Skip to main content Skip to search
01 Sep 2018
12 min 49 sec
Video Overview
Creators: 
Sherig Dentshog

Hundreds of Bhutanese relics such as vases, golden scripts and other religious items, are being lost from the temples and other sacred places as many years back people knew the value of such items and took them. One such case was a sacred vase near a lake called Dangling Tsho in Shingkar Lauri in Samdrupjongkhar district. It was stolen by a man from Brami (Tawang, India). Unfortunately the vase became very heavy and the man fell sick because of the boon of the relic. The man then returned the vase to its original place but because it had become too heavy, he had to hide at a place called Murshing langnang, where the vase can be seen today. The community is planning to house it at a newly constructed community temple and display it to the public on auspicious occasions.

བསམ་གྲུབ་ལྗོངས་མཁར་ལའུ་རི་ལས་ ཕུརཔ་རྡོ་རྗེ་དང་རྡོ་རྗེ་ཚེ་རིང་གིས་ དྭངས་ལིང་མཚོའི་ཁྲོ་གི་སྐོར་ལས་བཤད་མི་ནང་ ང་བཅས་ར་ འབྲུག་གི་ལྷ་ཁང་དང་མཆོད་རྟེན་ཚུ་ལས་ གསེར་གྱི་ཁྲོ་དང་གསེར་བྲིས་མའི་དཔེ་ཆ་ དེ་ལས་གཞན་ཡང་ནང་རྟེན་རྩ་ཆེ་ཏོག་ཏོ་ལེ་ཤ་ཅིག་འབྱང་སྟོར་ཤོར་དོ་བཟུམ་སྦེ་ ཧེ་མ་ལའུ་རི་ལུ་ཡོད་པའི་དྭངས་ལིང་མཚོའི་སྦོ་ལོགས་ཁར་ཡོད་མི་ཁྲོ་དེ་ཡང་ བྲཱ་མི་ཅིག་གིས་ཨརཝ་བརྐུ་འབག་འགྱོ་བའི་སྐབས་ བདག་པོ་ཡོད་ནི་དེ་གིས་ ཁྲོ་འདི་གནམ་མེད་ས་མེད་ལྗིད་བཏགས་ཏེ་འབག་མ་ཚུགས་པའི་ཁར་ འབག་མི་དེ་ཡང་ཁ་ལས་བསྐྱུགས་ན་སྟེ་འབད་མ་ཚུགས་པར་ ལོག་སྟེ་སྐྱེལ་བར་འོངམ་ད་ནམ་ལངས་ཏེ་ ཧེ་མ་བཞག་སའི་ས་གནས་ཁར་ལྷོད་མ་ཚུགས་པར་ ད་ལྟོ་ཡོད་སའི་ས་གནས་མུར་ཤིང་ལང་ནང་ལུ་རྡོ་ཕུག་ཅིག་གུ་གཏམ་བཞག་སྟེ་ཡོདཔ་ད་ ཕུརཔ་རྡོ་རྗེ་གིས་བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ལྷ་ཁང་བཞེངས་དོ་ཡོད་མི་འདི་བསྒྲུབས་ཞིནམ་ལས་ མ་འོངས་པ་ལྷ་ཁང་ནང་བཞག་ནི་གི་འཆར་གཞི་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཕུར་པ་རྡོ་རྗེ་ Phurpa Dorji
    ལགས་སོ། ང་གི་མིང་ ཕུར་པ་རྡོ་རྗེ་ཟེར་ཞུ་ནི་ལགས། ད་ལྟོ་ང་ སྐྱེས་ལོ་འབད་བ་ཅིན་སུམ་ཅུ་སོ་དགུ་འགྱོ་ཡི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ད་ལྟོ་ང་གིས་ག་ཅི་ཞུ་ནི་སྨོ་ཟེར་བ་ཅིན་ ཁྲོའི་སྐོར་ལས་ལོ་རྒྱུས་ཆུང་ཀུ་ཅིག་ཞུ་གེ་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ང་བཅས་ར་ཧེ་མ་ཁྲོ་ཡོད་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ར་ཧེ་མ་ལུང་པ་ལུ་ བཙན་དྭངས་ལིང་དང་ བཙན་ཇོ་མོ་ཟེར་ གཉིས་གསོལཝ་ཨིན་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འ་ནཱི་གསོལ་བའི་ལོ་རྒྱུས་དང་ཁྲོའི་ལོ་རྒྱུས་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ར་ད་ལྟོ་ ང་བཅས་ར་གཡུས་ཁ་ སྒོམ་ཆེན་གཅིག་དང་ཨང་རྒས་གཅིག་ ཁོང་གཉིས་སྡོད་སྡོདཔ་ཨིན་པས་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་འ་ནཱི་བཙན་གསོལ་བའི་སྐབས་སུ་ དེ་ལས་ཁྲོ་འདི་ ཆང་ཡང་དེ་ནང་རང་བཙོ་ གཏོརཝ་ད་ཡང་ འ་ནཱི་སྒོམ་ཆེན་གྱིས་ དེ་ནང་ར་གཏོརཝ་ཨིན་མས་ལགས། ལོ་བསྟར་ཟླཝ་བརྒྱད་པའི་ཚེས་༡༨ ལུ་ ཨ་རྟག་ར་གཏོར་དོ་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་ཨ་ནཱ་ལས་ ང་བཅས་ཀྱིས་འདི་ ཧེ་མ་གཏོར་ས་མ་མཐོང་ལགས། ཧེ་མ་ཕམ་ཚུ་གིས་དེ་སྦེ་གཏོརཝ་ཨིན་ཟེར་གསུངས་དེས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་ དེ་འབདཝ་ད་ལུ་ ཁོ་སྒོམ་ཆེན་འདི་ མི་ཚུ་གིས་ཉེན་ཁ་ཅིག་ཁོ་ལུ་བཀལ་ཏེ་ ཡང་ན་ ངན་བཟུམ་ཅིག་ ཡང་ན་དུག་བཟུམ་ཅིག་ཁ་བཏང་སྟེ་མི་སེར་ཚུ་གིས་ ཁོ་རྩ་མེད་ཡར་སོང་ནུག་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    རྩ་མེད་འགྱོ་སྦེ་ ཤུལ་ལས་ ཁོང་གཉིས་ཆང་བཙོ་ དེ་ནང་རང་གཏོར་གཏོརཝ་སྦེ་ཞིནམ་ལས་ ཁོང་གཉིས་རྩ་མེད་འགྱོ་ཞིནམ་ལས་ གཏོར་མི་མེད་པ་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་ ལོ་དག་པ་ཅིག་འགྱོ་དོ་ཡོདཔ་མས། དེ་ལསན་ཏེ་ ལུང་པ་ཚུ་ལུ་ རྐྱེན་ངན་བར་ཆད་ཨ་ཙི་རེ་ཐོན་ཏེ་ ཕར་ཚུར་མོ་རེ་བཏབ་བལྟཝ་ད་ དོགས་པ་འདི་ལུ་ཕོག་སྟེ་ དེ་ལས་གནོད་མི་ཅིག་འབདཝ་ལས་ ད་ཁོ་བཞགཔ་ད་མི་བཏུབ་པས་ཟེར།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཧེ་མ་གསོལ་བའི་གསོལ་ཐངས་ཡང་ ཇོ་མོ་དང་དྭངས་ལིང་མཚོ་ཟེར་གསོལ་གསོལཝ་འབད་ནི་དེ་གིས་ དེ་ལས་འ་ནཱི་ཁྲོ་འདི་ མི་སེར་ཚུ་གིས་ ད་ལྟོ་ང་བཅས་ར་ནཱ་དྭངས་ལིང་མཚོ་ལུ་ ཡོད་ཡང་ཡོད་ལགས། ད་ལྟོ་འདི་སྐམ་སྟེ་ཡོད་ ཧེ་མ་ཐོན་ནི་འདི་ཐོན་ནུག
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་འབད་ནི་འདི་གིས་ ནཱ་ལུ་གནསཔོ་ ཡ་གསོལཝ་ད་ཡང་ ཧེ་མ་ཁྱོད་ལུ་གསོལ་གསོལཝ་ཨིན་ ཏེ་ད་ལྟོ་འབད་རུང་ ཁྲོ་འདི་ཁྱོད་ཀྱིས་ར་བདག་འཛིན་འབད་དགོ་ ཁྱོད་ལུ་ཕུལཝ་ཨིན་ཟེར་ ཕུལ་བཞག་བཞགཔ་མས་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་འབདཝ་ད་ ཤུལ་ལས་ཡར་ལས་ འབྲོག་པ་བྲཱ་མི་གཅིག་གིས་ ང་བཅས་ར་ནཱ་ཚོང་འབྲེལ་འཐབ་ནི་གི་དོན་ལས་ (གཡུས་སྐད་ལས་ ལ་ཉི་རུ་) འདྲཝ་བཏོན་པར་འོང་དོ་ཡོདཔ་མས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་ ནཱ་མཐོང་སྦེ་ ཨརཝ་རྐྱབ་འབག་ཡར་སོ་ནུག་ལགས། ཨརཝ་རྐྱབ་འབགཔ་ད་ཡང་ འབགཔ་ད་ལུ་ གནམ་མེད་ས་མེད་ ལྗིད་ཁོག་ཁོ་འགྱོ་སྟེ་ གནམ་མེད་ས་མེད་དཀའཝ་སྤྱད་དེ་ དེ་ལས་བྲཱ་མི་ ཁོ་རའི་ཁྱིམ་ནང་ལྷོད་འབདཝ་ད།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འ་ནཱི་འབདཝ་ད་ལུ་ ཁོ་ན་སྟེ་ གནམ་སེད་ས་མེད་ཁྲག་རང་སྐྱུག་སྟེ་ཤི་སོ་ནུག་ལགས། ཏེ་ཤིཝ་ད་ལུ་ ཏེ་བླམ་ཅིག་ཞུ་སྦེ་ སྤུན་ཆ་ཚུ་གིས་མོ་བཏབ་བལྟཝ་ད་ ཡ་འ་ནཱི་ཤི་མི་ཡང་ ཏེ་ཧེ་མའི་ཅ་ལ་གཅིག་ ཨརཝ་རྐྱབ་འབག་འོང་ནུག
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཡོདཔ་འདྲས་མེན་ན? ཟེར་མོ་ནང་ལས་འདི་བཟུམ་ཐོནམ་མས་ཟེར་ བླམ་གིས་གསུངསམ་ད་ལུ་ ཨིན་ཟེར་ ཤི་མི་གིས་འདི་བཟུམ་འབག་འོང་ནུག
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་ སྤུན་ཆ་ཚུ་གིས་བཏོན་འབདཝ་ད་ ཡ་དོ་རུང་འདི་བཟུམ་སྦེ་ཤི་ནིའི་ཉེན་ཁ་འདུག་ཟེར་ དེ་ལས་སྤུན་ཆ་ཚུ་གིས་འབག་སྟེ་ ལོག་ནཱ་སྐྱེལཝ་ད་ལུ་ ཧེ་མ་ཡར་འབགཔ་ད་ལྗིད་བཟུམ་མེན་པར་ གནམ་མེད་ས་མེད་ཡང་ཕྲོས་ཕྲོས་སྦེ་ ང་བཅས་ར་ཤོག་གུ་འབག་དོ་བཟུམ་ ཡང་ཕྲོས་ཕྲོས་འབད་ ཏེ་མར་འབག་འབགཔ་ཨིན་མས་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འབགཔ་ད་ དུས་ཚོད་ལུ་ ནཱ་དྭངས་ལིང་མཚོའི་སྦོ་ལོགས་ཁར་མ་ལྷོད་པར་ ང་བཅས་ར་མར་ ལའུ་རི་མཇུག་ལུ་ མུར་ཤིང་ལང་ནང་ཟེར་ས་ལུ་ བྱག་ཕུག་གཅིག་ཡོད་ལགས། ཏེ་དེ་ནང་ལྷོད་དེ་ཡོད་ དེ་ནང་བཞག་སྟེ་ཡོད།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་བཞགཔ་ད་ལུ་ཡང་ ང་བཅས་ཀྱིས་ལོ་རེ་ལུ་ཚར་རེ་ཚར་རེ་མཇལ་ནི་ཡོད་ལགས། མཇལཝ་ད་ལུ་ཡང་ ང་བཅས་ཀྱིས་རྟེན་འབྲེལ་བརྩིས་ ཁྲུས་གསོལ་རེ་འབད་བཞགཔ་ད་ལུ་ འདི་ལས་ཡང་ཁྲུས་ཆུ་བབས་ཏེ་ འ་ནཱི་བཟུམ་སྦེ་དངོས་གྲུབ་ལེགས་ཤོམ་སྦེ་གནངམ་ཨིན་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཛའི་་་་ རྟེན་འབྲེལ་ལེགས་ཅི་མས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ལགས་སོ། ང་གིས་ཡང་ གནམ་མེད་ས་མེད་ཁ་གསལ་ཧིང་གསལ་སྦེ་གནམ་མེད་ས་མེད་ཅིག་ཞུ་མི་ཚུགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཨིན་རུང་ ད་ང་ སྐྱེ་ས་ནཱ་ལའུ་རི་རང་ཨིན་ཟེར་ཞུ་ནི་ལགས། དེ་ལས་རྒེད་འོག་འདི་ཡང་ ནཱ་ལའུ་རི་རང་ཨིན་ཟེར་ཞུ་ནི།
  • རྡོ་རྗེ་ཚེ་རིང་ Dorji Tshering
    སྐྱེས་ལོ་འདི་ ང་ད་ལྟོ་ ༥༣ འགྱོ་དོ་ཟེར་ཞུ་ནི་ལགས། ཏེ་འ་ནཱི་ཁྲོ་འདི་ ཧེ་མ་ག་ཏེ་སྡོད་ཡི་ཟེར་བ་ཅིན་ ཧེ་མ་ནཱ་དྭངས་ལིང་མཚོ་ཟེར་ས་ལུ་སྡོད་ཡི་ཟེར་ཞུ་ནི་ལགས།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཏེ་འ་ནཱི་ ག་དེ་སྦེ་ནཱ་ལྷོད་ཅི་ཟེར་བ་ཅིན་ ཏེ་ཧེ་མ་ བྲཱ་མི་དང་བོདཔ་ཚུ་གིས་ ནུབ་མོ་ཡར་ ཨརཝ་རྐྱབ་བཏོན་འབག་སྦེ་ ཏེ་ཡར་ཤིང་མཁར་ལས་བརྒལ་མ་ཚུགས་པར་ དེ་ལས་ ལོག་མར་ཧེ་མའི་ས་གོ་ལུ་རང་།
  • རྡོ་རྗེ་ཚེ་རིང་ Dorji Tshering
    ཡར་འབགཔ་ད་ གནམ་མེད་ས་མེད་ལྗིད་ཁོག་ཁོ་འགྱོ་ ཁྲག་རང་སྐྱུག་སྟེ་ཤི་ནི་འབད་དེ་ ལོག་འབགཔ་ད་ལུ་ ནཱ་ཧེ་མའི་བཞག་སར་ལྷོད་མ་ཚུགས་པར་ ཁྲོ་ནཱ་ལུས་དགོ་པའི་འབྱུང་ཁུངས་ འདི་ཨིན་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ང་འདི་ད་ལྟོ་ ནཱ་ལའུ་རི་རྒེད་འོག་ ལའུ་རི་སྤྱི་འོག་གི་ཚོགས་པ་འབད་ཕྱག་ཞུ་དོ་ཟེར་ཞུ་ནི་ལགས། ད་ལྟོ་ནཱ་རྡོ་རྗེ་སློབ་དཔོན་གྱིས་ཞུ་བ་ཕུལ་དོ་བཟུམ་སྦེ་རང་ཨིན་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་ར་ ང་བཅས་རའི་ཁྲོ་འབྱུང་ཐངས་འདི་ ཧེ་མ་ནཱ་རྡོ་རྗེ་སློབ་དཔོན་གྱི་ཞུ་བ་ཕུལ་དོ་བཟུམ་སྦེ་རང་ ཡར་ཧེ་མ་དྭངས་ལིང་མཚོ་ཟེར་ ལྷ་ཁང་གཡོན་ཁ་ཐུག་ལུ་ དྭངས་ལིང་མཚོ་ཟེར་མི་ཅིག་འདུག་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་མགུ་ཏོ་ཁ་ལུ་ འ་ནཱི་བཟུམ་གྱི་ཕུག་ཅིག་སྡོད་ཅི་ འ་ནཱི་ཁྲོ་འདུག་ཟེར་ ཁོང་ཕམ་བཟངམོ་ཚུ་གིས་གསུངས་གནང་དེས་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་འ་ནཱི་འདི་ ག་ཅི་སྨོ་ཟེར་བ་ཅིན་ བྲཱ་མི་གཅིག་གིས་ ནཱ་ཨརཝ་རྐྱབ་པར་འོང་སྟེ་ ནཱ་ཧེ་མ་འདི་ང་བཅས་ར་ནཱ་ འབྲོག་པ་དང་ང་བཅས་རའི་གཡུས་ཁའི་མི་ཚུ་ ཡར་མར་སླ་བསྲེ་རྐྱབ་སྟེ་ ད་ལྟོ་ཡང་སླ་བསྲེ་རྐྱབ་དོ་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ག་ཅི་འབད་ཟེར་བ་ཅིན་ ཡར་ལས་མར་བཏོན་འབག་ ནཱ་ལས་འབྲུ་སྣ་རེ་འཚོལ་འབག་སྟེ་ དེ་སྦེ་འགྱོཝ་ཨིན་ལགས། ནཱ་གི་ནོར་རྫིཔ་ཚུ་གིས་མཐོང་སྦེ་ ཏེ་འ་ནཱི་བཟུམ་འདུག་ཟེར་ ལོ་རྒྱུས་ཅིག་སླབ་སླབ་ཨིན་པས་ ཁོང་གནསཔོ་དང་གཅིག་ཁར།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་འབདཝ་ད་ བྲཱ་མི་ཅིག་གིས་ དེ་ལས་ནཱ་ནུབ་མོ་ཨརཝ་རྐྱབ་པར་འོང་སྟེ་ ནཱ་ལས་ནུབ་མོ་ཨརཝ་རྐྱབ་འབག་ཡར་སོང་ནུག་ལགས་ཡར་ལྟ། འབག་འགྱོཝ་ད་ལུ་ ནཱ་ལས་འབག་ཡི་འབག་ཡི་ ང་བཅས་ར་ནཱ་རྒེད་འོག་ལས་ཡར་ འཇོམས་པ་ལས་འབད་ མའོ་སྦྱིན་ཟེར་ས་ལུ་ལྷོདཔ་ད།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འ་ནཱི་འདི་ འདི་གིས་ལྗིད་ཁོག་ཁོ་ཐལ་ཏེ་ ལྷོདཔ་ཅིག་ལས་ གནམ་ལང་ནི་འབདཝ་ལས་ ཁོ་རའི་ས་གནས་ཁར་ལྷོད་མ་ཚུགས་པར་ དེ་ལས་ ཁྲོ་འདི་བདག་པོ་ཡོདཔ་ལས་བརྟེན་ཏེ་ ཁྲོ་གི་སྲུང་མ་ཚུ་གིས་ ཨརཝ་རྐྱབ་མི་འདི་ ཁྲག་སྐྱུག་སྟེ་ ཡར་ལྷོད་མ་ཚུགས་པར་ ཤི་ནི་འབདཝ་ལས་ ཨའོ་་་་ འདི་ཡར་འབག་མི་ཚུགས་པས་ཟེར།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་ལོག་ཡར་སྐྱེལ་དགོ་པས་ཟེར་ དེ་ལས་ཁོ་གིས་ལོག་ཡར་སྐྱེལ་ འ་ནཱ་མར་ལས་གནམ་ལང་སྟེ་ ཡར་དྭངས་ལིང་མཚོ་ཟེར་ས་ ཧེ་མའི་བཞག་སར་ལྷོད་མ་ཚུགས་པར་ གནམ་ལང་སྟེ་ རོགས་མི་ཚུ་གིས་མཐོང་ནི་མས་ཟེར་ ནཱ་ཕུང་ལུ་བཞག་བཞགཔ་ཨིན་ཟེར་ལོ་རྒྱུས་གཅིག་གསུང་གནང་དེས་ཕམ་ཚུ་གིས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་དེ་འབདཝ་ད་ ད་ལྟོ་ཐད་ཁར་ལྷོདཔ་ད་ ལོ་མང་རབས་ཧ་ལམ་༨༠ དེ་ཅིག་གི་རྩིས་ཡར་སོངཔ་འོང་ནི་ཨིན་མས་ལགསས། གནམ་ལོ་ནམ་སྨོ་ཟེར་བ་ཅིན་ གནམ་ལོ་དེ་ཅིག་ཨིན་ཟེར་ཞུ་མི་ཤེས་པས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ལོ་འདི་ཧ་ལམ་༨༠ དེ་ཅིག་གི་རྩིས་སོང་ནུག་ཟེར་ཞུ་ནི་ལགས། དེ་འབདཝ་ད་ལུ་ ད་རེས་ནངས་པར་ ང་བཅས་ཀྱིས་ཕར་ཚུར་སྤོ་བཤུད་འབད་ནི་ཟེར་ བསམ་འཆར་ཅིག་མནོ་དོ་ལགས་ ང་གི་ཁ་ཐུག་ལས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ག་དེ་སྦེ་མནོཝ་སྨོ་ཟེར་བ་ཅིན་ གཙོ་བོ་ར་ ང་བཅས་རའི་མི་སྡེ་ནང་ལུ་ ཟ་ནི་ལང་ འཐུང་ནི་ལང་ ང་བཅས་རའི་འཚོ་བ་འདི་ རང་མགོ་རང་འདྲོངས་འགྱོ་མི་ཡང་ ཁོ་རའི་ནད་ཡམས་དམག་འཁྲུགས་མ་འོང་མི་ མི་སྡེ་ལུ་དངོས་གྲུབ་ལེགས་ཤོམ་སྦེ་གནང་སྟེ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་ ང་བཅས་ཀྱི་རྟེན་འབྲེལ་ ད་ཅི་ང་གིས་ སློབ་དཔོན་ལུ་ཞུ་བ་ཕུལ་དོ་བཟུམ་སྦེ་ར་ རྟེན་འབྲེལ་ལེགས་པ་ཅིན་ ནཱ་ལུ་འདི་ནང་ ཆུ་ག་གིས་ཡང་བླུགས་བླུགསཔ་མེད་པར་ རྒྱ་མཚོ་འདི་ ལྟེམ་ལྟེ་འོངམ་ཨིན་ རྟེན་འབྲེལ་མ་ལེགས་པ་ཅིན་ སྐམ་སྟེ་འོངམ་ཨིན་ཟེར་ ང་གིས་ད་ཅི་ཞུ་དོ་བཟུམ་སྦེ་ར།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ད་ལྟོ་འབདན་རྟེན་འབྲེལ་ལེགས་ཏེ་ ཆུ་ལྟེམ་ལྟེ་ར་འདུག་ཟེར་ཞུ་ནི། དེ་འབད་ནི་དེ་གིས་ ད་ལྟོ་ང་བཅས་ཀྱི་མི་སྡེའི་ལྷ་ཁང་འདི་ ཧེ་མ་ཕམ་བཟངམོ་ཚུ་གིས་བཞེངས་བཞག་མི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ལྷ་ཁང་འདི་ཉམས་ཆག་ཤོར་ཏེ་ ཚེ་ད་རེས་ལུ་ལྷོདཔ་ད་ མི་སེར་ལུ་ གཞུང་ལས་རོགས་རམ་གནང་ ང་བཅས་མི་སེར་ཚུ་གིས་ཞབས་ཏོག་ཞུ་སྦེ་ ཏེ་ལྷ་ཁང་གཞན་དང་མ་འདྲ་བའི་ལྷ་ཁང་ཅིག་བཞེངས་དོ་ཟེར་ཞུ་ནི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་འ་ནཱི་བཞེངས་ཚར་བའི་ཉིནམ་ལས་ ང་བཅས་ཚུ་གིས་ད་ འ་ནཱི་འདི་དེ་སྦེ་བཞགཔ་ད་མི་བཏུབ་པས་ཟེར་ ངའི་བསམ་འཆར་ཅིག་མནོ་དོ་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ག་ཅི་མནོཝ་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ལྷ་ཁང་ཚར་ཞིནམ་ལས་ ང་བཅས་ཀྱི་འ་ནཱི་ ད་ལྟོ་འབད་བ་ཅིན་ ག་གིས་ཡང་མཇལ་མི་ཚུགས་ཟེར་ཞུ་ནི་ ཁྲོ་འབད་ནི་དེ་གིས་ ང་བཅས་ར་བདག་པོ་ཡོདཔ་ལས་ རང་རྐྱངམ་ཅིག་འབད་འོང་རང་མི་ཚུགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འདྲོག་སྟེ་ དཀྲོགས་ར་མི་ཚུགས་ དེ་འབདཝ་ད་ ང་བཅས་རའི་རང་ཟླ་གསུམ་པ་ གནམ་གང་གི་ཚེ་ལུ་འདི་ རང་ཟླ་གསུམ་པའི་ཉེར་ལྔ་ལས་བཀའ་འགྱུར་ཆེན་མོ་ལྷག་སྟེ་ དགུ་སྟོང་གི་ཚེ་གྲོལ་ གནམ་གང་ལུ་བསྐོར་ཏེ་ ཆོས་བསྐོར་བཏང་དོ་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཆོས་འཁོར་བཏང་འབདཝ་ད་ལུ་ ལོ་རེ་ལུ་ཚར་རེ་ཚར་རེ་འདི་ འ་ནཱི་མཇལ་ཏེ་ ཁྲུས་གསོལ་ཅིག་གནང་སྦེ་ འ་ནཱི་འབད་ཞིནམ་ལས་རྐྱངམ་ཅིག་ ང་བཅས་ར་མཇལཝ་ཨིན་ཟེར་ཞུ་ནི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འ་ནཱི་འབད་ནི་དེ་གིས་ ད་ལས་ཕར་འདི་ ག་ཅི་མནོ་དོ་ཟེར་བ་ཅིན་ འ་ནཱི་ལྷ་ཁང་ ད་ཅི་གོང་ལུ་ཞུ་དོ་བཟུམ་སྦེ་རང་ ལྷ་ཁང་བསྒྲུབས་ཞིནམ་ལས་ ཡར་བླམ་རྩ་ཆེ་ཤོས་ཅིག་ཞུ་སྟེ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ང་བཅས་ཆ་ཁྱབ་ཀྱིས་བསྟུན་གྲོས་འབད་དེ་ ནཱ་ལས་ཡར་ ལྷ་ཁང་ལུ་གདན་འདྲེན་ཞུ་སྦེ་ ཡར་ལུ་གདན་དྲངས་ཏེ་ ང་བཅས་ཆ་ཁྱབ་ཀྱི་ ཡར་ལུ་རྟེན་བཟུམ་ཅིག་བསྒྲུབས་ཏེ་ ནང་ན་[སྐུ་ཕུང་?]བཟུམ་ཅིག་བཞེངས་ཏེ་ ནང་ན་སྒོ་དམ་སྟེ་ ཤེལ་ཁྲམ་བསྒྲིགས་སྦེ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་ལོ་རེ་ ཨ་རྟག་ར་དཀོན་གཉེར་གྱིས་མཆོད་པ་ཕུལ་ཏེ་ ནཱ་མི་གང་འབྱུང་མང་འབྱུང་སྦེ་མཇལ་ནི་མེད་པ་ ང་བཅས་ཀྱི་ལོ་རེ་ལུ་ ཚར་རེ་ཚར་རེ་ཟླཝ་དང་པ་དུས་ཆེན་སྦོམ་ ཚེས་བཅོ་ལྔའི་ཚེ་ལུ་ ཚར་རེ་ཚར་རེ་མཇལ་ནི་ཡོདཔ་ཅིག་བཟོ་ནི་ཟེར་ ང་རའི་བསམ་འཆར་མནོ་དོ་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ག་ཅི་སྨོ་ཟེར་བ་ཅིན་ ད་ང་བཅས་ར་དང་ཕུ་ ཕམ་ཆ་ཁྱབ་ཀྱིས་གསུང་མི་རྣ་རྒྱུན་ རྣམ་ཅོ་གིས་གོ་མི་ཅིག་ཞུ་བ་ཅིན་ ཁྲོ་འདི་ལོ་རེ་ལུ་ཚར་རེ་ཚར་རེ་ མཇལ་ནི་ཡོད་པའི་གོ་སྐབས་ཅིག་འདུག་ཟེར་ཞུ་ནི་ ང་གིས་དཔྱད་རིག་བཏང་པའི་བསྒང་ལུ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་འབདཝ་ད་ འདི་མཇལཝ་ད་ ང་བཅས་ཀྱི་རྟེན་འབྲེལ་ལེགས་ཤོམ་སྦེ་བཟང་ནི་ཨིནམ་པ་ཅིན་ འདི་ནང་ཆུ་ལྟེམ་ལྟེ་སྦེ་གང་སྟེ་འཕྱདཔ་ཨིན་ཟེར་ཞུ་ནི་ལགས། དེ་ལས་རྟེན་འབྲེལ་ངན་པ་འཕྱད་པ་ཅིན་ འདི་ནང་ཆུ་མེདཔ་སྦེ་འོང་ཟེར་ཞུ་ནི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་དེ་འབདཝ་ད་ ང་བཅས་རའི་གཡུས་ཁའི་མི་ཚུ་ ཏེ་ད་ཨ་ཙི་ཅིག་ བར་ཆད་རྐྱེན་ངན་ཆུང་ཀུ་རེ་འོང་སྟེ་ཡོད་པ་ཅིན་ འདི་ནང་ཆུ་མ་པ་ལས་རང་མེད་པར་ སྐམ་སྟེ་ཡོད་པ་ཅིན་ ང་བཅས་རའི་འཚོ་བ་གནས་སྟངས་ཡང་ གནམ་མེད་ས་མེད་ལེགས་ཤོམ་མེད་པའི་ཁ་ལུ་ ན་ན་ཚ་ཚ་ལེ་ཤ་འོངམ་ཨིན་ཟེར་ཞུ་ནི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་ལས་ ང་བཅས་ཀྱི་ད་ བདེ་བ་དང་སྐྱིདཔ་ལེགས་ཤོམ་ ན་ན་ཚ་ཚ་ག་ཅི་ཡང་མེད་པར་ བར་ཆད་མེད་པར་ལེགས་ཤོམ་ དགའ་བ་དང་སྐྱིདཔ་ཡོད་པ་ཅིན་ འདི་ནང་ཆུ་ རྟེན་འབྲེལ་ལེགས་ཤོམ་སྦེ་ ལྟེམ་ལྟེ་ཡོདཔ་སྦེ་འདུག་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་འབདཝ་ད་ལུ་ ང་བཅས་རའི་ རང་སའི་བར་ཆད་ལུ་ལྷོདཔ་ད་མཇལ་བ་འོང་པ་ཅིན་ བར་ཆད་ཡོད་པ་ཅིན་ འདི་ནང་ ཕམ་ཚུ་གིས་གསུངས་དེས་ལགས། ང་བཅས་ཀྱིས་འདི་མཐོང་མ་མྱོང་ཟེར་ཞུ་ནི་ལགས།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་འབདཝ་ད་ ཕམ་ཚུ་གིས་གསུང་མི་ནང་འདི་ འ་ནཱི་ནང་མཇལཝ་ད་ལུ་ སྦུལ་སྦོམ་གྱིས་བསྐོར་ཏེ་ཡོདཔ་སྦེ་འཕྱད་དེས་ཟེར་ ཕམ་བཟངམོ་ཚུ་གིས་གསུངས་དེས་ལགས། ཏེ་ད་ལྟོ་ང་རའི་དུས་སྐབས་ལུ་ལྷོདཔ་ད་འདི་ འ་ནཱི་མ་མཐོང་ཟེར་ཞུ་ནི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    དེ་འབད་ནི་དེ་གིས་ད་ལྟོ་ ང་བཅས་ནཱ་ལུ་ མཁས་མཆོག་མཆོག་ ང་བཅས་ར་ནཱ་བྱོནམ་སྦེ་ ནཱ་གཟིགས་གནངམ་ད་ལུ་ འ་ནཱི་ཆུ་འདི་ གནམ་མེད་ས་མེད་ རྟེན་འབྲེལ་ག་ནི་བ་བཟང་སྟེ་འདུག་ཟེར་ཞུ་ནི།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འབདཝ་ད་ལུ་ འདི་ནང་ལས་ཚུར་གདན་འདྲེན་ཞུ་འབག་འོངམ་ད་ལུ་ ཆུ་ཨ་ཙི་ཅིག་འབོ་ཡར་སོང་ཡི་ཟེར་ཞུ་ནི་ལགས། ཏེ་དེ་འབད་ནི་དེ་གིས་ ནཱ་ལས་ཕར་ར་འབད་རུང་ ང་བཅས་ཀྱི་ལྷ་ཁང་ལུ་ ཡར་གདན་འདྲེན་ཞུ་སྦེ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ཏེ་ང་བཅས་ཀྱི་ནཱ་ཚལ་མ་ནང་ལུ་ ཡང་ཅིན་ ཕྱག་མཆོདཔ་ཅིག་ཕུལ་ནི་མིན་འདུག ཏེ་འ་ནཱི་འབད་ནི་དེ་གིས་ བླམ་རྩ་ཆེ་ཤོས་ཅིག་ཞུ་སྦེ་ ནཱ་ལུ་བགེགས་བསྐྲོད་ཅིག་གནང་སྦེ་ དེ་ལས་ནཱ་ལྷ་ཁང་ནང་གདན་འདྲེན་ཞུ་སྦེ།
  • ཕུར་པ་རྡོ་རྗེ་ Phurpa Dorji
    ལྷ་ཁང་ལུ་ ཁོ་ལུ་བཞུགས་ཁྲི་ཅིག་ཕུལ་ཏེ་ ང་བཅས་ཀྱི་[སྐུ་པུར་?]ཅིག་བཞེངས་ཏེ་ ང་བཅས་ཀྱི་ལོ་རེ་ལུ་ཚར་རེ་ཚར་རེ་མཇལ་ནི་ཡོདཔ་ཅིག་ ང་བཅས་ཀྱི་ད་མ་འོངས་པ་ལུ་ བལྟ་བཤལ་བཟུམ་ཅིག་ ནཱ་ལུ་གཟིགས་བསྐོར་འབྱོན་ཏེ་འབད་རུང་ ག་འབྱོན་ཏེ་འབད་རུང་།
  • ཕུར་པ་རྡོ་རྗེ་ Phurpa Dorji
    འ་ནཱི་གི་གྲུབ་ཆུ་འདི་བཞེས་ཚུགས་པའི་ ཞུ་ཚུགས་པའི་ ང་བཅས་ཀྱི་ འདི་བཟུམ་མ་འོངས་པ་ ཨ་ལོ་ཚུ་ལུ་ཕན་པའི་ མི་སྡེ་ལུ་རང་མགོ་རང་འདྲོངས་ཚུགསཔ་ཀྱི་ ང་བཅས་ཀྱི་ ནད་ཡམས་མུ་གེ་མེད་པའི་ ལུང་པ་གི་རྟེན་བཟུམ་ཅིག་
  • ཕུར་པ་རྡོ་རྗེ་ Phurpa Dorji
    ང་བཅས་ཀྱི་ཕྱག་འཚལ་ས་ བསྐོར་ར་རྐྱབ་སའི་ས་གོ་ཅིག་འོང་ནི་མས་ཟེར་ ནངས་པར་གནངས་ཚེ་ ནཱ་ལྷ་ཁང་བསྒྲུབས་ཞིནམ་ལས་ ཡར་ཞུ་ནི་གི་ལས་རིམ་ཅིག་ཡོད་ཟེར་ཞུ་ནི་ལགས། ལགས་སོ། བཀའ་དྲིན་ཆེ།། །།