Skip to main content Skip to search
31 Aug 2018
27 min 24 sec
Video Overview
Creators: 
Nelson Walker

Dungtsho (Dr.) Karma Ugyen, an invasive therapy specialist at the indigenous hospital in Thimphu, explains traditional Buddhist medicine in Bhutan, which was first introduced by Lord Buddha as the art of healing. This culture was introduced to Bhutan by Guru Rinpoche, when King Sindhu Raja (the king of Bumthang) requested the Guru to treat his illness. The culture was officially introduced at Dechencholing in 1968 by His Majesty the Third King of Bhutan. According to Buddhist medicinal knowledge, there are 1,212 diseases, with 404 diseases further categorized into four groups, each of which with 101 categories. The indigenous hospital treats various kinds of disease according to the nature of pain patients suffer. 

Transcript search
No results found for this search
0 of 0
  • ཀརྨ་ཨོ་རྒྱན་
    ང་ར་གི་ཨཱ་་་མིང་འབད་བ་ཅིན་ཨཱ་་དྲུང་འཚོ་ཀརྨ་ཨོ་རྒྱན་ཟེར་སླབ་ཨིན་ལགས།ཏེ་ ང་གིས་ནཱ་ལུ་ ཨཱ་་་ནང་པའི་གི་གསོ་བ་རིག་པའི་གི་སྨན་བཅོས་ཨཱ་་་ནང་སྨན་ལྟེ་བ་ནང་ལུ་ ཕྱག་ཞུ་ཏེ་གིས་སྦེ་ཏེ་ ལོ་ངོ་དྲུག་དེ་ཅིག་འགྱོ་དོ་ཟེར་ ཞུ་ནི་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ ད་ལྟོ་ངེ་གི་འགན་ཁུར་ཨིནམ་འདྲཝ་ཅིག་འབད་བ་ཅིན་ རྩུབ་བཅོས་ཀྱི་འགོ་དཔོན་ཨིན་ཟེར་ ཞུ་ནི་ལགས།རྩུབ་བཅོས་ཟེར་མི་འདི་ད་ཨ་ནཱི་ ཨིང་ལིཤ་ནང་འབད་བ་ཅིན་Invasive therapy (ཕྱི་གཟུགས་རྩུབ་ཅན་སྨན་བཅོས་) ཨིན་མས་བ་ལགས།
  • ཀརྨ་ཨོ་རྒྱན་
    ཁྲག་བཙག་ནི་ མེ་རྐྱབ་ནི་འ་ནཱི་འདི་ཚུ་གི་ད་ཨ་ནཱི་ག་ར་ ཨཱ་་་ང་གིས་ བལྟ་དགོཔ་འབད་ཏེ་འ་ནཱི་ང་རྩུབ་བཅོས་ཀྱི་འགོ་དཔོན་སྦེ་ ཕྱག་ཞུ་དོ་ཟེར་ ཞུ་ནི་ལགས།ཏེ་ད་མ་པ་ ཨཱ་་་གསོ་བ་རིག་པ་ཟེར་མི་འདི་ཏེ་ མ་པ་ནང་པའི་གི་ཆོས་དང་འབྲེལ་བའི་གི་ཨཱ་་ཨ་ནཱི་ཅིག་ཨིན་ཟེར་ཞུ་ནི་ལགས་tradition (སྔར་སྲོལ་) ཅིག་ཨིན་ཟེར་ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་དེ་ཡང་ གསུངས་མི་འདི་ ག་ཨིན་སྨོ་ཟེར་འདྲཝ་ཅིག་འབད་བ་ཅིན་ཏེ་ བདག་ཅག་གི་སྟོན་པ་ཨཱ་་་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ར་རང་ཨིན་ཟེར་ ཞུ་ནི་ལགས།ཏེ་ཁོ་གིས་ གསུངས་མི་གི་ ཨཱ་་་གསོ་བ་རིག་པ་འདི་ཏེ་ད་ ད་རེས་ནངས་པ་ག་ཏེ་ལུ་ཡང་ ད་གསོ་བ་རིག་པའི་གི་ང་བཅས་ར་གསོ་བ་རིག་པའི་གི་ ལག་ལེན་ཡོད་བ་སྨོ་ལགས།
  • ཀརྨ་ཨོ་རྒྱན་
    གསོ་བ་རིག་པའི་གི་སྨན་བཅོས་ཡོད་བ་ལགས་ནང་པའི་གི་སྨོན་བཅོས་འ་ནཱི་ག་ར་འབད་མི་ གཞུང་འདི་ཚུ་ག་ར་གཅིག་ཨིན་ཟེར་ ཞུ་ནི་ལགས།ཏེ་ཨིན་རུང་ཏེ་གསོ་བ་རིག་པ་འདི་བོད་ལུ་ལག་ལེན་འཐབ་པའི་སྐབས་སུ་ རོགས་བོད་ཀྱི་གསོ་བ་རིག་པ་ཟེར་ཏེ་མ་པ་མར་རྒྱ་གར་ནང་གསུངས་མི་གི་ སངས་རྒྱས་ཀྱི་ཨ་ནཱི་རྗོད་གཞི་འདི་ར་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ ང་བཅས་འབྲུག་ལུ་ ལག་ལེན་འཐབ་པའི་གི་སྐབས་སུ་ལུ་ཏེ་ ང་བཅས་འབྲུག་གི་ གསོ་བ་རིག་པ་ཟེར་ཡང་ སླབ་སྲོལ་ཡོད་ཏེ་ མ་པ་གསོ་བ་རིག་པ་ཟེར་སངས་རྒྱས་ཀྱིས་ གསུངས་མི་འདི་རང་ཨིན།འདི་ལས་གཞན་དུ་འགྱུར་པ་ཅིག་འདི་མེད་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ རོགས་ཨིང་ལིཤ་ནང་འབད་བ་ཅིན་ཨཱ་་་གསོ་བ་རིག་པ་is art of healing (སྨོན་བཅོས་ཀྱི་ཐབས་ལམ་) ཟེར་སླབ་མས་ལགས་ཏེ་ འ་ནཱི་འབདཝ་ད་ལུ་ཨཱ་་་ང་བཅས་ཀྱི་ ནདཔ་བཅོས་ཐབས་འབད་ནི་གི་ ཐབས་ལམ་བཟུམ་ཅིག་ཨིན་པས་ཟེར་ ཞུ་ནི་ལགས།ཏེ་ད་ང་བཅས་ཀྱི་གསོ་བ་རིག་པ་འདི་ཨཱ་་་ང་བཅས་ཀྱི་ཨཱ་་་འབྲུག་རྒྱལ་ཁབ་ནང་ལུ་ ནམ་ལྷོད་ལྷོདཔ་སྨོ་ཟེར་འདྲཝ་ཅིག་འབད་བ་ཅིན།
  • ཀརྨ་ཨོ་རྒྱན་
    མ་པ་འོང་ནི་འདི་ཧེ་མ་ཨཱ་་ང་བཅས་ར་གི་ཨཱ་་་ཨོ་རྒྱན་གུ་རུ་རིན་པོ་ཆེ་འབྲུག་ལུ་ཞབས་ཀྱིས་བཅགས་བའི་སྐབས་ལུ་རང་ལས་ར་འདུག་ཟེར་ ཞུ་ནི་ཨིན་ལགས།དེ་ཡང་ ག་ཅི་སྨོ་ཡོདཔ་ཨིནམ་ང་བཅས་ཀྱིས་ ག་དེ་སྦེ་ཤེསཔ་སྨོ་ཟེར་འདྲཝ་ཅིག་འབད་བ་ཅིན་ཨོ་རྒྱན་གུ་རུ་ལྕགས་མཁར་རྒྱལ་པོ་སིན་དྷུ་ར་ཛཱ་དང་ཨཱ་་་ཨཱ་་་སིན་དྷུ་ར་ཛཱ་དེ་ ནད་ཀྱི་བཏབ་སྟེ་གིས་སྦེ་ཏེ་དེ་ལསན་ཨཱ་་།
  • ཀརྨ་ཨོ་རྒྱན་
    གུ་རུ་རིན་པོ་ཆེ་མར་ལས་ གདན་འདྲེན་ཞུ་སྦེ་ཏེ་ སྨན་བཅོས་འབད་ཡོད་པའི་གི་འ་ནཱི་འ་ནཱི་ཚུ་ལུ་ ཆ་དཔག་ཏེ་གིས་སྦེ་འབདཝ་ད་ང་བཅས་ཀྱི་ འབྲུག་རྒྱལ་ཁབ་འདི་ནང་ལུ་ཧེ་མ་ལས་ར་ཏེ་ནང་པའི་གི་གསོ་བ་རིག་པའི་གི་ སྨན་བཅོས་འདི་དར་ཏེ་ཡོདཔ་ཨིནམ་དེ་སྦེ་ཧ་དགོ་ཚུགས་པས་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ དེ་གི་མ་ཚད་པར་ཏེ་ང་བཅས་ར་ཨཱ་་་སྤ་རོ་ཆུམ་ཕུ་གི་ བྲག་ལ་སོགས་པ་འ་ནཱི་ཚུ་ནང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྨན་བཟོ་བཟོཝ་གི་རྡོ་གི་གཞོང་པ་ལ་སོགས་པ་གི་དེ་ཚུ་གནས་ཚུལ་འདི་ཚུ་ཏེ་ཨཱ་་ལོ་རྒྱུས་འདི་ཚུ་དེ་སྦེ་ཡོད་ཟེར་ ཞུ་ནི་ཏེ་ ང་གིས་ གསལ་ཏོག་ཏོ་སྦེ་གནམ་མེད་ས་མེད་ཅིག་དྲན་མི་ཚུགས་པས་ལགས།ཏེ་ ཨིན་རུང་ངོ་མ་འབད་ར་ ཏེ་ ཨཱ་་་ནམ་ལས་འགོ་བཙུགས་ནུག་གོ་ཟེར་འདྲཝ་ཅིག་འབད་བ་ཅིན།
  • ཀརྨ་ཨོ་རྒྱན་
    ཞབས་དྲུང་ ཨཱ་་་ངག་དབང་རྣམ་རྒྱལ་ང་བཅས་ར་འབྲུག་རྒྱལ་ཁབ་ནང་ལྷོད་ཞིནམ་ད་ལས་ལགས་ཏེ་ འ་ནཱ་ལས་འགོ་བཙུགས་ཏེ་གིས་སྦེ་ཏེ་ ང་བཅས་ར་གི་ གསོ་བ་རིག་པ་འདི་ཏེ་ད་འ་ནཱ་ལས་དར་ཁྱབ་སྦོམ་སྦེ་ར་ཡར་སོང་ནུག་ཟེར་ ཞུ་ནི་ལགས།དེ་ལས་ འ་ནཱ་ལས་དེ་ལསན་ཞབས་དྲུང་གི་ཤུལ་ལས་ ཏེ་ཨཱ་་་འབྲུག་རྒྱལ་དང་པ་གཉིས་པ་གསུམ་པ་གི་ཨཱ་གསུམ་པ་གི་སྐབས་སུ་ཡང་ད་རུང་བླམ་སྨན་པ་དྲུང་འཚོ་འདི་ཚུ་གི་མཚན་འདི་ཚུ་ ཏེ་ གནམ་མེད་ས་མེད་ཅིག་དྲན་མི་ཚུགས་པས་ལགས་ང་གིས།
  • ཀརྨ་ཨོ་རྒྱན་
    དྲུང་འཚོ་སྤེན་པ་ལོ་དེ་ལས་ འ་ནཱ་ལས་དྲུང་འཚོ་མ་ཧཱ་གུ་རུ་ལོ་ཟེར་ འ་ནེ་སྦེ་ ཡར་ལས་མར་ཏེ་ རྒྱུད་པ་དེ་སྦེ་བརྒྱུད་དེ་སྦེ་ཡོད་ཟེར་ ཞུ་ནི་ལགས།དེ་ལསནི་ ཨཱ་་་ད་ང་བཅས་ར་གི་འ་ནཱི་སྨན་བཅོས་ཀྱི་ ལམ་ལུགས་ནང་ལུ་ཏེ་ནམ་ལུ་ནམ་ལས་ ང་བཅས་ཀྱི་གསོ་བ་རིག་པ་འདི་ང་བཅས་ཀྱི་འབྲུག་རྒྱལ་ཁབ་ནང་ལུ་སྨན་བཅོས་ཀྱི་ ལམ་ལུགས་ནང་ལུ་ཏེ་ཕྱི་པའི་སྨན་བཅོས་དང་འདྲན་འདྲ་འབད་ཏེ་ ངོས་ལེན་ནམ་གནང་ནུག་དགོ་ཟེར་འདྲཝ་ཅིག་འབད་བ་ཅིན།
  • ཀརྨ་ཨོ་རྒྱན་
    ཨཱ་་་སྤྱི་ལོ་༡༩༦༧གྱི་འེང་་་ཚོགས་འདུ་32 National Assembly (ཚོགས་ཐེངས་ ༣༢ པ) ཨིནམ་བཟུམ་ཅིག་ཨིན་ལགས་འ་ནེམ་ཅིག་ནང་ལུ་ ཏེ་ མི་སེར་གྱིས་མི་དམངས་ཀྱི་ཁ་ཐུག་ལས་ང་བཅས་ར་གི་ འབྲུག་རྒྱལ་ཁབ་འདི་ནང་ལུ་ཏེ་ཨཱ་་་འབྲུག་རྒྱལ་ཁབ་འདི་ ལམ་སྲོལ་གྱི་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིན།ཏེ་ གསོ་བ་རིག་པ་འདི་ཡང་ང་བཅས་ར་ལམ་སྲོལ་དང་འབྲེལ་བ་ཅིག་ འབད་ནི་འདི་གིས་ང་བཅས་ལུ་ ནང་པའི་གི་གསོ་བ་རིག་པའི་གི་སྨན་བཅོས་འདི་དགོ་པས་ཟེར་ཏེ་ཡར་ལུ་ཚོགས་འདུ་ཆེན་པོ་ནང་ཞུ་འབད་ཞིནམ་ད་ལས།
  • ཀརྨ་ཨོ་རྒྱན་
    ང་བཅས་ར་འབྲུག་རྒྱལ་གསུམ་པ་གིས་ཏེ་ གཞུང་འབྲེལ་གྱི་ ཐོག་ལས་འབད་ཏེ་ཨཱ་་འགོ་བཙུགས་ཏེ་ གནང་གནངམ་ཨིན་མས་ཟེར་ ཞུ་ནི་ལགས་།ཏེ་འ་ནཱི་ཁར་ལུ་ཏེ་ སྤྱི་ལོ་ ༡༩༦༨ལུ་ གཞུང་འབྲེལ་གྱི་ཐོག་ལས་འབད་ཏེ་ ས་གནས་བདེ་ཆེན་ཆོས་གླིང་ལུ་སྦེ་ཏེ་ འགོ་བཙུགས་འབད་ཞིནམ་ད་ལས་ཏེ་དེ་བསྒང་འདི་ཨཱ་་དྲུང་འཚོ་ཁོང་གཉིས་ར་ཨིན་མས་ལགས་ཨཱ་་་དྲུང་འཚོ་ཤེས་རབ་འབྱོར་ལྡན་དང་དེ་ལསནི་ ཨཱ་་་དྲུང་འཚོ་པདྨ་རྡོ་རྗེ་དེ་ལས་ ཨཱ་་་གཅིག་འདི་ང་བཅས་ར་གི་ མཁས་དབང་ཐུབ་རྟེན་ལེགས་པའི་བློ་གྲོས་ཟེར་ཡོངས་གྲགས་ལུ་ ལ་ཏ་ཨམ་བྱི་ཟེར་སླབ་མས་ཏེ་ ཁོང་གཉིས་ཀྱིས་ མི་དོ་བས་གསུམ་གསུམ་འདུག་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ འ་ནཱི་ཁོང་གིས་སྦེ་འབད་ཞིནམ་ད་ལས་ཡར་ལུ་Dispensary (སྨན་ཁང་)ཆུང་ཀུ་ཅིག་ འགོ་བཙུགས་ནུག་ལགས།འ་ནཱི་འགོ་བཙུགས་སྦེ་ འབད་ཞིནམ་ད་ལས་དེ་ལས་ འ་ནཱ་ལས་རིམ་པ་བཞིན་དུ་ དེ་ལས་ཧེ་མ་ར་སྨན་པ་གི་ Training (སྦྱོང་བརྡར) བཙུགས་སྨན་པ་གི་ Training འདི་ ལོ་གསུམ་རྐྱབ་ཨིན་ལགས།Diploma (གཙུག་ལག་འོག་མ་) ཏེ་འ་ནཱ་ལས་དྲུང་འཚོ་ཚུ་གི་ Training ལོ་ལྔ་དེ་ཚུ་ཏེ་ རིམ་པ་བཞིན་དུ་འབད་བཙུགས་ཏེ་གིས་སྦེ་ཏེ་ད་ལྟོ་ད་ཨཱ་་་ད་ལྟོ་གི་དུས་ལུ་ཨིནམ་འདྲཝ་ཅིག་འབད་བ་ཅིན་ཏེ་ གསོ་བ་རིག་པ་འདི་ཏེ་ ཧ་ལམ་ནཱ་ཕྱི་པའི་གི་ སྨན་བཅོས་ལས་ཡང་ཏེ་དོ་འགྲན་སག་ས་གི་ ཨཱ་་་གནས་ཚད་ནང་ལུ་ལྷོད་དེ་གིས་སྦེ་ཡོད་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ས་གནས་བདེ་ཆེན་ཆོས་གླིང་ལས་ ནཱ་སྤོ་འབད་ཞིནམ་ད་ལས་དེ་ལས་ང་བཅས་འ་ནཱི་ Therapy (ཕྱི་གཟུགས་སྨན་བཅོས) ཨཱ་ཨཱ་་་ལོ་གཉིས་གསུམ་ཅིག་གི་རྒྱབ་ཁ་ལས་དེ་ལས་ ང་བཅས་འ་ནཱི་ ལོ་གཉིས་གསུམ་ཅིག་གི་མི་དོ་བས་ལོ་ཧ་ལམ་ཅིག་གི་རྒྱབ་ཁ་ལས་ང་བཅས་Therapy Building (ཕྱི་གཟུགས་སྨན་བཅོས་ཀྱི་སྒྲིང་ཁྱིམ་)དེ་ གསརཔ་རྐྱབ་འབད་ཞིནམ་ད་ལས་འ་ནཱི་ཁར་ཞབས་ཏོག་འདི་ཚུ་ལེ་ཤ་གསརཔ་བཙུགས་ཡི་ཟེར་ ཞུ་ནི་ལགས།ང་བཅས་ཀྱི་ཨ་ནཱི་ཨཱ་་་Therapy Building འདི་ནང་ལུ་ཨཱ་་་སྨན་བཅོས་ཀྱི་ སྡེ་ཚན་ཨཱ་་་ག་ཅི་ལོ་ནང་གསེས་ཀྱི་ Division (སྡེ་ཚན་) གསུམ་དེ་ཅིག་སྦེ་ཡོད་ལགས།
  • ཀརྨ་ཨོ་རྒྱན་
    ཨཱ་་་Division of འཇམ་དཔྱད་Division of རྩུབ་དཔྱད་Division of ལས་ལྔ་ཟེར་ཡོད་ལགས།འཇམ་དཔྱད་ཀྱི་ནང་གསེས་ནང་ལུ་ ག་ཅི་ག་ཅི་ར་ཡོད་ཡོདཔ་སྨོ་ཟེརཝ་འདྲཝ་ཅིག་འབད་བ་ཅིན་འཇམ་དཔྱད་ཀྱི་ནང་གསེས་ནང་ལུ་ཆུ་སྦང་ནི་རླངསམ་བདུག་ནི་དེ་ལསནི་རླངསམ་བདུག་ནི་ལུ་ཡང་ ལྷམ་པ་གཉིས་ཡོད་ལགས་Local དང་Whole Body, Whole Body Steam དང་ Local Body Steam ཟེར་ ལྷམ་པ་གཉིས་ཡོད་དེ་ལསནི་འ་ནཱ་ལས་ Massage རྐྱབ་ནི་ འ་ནཱི་ག་ར་འཇམ་དཔྱད་ཀྱི་ under (འོག་ལུ་)ནང་ཨིན་ལགས་ང་བཅས་ནཱ་ལུ་ཨཱ་་་ཨིང་ལིཤ་ནང་ལུ་འབད་བ་ཅིན་Gentle Therapy ཟེར་ སླབ་མས་ལགས་འཇམ་དཔྱད།
  • ཀརྨ་ཨོ་རྒྱན་
    དེ་ལསནི་One division འདི་ རྩུབ་དཔྱད་ཨིན་ལགས་ད་ རྩུབ་དཔྱད་འདི་ད་ནཱ་ལུ་ ཁྲག་བཙག་ནི་དེ་ལསནི་བུམ་པ་རྐྱབ་ནི་དེ་ལས་གཅིག་འདི་ཨཱ་་ང་བཅས་ཀྱི་རྭཝ་གི་ འ་ནི་བཟུམ་འ་ནེ་སྦེ་ དབུར་ཏེ་གིས་སྦེ་རྐྱབ་ནི་ཅིག་ཡོད་འ་ནཱི་ དེ་ལསནི་ཤིང་ཚུག་(?)ཟེར་ང་བཅས་ཨ་ནཱི་ཤིང་གིས་འབད་མར་ཤིང་གུ་འ་ནེ་སྦེ་དབུར་ཞིནམ་ད་དྲོད་བཏགས་འབད་ རྐྱབ་ནི་ཅིག་ཡོད་ འ་ནཱི་ དེ་ལས་གཅིགཔོ་འདི་ གསེར་ཁབ་དངུལ་ཁབ་དེ་ལསནི་འ་ནཱི་oil therapy གཅིག་ཡོད་ལགས།
  • ཀརྨ་ཨོ་རྒྱན་
    ང་བཅས་ཨ་ནཱི་ (marktsubation) ཟེར་ སླབ་མས་བ་ལགས་འ་ནཱི་ oil ག་ཅི་ལོ་ཨཱ་་་oil therapy འ་ནཱི་ དེ་ལས་མེ་བཙའ་ལགས་marktsubation འདི་ མེ་བཙའ་ཨིན་མས་ལགས་འ་ནཱི་མེ་བཙའ་རྩུབ་དཔྱད་ནང་ལུ་ འ་ནེམ་ཅིག་ཨིན་ལགས།དེ་ལས་ལས་ལྔ་ལུ་འདི་ ལས་ལྔ་ཟེར་མི་ནང་ལུ་འདི་ ལས་ལྔ་ division ནང་ལུ་འདི་བཤལ་ བསྐྱུག་རྣམ་གཡས་འཇམ་དཔྱད་ཉེ་རུ་ཧ་(?)ཟེར་ཁ་ལས་བསྐྱུག་བཏང་ནི་མར་ལས་བཤལ་བཏང་ནི་གི་དེ་ལསནི་ད་རུང་མར་ལས་སྦེ་འབད་ཞིནམ་ད་འབད།
  • ཀརྨ་ཨོ་རྒྱན་
    ང་བཅས་ར་ འ་ནཱི་རླུང་གི་བཅོ་ཐབས་ཕོཝ་ན་རྒྱུ་མ་དང་འ་ནཱི་བཟུམ་ཚུ་ནང་ལུ་ཏེ་ཨཱ་་མར་ལས་མར་ཁུ་འདི་ཚུ་བླུགས་ཏེ་གིས་སྦེ་དེ་ལས་ འ་ནཱི་འབད་ནི་གི་དེ་ལས་ལྷ་པ་ནང་ལས་མར་ཁུ་བླུགས་ཏེ་གིས་སྦེ་འ་ན་མར་ cleanse འབད་ནི་གི་འ་ནཱི་འདི་ཚུ་ཡོད་ཟེར་ ཞུ་ནི་ལགས།ད་ཨཱ་་་དཔྱད་བཅོས་ཀྱི་ཐད་ཁ་འདི་ འ་ནེམ་ཅིག་ཨིན་པས་ལགས།དཔྱད་བཅོས་ནང་འདི་མདོར་བསྡུས་པ་ཅིན་འ་ནི་ division གསུམ་གྱི་ under ནང་ལུ་དཔྱད་བཅོས་འ་ནེ་སྦེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    འ་ནཱི་འདི་ཚུ་ད་ནདཔ་ག་ར་གི་ service (ཞབས་ཏོག་)འདི་ ཁོང་ར་གི་བློ་འདོད་དང་བསྟུན་ཏེ་འདི་གིས་སྦེ་ལེན་ཆོགཔ་ཨིན་ན་ཟེར་བ་ཅིན་མི་ཆོག་ཟེར་ ཞུ་ནི་ཨིན་དེ་ཡང་ ག་དེ་སྦེ་སྨོ་ཟེར་འདྲཝ་ཅིག་འབད་བ་ཅིན་ཕར་ག་ཅི་ལོ་མཁས་རིག་དང་ལྡན་པའི་ དྲུང་འཚོ་གཅིག་གིས་ བརྟག་དཔྱད་བཏང་དགོ་ལགས་བརྟག་དཔྱད་བཏང་ནད་གཞི་འདི་ལུ་ སྨན་བཅོས་འདི་བཏུབ་པས་ག་མི་བཏུབ་པས་ག་བལྟ་ཞིནམ་ད་འབད་དཔེར་ན་ཚ་བའི་ནད་གཞི་དང་འབྲེལ་བའི་གི་ཚ་བའི་ན་ཚ་དང་འབྲེལ་བ་ཅིག་ཨིནམ་འདྲཝ་ཅིག་འབད་བ་ཅིན།
  • ཀརྨ་ཨོ་རྒྱན་
    གཅེས་གཅོག་(?)འདི་ ཁབ་དང་ཆུ་སྦང་ནི་འདི་ཚུ་ རྩ་དང་སྤུ་ལས་མིབཏུབ་ཟེར་ ཞུ་ནི་ལགས།ཏེ་ གྲང་བའི་གི་ན་ཚ་དང་འབྲེལ་བ་ཨིནམ་འདྲཝ་ཅིག་འབད་བ་ཅིན་དེ་ལསནི་ ཨཱ་་་ཏེ་འ་ནཱི་ཆུ་སྦང་ནི་དང་ཁབ་རྐྱབ་ནི་ཏེ་ འ་ནི་འདི་ཚུ་གིས་འབད་བཅོ་ཐབས་དེ་སྦེ་འབདཝ་ཨིན་ཟེར་ ཞུ་ནི་ལགས།དེ་ལསནི་ད་ཨ་ནི་ད་ལྟོ་ནཱ་ལུ་རྩུབ་དཔྱད་ཁང་ནང་ལུ་ཏེ་ ལཱ་ག་ཅི་དང་ག་ཅི་རང་འབད་དོ་ཟེརཝ་འདྲཝ་ཅིག་འབད་བ་ཅིན།
  • ཀརྨ་ཨོ་རྒྱན་
    ང་བཅས་ནཱ་ལུ་ཨཱ་ cupping therapy ལགས་ བུམ་པ་རྐྱབ་སྟེ་གིས་སྦེ་ནདཔ་བཅོ་ནི་གི་ཐབས་ལམ་བུམ་པ་ནང་ལུ་ བུམ་པ་ཁོ་ར་རྐྱང་པ་འབད་རྐྱབ་སྟེ་གིས་སྦེ་སྐམ་བུམ་ཟེར་མི་གཅིག་དེ་ལས་ཁྲག་བཙག་སྟེ་གིས་སྦེ་རྐྱབ་སྟེ་གིས་སྦེ་ རློན་བུམ་ཟེར་མི་གཅིག་དེ་ལསནི་བུམ་པ་གི་ massage ལགས་massage cupping འ་ནཱི་འདི་ ཨཱ་་་ང་བཅས་བུལ་བུམ་(?)ཟེར་ སླབ་ཨིན་ལགས།ཏེ་ མ་པ་བུམ་པ་གི་དབྱེ་བ་ལེ་ཤ་འདུག་ཨིན་རུང་ང་བཅས་ནཱ་ལག་ལེན་རྒྱས་ཤིང་རྒྱསཔ་འབད་འཐབ་མི་འདི་ཡོངས་གྲགས་ལུ་ ལག་ལེན་འཐབ་མི་འདི་ བུམ་གསུམ་ལག་ལེན་འཐབ་དོ་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་དེ་དང་གཅིག་ཁར་འབད་དེ་ལསནི་ང་བཅས་ནཱ་ལུ་ ཏེ་ཁྲག་བཙག་ཁྲག་བཙགཔ་ཨིན་ཟེར་ ཞུ་ནི་ཨིན་ད་ ཁྲག་བཙགཔ་ཨིན་ཟེརཝ་ད་ལུ་ད་ཕྱི་པ་དང་ ནང་པའི་གི་ཁྲག་བཙག་མི་གཉིས་ལུ་བཙག་ཐངས་འདྲ་སྟེ་རང་འབད་ས་ཅིག་རུང་འ་ནཱི་གཉིས་ལུ་དབྱེ་བ་ཁྱད་པར་ག་ཅི་ཡོད་ཟེར་འདྲཝ་ཅིག་འབད་བ་ཅིན་ཕྱི་པའི་གི་འདི་ཁོང་ཨཱ་ག་ཅི་ལོ་diagnostic purpose འབད་ཁྲག་བཙགཔ་ཨིན་ཟེར་ ཞུ་ནི་ལགས།ཁོང་གི་ཁྲག་འདི་བཙག་སྟེ་གིས་འབད།
  • ཀརྨ་ཨོ་རྒྱན་
    ཁྲག་འདི་ནང་ལུ་ ནད་གཞི་ག་ཅི་ག་ཅི་ཡོད་ག་བལྟཝ་ཨིན་ལགས་ང་བཅས་ནཱ་གི་འདི་treatment purpose ཨིན་ལགས་ང་བཅས་ནཱ་གི་འདི་ ཧེ་མ་ལས་རང་ནད་གཞི་འདི་ ཁྲག་བཙག་དགོ་པའི་གི་ ནད་གཞི་ཨིན་ན་མེན་ན་བལྟ་ནདཔ་འདི་patient འདི་ blood bleeding གི་དོན་ལུ་ fit ཡོད་ག་མི་ག་བལྟ་སྟེ་ འབད་ཞིནམ་ད་ལས་དེ་ལས་ ཁྲག་བཙག་བཙག་དགོ་ཟེར་ ཞུ་ནི་ཨིན་ཁྲག་བཙག་ཞིནམ་ད་ལས་དེ་ནང་ལས་ནད་གཞི་དང་དེམ་ག་ནི་ཡང་བལྟ་ནི་མེད་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ ཁྲག་བཙག་ཞིནམ་ད་ལས་ནདཔ་འདི་ལུ་ཏེ་ ཕན་འདི་གཞན་དང་མ་འདྲཝ་སྦེ་ཕན་ཐོགས་ཚུགས་ཟེར་ ཞུ་ནི་ཨིན།ཏེ་ living example འདི་ད་ལྟོ་ནཱ་གི་ཨེ་ patientད་ལྟོ་ནཱ་བཙག་བལྟ་འ་ནཱི་འབད་མི་ patient འདི་ཨིན་ལགས་མོ་ཏེ་ མོ་གི་འདི་(Vericorex) མོ་གི་ problem འདི་ vericorex vain འདི་ཨིན་པས་བ་ལགས།རྩ་སྤྲིང་ཟེར་སླབ་ཨིན་ང་བཅས་ནཱ་ལས་འབད་བ་ཅིན་རྩ་འ་ནཱི་བར་བུར་བཏང་རྐངམ་ནང་ལས་འཐོན་འགྱོ་མི་འདི་ཏེ་ རོགས་ཁོང་གི་ཕར་འབད་བ་ཅིན།
  • ཀརྨ་ཨོ་རྒྱན་
    Operation (གཤག་བཅོས་)རྐྱབ་སྟེ་གིས་སྦེ་ བཅོ་དོ་ཡོདཔ་མས་ཏེ་ རྐྱབ་སྟེ་འབད་རུང་ཡང་ལོག་འཐོན་ན་གཟུགས་འདི་ དེ་སྦེ་རང་སྡོདཔ་མས་ཟེར་མས་འ་ནཱི་ Vericorex vain འདི་ ང་བཅས་ནཱ་ལས་ཏེ་ ཁྲག་འདི་བཙག་བཏང་པའི་བསྒང་ལསནི་ཏེ་ མོ་ལོ་གཉིས་དེ་ཅིག་ན་རང་མ་ན་ཟླཝ་གཅིག་འདི་ vericorex vain ཡང་ ག་ར་ཡལ་ཡར་སོང་ཡི་ཟེར་ ཨིན་མས་ལགས།ཏེ་ འ་ནི་བཟུམ་སྦེ་ ཕན་ཐོགས་པའི་གི་ནདཔ་འ་ནེ་སྦེ་ཁྲག་འདི་གི་ ཕན་ཐོགསཔ་ལེ་ཤ་ཡོད་ལགས།ཏེ་ ཨིན་རུ་རང་ཏེ་ད་ལྟོ་ཨཱ་་་ག་ཅི་ལོ་ཁྲག་འདི་དང་གཅིག་ཁར་risk ཡང་ཡོད་ནི་འདི་གིས་ཏེ་ ང་བཅས་དྲུང་འཚོ་ཕར་ཨཱ་་་ཁྲག་ནདཔ་འདི་ཕར་ཁྲག་ བཙག་ཅུག་མི་གི་ དྲུང་འཚོ་འདི་གིས་ནདཔ་འདི་ལུ་ བརྟག་དཔྱད་ཚུལ་མཐུན་སྦེ་འདི་མ་གཏོགས།
  • ཀརྨ་ཨོ་རྒྱན་
    ཏེ་དེ་བཙག་དེ་སྦེ་བཙག་བཅུག་ནི་མེད་ཟེར་ ཞུ་ནི་ལགས།ཏེ་ ཁྲག་བཙག་ནི་གི་ཨཱ་་་ནེམ་ཨ་ག་ཅི་ལོ་infection གི་ འ་ནཱི་བཟུམ་མའི་གི་ཐད་ཁ་ལྷོདཔ་ད་ལུ་ང་བཅས་management (འཛིན་སྐྱོང་) གི་ཐད་ཁ་ལྷོདཔ་ད་ལུ་ད་ ང་བཅས་ཨཱ་ནཱ་ལུ་ we mantain 100% sterilization ལགས་ང་བཅས་ནཱ་ therapy འདི་ནང་འ་ནཱི་ག་ཅི་ལོ་རྩུབ་དཔྱད་ཁང་འདི་ནང་ལུ་ཧེ་མ་འབད་བ་ཅིན་ ང་བཅས་འ་ནཱི་ ཏར་གྱི་ཆ་ཆས་(?)འདི་ཚུ་surgical blade འདི་ཚུ་ནདཔ་བརྒྱ་བརྒྱ་འབད་རང་འ་ནཱི་blade གཅིག་གིས་ར་use (ལག་ལེན་) འབད་དེ་ལསནི་འ་ནཱི་ ཏེ་ བརྡར་དགོ་པས་ལགས།
  • ཀརྨ་ཨོ་རྒྱན་
    ནད་པའི་གདོང་ཁར་རང་བརྡར་དེ་ལསནི་ད་རུང་ནདཔ་ལུ་རྐྱབ་ད་རུང་ཚར་གཅིག་ཆུ་འཁྱུ་འབད་སྦེ་ད་རུང་ནདཔ་སོ་སོ་ལུ་རྐྱབ་འབད་འ་ནེ་སྦེ་འདུག་པ་ལགས།ཏེ་ད་ཨཱ་་་ག་ཅི་ལོ་ང་བཅས་ཨཱ་་་རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུནམ་ད་ནད་གཞི་འདྲཝ་མི་འདྲ་འདི་ཚུ་ཡང་འོངམ་མས་འ་ནཱི་འབད་ནི་འདི་གིས་ཏེ་ ང་བཅས་ནདཔ་འདི་ལུ་surgical blade ཨཱ་་་ཕར་ལས་DVD ནང་ལས་ང་བཅས་ Ministry of Health གི་ ཨཱ་་under ལུ་ ང་བཅས་གསོ་བ་ནང་པའི་གི་ ཨཱ་་སྨན་བཅོས་དང་ཕྱི་པའི་གི་ སྨན་བཅོས་གཉིས་ཆ་ར་ཏེ་ གཅིག་ཁར་འབད་function འབད་ནི་འདི་གིས།
  • ཀརྨ་ཨོ་རྒྱན་
    ཏེ་ ང་བཅས་ཕར་ལས་ intent (?) འབད་སྦེ་surgical blade འདི་ཚུ་use and throw འབད་ཏེ་ འ་ནེ་སྦེ་འབད་དོ་ཏེ་ infection གི་ ཨཱེ་ང་བཅས་ནཱ་ལས་གནམ་མེད་ས་མེད་ཨཱ་ ག་ཅི་ལོ་ང་བཅས་རའི་ཁ་ཐུག་ལས་རྩ་འགེངས་དོ་དེ་ལསནི་ ཨཱGuss འདི་ཚུ་ཨིན་རུང་ཁབ་ཨིན་རུང་ག་ཅི་ཨིན་རུང་ཏེ་ ཁྲག་བཙག་ཚར་བའི་ ཤུལ་མ་གི་ འ་ནི་འདི་ཚུ་ཨིན་རུང་ཨེ་ infection control གི་ traning དང་འཁྲིལ་ཏེ་གིས་སྦེ་ ཏེ་ ང་བཅས་འ་ནེ་སྦེ་ ལག་ལེན་ཐབ་དོ་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    དེ་ལས་ ད་ཧེ་མ་གི་ཐད་ཁ་ལྷོདཔ་ད་འདི་ཏེ་ རོགས་འ་ནེ་སྦེ་blade འདི་ ཨཱ་tar གི་ blade འདི་ མི་བརྒྱ་དང་སྟོང་ལུ་རྐྱབ་སྟེ་ར་འབད་ས་ཅིག་རུང་infection གི་ ལོ་རྒྱུས་མ་དང་སྤུ་ལས་མ་གོ་ཟེར་ ཞུ་ནི་ཨིན་ལགས།ཧེ་མ་ང་བཅས་ཀྱི་ཧེ་མ་གི་སློབ་དཔོན་འདི་གིས་ད་ལྟོ་དགོངསམ་ཞུ་སྟེ་བཞུགས་མིང་འདི་གིས་རོགས་འདི་རང་གནངམ་ཨིན་ལགས།ཏེ་ ནདཔ་ལུ་ རྨ་འཐོནམ་ཨིན་ཟེར་ ཡང་མ་གོ་ རྨ་སྦོམ་འགྱོ་བའི་ཟེར་ཡང་མ་གོ་HIV དང་ དེམ་ཐོབ་ཆི་ནུག་ཟེར་ཡང་ མ་གོ་ལགས།
  • ཀརྨ་ཨོ་རྒྱན་
    Hepatitis (མཆིན་ཚད་) ཐོབ་ཆི་ནུག་ཟེར་ཡང་མ་གོ་ཏེ་ ཁོ་གི་མ་ཚད་ཧེ་མ་གི་ དྲུང་འཚོ་འདི་ཚུ་གིས་ཡང་དེ་སྦེ་རང་གནང་ནུག་འ་ནཱི་ང་གིས་ད་ང་ར་གི་བསམ་འཆར་ཙམ་ཅིག་ཨིན་ལགས།ག་དེ་སྦེ་སྨོ་ཟེར་འདྲཝ་ཅིག་འབད་བ་ཅིན་ཧེ་མ་གི་དྲུང་འཚོ་འདི་ཚུ་འདི་ང་བཅས་བཟུམ་སྦེ་layman (མི་ཕལ་པ་) མེན་པས་བ་ལགས།མི་སྤྱིར་བཏང་གི་ མི་མེན་པས་རོགས་དྲུང་འཚོ་འདི་ཚུ་འདི་བླམ་མཁས་པ་ཏེ་ མཁས་པ་དང་གྲུབ་པ་ཨ་ནཱི་སྔགས་དང་འདི་ཚུ་ལུ་ ནུས་མཐུ་ཐོབ་མི་ཙང་ཙ་ཨིན་མས་བ་ལགས།
  • ཀརྨ་ཨོ་རྒྱན་
    ད་ཁྲག་འདི་ཕར་བཙགཔ་ད་ལུ་ང་བཅས་ཀྱི་ཁྲག་ཆད་མ་བཏུབ་པ་ཅིན་ འ་ནཱི་གུ་སྔགས་བཏབ་འབད་སྦེ་འཕུ་བཏབ་ད་ལུ་ ཁྲག་ཆད་ཚུགས་པའི་གི་ཏེ་ ནུས་པ་ཡོད་མི་གི་འ་ནེ་སྦེ་ཏེ་ བླམ་ཙང་ཙ་ར་ཨིན་མས་འ་ནཱི་འབདཝ་ད་ལུ་ཏེ་མ་པ་ infection control གི་དོན་ལུ་ སྔགས་ཅིག་འདི་ བཏབ་ནི་འདུག་ལགས།ཏེ་ད་ལྟོ་རྟེན་འབྲེལ་གྱི་ཆེ་བ་ལུ་བལྟ་སྟེ་གིས་འབད་ང་བཅས་ཀྱི་ད་ལྟོ་ཕར་གྱི་ blade རོགས་ already sterilized ཨིན་རུ་ར་ཏེ་ འ་ནི་ infection control གི་ སྔགས་འདི་ ང་བཅས་རྐྱབ་ར་རྐྱབ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ཧེ་མ་གི་འ་ནཱི་སྦེ་history མེད་མི་འདི་ཏེ་ འ་ནཱི་རོགས་དྲུང་འཚོ་རང་རར་སོ་སོ་གི་ནུས་པ་ལུ་བརྟེན་ཏེ་གིས་འབད་མེདཔ་མ་འབྱུངམ་ཨིན་ན་ཡང་ཅིན་འདི་གི་སྐབས་སུ་ན་ཚ་འདི་ཚུ་ར་མེད་ཨིན་ན་ཡང་ཅིན་ཨཱ་་་བརྟག་དཔྱད་འབད་ནི་གི་ འཕྲུལ་ཆས་འདི་ཚུ་རང་ ཡར་རྒྱས་མ་འགྱོཝ་ཨིན་ན་ཟེར་ཏེ་ འ་ནཱི་བཟུམ་སྦེ་ང་ར་གི་མནོ་བསམ་དེ་སྦེ་བཏང་སྟེ་ཡོད་ཟེར་ ཞུ་ནི་ལགས།མ་པ་གསོ་བ་རིག་པའི་གི་ནད་གཞི་ནད་གཞི་གི་ཐད་ཁ་འགྱོ་དགོ་པས་ལགས་ད་འ་ནེ་སྦེ་ནད་གཞི་གི་ཐད་ཁ་ལྷོདཔ་ད་ནད་གཞི་འདི་ཕར་རྒྱས་པ་ཅིན་སྟོང་དང་གཉིས་བརྒྱ་ཨཱ་་་བཅུ་གཉིས་ལ་སོགས་པ་ཡོད་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    དེ་ལས་ ཚུར་འབྲིང་དུ་འབད་ཚུར་བསྡུ་བ་ཅིན་ཨཱ་་་ཉེར་བཞི་བརྒྱ་རྩ་བཞི་ཟེར་ཉེར་བཞི་བརྒྱ་རྩ་བཞི་ཨིན་ལགས།ཏེ་ འ་ནཱི་བཞི་བརྒྱ་རྩ་བཞི་འདི་ཀུན་དང་དོན་གྱི་ནད་བརྒྱ་དང་རྩ་གཅིག་ཡོངས་གྲུབ་ཚེའི་ནད་བརྒྱ་དང་རྩ་གཅིག་བལྟ་ན་ཕྲད་ཀྱི་ནད་བརྒྱ་དང་རྩ་གཅིག་གཞན་དབང་སྔོན་གྱི་ནད་བརྒྱ་དང་རྩ་གཅིག་ཟེར་འབདཝ་ད་ལུ་four hundred and four disease (ནད་གཞི་བཞི་བརྒྱ་བཞི་) འགྱོ་འོང་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ འ་ནཱི་འགྱོཝ་ད་ལུ་ཀུན་དང་གདོན་གྱི་ནད་ཟེར་མི་འདི་ད་ཨཱ་་་ང་བཅས་ར་གདོན་གདོན་རྐྱངམ་ཅིག་གིས་ བཀལ་མི་ནད་གཞི་ hundred and one (བརྒྱ་དང་གཅིག་) ཡོདཔ་ཨིན་ལགས།འ་ནཱི་འདི་གདོན་བཅོས་འདི་ མ་འབདཝ་འདྲཝ་ཅིག་འབད་བ་ཅིན་སྨན་བཅོས་འབད་རུང་ཡང་ ཕན་མི་ཐོགས་ཟེར་ཨིན་ལགས།ནང་པའི་གསོ་བ་རིག་པ་ནང་ལས་དེ་ལསནི་ཨཱ་་་་ཡོངས་ཡོངས་གྲུབ་ཚེའི་ནད་ཟེར་མི་འདི་ད་ ང་བཅས་སྨན་བཅོས་འབད་འདི་གིས་སྦེ་ དྲག་ནི་ཡོད་པའི་གི་ ནད་གཞི་བརྒྱ་དང་རྩ་གཅིག་ལགས།
  • ཀརྨ་ཨོ་རྒྱན་
    བལྟ་ན་ཕྲད་ཀྱི་ནད་བརྒྱ་དང་རྩ་གཅིགཔོ་འདི་ང་བཅས་ཚ་རིམས་བཟུམ་ཕྱམ་ཕྱིམ་ལགས་སྨན་བཅོས་འབད་བ་ཅིན་མགྱོགས་པ་དྲག་ནི་མ་འབད་རུང་ཡང་ང་བཅས་ར་གཟུགས་ཀྱི་immune གིས་འབད་རང་བཞིན་གྱིས་དྲག་འགྱོ་ནི་ལགས།གཞན་དབང་སྔོན་གྱི་ནད་གཞི་བརྒྱ་དང་རྩ་གཅིག་ཟེར་མི་འདི་ཚེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལུ་བརྟེན་ཏེ་གིས་འབད་འབྱུང་མི་གི་ནད་གཞི་དཔེ་འབད་བ་ཅིན་ད་རེས་ཕྱི་པའི་གི་འབད་བ་ཅིན་living example འདི་ cancer འདི་ཚུ་ཨིན་པས་ལགས།
  • ཀརྨ་ཨོ་རྒྱན་
    དེ་ལསནི་ འ་ནཱི་འདི་ཚུ་ཨིན་པས་བ་ལགས་འ་ནཱི་འདི་ཚུ་ཚེ་སྔོན་གྱི་ ལས་ཀྱི་རྣམ་པར་སྨིན་པ་གིས་འབད་ཏེ་ཨཱ་ཨཱ་འབྱུང་མི་གི་ན་ཚ་འབད་ནི་འདི་གིས་སྨན་བཅོས་ཀྱི་ཡང་མི་ཕན་རིམ་འགྲོ་གི་ཡང་མི་ཕན་ག་ཅི་ཡང་མི་ག་ཅི་གི་ཡང་མི་ཕན་ཚོགས་བསགསཔ་འདྲཝ་ཅིག་འབད་བ་ཅིན་ཚོགས་བསགས་ལས་སྒྲིབ་འདི་དག་པའི་གནས་སྐབས་ནང་ལུ་རང་བཞིན་གྱིས་འབད་ཏེ་ དྲག་འགྱོ་ནི་གི་འོས་བབས་འདི་ཚུ་ཏེ་དེ་སྦེ་ཡོད་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    འ་ནཱི་ལས་ཚུར་མདོར་བསྡུས་པ་ཅིན་ལགས་ནད་གཞི་ four hundred and four (བཞི་བརྒྱ་བཞི་) ལས་ཚུར་མདོར་བསྡུས་པ་ཅིན་ཨཱ་ རླུང་མཁྲིས་པ་བད་ཀན་(?)གསུམ་ལུ་བསྡུ་བའི་ཟེར་ ཞུ་ནི་ལགས།རླུང་ཁྲིག་པ་བད་ཀན་གསུམ་འདི་ང་བཅས་ར་གི་གཟུགས་ཚུ་ནང་ལུ་ཕོ་ཨཱ་ཨཱ་ balance (ཚད་སྙོམ་) འབད་སྡོད་པའི་གི་སྐབས་ནང་ལུ་ང་བཅས་ལུ་ ཕན་པའི་གི་ལཱ་འབད་མི་ཅིག་ཨིན་ལགས།དཔེ་འབད་པ་ཅིན་ང་ཨཱ་ག་ར་འབད་ཞུ་བ་ཅིན་འདི་ཨཱ་་་བཅོ་ལྔ་ཞུ་དགོ་པས་ཞུ་ཡང་མི་ཚར་བས་ང་མདོར་བསྡུས་ཏེ་གིས་སྦེ་ ཞུ་གེ་ལགས།
  • ཀརྨ་ཨོ་རྒྱན་
    མདོར་བསྡུས་ཏེ་སྦེ་དཔེ་འབད་བ་ཅིན་ད་རླུང་ཁྱབ་ཆད་རླུང་ཟེར་མི་ཅིག་ཡོད་པའི་ལགས་ཨཱ་་་ཁྱབ་ཆད་རླུང་གི་རླུང་འདི་གི་ཁོ་གི་གནས་འབད་བ་ཅིན་སྙིང་ག་ཆོས་ཀྱི་འཁོར་ལོ་ལུ་ཨིན་ཁྱབ་ཆད་རླུང་འདི་ སྙིང་ལ་གནས་པ་འདི་ ལུས་རྐྱེན་ཁྱབ་པ་འགྱུར་ཅིག་བདེ་མགྱོགས་འགྲོ་ཟེར་ཁོ་གི་གཟུགས་ཀྱི་ང་བཅས་ཀྱི་ blood (ཁྲག་)གི་ circulation (ཁྱབ་སྤེལ་) འདི་ཚུ་ག་ར་ཁོ་གི་འབད་བའི་ལགས།དེ་ལསནི་ ཨཱ་་་གཟུགས་ཀྱི་དཔྱང་བསྐུམ་འདི་ཚུ་ཡང་ང་བཅས་ད་ལྟོ་འ་ནཱི་ དཔྱང་བསྐུམ་འདི་ཚུ་ག་ཅི་གི་འབདཝ་སྨོ་ལགས་འ་ནཱི་ཁྱབ་ཆད་རླུང་གི་ བྱེད་ལས་ཀྱི་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    ཐུར་སེ་(?)རླུང་ཟེར་མི་འདི་ང་བཅས་ཁྱབ་གསང་བཙིར་དགོ་མནོ་ཁྱབ་གསང་བཙིར་དེ་ལས་ ཁྱབ་གསང་བསྡམ་བཞག་ནི་དེ་ལས་ཨམ་སྲུ་འདི་ཚུ་ཨ་ལོ་སྐྱེཝ་ད་མར་ཁ་ཐུག་ང་བཅས་ར་གི་ (བོད་ཆ་)བཏང་ནི་དང་ ཨ་ལོ་སྐྱེསཝ་ད་ལུ་བཙིར་ཟུག་ཅིག་འོང་ནི་ཡོད་བ་ཏེ་སྨོ་ལགས།འ་ནཱི་འདི་ཚུ་ག་ར་རླུང་གི་བྱེད་ལས་ལགས།ད་མཁྲིས་པ་གི་ཨིནམ་འདྲཝ་ཅིག་འབད་བ་ཅིན་ཕོཝ་ནང་ལུ་བཞེས་སྒོ་བཞུ་ནི་ད་བད་ཀན་གྱི་ ཨིནམ་འདྲཝ་ཅིག་འབད་བ་ཅིན་ད་ཨཱ་་་ energy བད་ཀན་འདི་ རོགས་ཕྱི་པའི་ནང་ལུ་translate (སྐད་བསྒྱུར་)འབདཝ་ད་ ཁོང་གི་energy of lubrication ཟེར་ སླབ་མས་བ་ལགས།
  • ཀརྨ་ཨོ་རྒྱན་
    དེ་ལས་ ཨཱ་མཁྲིས་པ་འདི་འབད་བ་ཅིན་energy of metabolism ཟེར་ སླབ་མས་ལགས་རླུང་འདི་འ་ནཱི་ཨིན་ལགས་ཨཱ་་་ responsible for physical and mental activities ལགས།ཏེ་ འ་ནཱི་འབདཝ་ད་ང་བཅས་ཀྱི་གཟུགས་ཁར་ཨཱ་་་རླུང་མཁྲིས་བད་ཀན་གསུམ་འདི་ balance སྦེ་ཡོད་པ་ཅིན་ཁོ་ཕན་པའི་ལཱ་ག་ར་ཁོ་གིས་འབད་དགོ་ལགས།ཏེ་ འ་ནཱི་གཉིས་འ་ནཱི་གསུམ་འདི་ imbalance འགྱོཝ་ད་ལུ་འདི་གནོད་པའི་ ཨཱ་་་ནད་རྟགས་འདི་ཚུ་ཡང་ འ་ནཱ་ལས་འཐོན་འོངམ་ཨིན་ཟེར་ ཞུ་ནི་ཨིན།
  • ཀརྨ་ཨོ་རྒྱན་
    དེ་བཟུམ་སྦེ་ར་ ང་བཅས་སྨན་བཅོས་ཕུལཝ་ད་ཡང་འ་ནཱི་ balance བཟོ་ནི་ནང་ལུ་ང་བཅས་ཀྱི་མངམ་ concerntrate (གཙོ་བོ་བཏོན་)འབད་འོང་ལགས།དཔེ་འབད་བ་ཅིན་རླུང་མཁྲིས་པ་བད་ཀན་གསུམ་ balance (ཚད་མཉམ་)འབད་ཡོདཔ་ད་ ང་བཅས་མཐའ་མ་ནད་མེད་ཟེར་སླབ་འོང་དེ་ལས་ ང་བཅས་ན་ཚ་མེད་ལགས།དཔེ་འབད་བ་ཅིན་ད་for example རླུང་བཟུམ་ཅིག་ཡར་འགྱོ་བ་ཅིན་ནདཔ་འདི་ལུ་རྟགས་མཚན་ག་ཅི་སྟོན་འོང་ཟེར་འབད་བ་ཅིན་མགུ་ཡུ་འཁོར་ནད་རྣམ་ཅོ་སྐད་རྐྱབ་ནི་སེམས་སྡོད་ས་མ་ཆགས་ནི་ཕྱི་རུ་གཉིད་ལོག་མ་བཏུབ་ནི་འདི་ཚུ་འཐོན་འོང་ལགས།
  • ཀརྨ་ཨོ་རྒྱན་
    འ་ནཱི་འབད་བའི་གནས་སྐབས་ནང་ལུ་ད་འ་ནཱི་ཁ་ལུ་ད་ནད་གཞི་གི་ཁོ་ར་གི་ རང་བཞིན་འདི་ཤེས་དགོ་རང་བཞིན་འདི་རྩུབ་པ་འབད་སྡོད་འོང་རླུང་གི་མཚན་ཉིད་རྩུབ་པ་འདི་ལུ་སྨན་བཅོས་བརྒྱ་འ་ནཱི་སྣུམ་པ་འདི་ཚུ་བཏང་དགོ་ལགས།ལྟ་མ་ན་བུ་གིས་ གཟིགས་ཚུགས་དོ་འོང་ང་བཅས་ནཱ་ལུ་ oil therapy འདི་ཚུ་ཡོད་བ་ལགས།་ ཨཱ་ hot compression འདི་ཚུ་ཏེ་ འ་ནཱི་ oil therapy གི་སྦེ་ རླུང་འདི་མར་མནན་ཏེ་གིས་སྦེ་འ་ནཱི་ balance ནང་ལྷོད་པའི་ གནས་སྐབས་ནང་ལུ་ཏེ་ ནདཔ་འདི་དྲག་འགྱོ་བའི་ཟེར་ ཞུ་ནི་ཨིན།
  • ཀརྨ་ཨོ་རྒྱན་
    ད་ཨཱ་་་ bile གི་ example ཅིག་ཞུ་གེ་ལགས་bile འདི་ད་ཁོ་གི་bile འདི་ཡར་increase (ཡར་སེང་)འགྱོ་བའི་སྐབས་སུ་ལུ་so much of heat ལགས།heat increase འགྱོ་བའི་སྐབས་སུ་ང་བཅས་ fever ཐོབ་ནི་རྐངམ་ལགཔ་ན་ནི་མགུ་ཏོག་ན་ནི་འདི་ཚུ་འཐོན་འོང་བ་ལགས།འ་ནཱི་འདི་ ང་བཅས་ཀྱི་སྨན་མེན་པ་སྲེནམ་བུ་ཚུ་བཏང་སྟེ་གིས་སྦེ་མར་ལྟ་མནན་འོང་ཏེ་ ག་དེམ་ཅིག་སྦེ་དེ་གི་སྨན་གྱི་མནན་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་we have seventy seven blood bleeting points ལགས་ འ་ནཱི་ནང་འ་ནཱི་འདི་ཚུ་ཨིན་བ་ལགས།
  • ཀརྨ་ཨོ་རྒྱན་
    blood leting points འ་ནཱི་ཁ་ལས་according to the disease ང་བཅས་འ་ནཱི་ཁ་ལས་blood let འབད་འདི་གིས་སྦེ་vain ནང་ལས་blood འ་ནཱི་ཨཱ་་་ let འབད་ཞིནམ་ད་ལས་དེ་ལས་ ག་ཅི་འབད་འོང་སླབ་པ་ཅིན་it's a techinuque where we release the heat from the vain ལགས།འ་ནཱི་མཁྲིས་པ་གི་final treatment འདི་འ་ནཱི་ཨིན།
  • ཀརྨ་ཨོ་རྒྱན་
    དེ་ལས་ ད་བད་ཀན་ཟེར་བ་ཅིན་ད་བད་ཀན་འདི་ད་ད་ཅི་རླུང་མཁྲིས་བད་ཀན་གསུམ་ལུ་གསུམ་ལུ་མདོར་བསྡུས་ཡི་བ་སྨོ་ལགས།ཏེ་ མདོར་བསྡུས་པ་ཅིན་རླུང་འདི་སྤྱི་ཁྱབ་འབད་བཞག་འབད་ཚ་བ་དང་གྲང་བ་གཉིས་ལུ་ བསྡུས་འོང་ལགས་ནད་གཞི་འདི་ཚ་བ་དང་གྲང་བ་གཉིས་ཏེ་ བད་ཀན་འདི་ གྲང་བ་འབད་སྡོད་འོང་བ་ལགས་ཏེ་གྲང་བ་འདི་ ཡར་ལྟ་ཤུགས་འབད་ཡོད་པའི་གི་སྐབས་སུ་ལུ་ང་བཅས་ར་སྐེདཔ་ན་ནི་ཆབ་གསང་བཀག་ནི་འ་ནཱི་འདི་ཚུ་འཐོན་འོང་བ་ལགས།
  • ཀརྨ་ཨོ་རྒྱན་
    ཁམས་ཕོག་རྐྱབ་ནི་ཁ་ལས་བསྐྱུར་ནི་བཟུམ་འབད་ནི་འདི་ཚུ་འ་ནཱི་ཤུགས་སྦེ་ཡོདཔ་ད་ལུ་འ་ནཱི་གི་cold cold humid འདི་heating therapy བྱིན་ཏེ་གིས་སྦེ་ང་བཅས་ balance བཟོ་འོང་ལགས།དཔེ་འབད་པ་ཅིན་ང་བཅས་ཀྱི་ཨཱ་་་ points འདི་ཚུ་ནང་ལུ་གསེར་ཁབ་ཀྱི་ heat འབྱིན་དེ་ལས་ མར་ herbal bath ཆུ་ཚན་ནང་བཙུགས་དེ་ལས་ heat བྱིན་ཏེ་གིས་འབད་ balance འ་ནེ་སྦེ་ཏེ་ treatment གི་ balance འདི་ འ་ནེ་སྦེ་ཨིན་ཟེར་ ཞུ་ནི་ལགས།ཏེ་treatment འབད་ཐངས་ཀྱི་ལམ་ལུགས་འདི།
  • ཀརྨ་ཨོ་རྒྱན་
    དེ་ལསནི་ད་འ་ནཱི་འདི་ད་གསོ་བ་རིག་པ་འདི་ ནང་པའི་གི་ཆོས་དང་འབྲེལ་བ་འབད་ནི་འདི་གིས་རྒྱུ་ཉོན་མོངས་པ་དུག་གསུམ་ལས་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་འབྱུངམ་ཨིན་ཟེར་ ཞུ་ནི་ལགས།ང་བཅས་ར་ཉན་མོངས་པ་ཨཱ་ དུག་གསུམ་འདི་ཏེ་ ཨཱ་་་ད་ང་བཅས་ར་གི་གཟུགས་ཁར་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ཏེ་ འབྲས་བུ་རླུང་མཁྲིས་བད་ཀན་གསུམ་འདི་ཏེ་ ཨཱ་འ་ནཱི་ལས་སྐྱེས་ཏེ་གིས་སྦེ་ཏེ་ འཐོན་འོང་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ད་འ་ནཱི་འབད་ནི་འདི་གིས་ ང་བཅས་ར་ཨའི་གིས་ སྐྱེས་ཚར་ཞིནམ་ལས་ཏེ་ མཐར་མ་ཕྱིན་གྱི་བར་ན་ལུ་ཏེ་ ནད་འདི་ཏེ་ ཨཱ་ཉོན་མོངས་རྒྱུ་འདི་ཉོན་མོངས་པ་འབད་ནི་འདི་གིས་ཏེ་ འ་ནི་ནད་འདི་ ང་བཅས་ར་དང་གཅིག་ཁར་འབྲེལ་ཏེ་རང་ཡོད་མི་འདི་ཏེ་ ཨཱ་་་རྒྱུ་མཚན་འདི་ལུ་ བརྟེན་ཏེ་གིས་འབད་ཨིན་མས་ཟེར་ ཞུ་ནི་ཨིན་ལགས།ད་ནད་གཞི་ངོས་འཛིན་འབད་ནི་གི་ཐད་ཁ་ལྷོདཔ་ད་ལུ་ལགས་ཕྱི་པ་དང་ནང་པ་གཉིས་འདི་རྩ་དང་སྤུ་ལས་རང་མི་འདྲ་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ང་ར་གིས་འབད་བ་ཅིན་རོགས་ཕྱི་པའི་འདི་འབད་བ་ཅིན་ག་ར་ཏེ་ ཚན་རིག་མཁས་པ་གིས་བཟོ་བཞག་པའི་གི་འཕྲུལ་ཆས་ཀྱི་ཐོག་ལས་སྦེ་ ངོས་འཛིན་འབདཝ་ཨིན་མས་ཟེར་ ཞུ་ནི་ལགས།ཏེ་ ང་བཅས་ཀྱི་འདི་འཕྲུལ་ཆས་ག་ནི་ཡང་མེད་ལགས་ང་བཅས་འདི་ཏེ་ད་ཨཱ་ག་ཅི་ལོ་ཨཱ་་་ X-Ray machine ཟེར་རུང་ཡང་ འ་ནཱི་ཨིན་ལགས་ECG ཟེར་རུང་ཡང་ འ་ནཱི་ལགཔ་དྲུགཔ་འདི་ཨིན་ཟེར་ ཞུ་ནི་ཨིན་འ་ནཱི་ཁར་ལུ་དོན་ལྔ་དངོས་དྲུག་internal organs རླུང་མཁྲིས་བད་ཀན་ག་ར་ང་བཅས་ཀྱི་ འ་ནཱི་གི་ཐོག་ལས་སྦེ་ཏེ་ བདའ་ཟུན་ཚུགསཔ་ཟེར་ ཞུ་ནི་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ ནང་པའི་གི་ གསོ་བ་རིག་པའི་ཨཱ་ཨཱ་་་མི་ནད་ངོས་འཛིན་འབད་ནི་ནང་ལུ་ཏེ་ གནམ་མེད་ས་མེད་མཆོག་ཏུ་འགྱུར་པ་ཨཱ་་་ཐུན་མོང་མ་ཨིན་པ་འདི་ ག་ཅི་སྨོ་ཟེརཝ་འདྲཝ་ཅིག་འབད་བ་ཅིན་རྩ་དང་ཆུ་དེ་གཉིས་བཞགཔ་ཨིན་ཟེར་ ཞུ་ནི་ཨིན་ལགས།ད་རྩ་གི་ཐད་ཁ་ལྷོདཔ་ད་ལུ་འདི་ཏེ་ ཕར་ལེགས་ཤོམ་སྦེ་ བལྟ་དགོཔ་འདྲཝ་ཅིག་འབད་བ་ཅིན་ཏེ་ ནདཔ་འདི་ཡང་ནདཔ་དང་དྲུང་འཚོ་གཉིས་ཆ་ར་ཏེ་ རོགས་དང་ཕུ་དཔེ་ཆ་ལྟར་དུ་འབད་ར་བལྟ་དགོ་པ་ཅིན་ཉིནམ་གསུམ་དེ་ཅིག་ཏེ་ སྤྱོད་ལམ་འདི་ཚུ་ལེགས་ཤོམ་སྦེ་བཟུང་།
  • ཀརྨ་ཨོ་རྒྱན་
    གཟུགས་དྲུང་འཚོ་ཡང་ཆང་མ་འཐུང་སྨན་པ་གཉིད་འཐུང་སྨན་པ་ཆང་འཐུང་གཉིད་མ་ལོགཔ་ཟེར་འ་ནེ་སྦེ་འཐོན་ནི་འདུག་ལགས་ དཔེ་ཆ་འདི་ཚུ་ནང་ལས་ཕར་ཏེ་ སྨན་པ་ཡང་ཆང་མ་འཐུང་ནདཔ་ཡང་ཆང་མ་འཐུང་ཏེ་ འ་ནེ་སྦེ་ཟས་སྤྱོད་ཀྱི་ བསླབ་བྱ་ལེགས་ཤོམ་སྦེ་འབད་ཞིནམ་ད་ལས་རྐྱངམ་གཅིག་བལྟ་བ་ཅིན་ ནད་གཞི་འདི་བདའ་ཟུན་མི་གི་ཏེ་ འ་ནི་བཟུམ་སྦེ་ཨིན་མས་ལགས་དང་ཕུ་རོགས་ནདཔ་གཅིག་དང་ དྲུང་འཚོ་གཅིག་འབད་བའི་བསྒང་གི་ ལོ་རྒྱུས་ཨིན་མས་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ད་རེས་ནང་པ་ད་གཞུང་གིས་འབད་ང་བཅས་ཆུ་ཚོད་༩ལས་ ཕྱི་རུ་ཆུ་ཚོད་ཨེ་་གསུམ་ཚུན་ཚོད་འབད་བའི་བསྒང་ལསནི་ཏེ་འདི་བཟུམ་འདི་ཚུ་འགྱོ་མི་བཏུབ་པས་ལགས།ཏེ་ འ་ནཱི་འབད་ནི་འདི་གིས་ཏེ་ ང་བཅས་ནཱ་ལྷོདཔ་ཅིག་ནདཔ་འདི་ཨེ་་་གློ་བུར་དུ་ཡང་ཨུ་མལ་ཚོད་པར་དང་ཟེར་འཐོན་ནི་འདུག་ལགས།རྩ་ཕམ་ཀུན་གྱི་མ་བདེ་བཅད་པ་ཨིན་ཟེརཝ་ད་ལུ་གློ་བུར་དུ་བལྟ་དགོཔ་སྦེ་ འབད་འདི་ར་འབད་ས་ཅིག་རུང་ནདཔ་འདི་ཨ་ཙི་ཅིག་བུང་འདི་མར་བསགས་བཞག་བཅུག་སྦེ་བལྟ་དགོ་ཟེར་ཏེ་ འ་ནཱི་རྩ་འདི་རྩ་འདི་ལུ་མཁས་མཆོག་འགྱོ་བ་ཅིན་འདི་རྩ་གི་ཐོག་ལས་ མོ་ཡང་བཏབ་ནི་ཡོད་ལགས།
  • ཀརྨ་ཨོ་རྒྱན་
    རྩ་གི་ཐོག་ལས་ད་ཟླཝ་གཉིས་གསུམ་ཅིག་གི་ཨཱེ་་་ཟླཝ་གཉིས་གསུམ་ཅིག་གི་རྒྱབ་ལས་ ནཱ་ལུ་ག་ཅི་འབྱུང་ནི་ཨིན་ན་ནཱ་གི་ family (བཟའ་ཚང་) ལུ་ག་ཅི་འབྱུང་ནི་ཨིན་ན་འ་ནཱི་བཟུམ་འདི་ཚུ་ དང་ཕུ་རོགས་མཁས་མཆོག་དང་ལྡན་མི་ཚུ་གིས་འདི་འ་ནཱི་བཟུམ་གྱི་ མཁས་མཆོག་འདུག་ལགས་ང་བཅས་གསོ་བ་རིག་པའི་ གི་རྩ་འདི་ལུ་ད་ནདཔ་འདི་ཕར་ Australia ཨསི་ཊི་ལི་ཡ་ཨིན་པ་ཅིན་ཨ་པ་འདི་ Australia ཡོད་པ་ཅིན་ཨ་པ་གི་རྩ་འདི་བུ་ལུ་བལྟ་སྟེ་གིས་འབད་འ་ནཱ་ལས་ ང་བཅས་རྩ་གི་རྩིས་ཀྱི་ཐོག་ལུ་མ་བུ་འདྲ་བྲོག་རྐྱབ་སྟེ་གིས་སྦེ་ཏེ་ ཨ་པ་འདི་ནམ་ཤི་ནི་ཨིན་ན་ཁོ་གི་ནད་གཞི་ག་ཅི་ཨིན་ན་ཏེ་ རྩ་འདི་ལེགས་ཤོམ་སྦེ་ཤེས་ཚུགས་པ་ཅིན་འདི་འ་ནཱི་བཟུམ་གྱི་ མཁས་མཆོག་ཡོད་ཟེར་ ཞུ་ནི་ཨིན།
  • ཀརྨ་ཨོ་རྒྱན་
    ཏེ་ འ་ནཱི་བཟུམ་འདི་ཚུ་འདི་ད་རེས་ནངས་པ་དུས་ཚོད་སྙིགས་མ་ལྔ་བདོ་གི་དུས་ན་དཀོན་པས་ལགས་ དཀོན་ནི་འདི་ཏེ་ ཨིན་རུང་ཏེ་ ང་བཅས་ཀྱིས་བསམ་སྤྱོད་མ་སྟོངམ་ཙམ་ཅིག་འབད་ཏེ་ ང་བཅས་ཀྱི་ནད་གཞི་ད་ལྟོ་ང་བཅས་ཀྱི་ངོས་འཛིན་འབད་དགོ་བདེན་བདེན་གྱི་ནད་གཞི་འདི་ཚུ་འདི་ང་བཅས་ཀྱི་རྩ་འགེངས་ཐོག་ལས་ངོས་འཛིན་འབད་དེ་ར་ཡོད་ཏེ་ ཨིན་རུང་ང་ར་གི་ ཞུཝ་འདྲཝ་ཅིག་འབད་བ་ཅིན་འདི་ད་དྲུང་འཚོ་འདི་ག་དེམ་ཅིག་རྙིངམ་ཨིནམ་ཅིག་འ་ནེམ་ཅིག་རྩ་རྩ་འདི་ལུ་སྦྱང་བ་ཡོད་ཡོད་ཟེར་ཞུ་ནི་ཨིན།
  • ཀརྨ་ཨོ་རྒྱན་
    ཏེ་ད་རྩ་གི་ theory འདི་ཚུ་འདི་ ང་བཅས་ག་ར་བློ་ལུ་ཐག་ཐག་འབད་སྡོད་འོང་ལགས།ཏེ་ བློ་ལུ་ཐག་ཐག་འབད་ཡོད་དེ་རང་འབད་ས་ཅིག་རུང་ practical འདི་རྩ་འདི་ subtile འབད་ཕར་འ་ནཱི་ཨིན་སྨ་རེ་ཟེར་ ཕར་མིག་ཏོ་གུ་སྟོན་ནི་མེད་པ་རང་གི་ཉམས་མྱོང་གི་ཐོག་ལས་ རྟོགས་དགོ་ནི་འདི་གིས་ཏེ་ དྲུང་འཚོ་གཞོནམ་འདི་ཚུ་འདི་ད་ང་ར་བཟུམ་འདི་ཚུ་དེ་འདི་ཏེ་ རྩ་ལུ་མཁས་མཆོག་གནམ་མེད་ས་མེད་མེད་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ རོགས་དྲུང་འཚོ་ senior ཏེ་ རྙིངམ་འདི་ཚུ་ད་སློབ་དཔོན་ཤེས་རབ་འབྱོར་ལྡན་ལ་སོགས་པ་འདི་ཚུ་ཨིནམ་འདྲཝ་ཅིག་འབད་བ་ཅིན་གནམ་མེད་ས་མེད་མཁས་མཆོག་ཨིན་ཟེར་ ཞུ་ནི་ལགས།ཏེ་ མཁས་མཆོག་ནང་ལས་མཁས་མཆོག་གཞན་དང་མ་འདྲཝ་སྦེ་ཡོད་པ་འདྲཝ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་རྩ་གི་ཐོག་ལས་མངོན་ཤེས་གཟིགས་ཚུགས་ཟེར་ ཞུ་ནི་ནད་གཞི་འདི་ཚུ་ ཕར་ནད་པའི་གི་ གཟུགས་ཁར་ལགཔ་བཀལཝ་ཅིག་ང་བཅས་ཀྱིས་ རླུང་མཁྲིས་པ་བད་ཀན་གསུམ་འདི་ འཇམ་ཏོག་ཏོ་ངོས་འཛིན་འབད་ཚུགས་ལགས།
  • ཀརྨ་ཨོ་རྒྱན་
    ད་འ་ནཱི་ནང་རྫས་ནང་གི་ organs གི་ འ་ནཱི་ཐད་ཁ་ལྷོདཔ་ད་འདི་ཨ་ཙི་ཅིག་ལཱ་ཁག་འདི་འདུག་ལགས།ཏེ་ ཨིན་རུང་འ་ནཱི་འདི་ཚུ་ ང་བཅས་ནད་གཞི་ངོས་འཛིན་འབདཝ་ད་དང་པ་རྩ་དང་ཆུ་རྐྱངམ་གཅིག་ལུ་བརྟེན་ཏེ་གིས་འབད་མི་བཏུབ་པས་བ་ལགས་ཧེ་མ་ར་ནད་པའི་གི་ history འདི་ལེགས་ཤོམ་སྦེ་ཧ་གོ་ཏེ་ history འདི་ནང་ལུ་འདྲི་སྦེ་འབད་ཞིནམ་ད་ལས་དེ་ལས་ རྩ་བལྟ་དེ་ལས་ རྩ་དང་འཁྲིལ་འཁྲིལ་པའི་ལྕེ་ཨཱེ་་་ག་ཅི་ལོ་མི་གི་བལྟ་བ་ལྕེ་དང་ཆུ་ལ་བལྟ་ཟེརཝ་ད་ལུ་ཨཱ་བལྟ་ཕར་བལྟ་བའི་ཐོག་ལས་ཨཱེ་་་བརྟག་དཔྱད་འབད་ཐངས་ལྷམ་པ་གསུམ་ཨཱ་་་ལྕེ་དང་ཆུ་མིག་ཏོ་འདི་ཚུ་ལུ་བལྟ་དགོ་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ ཆུ་འདི་ཡང་ད་ཕྱི་པའི་དང་ང་བཅས་ཀྱི་བར་ན་ ཁྱད་པར་ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ཁོང་གི་འདི་རོགས་reagentབླུགས་ཏེ་གིས་སྦེ་ འ་ནེ་སྦེ་བལྟཝ་མས་པ་ང་བཅས་ནཱ་ལུ་འདི་སྨན་ག་ནི་ཡང་བླུགས་ནི་མེད་ལགས་འ་ནཱི་སྨན་བླུགས་ནི་མེད་ནི་འདི་གིས་ཏེ་ ང་བཅས་ནདཔ་ལུ་ ཆུ་འདི་མ་བལྟ་བའི་ ཉིནམ་གཅིག་གི་ཧེ་མ་ར་ཏེ་ ནདཔ་ལུ་བསླབ་བྱ་བྱིན་དགོ་ལགས་ཟས་སྤྱོད་བསླབ་བྱ་འདི་ཚུ་ད་ནཱ་ལུ་ཆུ་འབག་འོང་ནི་ཨིན་པ་ཅིན་ད་ ཁྱོད་ར་ཤ་ཟ་ནི་མེད་ཟེར་ཆང་འཐུང་ནི་མེད་coffee འདི་ཚུ་འཐུང་ནི་མེད་དེ་ལསནི་ རྒྱ་གར་གྱི་ vitamin B complex འདི་ཚུ་ཟ་མི་བཏུབ་ཟེར་ཏེ་ ཐ་ན་གཞན་འདི་ཕར་བཞག་ལུས་འབྲེལ་འདི་ཚུ་ཡང་མ་འབད་བ་སྦེ་ང་བཅས་ནཱ་གི་ཆུ་འདི་ འ་ནེ་སྦེ་བལྟ་དགོ་ཟེར་ཞུ་ནི།
  • ཀརྨ་ཨོ་རྒྱན་
    འ་ནཱི་འདི་ཚུ་འབདཝ་འདྲཝ་ཅིག་འབད་བ་ཅིན་ད་ རྒྱ་གར་གྱི་སྨན་ཀྲི་བི་གི་ drug ལ་ལུ་གིས་ ང་བཅས་ཆུ་གི་ color འགྱུར་བཏང་མས་བ་སྨོ་ལགས་ཏེ་ ང་བཅས་ནཱ་གི་འདི་reagent ག་ཅི་ཡང་བླུགས་ནི་མེད་ནད་གཞི་འདི་ངོས་འཛིན་ག་དེ་སྦེ་འབད་དོ་ཟེརཝ་འདྲཝ་ཅིག་འབད་བ་ཅིན་ཆུ་གི་མདོག་ལགས་ཆུ་གི་ colour ལུ་བལྟ་དེ་ལས་ འ་ནཱ་ལས་ sediments ནང་རྫས་ང་བཅས་ཀུ་ཡ་ཟེར་སླབ་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    དེ་ལས་ ང་བཅས་ཀྱི་བུར་བ་ཟེར་སླབ་འོང་bubbles ཨིན་མས་ལགས་དཀྲུག་བལྟཝ་ད་དེ་ལས་ ཁ་ལས་ཕར་ཀྲིང་མ་ཟེར་སླབ་ཨིན་ཨིང་ལིཤ་ནང་ skium ཅིག་ཨིན་ན་སླབ་མས་ལགས་འ་ནཱི་ཀྲིང་མ་འདི་ཚུ་བལྟ་འ་ནཱི་ལུ་བལྟ་སྟེ་གིས་སྦེ་ཆུ་གི་གར་སླ་ཆུ་གི་གར་བ་དང་སླ་བ་ག་དེ་སྦེ་ཡོདཔ་ཨིན་ན་འ་ནཱི་དང་འཁྲིལ་ཏེ་གིས་སྦེ་ང་བཅས་ནད་གཞི་ངོས་འཛིན་འབད་ནི་འདི་གིས་ནདཔ་འདི་གི་ཕར་ diet ལུ་ གཙོ་བོ་བཏོན་དགོ་མི་འདི་ འ་ནཱི་ཨིན་ལགས།
  • ཀརྨ་ཨོ་རྒྱན་
    ད་ཤ་དང་ཆང་འདི་ཚུ་ཟ་ད་པ་ཅིན་ཏེ་ ང་བཅས་ཆུ་གི་དྲིམ་བལྟ་དགོ་བ་ལགས་དྲིམ་ལུ་འཁྲིལ་ཏེ་གིས་སྦེ་ན་ཚ་ཡོད་འ་ནཱི་འབདཝ་ད་ལུ་ཤ་དང་ཆང་འདི་ཚུ་ཟ་ད་པ་ཅིན་འ་ནཱ་ཆུ་ནང་ལས་ཆང་གི་དྲིམ་འོང་འབད་སྦེ་ནད་གཞི་ག་ཨིན་མི་གི་དྲིམ་འདི་ཚུ་མི་འོང་ལགས།ཏེ་ འ་ནེ་སྦེ་འབདཝ་ད་ལུ་ད་ནད་གཞི་གཏན་འབེབས་འབད་ནི་གི་དོན་ལུ་རྩ་ཆུ་དེ་ལསནི་ནད་པའི་གི་ཨཱ་་་དྲི་བ་དེ་ལས་ ནད་པའི་གི་མི་ཨཱ་་་མིག་ཏོ་ལྕེ་ད་ ལྕེ་འདི་ཚུ་འདི་ ང་བཅས་འབྲུག་པའི་ནང་ལུ་བལྟ་ནི་འདི་ ཨ་ཙི་ལཱ་ཁག་འདུག་ལགས།
  • ཀརྨ་ཨོ་རྒྱན་
    མང་ཤོས་ར་རྡོག་མ་ཟ་ནི་འདི་གིས་ལྕེ་འདི་མ་པ་ལས་བལྟ་མི་བཏུབ་པས་ལགས།ཏེ་ ཨིན་རུང་རྡོག་མ་མ་ཟ་མི་ཚུ་ལུ་འདི་ང་བཅས་ཏེ་བལྟ་སྟེ་ཕུལ་དོ་ཟེར་ཞུ་ནི་ལགས་དེ་ལསནི་ཨཱ་་་ཕར་ནང་རྫས་ནང་ར་འགྱོ་བ་ཅིན་ང་བཅས་ཀྱི་ གློ་ཚིལ་གྱི་ཨཱ་་་གློ་ཚིལ་གྱི་ colour གློ་ཚིལ་གྱི་མདོག་དེ་ལསནི་ ཆབ་གསང་རྒྱསཔ་གི་མདོག་འདི་ཚུ་ཡང་བལྟ་ནི་ཡོད་ཨིན་རུང་ད་ལྟོ་འདི་ནཱ་ང་བཅས་སྨན་ཁང་ནང་ལུ་འདི་མེད་ཟེར་ཞུ་ནི་ནཱ་ལུ་ཡོད་མི་འདི་རྩ་དང་ཆུ་དེ་ལསནི་ཨཱ་་་དེ་ལས་ང་བཅས་ར་གི་ཨ་ནཱི་ཨཱ་་་ལྕེ་དང་མིག་ཏོ་འ་ནེམ་ཅིག་ར་ཨིན་ཟེར་ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    འ་ནེམ་ཅིག་གི་ཐོག་ལས་སྦེ་ཏེ་ ང་བཅས་ནད་གཞི་འདི་གཏན་འབེབས་འབད་དེ་སྦེ་དེ་ལས་རྐྱངམ་གཅིག་ therapy འདི་ཚུ་ནཱ་ལས་ཕར་ཧེ་མ་སྨན་འབྱིན་དེ་ལས་ སྨན་འདི་ཚུ་ཨཱ་་་གི་ཕན་མ་ཐོགས་པ་ཅིན་དེ་ལས་འབདན་ཏེ་འ་ནཱི་ནད་གཞི་ཚ་གྲང་གི་དབྱེ་བ་དང་འཁྲིལ་ཏེ་གིས་སྦེ་ཏེ་ཨཱ་ invasive therapy འདི་ཚུ་དང་དེ་ལས་འཇམ་དཔྱད་ལས་ལྔ་འ་ནཱ་ལས་ཕར་འ་ནེ་སྦེ་བཏང་དོ་ཟེར་ ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    མི་ན་བ་གནས་པ་སྡོད་པ་དང་ན་བ་གསོ་བ་སྡོད་པའི་གང་ཟག་གི་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ་ཟེར་ང་བཅས་ཡར་ལས་མར་ལོ་དང་པ་དཔེ་ཆ་འགོ་བཙུགསཔ་ད་རང་ འ་ནེ་སྦེ་འཐོན་འོང་ལགས།ཚེ་རིང་བ་སྡོད་པའི་མན་ངག་ཚེ་རིང་བ་སྡོད་པའི་གང་ཟག་གི་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ་ཟེར། །
  • ཀརྨ་ཨོ་རྒྱན་
    ནད་མ་འབདཝ་ནད་མེད་པ་སྡོད་པའི་གང་ཟག་གིས། གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།།འ་ནེ་སྦེ་འཐོན་འོང་ལགས་ཏེ་ འ་ནཱི་འབདཝ་ད་ལུ་ ང་བཅས་ར་ཚེ་རིངམོ་སྦེ་སྡོད་རུང་ཡང་གསོ་བ་རིག་པ་འདི་ཚེ་རིངམོ་སྡོད་དགོ་མནོ་རུང་ཡང་ གསོ་བ་རིག་པ་འདི་ ལྷབ་ད་ཟེར་ ཨིན་མས་བ་ལགས།ནད་མེད་པ་སྡོད་དགོ་མནོ་རུང་ཡང་ གསོ་བ་རིག་པ་འདི་ལྷབ་ད་ཟེར་ན་བ་ན་མི་འདི་དྲག་དགོ་རུང་གསོ་བ་རིག་པ་འདི་ལྷབ་ད་ཟེར་མས་བ་ལགས།ན་མི་རྐྱངམ་གཅིག་འོང་མས་ལགས་ནཱ་ལུ།
  • ཀརྨ་ཨོ་རྒྱན་
    ཏེ་ ཨིན་རུང་མ་ན་མི་འདི་ཚུ་གིས་ཡང་འོང་སྟེ་གི་འབད་ད་ ང་བཅས་ཀྱི་གསོ་བ་རིག་པ་ནང་ལས་ཏེ་ཨཱ་་་གསོ་བ་རིག་པའི་ནང་ལས་འབད་བ་ཅིན་རླུང་དྭངས་བའི་གི་དུས་ཟེར་མཁྲིས་པ་དྭངས་བའི་གི་དུས་ཟེར་བད་ཀན་དྭངས་བའི་དུས་ཟེར་ཡོད་འ་ནཱི་དུས་དུས་འདི་ཚུ་ནང་ལུ་ རང་གི་ཟ་སྤྱོད་ལེགས་ཤོམ་སྦེ་འབད་ད་པ་ཅིན་ན་དགོཔ་ར་མེད་བ་ལགས་ཏེ་འ་ཁོང་གིས་ ང་བཅས་འབད་སར་འོང་སྟེ་གིས་སྦེ་ད་ད་རེས་ག་ཅི་གི་ཨཱ་་་ག་ཅི་ཨཱ་བཞེས་སྒོ་ག་ཅི་བཟུམ་ཅིག་ཟ་བ་ཅིན་དྲག་ག
  • ཀརྨ་ཨོ་རྒྱན་
    ཏེ་ ང་བཞེས་སྒོ་ཨ་ནི་ཟཝ་ད་ལུ་འ་ནེ་སྦེ་གནོདཔ་མས་ངེ་གི་ད་རང་བཞིན་བལྟ་ནི་ཡོད་བ་ལགས་ང་བཅས་གསོ་བ་རིག་པ་ནང་ལས་མི་གི་རང་བཞིན་འདི་འེང་་་འ་ནཱི་རླུང་གི་མས་མཁྲིས་པ་གི་མས་བད་ཀན་གྱི་མས་ཟེར་བལྟ་ནི་ཡོད་ལགས་ད་ ང་བཅས་ཀྱི་ གསོ་བ་རིག་པ་གནམ་མེད་ས་མེད་མཁས་མཆོག་ཡོད་པ་ཅིན་ནཱ་འ་ནེ་སྦེ་ ང་བཅས་ཀྱི་ནཱ་ལུ་ཨཱ་་་འ་ནེ་སྦེ་ མིག་ཏོ་ལྟཝ་ཙམ་ཅིག་གིས་ནང་གི་བསམ་སྤྱོད་དེ་ལསནི་ནང་གི་ཨཱ་་་ག་ཅི་ལོ་རྒྱུ་ནོར་ལོངས་སྤྱོད་ཀྱི་ ཐད་ཁ་ག་དེམ་ཅིག་ཡོདཔ་ཨིན་ན།
  • ཀརྨ་ཨོ་རྒྱན་
    ཏེ་ ནང་གི་མནོ་ཐངས་ད་ འ་ནཱི་འདི་ཚུ་ག་ར་ཧ་གོ་དགོ་ལགས་འ་ནེ་འབདཝ་ད་ལུ་type typhology ཟེར་སླབ་མས་བ་ལགས་རོགས་ body type འ་ནཱི་འདི་ཚུ་ཡང་ ག་ར་གསོ་བ་རིག་པ་ནང་ལུ་ཚངས་ཏེ་ཡོད་འ་ནཱི་འབད་ནི་འདི་གིས་ ང་བཅས་ཀྱི་ preven preventive གི་འབད་ ང་བཅས་གསོ་བ་རིག་པ་འདི་ ལག་ལེན་འཐབ་བཏུབ་ཟེར་ཞུ་ནི།
  • ཀརྨ་ཨོ་རྒྱན་
    ང་བཅས་ཀྱི་གཟུགས་ཀྱི་ གནས་སྟངས་བསྟུན་ཏེ་གིས་སྦེ་འེང་ཁྱོད་ཀྱི་ body type འདི་ཨཱ་ bile ཨིན་པས་མས་bile type འདི་ཚུ་ལུ་ མངམ་འ་ནཱི་ག་ཅི་ལོ་ཧུམ་དང་བསྐྱུརཔོ་གི་རིགས་ཚྭ་འདི་ཚུ་མི་བཏུབ་ཟེར་ཁྱོད་ར་འ་ནཱི་ཕབ་དགོ་པས་ཟེར་ཏེ་ ང་བཅས་ར་ནད་གཞི་འདི་ཚུ་ཡང་ འ་ནེ་སྦེ་འབད་དོ་བ་ལགས་ཨཱ་་་དུས་ དོན་ཟས་སྤྱོད་ཟེར་འ་ནཱི་བཞིཔ་ཆ་ར་གཅིག་ཁར་འཛོམས་མཐོང་པ་ཅིན་གནམ་མེད་ས་མེད་ནད་གཞི་གདུག་དྲགས་སྦེ་འགྱོ་བའི་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ འ་ནཱི་གཉིས་དེ་ཅིག་འཛོམས་པ་ཅིན་ཧ་ལམ་ཅིག་གསུམ་དེ་ཅིག་འཛོམས་པ་ཅིན་ཧ་ལམ་ཅིག་གཉིས་དེ་ཅིག་འཛོམས་པ་ཅིན་ཧ་ལམ་ཅིག་སྦེ་ད་ དཔེ་འབད་བ་ཅིན་ཨཱ་་་ཨཱ་་་རླུང་ type གི་ patient མི་གཅིག་ལགས་མི་འདི་ཁོ་ར་ཧེ་མ་ལས་ར་ཁོ་ར་གི་ body type འདི་ རླུང་ཨིན་པས་ཁོ་རླུང་གི་མི་འདི་ཚུ་འ་ནེ་སྦེ་སྡོད་འོང་ལགས་གཟུགས་ཡང་སྐམ་དྲགས་འབད་སྦེ་ཤ་གནགཔོ་འབད་ཨཱ་་་ཤ་གནགཔོ་སྦེ་སྐེདཔ་གུག་སུ་ཅིག་འབད་ཞབས་ཁྲ་རྐྱབ་ནི་ལུ་དགའ་དྲག་མདའ་རྐྱབ་ནི་དགའ་དྲག་འབད་སྡོད་འོང་བ་ལགས།
  • ཀརྨ་ཨོ་རྒྱན་
    འ་ནཱི་body (གཟུགས་) འ་ནེ་སྦེ་ཡོད་མི་འདི་དེ་ལས་ སེམས་ཟོག་དྲག་སྦེ་སྡོད་འོང་ལགས་འ་ནཱི་འདི་བྱ་རྒོད་ཁ་བའི་མཚན་ཉིད་ལྡན་པ་ཡིན། ཟེར་སྡོད་འོང་ལགས་ཁོ་གི་སེམས་འདི་ཟོག་དྲག་སྦེ་སྡོད་འོང་འ་ནཱི་འབདཝ་ད་ལུ་འ་ནཱི་བཟུམ་འདི་ཚུ་ གསོ་བ་རིག་པ་ནང་ལས་ བལྟ་ཐངས་ལེ་ཤ་ཡོད་ལགས་ཕར་ deep ནང་འཛུལ་དགོ་ཨིན་ནི་འབདན་ཏེ་ འ་ནཱི་འབདཝ་ད་ལུ་ད་ ང་བཅས་ཀྱི་ འ་ནཱི་མཚན་ཉིད་འདི་ ཤེས་པའི་བསྒང་ལས་ད་ འ་ནཱི་རླུང་གི་མི་འདི་གིས་རླུང་ཡར་དྭངས་བའི་གི་ དུས་ཚོད་ནང་ལུ།
  • ཀརྨ་ཨོ་རྒྱན་
    ཁོ་གི་ already ཁོ་གི་ nature འདི་ རླུང་ཨིན་རླུང་ཡར་དྭངས་བའི་གི་ དུས་ཚོད་ནང་ལུ་ཁོ་གི་ཐིང་ངེ་དང་ཁག་ཏེམ་ལེ་ཤ་ཟ་པ་ཅིན་རླུང་གི་ན་ཚ་འདི་immidately གནམ་མེད་ས་མེད་སྦོམ་སྦེ་འགྱོ་ཨིན་ལགས།འ་ནཱི་བཟུམ་འབདཝ་ད་ལུ་ཏེ་ ང་བཅས་ཀྱི་ཨཱ་་་གསོ་བ་རིག་པ་གི་ཁ་ཐུག་ལས་ཏེ་ preventive སྦེ་ནད་གཞི་འདི་ཚུ་ མ་འོང་པའི་ཧེ་མ་སྔོན་འགོག་ཡང་ ང་བཅས་ཀྱིས་བྱིན་ཚུགསཔ་ཟེར་ཞུ་ནི་ཨིན་རུང་ད་ལྟོ་ so far འདི་འབྱིན་འབྱིནམ་མེད་ལགས་བྱིན་དགོཔ་གནས་སྟངས་ཤར་བ་ཅིན་ འབྱིན་ཚུགསཔ་ཟེར་ཞུ་ནི་ལགས།
  • ཀརྨ་ཨོ་རྒྱན་
    ཏེ་ད་ལྟོ་ཨིན་མ་ཨིནམ་འདྲཝ་ཅིག་འབད་བ་ཅིན་ཏེ་ ང་བཅས་ཀྱིས་ ད་ཨཱ་ curative བཟུམ་སྦེ་ད་ ནདཔ་འདི་ཚུ་ཏེ་ན་འབད་སྨན་ཁང་ནང་འོངམ་ད་ལུ་ཏེ་ བཅོ་ཐབས་རྐྱངམ་གཅིག་ཕུལ་དོ་ཟེར་ ཞུ་ནི་ཨིན་ལགས།