Skip to main content Skip to search
24 Oct 2017
10 min 49 sec
Video Overview
Creators: 
Dawa Tshering

Gado, a villager of Totokha village, discusses the origin of his village’s annual archery festival. Jé Ngakwang Drukpa visited Tsotokha village and built a new temple; to celebrate, Jé Ngakwang Drukpa asked the villagers to organize an archery match in the village. Since that day, people of Tsotokha held this festival annually on the 11th day of the 11th month of the Bhutanese calendar. The festival continues for five days. On the last day of their archery festival, a woman will sings a unique song, which is sung only in their village during the time of festival. The song contains lyrics wishing auspiciousness and prosperity until another happy meeting the next year.  

ཆུ་ཁ་རྫོང་ཁག་ བོང་སྒོ་རྒེད་འོག་ གཡུས་ཏོག་ཏོ་ཁ་ལས་ དགའ་རྡོག་གིས་ ཁོ་གི་གཡུས་ཁ་ལུ་ མདའ་རྩེད་ཀྱི་དུས་སྟོན་འདི་ ག་དེ་སྦེ་དར་དརཝ་ཨིན་ནའི་སྐོར་ལས་ བསམ་འཆར་བཤདཔ་ཨིན་པས། འདི་ཡང་ དེ་བསྒང་ རྗེ་ངག་དབང་གྲགས་པ་མཆོག་ གཡུས་འདི་ནང་བྱོན་ཏེ་ ལྷ་ཁང་ཅིག་བཞེངས་ཏེ་ གཡུས་ཁའི་མི་སེར་ཚུའི་བར་ན་ མདའ་རྩེད་ཅིག་ འགོ་འདྲེན་འཐབ་དགོཔ་སྦེ་ བཀའ་གནངམ་ལས་ཚུར་ ལོ་རང་ཟླ་ ༡༡ པའི་ཚེས་ ༡༡ ལས་འགོ་བཟུང་ ཉིན་གྲངས་ལྔའི་རིང་ གཡུས་འདི་ཁར་ ལོ་བསྟར་གྱི་མདའ་རྩེད་འགྲན་བསྡུར་འདི་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། ཏེ་མདའ་རྩེད་ཀྱི་ཉིནམ་མཇུག་ལུ་ གཡུས་ཁའི་ཨམ་སྲུ་ཚུ་གིས་ ཁོང་རའི་ གཡུས་ཁའི་དུས་སྟོན་ཚུ་ནང་རྐྱང་གཅིག་རྐྱབ་སྲོལ་ཡོད་པའི་ རྟེན་འབྲེལདང་ བསོད་ནམས་བསགས་ནི་གི་ཕུན་སུམ་ཚོགས་པའི་ གླུ་གཞས་དང་ ལོག་ཡང་ལས་ཡང་དུ་མཇལ་ཚུགས་པའི་ གླུ་གཞས་ཚུ་འགོ་འདྲེན་འཐབ་ཨིན་པས། 

Transcript search
No results found for this search
0 of 0
  • དགའ་དོ་
    ལགས་སོ།ཨ་ནཱི་ང་བཅས་ཀྱི་སྨོ་ལགས།རྟོག་རྟོ་ཁ་ཟེར་མི་གི་གཡུས་ཀྱི་ཆགས་ཐངས་ཀྱི་སྐོར་ལས་ཞུ་བ་ཅིན་དང་པ་ར་རྗེ་ངག་དབང་འབྲུགཔ་ཟེར་མི་ཅིག་བྱོན་འདུག་ལགས།ཏེ་འ་ནཱ་ལས་རོགས་ཏེ་ཕར་ལས་མར་འགྱོ་བ་ཅིན་ང་བཅས་ཕར་གྱི་རོགས་ཏེ་དེ་བསྒང་འབད་བ་ཅིན་ ང་བཅས་ཕམ་ཨིན་མས་ལགས་ཕམ་ཨཔ་ག་ཅི་ལོ་ནེམ་ཆོས་རྒྱལ་ཚེ་རིང་ལོ་ན་ལ་ཏི་ལི་ལོ་དེ་ལསན་ཨཔ་བོ་རེ་ལོ་ཟེར་ ཁོང་གསུམ་ཆ་ཡར་བཅགས།
  • དགའ་དོ་
    ཏེ་ཡར་བཅགས་བའི་(བཅགས་པའི་)བསྒང་ལས་རོགས་ཡར་རྟོག་རྟོ་མ་ཎི་བསྒང་བཅགསཝ་(བཅགསཔ་)ད་ལུ་ཏེ་ད་ཡར་ལྷོད་པའི་བསྒང་ལས་རོགས་རྗེ་ངག་དབང་འབྲུགཔ་ཡར་ལས་མར་བྱོན་དེ་ལས་བླམ་ལུ་ཕྱག་ཕུལ་འ་ནཱི་བཟུམ་འབཝ་ད་ ཏེ་ཁྱོད་གྲུབ་རྟགས་ག་དེ་སྦེ་བཏོན་ནི་ཨིནམ་ཟེརཝ་ད་ཏེ་ཨཔ་ཆོས་རྒྱལ་ཚེ་རིང་ཡང་ང་གིས་ ཏེ་ག་ཅི་ལོ་སྟག་གི་གུ་བྱོན་ཚུགས་པས་ཏེ་ཁོ་གིས་སྟག་གི་གུ་བྱོན་སྦེ་དེ་ལས་རོགས་འ་ནཱི་བཟུམ་སྦེ་ཕར་སྦུལ་རྟས་ལྕག་རྐྱབ་བདའ་ཕར་དང་ཚུར་འགྱོ།
  • དགའ་དོ་
    དེ་ལསན་ ཨཔ་དཔའ་རྟགས་ལུ་ཞུ་ནུགག་དེ་སྦེ་ཞུ་ནིག་ཟེར་བ་ཅིན་ཁོ་ག་ཅི་ཟེརཝ་ད་ཁོ་གིས་ཡང་ དེ་ལས་དཔའ་རྟགས་མདུད་ཕུད་བཏབ་ཏེ་འ་ནཱི་བཟུམ་སྦེ་མཛད་ནུགདེ་ལས་ཨཔ་བོ་རི་ལ་བུ་ག་དེ་འབད་སྨོ་ཟེར་བ་ཅིན་ཨ་ལོ་ག་ར་ན་སྟེ་སྡོདཔ་ད་ཁོ་གིས་འ་ནཱི་བཟུམ་སྲུང་སྐྱོབ་འབད་ཚུགསཔ་ཟེར་ཨ་ལོ་གི་འ་ནཱི་ག་ར་ནེམ་འབད་ཏེ་འ་ནཱི་བཟུམ་འབད་འབད་ཚུགསཔ་ཟེར།
  • དགའ་དོ་
    དེ་ལས་ང་བཅས་ཨཔ་ཆོས་རྒྱལ་ཚེ་རིང་གིས་ཡང་ཏེ་འ་ནཱི་བཟུམ་སྦེ་རོགས་སྦུལ་གནམ་མེད་ས་མེད་ལག་པར་བཤེད་འ་ནཱི་བཟུམ་སྦེ་འབད་ཏེ་ག་ར་ད་ལྟོ་ཕར་ཆོས་བདག་སྦེ་ཡོད་ཟེར་ཞུ་ནི།དེ་ལས་འ་ནཱ་ལས་མར་སྦེ་རྗེ་ངག་དབང་འབྲུགཔ་མར་བྱོན་དེ་ལས་མར་རྟོག་རྟོ་ཁ་ལུ་བྱོན་དེ་ལས་མར་ལུ་ ཏེ་ལྷ་ཁང་གཅིག་བཞེངས་དེ་ལས་འ་ནཱ་ལུ་ ཏེ་མདའ་རྐྱབ་ཏེ་མདའ་རྐྱབ་དགོ་ ཟེར་གསུངས་པའི་བསྒང་ལས་ ཏེ་
  • དགའ་དོ་
    མདའ་འདི་རྐྱབ་པའི་བསྒང་ལསན་ ཏེ་རོགས་ ང་བཅས་རའི་ང་བཅས་རའི་རྟོག་རྟོ་ཁ་གི་ཨམ་གཡང་གཏམ་ར་ཟེར་གཅིག་ཡོད་ལགས།མ་པ་ག་ཅི་ལོ་ བོད་ཀྱི་ཇོམོ་ལྷ་དྲུག་ལོ་སྤ་སངས་ཨ་མའི་བཀའ་འགྱུར་ལོ་ཟེར་ ཁོང་ག་ར་སྤུན་ཆ་ཨིན་ཟེར་ཕམ་འདི་ཚུ་གིས་ཡང་འ་ནཱི་བཟུམ་སྦེ་ར་གསུངས་མས་བ་ལགས།ཏེ་འ་ནཱི་བཟུམ་སྦེ་གསུངས་དེ་ལས་ང་བཅས་མར་ལུ་མདའ་རྐྱབ་དགའ་སྤྲོ་བཏོན་ཏེ་ཡར་ག་ཅི་ལོ་ ཏེ་
  • དགའ་དོ་
    དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་འབད་ཟླཝ་བཅུ་གཅིག་པའི་ཚེས་ཨཱེ་་་་་ བཅུ་གཅིག་ལས་འགོ་བཙུགས་དགོ་ལགས་ང་བཅས་མདའ་ཉིནམ་ལྔ།ཏེ་འ་ནཱ་ལུ་ང་བཅས་ར་ཨམ་གཅིག་ཡང་ཞུ་ནི་ཡོད་ཏེ་ཨམ་ཞུ་བའི་བསྒང་ལས་ ཏེ་འ་ནཱི་ཨམ་འདི་གིས་གདངས་འདི་ཏེ་ང་དུམ་གྲ་ཅིག་འཐེན་གེ་གནམ་མེད་ས་མེད་ཅིག་ ང་གིས་ཡང་འབད་མི་ཚུགས་ལགས།ཨཱུམ་་་་ དུམ་གྲ་ཅིག་འཐེན་པ་ཅིན་ད་ང་བཅས་ཀྱི་ཨམ་འདི་ཨ་ནེ་སྦེ་ཨིན་མས་ལགས།
  • དགའ་དོ་
    རིམ་གྱི་རྟ་ལོ་རི་མེད་ཆེ་ལས།།
  • དགའ་དོ་
    རིམ་འདི་པད་རི་རི་མེད་ཆེ་ལས།།
  • དགའ་དོ་
    ཐུགས་དེ་རང་ངོ་ཕྲག་དོག་མ་མཛད་པར་ཞུ།།
  • དགའ་དོ་
    དེ་ཡང་བྱང་ཆུབ་སེམས་དང་ལྡན་ཏེ་གིས།།
  • དགའ་དོ་
    དེ་དེའི་རིམ་གུ་བཞུགས་པའི་ཡུམ་ཆེན་མ།།
  • དགའ་དོ་
    སྐྱིད་པའི་དར་དང་རྡོ་ལུ་འབྱོན་དགོ་པས།།
  • དགའ་དོ་
    ཡ་ཉིད་ཟ་མའི་གླུ་དང་གཞས་ལུ་བྱོན།།
  • དགའ་དོ་
    ཟེར་འ་ནཱི་སྦེ་བཀབ་ནེ་ཕབ་དགོ་ལགས་ད་རུང་ཨཱུམ་་་་་ བཀབ་ནེ་བཀབ་སྟེ་ར་ཕབ་དགོ་ལགས་འ་ནཱི་འབད་ཏེ་འ་ནཱི་འབད་བཞིན་ན་ད་ང་ད་རིས་ཚ་རིམས་ཅིག་བཏབ་ཚིག་ཨ་ཙི་ཅིག་སྐད་དབོག་མི་ཚུགས་པས་ལགས།ཏེ་འ་ན་ལས་མར་ལུ་དེ་ལས་ང་བཅས་ཀྱི་ཏེ་ཟླཝ་བཅུ་གཅིག་པའི་ཚེ་བཅུ་གཅིག་ལས་འགོ་བཙུགས་འོང་ལགས། འ་ནཱི་འགོ་བཙུགསཔ་ཅིན་དེ་ལས་ཚེ་བཅུ་གསུམ་ཟེརཝ་ད་ལུ་ཡང་ ང་བཅས་ཨ་ལོ་མ་གསོ་མི་འདི་ཚུ་ལགས།
  • དགའ་དོ་
    ཏེ་འ་ནཱི་ཚུ་ཡང་ག་ར་ཏེ་ཧེ་མ་ལས་ཨ་ལོ་ཤི་ཤིཝ་འ་ནཱི་བཟུམ་ཡོད་པ་ཅིན་དེ་ནང་ལུ་ཡང་ཆང་འབག་ཏེ་དྲོ་པ་ང་བཅས་ལྷ་ཤིང་ནང་ལས་ཨ་ནཱི་ལྷ་ཤིང་ཟེར་ཡོད་བ་ལགས།འ་ནཱ་ལས་ཚུར་འོང་འོང་པའི་བསྒང་ལས་ཏེ་དཔའ་མཛངསཔ་འདི་ཚུ་ཏེ་མདའ་རྩེདཔ་དེ་ཚུ་འ་ནཱི་འབད་རོགས་ཕྱོགས་མདའ་འབག་ འ་ནཱི་འབད་བྱིས་པའི་དཔའ་བོ་རྐྱབ་ཀྲིང་ཀྲི་བང་རྔ་བརྡུང་འ་ནཱི་འབད་འོང་གཞས་དཔོན་དང་འ་ནཱི་ཚུ་ག་ར་འོང་སྦེ་ ཨཱུམ་
  • དགའ་དོ་
    ཏེ་རོགས་ལམ་ཁར་མར་ཆང་སྡོད་འོང་ལགས།བསང་བཏང་ཏེ་བསང་བཏང་འ་ནཱི་བཟུམ་འབད་ ཨཱེ་་་་ཏེ་ཕར་ལས་ཚུར་འོངམ་ཅིན་དེ་ལས་ ཕར་ལུ་ ལྷ་ཤིང་ནང་ལས་འཐོནམ་ད་ད་རུང་འ་ནཱི་ཨམ་འདི་ཞུ་ཚར་ཚརཝ་ཨིན་སྨོ་ལགས།ལྷ་ཤིང་ནང་ལས་ཨམ་ཞུ་ཚར་ཡི་དན་ད་ཨ་ནཱི་དེ་ལས་ཕར་ལས་ཚུར་ འོ་ལེགས་སོ་ལས་འགོ་བཙུགས་དགོ་ལགས་།
  • དགའ་དོ་
    འོ་ལེགས་སོ།།ད་རེས་གནམ་ལོ་ཚེས་ཏེ་དབའེ་ཀ་མུ་ར་ཛ།ཀ་མོ་ར་ཛ།དེ་བསྒང་ལས་ཆིབས་གྲལ་བཙར་ཡི་ལགས་ང་བཅས་ཨཱེ་་་་ ཏེ་ཆིབས་གྲལ་བཙར་འོང་དེ་ལས་ཨ་ནཱི་ག་ཅི་ལོ་འོ་ལགས་འཐེན་མི་ཚུ་ལགས་རང་རྒྱལ་བ་ལོ་དཔལ་འཁྱམས་ནི་ལོ་ཟེར་ར་འ་ནཱི་འབད་འོང་དགོ་ལགས།ཏེ་འ་ནཱི་བཟུམ་སྦེ་ཚུར་འ་ནཱི་བཟུམ་སྦེ་ཚིག་འཐེན་དེ་ལས་ཚུར་ལྷ་ཁང་རྩ་བ་ལྷོདཔ་ཅིན་དེ་ལས་ལྷ་ཁང་ནང་གི་དཀོན་གཉེར་འདི་གིས་ཀྲིང་ཀྲི་བརྡུང་དགོ་ལགས།
  • དགའ་དོ་
    ཀྲིང་ཀྲི་དང་འ་ནཱི་ཚུ་ག་ཅི་ལོ་ཆོས་དྲིལ་འདི་ཚུ་གསིལ་ འ་ནཱི་བཟུམ་སྦེ་པུ་ར་(ག་ར་)ར་རོགས་ཨམ་སྲུ་འབད་བ་ཅིན་ཏེ་ཨ་ནཱི་ར་ཅུང་འདི་བཀབ་ནི་མེད་ད་དེ་ལས་ཨ་ནཱི་སྦེ་མགུ་ཞྭམོ་བཙུགས་ཐག་མི་ཆོག་དེ་ལས་ཨ་ནཱི་མར་ལས་ཡར་ནེམ་ ག་ཅི་ལོ་[གདོང་དཀྱི་?]ཟེར་འདུག་མེན་ན་[གདོང་དཀྱི་?]འདི་ཡང་ཡར་[དབུརམ་?]ཨ་ནཱི་སྐེད་པ་བསྡམས་སྦེ་འ་ནཱི་སྦེ་སྡོདཔ་མས་ལགས།
  • དགའ་དོ་
    དེ་ལས་རོགས་ ཆང་འ་ནཱི་རོགས་མར་ཆང་རེ་གདོང་ཁར་བཀལ་ཏེ་འ་ནཱི་བཟུམ་སྦེ་ཚུར་ ད་ང་བཅས་ར་སྤང་ནང་ལྷོད་པའི་བསྒང་ལས་མདའ་རྐྱབ་སའི་སྤང་ན་ལྷོད་པའི་བསྒང་ལས་རོགས་མར་ཆང་གསུམ་དེ་ཅིག་བཀལ་ཨཱ་གསུམ་ལྔ་འ་ནཱི་ཅིག་བཀལ་བཞག་འོང་དེ་ལས་ཨ་ལོ་མ་གསོ་མི་འདི་ཚུ་འ་ནཱ་ལུ་ཕྱག་འཚལ་མདའ་རྩེདཔ་འདི་ཚུ་ཨ་ནཱི་འབའ་ཁ་ལུ་ཕྱག་འཚལ་ཏེ་འ་ནཱ་ལས་ཨ་ལོ་གི་ ཏེ་ཚེ་དང་བསོད་ནམས་དེ་ལས་ཨ་ལོ་གི་མིང་དེ་ཚུ་ག་ར་ང་བཅས་ཀྱི་མདའ་ནང་ཞུཝ་ཨིན་ལགས།
  • དགའ་དོ་
    ཏེ་འདི་ཞུ་དགོ་མི་འདི་ཧེ་མ་ར་ང་བཅས་ག་ཅི་སྨོ་ཟེར་བ་ཅིན་མཚམས་[རྟ་མགྲིན་ཨོ་རྒྱན་དཔལ་འབྱོར་?]ཟེར་བྱོན་ནུག་བ་ལགས། ང་བཅས་ཡར་ལས་མར་ལུ།བྱོན་སྦེ་ད་ལྟོ་མི་ཐེངས་འབད་བ་ཅིན་མི་ཐེངས་གསུམ་དེ་ཅིག་ལས་རྒལ་མ་འགྱོ་བས་ལགས་ཨ་ནཱི་མཚམས་[རྟ་མགྲིན་ཨོ་རྒྱན་དཔལ་འབྱོར་?]ཟེར་མི་འདི་བྱོནམ་ད་ལུ་ང་བཅས་དེ་ཡང་ག་དེ་སྦེ་སྨོ་ཟེར་བ་ཅིན་ང་བཅས་ཨ་ལོ་ཨ་ནཱི་བཟུམ་སྦེ་བཤལ་སྡོདཔ་ད་ལུ།
  • དགའ་དོ་
    ཏེ་འ་ནཱི་གི་སྐབས་ལུ་ར་ ང་བཅས་གཡུས་ཁ་ལུ་མི་གཅིག་ཤི་སོངཔ་མས་ལགས།ཏེ་མི་ཤི་བའི་ནང་ན་ལས་ར་མི་འདི་ཡར་བཏོན་སྦེ་ཟླཝ་བཅུ་གཅིག་པའི་ཚེས་བཅུ་གཅིག་ལུ་ཨིན་ཅིག་མིན་ཅིག་ར་མདའ་རྐྱབ་དགོཔ་སྦེ་མཚམས་རྟ་མགྲིན་ཨོ་རྒྱན་དཔལ་འབྱོར་གྱིས་ཏེ་འ་ནཱི་བཟུམ་སྦེ་ཡར་བོད་མི་འདི་མི་ཤི་ས་ལས་ར་མི་འདི་ཨཱ་་་་ ཕོ་རྒནམོ་འདི་ཡར་འབོ་མདའ་རྐྱབ་བཅུག་འ་ནཱ་རྟེན་འབྲེལ་བརྩིས་ད་ད་ལས་ཕར་ཁྱེད་རྟོག་རྟོ་ཁ་ལུ་མ་པ་ལས་འ་ནཱི་བཟུམ་མེདཔ་འབད་ནི་མེདཔ་སྦེ།
  • དགའ་དོ་
    ཨ་རྟག་ར་མདའ་དང་ཨ་ནཱི་རྐྱབ་དགོཔ་ལས་ ཁྱེད་ལུ་ན་ཚ་ དེ་ལས་ན་ཚ་ཡང་མ་བྱུང་པས་ལགས་རོགས་ དགའ་ཏོག་ཏོ་སྐྱིད་ཏོག་ཏོ་འ་ནཱི་སྦེ་སྡོད་ཏེ་ད་ལྟོ་ཨ་ལོ་གི་མགུ་ཏོ་ཡོད་ཨ་ལོ་གི་མིང་ཡང་མདའ་དགའཝ་ལོ་གཞུ་དང་ལྷམོ་ལོ་ཏེ་ང་ར་གི་ཨ་ལོ་གཉིས་ཡོད་སྨོ་ལགས།ང་རའི་ཨ་ལོ་གཉིས་ཡོད་ར ྣམ་ཏོག་ལངས་མས་ཟླ་བ་ཉི་མ་སྐྱེས་ཡི་བ་ཏེ་དེ་ཚུ་ཡང་རོགས་འ་ནཱ་ལས་མགུ་གཏད་ག་ནི་ཡང་མ་འབད་ད་ལྟོ་ད་ལྟོ་ག་ར་གཅིག་དགེ་སློང་ནང་ཡོད་ད་ལྟོ་གཅིག་དཔེ་ཆ་བལྟ་འ་ནཱི་སྦེ་ར་སྡོད་ཡོད།དེ་བཟུམ་སྦེ་ག་ར་དར་ཞིང་རྒྱས་སྡོད་ཡོད་ལགས་ང་བཅས་གཡུས་ཁ་ལུ་ ཨཱུམ་་་་།
  • དགའ་དོ་
    ཏེ་འ་ནཱི་སྦེ་ ད་ལྟོ་གཅིག་ལས་བལྟཝ་ད་འདི་ གནམ་མེད་ས་མེད་ཡ་མཚན་ཆེ་ཏོག་ཏོ་མས་ང་བཅས་ཨམ་འདི་ལགས།ཏེ་འ་ནཱི་བཟུམ་སྦེ་འབད་ ཏེ་ད་ལོག་སྟེ་ར་ཤུལ་མ་ད་རུང་ཤུལ་མ་ང་བཅས་ཀྱི་མདའ་རྐྱབ་འ་ནཱི་ཉིམ་ལྔ་མདའ་རྐྱབ་དགོ་ལགས།ཨཱ་་་་་ མདའ་རྐྱབ་ཚར་བའི་བསྒང་ལས་ཕྱི་རུ་ཨཱུམ་་་་་ ད་རུང་ཨ་ནཱི་ང་བཅས་ལྷ་ཁང་ནང་བཀྲ་ཤིས་ཕབ་དགོ་ཨཱ་་་་་ ཨ་ནཱི་ལྷ་ཁང་ནང་བཀྲ་ཤིས་ཕབ་ད་ལུ་ ཏེ་[དགུང་ས་ཚེས་བཅུ་ལྔ་བཅུ་ཕབ་འོང་ལགས་འ་ནཱི་དགུང་ས་ཚེས་བཅུ་གཡང་ཆུ་ཕབ?]
  • དགའ་དོ་
    དེ་ལས་འདི་འབད་ཚར་སྨོ་ལགས། འདི་འབད་ཚར་ ད་རུང་མར་ཐང་ཁར་ཕབ་དགོ་ལགས།བཀྲ་ཤིས་ང་བཅས་ནཱ་ལྷ་ཁང་ནང་ང་བཅས་གཡུས་ཁ་ལུ་བཀྲ་ཤིས་ཚར་གསུམ་ཕབ་དགོ་ ཟེར་ཞུ་ནི་སྦེ་ཨིན།ཏེ་འ་ནཱི་འབད་ང་བཅས་གཡུས་ཁ་ལུ་དགའ་ཏོག་ཏོ་སྐྱིད་ཏོག་ཏོ་དེ་འབདཝ་ད་ད་ལྟོ་ང་གནམ་མེད་ས་མེད་ཅིག་འདི་ཞུ་ནི་ཞུ་མི་ཤེས་པས་བ་སྨོ་གོ་ཤིག་ལགས། ད་ལྟོ་འ་ནཱི་བཟུམ་སྦེ་ང་བཅས་ཀྱི་ཆགས་ཐངས་འདི་འ་ནཱི་སྦེ་ཨིན་ལགས་ ཧེ་མ་ལུ།
  • དགའ་དོ་
    ད་ད་ཅི་ཡང་ཞུ་ཡི་གོང་ལས་ཞུ་ཡི་འ་ནཱི་བཟུམ་སྦེ་འབདཡི་ ད་ཨཱ་་་་་ ང་བཅས་ར་གི་ད་རྟོག་རྟོ་ཁ་སླབ་མི་སྐྱིདཔ་ལུངམ་ཟེར་ མ་པ་སྐྱིདཔ་ལུང་ནང་འགྱོཝ་མས་བ་རྗེ་ངག་དབང་འབྲུགཔ་གི་གདན་ས་རོགས་རྗེ་ངག་དབང་འབྲུག་པ་གིས་བཅགས་ནུག་ལགས་འ་ནཱི་འདི།ཏེ་ད་ལྟོ་ང་བཅས་ཕར་ལུ་ད་འ་ནཱི་བཟུམ་སྦེ་མདའ་རྐྱབ་ས་ལུ་ཨ་ལོ་འདི་ཚུ་མགུ་བསྟེན་འ་ནཱི་ཚུ་གཅིག་ཡང་མི་ཤེས་ལགས།
  • དགའ་དོ་
    ཧེ་མ་ཨ་ལོ་ཨ་རྟག་ར་ཤེས་སྡོད་མི་ཚུ་པུ་ར་ར་(ག་ར་) [སིབ་མགོ་ཏོག་?] དེ་བསྒང་ལས་རོགས་མཚམས་ཨོ་རྒྱན་དཔལ་འབྱོར་ཟེར་མི་འདི་ད་ལྟོ་ཕར་བཀའ་ཤོག་ར་ཡོད་ང་བཅས་གཡུས་ཁ་ལུ་ བཀའ་ཤོག་ར་ཡོད་ལགས་ང་བཅས་ར་ཁྱིམ་ནང་ལུ་ཨཱ་་་་་ ང་བཅས་ར་སྲོག་གཅོད་འདི་ཁོ་གིས་འབད་འདུགང་བཅས་ར་གནམ་མེད་ས་མེད་ང་བཅས་ཨ་ནཱི་སྲོག་གཅད་སྡོད་ནུག་བ་ཏེ་འ་ནཱི་བཟུམ་སྦེ་རོགས་ཁོ་གིས་ ཏེ་ཁོ་བྱོན་འ་ནཱི་འབད།
  • དགའ་དོ་
    ཁོ་གི་འདི་ད་ཁོ་གི་གཏམ་རྒྱ་(གཏམ་རྒྱུས་)ཞུ་བ་ཅིན་ཨ་ནཱི་འདུག་བ་ལགས།ཧེ་མ་ ཨཱ་་་་་ཁོ་བྱོནམ་ད་ལུ་ར་བཏགས་སྦེ་སྨོ་ལགས།ར་བསད་ཏེ་འ་ནཱི་ཁོང་གཞིས་ཁ་ལུ་ཨ་ནཱི་འབད་ཡི་ ཟེར་ཨིན་མས་འ་ནཱི་ངེའི་ཨ་ཞང་གི་སྲུང་བཏང་དོ་བཟུམ་འབད་བ་ཅིན་དེ་ལས་གནས་རྡོ་ཅིག་འདུག་ལོ་ལགས། ཕྱེངམ་འདི་གིས་ ཕར་དཔྱལཝ་འགྱིམ་རྐྱབ་ད་[ཏག་ཏག་བཏང་ཨ་ནཱི་ལུ?]དེ་ལས་ཕར་ལས་ལོག་འོང་ཁྱོད་ག་ཅི་སྨོ་ཟེར་དེ་ལས་ཕར་གྱི་ཨ་ནཱི་ད་འདྲེ་ཨིན་མས་བ་སྨོ་ཤིག་ལགས།
  • དགའ་དོ་
    བདུད་གཞན་ཁ་གི་ཏེ་ང་བཅས་མི་ཤེས་ཏེ་ཁོང་ར་བཟའཝ་ཨིན་ད་རུང་ཚུར་[བོདམ་?]འདི་གི་དཔྱལ་བ་བླུགས་ཏེ་འ་ནཱི་བཟུམ་སྦེ་འབདཝ་ད་ལུ་ཏེ་འ་ནཱི་ཚུ་ཡང་འ་ནཱི་བཟུམ་སྦེ་ང་བཅས་ཨ་ནཱ་རྟོག་རྟོ་ཁ་ལུ་ར་ཟེར་མི་འདི་མ་པ་ལས་ར་ལགཔ་ར་བདོག་ནི་མེད་ལགས།ར་ཤ་ཡང་བཟའ་ནཱི་མེད་ར་ཤ་བཟའ་བ་ཅིན་ང་བཅས་ན་འོང་ལགས།ཏེ་འ་ནཱི་ར་གི་མི་འདི་མ་པ་ལས་བཏོན་ཐག་མ་ཆོགཔ་ཨིན་ ད་ལྟོ་འ་ནཱི་སྦེ་ཡོད་ལགས།
  • དགའ་དོ་
    ད་ད་ལྟོ་རྟོག་རྟོ་ཁ་ཟེར་ཏེ་དང་ཕུ་ལས་ར་མ་པ་འདི་ང་བཅས་ན་ལས་མར་ལུ་ཏེ་ཨ་ནཱི་སྦེ་གཡུས་ཀྱི་ཆགས་ཐངས་བལྟ་བ་ཅིན་འདི་ང་བཅས་ནཱ་ལས་མར་གྱི་གཡུས་འདི་ ཏེ་རྗེ་ངག་དབང་འབྲུགཔ་ཁོ་ར་བྱོན་ཏེ་ཞབས་དྲུང་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ཁོ་ཡུདཔ་ཅིག་དབྱེ་བ་དབྱེ་བ་མེདཔ་ཅིག་ར་མས་མཚམས་བྲག་རྫོང་མར་འབད་རུང་རོགས་གདན་ས་བཅགས་ ད་ལྟོ་འ་ནཱི་སྦེ་ར་ཡོད་ད་ལྟོ་འདི། གྲ་མ་ཉམས་འབྲུ་མ་ཉམས་པ་ར་ལགས།ཨཱུམ་་་་ ད་འ་ནཱིམ་ཅིག་ཡོད་ ཟེར་ཞུ་ནི་སྦེ་ཨིན་ད།། །།