་ཕུད་རྡོག་གཅིག་གི་སྲོག་ལུ་ཡང་གནོད་པ་བཀལ་ནི་མེདཔ་སྦེ་ཏེ་ནཱ་ཁོང་གཡུས་ཁ་གི་སྐྱེས་ལྷ་འབད་ཏེ་ནཱ་གཙང་ཁ་གི་གཡུས་གཙང་ཁ་གཡུས་ཀྱི་སྐྱེས་ལྷ་འབད་དེ་དེ་སྦེ་བསྐོས་བསྐོསཝ་ཨིན་ཟེར་འ་ནཱི་འབདཝ་ལས་བརྟེན་ཏེ་སྦེ་ མཚོ་འདི་གི་མིང་ཡང་གཙང་ཁ་མཚོ་ཟེར་ ཏེ་དེ་ལསན་བོད་གཙང་ལས་མཚོ་དེ་ལས་བརྒྱུད་དེ་སྦེ་ ནཱ་མཚོ་འདི་ ནཱ་ཆགསཔ་ལས་བརྟེན་ཏེ་སྦེ་གཡུས་ཀྱི་མིང་ཡང་ཏེ་གཙང་ཁ་ཟེར་བཏགས་འབད་སྦེ།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་བོད་ཀྱི་བླ་ཆེན་བཞི་གི་གྲལ་ལས་གཅིག་འདི་གཙང་ཁ་བླམ་ཟེར་རོགས་ཡར་རབ་སྡེ་གྲྭ་ཚང་གི་ཁ་ཐུག་ལས་ནཱ་ལུ་བསྐོས་ཚུལ་ཡོད་མི་འདི་ དང་ཕུ་ལས་ཀྱི་ འབྱུང་རབས་ལས་འབད་དེ་སྦེ་བྱུང་བའི་སྲོལ་ཡོདཔ་ལས་བརྟེན་ད་ལྟོ་ཡང་སྲོལ་སྲོལ་རྒྱུན་མ་ཉམས་པར་དེ་སྦེ་ར་བསྐོས་ཏེ་ཡོད།དེ་ཚུ་ག་ར་བླམ་དང་མཚོ་འདི་ཏེ་དེ་ལས་གཡུས་ཀྱི་མིང་མཚན་ཉིད་དང་བཅསཔ་སྦེ་དུས་མཉམ་སྦེ་ དེ་སྦེ་བྱུང་ནུག་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་ད་ནཱ་ ཁོང་ར་ནཱ་གཙང་ཁ་ལུ་ ཏེ་ད་ཨ་ནཱི་མཚོ་འདི་གི་དོན་ལས་ ཧེ་མ་གི་ལམ་ལུགས་སྲོལ་གྱི་ཐོག་ལས་འབད་ འབད་སྲོལ་ཅིག་ དེ་སྦེ་སླབ་ད་ ང་ཡང་ད་སྤྱི་ལོ་ ༡༩༧༦དང་༧༧དེ་ཅིག་ལུ་ནཱ་རྨགཔ་འབད་འཁོར་འབད་སྦེ་བལྟཝ་ད་ལུ་ཏེ་དེ་སྒང་ལུ་ཁོང་གི་ནཱ་ཏེ་མ་པ་ལོ་དུས་ཀྱི་གསོལ་མཆོད་ཕུལ་བའི་སྐབས་འདི་ལུ་ཁོ་ར་ནཱ་གཙང་མཚོ་སྨནམ་གི་དཔེ་ཆ་རོགས་གནས་པོའི་གི་དཔེ་ཆ་ཧེ་མ་ལས་ར་འདུག་ཟེར་ཞུ་ནི་སྦེ་ཨིན་ལགས།
  • གཙང་ཁ་རྒཔོ་ Tsangkha Gup
    ད་འ་ནཱི་འབདཝ་ད་གནས་པོའི་དཔེ་ཆ་གི་ཏེ་ཚིག་གི་ཡར་སྤྱན་འདྲེན་ན་ར་ གནས་ཆེན་གནམ་མཁའ་རྫོང་གི་གཡས་ཕྱོགས་སུ།།སྤང་གཤོང་མཚོ་ཡི་དཀྱིལ་འཁོར་གཞལ་ཡས་ནས།།ཡུམ་ཆེན་མཚོ་མོའི་རྒྱལ་མོ་འཁོར་བཅས་གཤེགས་སུ་གསོལ། །ཏེ་འ་ནཱི་སྦེ་སྤྱན་འདྲེན་ཡང་དེ་སྦེ་བཙུགས་ཏེ་སྦེ་འདུག་ཟེར་ཞུ་ནི་སྦེ་ཨིན་ལགས།ཏེ་འ་ནཱི་སྦེ་ ད་ལོ་དུས་ཀྱི་གསོལ་མཆོད་ཕུལ་བའི་སྐབས་འདི་ལུ་ཁོང་ར་གཙང་ཁཔ་ནཱ་གི་གུང་པ་༢༥དེ་ཅིག་ཡོད།
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་དེ་ཚུ་གི་ག་ར་ཏེ་འདི་གནས་པོའི་དཔེ་ཆ་འདི་ཁྱིམ་རེ་རེ་བཞིན་དུ་ནང་ལུ་གསོལ་ཁ་གི་དོན་ལས་ལོ་དུས་ཀྱི་གསོལ་མཆོད་ཕུལཝ་ད་ལུ་གཏང་སྲོལ་ཡོད་ཟེར་ཞུ་ནི་སྦེ་ཨིན་ལགས།ཏེ་གཞན་མ་འདྲཝ་དེ་འདི་ང་བཅས་ནཱ་གནམ་ལོ་༧༧དེ་ཅིག་ལུ་ནཱ་ལྷོདཔ་ད་ལུ་ཏེ་ཁོང་ར་ནཱ་ལུ་ཏེ་ཨ་ཡར་ལུ་དཔའ་བོ་གཅིག་ཡོད་ད་རེས་ནངས་པར་འབད་བ་ཅིན་ད་དཔའ་བོ་འདི་ཤི་སོ་ཞིན་ན་དཔའ་བོ་ལོག་སྟེ་འཐོན་ཡང་མ་འཐོན།
  • གཙང་ཁ་རྒཔོ་ Tsangkha Gup
    འ་ནཱི་མཁའ་འགྲོམ་ལྷ་འདི་མཁའ་འགྲོམ་ཨིན་མས།མཁའ་འགྲོ་མ་གི་དཔའ་བོ་འདི་གིས་འབད་ཏེ་མཚོ་སྨནམ་མཆོད་མཚོ་སྨནམ་མཆོདཔ་ད་ཡང་ཁོང་ར་ནཱ་གཡུས་ཁའི་མི་འདི་ཚུ་ག་ར་ད་ཏེ་ཁོང་ར་[ཤོགས་?] མར་ཆང་བཟུམ་སྦེ་ཏེ་ང་བཅས་ར་མཛརཝ་བང་ཅུང་གང་གང་དང་ འ་ནཱི་འདི་ཚུ་ཨོམ་བོ་ཊོལ་(ཤེལ་དམ་)གང་གང་རེ་སྐྱེལ་འབད་སྦེ་ཏེ་མི་གུང་པ་རེ་ལས་མི་རེ་མི་རེ་ཐོན་འབད་སྦེ་ཏེ་འ་ནཱི་སྦེ་མཆོད་ཚུལ་འདུག
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་དེ་ལས་ཁོང་བུམོ་ལྔ་དེ་ཅིག་ཏེ་མཚོ་སྨནམ་བུམོ་ཅུང་ལྔ་བཟོ་དགོ་ཟེར་ཏེ་དེ་ཡང་ག་ར་དཀྱི་ར་དཀྱིས་སྦེ་མཚོ་སྨནམ་གི་ཏེ་ཚུལ་འབད་དེ་སྦེ་ཏེ་བུམོ་ལྔ་གིས་འ་ནཱི་མཚོ་གཡས་བསྐོར་རྐྱབ་ཏེ་སྦེ་ཏེ་ཞབས་ཁྲ་རྐྱབ་གླུ་འཐེན་ཏེ་འཆམ་རྐྱབ་འབད་སྦེ་འ་ནེ་སྦེ་འགྱོ་བའི་གི་སྲོལ་ཏེ་ཧེ་མ་ལུ་ནེ་སྦེ་འདུག་ཟེར་ཞུ་ནི།ཏེ་ད་ཨ་ནཱི་མཁའ་འགྲོ་མ་གི་དཔའ་བོ་འདི་ཏེ་ཤི་སོ་ཞིན་ན་ལས་འདི་ཏེ་དེ་ལསན་ད་འ་ནཱི་གི་དུས་རྒྱུན་འདི་ཉམས་སོང་ནུག
  • གཙང་ཁ་རྒཔོ་ Tsangkha Gup
    ཏེ་མ་པ་མཆོད་ནི་འདི་ ཁོང་ར་བོན་ཆོས་ཀྱི་ཁ་ཐུག་ལས་འབད་ལོ་བསྟར་བཞིན་དུ་ཏེ་ཆརཔ་མ་རྐྱབ་འ་ནཱི་སྦེ་འབད་བའི་སྐབས་འདི་ལུ་ཏེ་མཚོ་སྨནམ་འདི་ལུ་གསོལ་ཁ་ཕུལ་འབད་སྦེ་ཏེ་ཁ་ [བོདམ་?] གིས་འབད་སྦེ་ནེ་སྦེ་མཆོད་པའི་སྲོལ་འདི་ ད་ལྟོ་ཡང་མ་ཉམས་པར་དེ་སྦེ་ར་ཡོད་ཟེར་ཞུ་ནི་སྦེ་ཨིན་ལགས།། །།