Skip to main content Skip to search
27 Jun 2018
4 min 24 sec
Video Overview
Creators: 
Sherig Dentshog

Fara Gönpa has limited written history. Lopen Phurpa Wangchuk settled there and looked after the gönpa. On his deathbed, he said we should stay and chant mani for benefit of all living beings, and we have been chanting Bazaguru and Mani ever since. For example, Ap Tshering Wangdi has been staying at Fara Gönpa for last ten years chanting Mani. At present there are 15-16 grandparents at Gönpa cared for by a Tshampa called Tshering.

པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ལུ་ཡོད་མི་ ཕ་ར་དགོན་པ་འདི་ གཡུས་ཁའི་མི་རྒས་ཤོས་ཚུ་ ཆོས་དང་འབྲེལ་བའི་ལཱ་་དེ་ཡང་ མ་ཎི་གྱང་སའི་ས་ ས་སྒོ་གཅིག་ཨིན་མས། དགོན་པ་འདི་ནམ་བཞེངས་ཡི་ག་ ག་གི་བཞེངས་བཞེངམ་ཨིན་ན་  མ་ཤེས་པས། ཤུལ་ལས་སློབ་དཔོན་ཕུར་པ་དབང་ཕྱུག་འདི་ གཡུས་འདི་ནང་གཞིས་བཅག་ཏེ་ ་དགོན་པ་འདི་བདག་འཛིན་འཐབ་གནང་ནུག། ཁོ་གཤགས་ནི་འབདཝ་ད་ལུ་ ཁོང་ཚུ་གེ་ར་ གཡུས་འདི་ནང་སྡོད་དགོ་ཟེར་སླབ་ནུག། དེ་འབདཝ་ལས་གཡུས་འདི་ནང་གི་ མི་ཚུ་ལཱ་གཞན་ག་ནི་ཡང་མེདཔ་ལས་ ཚེ་རིངམ་དང་ སེམས་ཅན་ཚུ་གི་དོན་ལུ་ ཉི་མ་དང་ཕྱི་རུ་མེད་པར་ མ་ཎི་དང་བྷཛ་གུ་རུ་ གྱང་སྡོདཔ་ཨིན་མས། ཨ་རྒས་ཚེ་རིང་དབང་འདུས་འདི་ ལྷ་ཁང་འདི་ནང་ མ་ཎི་གྱང་སྟེ་ལོ་བཅུ་ཐམ་དེ་ཅིག་ཡར་སོང་ནུག། ད་ལྟོ་ལྷ་ཁང་འདི་ནང་ མི་རྒན་རྒས་བཅོ་ལྔ་ཡང་ན་བཅུ་དྲུག་དེ་ཅིག་ ཚམ་པ་ཚི་རིང་གས་བདག་འཛིན་འབད་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཏེ་ ད་ལྟོ་ནཱ་ ལོ་རྒྱུས་ཨ་ཙི་ཅིག་ཞུ་ནི་ཡོད་ ད་ལྟོ་ པདྨ་དགའ་ཚལ་ཆ་འོག་ ཤུ་མར་རྒེད་འོག་ སྒོམ་ཆུ་ རྟེན་འབྲེལ་དབང་འདུས་ཀྱིས་ ལོ་རྒྱུས་ཨ་ཙི་ཅིག་ཞུ་ནི།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཏེ་ད་ལྟོ་ནཱ་ ཕ་ར་དགོན་པ་ཟེར་ས་ལུ་ ང་བཅས་མ་ཎི་བགྲང་པར་འཐོན་མི་འདི་ ཧེ་མ་ ཨ་ནཱི་དོམ་མཁར་བར་མ་ སློབ་དཔོན་བར་མ་གིས་བཅགས་ དགོན་པ་བཅགས་གནང་ནུག ཏེ་ད་ལྟོ་ ཨང་རྒས་ཨ་རྒས་ཚུ་ཡང་ནཱ་ལུ་ ཤི་ནི་ལུ་འདྲོག་སྟེ་ མ་ཎི་ཨ་ཙི་རེ་བགྲང་པར་འོང་ཡི། ལ་ལུ་གིས་དུང་ཕྱུར་འཐོན་ནུག ལ་ལུ་གིས་ས་ཡ་གཅིག་འཐོན་ནུག
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཏེ་ ལཱ་འདིན་ ག་ཅི་ཡང་མེད་ ང་བཅས་ཆ་ཁྱབ་ནཱ་སྡོད་སྦེ་ བཟའ་ནི་འཐུང་ནི་འདིན་ གཡུས་ཁའི་བསོད་ནམས་ཅན་ཚུ་གིས་ ཨ་ཙི་རེ་སྐྱེལ་བྱིན་ཏེ་ཟ་ འཐུང་སྦེ་ ག་ནི་བ་སྐྱིད་ཏོང་ཏོ་བྱུང་ཡི། རོགས་བསོད་བདེ་བསོད་ནམས་ཡོད་མི་ཚུ་གིས་ བཟའ་ནི་འཐུང་ནི་བྱིན་ཏེ་ ང་བཅས་ཆ་ཁྱབ་ ནཱ་ལུ་ག་ར་སྐྱིད་ཏོང་ཏོ་སྦེ་སྡོད་ཡོད།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཏེ་འདི་གི་ཐོག་ཁ་ལུ་ ང་བཅས་ག་ར་བདེཝ་སྐྱིདཔ་ཐོབ་སྟེ་ ཨང་རྒས་ཨ་རྒས་ ང་བཅས་ར་ཧ་ལམ་ བཅུ་བཞི་བཅོ་ལྔ་དེ་ཅིག་ བཅུ་དྲུག་དེ་ཅིག་ཡོད་ ད་ལྟོ་ནཱ་ མཚམས་པ་ཚེ་རིང་གཅིག་གིས་འགོ་འཁྲིད་འབད་དེ་ ང་བཅས་འ་ནཱིམ་ཅིག་སྡོད་ཡོད།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཏེ་ ནཱ་ག་ར་ སེམས་ཅན་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་ལས་ མ་ཎི་ཨ་ཙི་རེ་བགྲང་སྟེ་ བགྲང་སྟེ་སྡོད་ཡོད་ ཨང་རྒས་ཨ་རྒས་དག་པ་ཅི།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཏེ་དེ་ལས་ ང་ནཱ་ལུ་ལྷོད་དེ་ ལོ་བཅུ་ཐམ་་་ ལོ་བཅུ་ཐམ་དེ་ཅིག་སོང་ཡི་ ཏེ་ལོ་བཅུ་ཐམ་དེ་ཅིག་འགྱོཝ་ཅིག་ ད་རུང་ ཡར་བུམ་ཐང་ལས་ཡར་གནས་སྐོར་སོང་སྟེ་ ང་བཅས་མི་བཞི་གནས་སྐོར་འགྱོ་སྟེ་ ནཱ་ལས་ལམ་ཁར་ཞག་བཅུ་ཐམ་དེ་རེ་འགྱོ་སྟེ་ ལ་ལུ་ལམ་ཁར་ལྷོདཔ་ད་ན་སྟེ་ ནཱ་་་་ ཡར་བུམ་ཐང་དབང་ཆོས་གླིང་སྨན་ཁང་ནང་
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཞག་བཅུ་ཐམ་དེ་རེ་སྨན་ཁང་ནང་སྡོད་དེ་ ཏེ་དེ་ལས་ ཕར་ལས་དྲག་སྟེ་ འགྲོས་ཀྱིས་འབད་ལོག་མར་འོང་ ཕར་གནས་ཚུ་ཡང་ག་ར་བཤལ་ཏེ་ གནས་ག་ཅི་ཡོདཔ་ཅིག་བཤལ་ཏེ་ ང་བཅས་ཆ་ཁྱབ་ གནས་མཇལ་ཚར་ཏེ་ དེ་ལས་ མར་ལོག་འོངམ་ད་ལུ་ ང་བཅས་ཆ་ཁྱབ་ ལ་ལུ་གིས
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    སྣུམ་འཁོར་ནང་འབད་མ་ཚུགས་པར་ ལ་ལུ་ས་ཁ་ལས་རྐང་ཐང་སྦེ་འོང་ ལ་ལུ་སྣུམ་འཁོར་ནང་འོང་སྦེ་ ཏེ་ཡར་འགྱོཝ་ད་ཞག་བཅུ་ཐམ་དེ་རེ་འགོརཝ་ད་ལུ་ ས་ཁ་ལས་རྐང་ཐང་སྦེ་འགྱོ་སྟེ་ ང་བཅས་ཆ་ཁྱབ་གནམ་མེད་ས་མེད་དཀའཝ་སྤྱད་དེ་ ལུས་ཀྱི་སྒྲིབ་པ་དག་འོང་མནོ་ ས་ཁ་ལས་རྐང་ཐང་འགྱོ་ འ་ནི་སྦེ་དཀའཝ་སྤྱད་ཅི་ ཨང་རྒས་ཨ་རྒས་ཚུ་ཡང་།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཏེ་ སེམས་ཅན་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་ལས་ ང་བཅས་ཆ་ཁྱབ་དཀའཝ་སྤྱད་དེ་ འ་ནི་སྦེ་ཕན་ཐོགས་འོང་ཟེར་ ཤིཝ་ད་ལུ་ འ་ནཱི་འབད་འགྱོ་ཡི།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    དེ་ལས་ འ་ནཱ་ལས་ ད་རུང་ ང་བཅས་ཆ་ཁྱབ་ ཕར་ལས་རྫོགས་སྦེ་ ནཱ་ཕུ་ཉིང་ལས་ཡར་ལྟ་དང་ ཨ་བརྒྱ་ལས་ཡར་ལྟ་འགྱོ་ ཞག་ལྔ་ལྔ་དྲུག་དྲུག་དེ་ཅིག་གི་ས་ཁར་སོང་སྟེ་ དང་ཕུ་གུ་རུ་རིན་པོ་ཆེ་གིས་བཅགས་བཅགས་པའི་གནས་ག་ར་མཇལ་ཏེ།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཡར་བུམ་་་་་་་ ཨཧ་་་་་ ཨ་བརྒྱ་ལུ་ ཕུ་དེ་ཅིག་ཟེར་བའི་གནས་ག་ར་བཤལ་ཏེ་ ར་བསྐོར་ བར་བསྐོར་ རྩེ་བསྐོར་འབད་བསྐོར་ཏེ་ གནས་ག་ར་ ག་ཅི་ཡོདཔ་ སྒྲོམ་རྟེན་ག་ར་མཇལ་ཡི་ ཧེ་མ།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    གུ་རུ་རིན་པོ་ཆེ་གིས་ ག་ཅི་མཛད་མཛདཔ་ཅིག་ ང་བཅས་ཆ་ཁྱབ་ཀྱིས་མཇལ་ཏེ་ གཅིག་ཡང་བཀོ་མ་བཞག་པར་མཇལ་སྦེ་ ཏེ་ང་བཅས་ཆ་ཁྱབ་ལོག་སྟེ་ ཕུ་ཉིང་ལུ་ལྷོདཔ་ད་ལུ་ཡང་ ཕུ་ཉིང་གུ་རུ་བཞུགས་ས་ལུ།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ཧེ་མ་ གུ་རུ་ཁོ་ར་གི་གདན་ས་ལུ་བཞུགས་ཏེ་ དེ་ནང་ ཚུར་ཁར་ གུ་རུ་གིས་བདུད་ཆ་ཁྱབ་དམ་གནང་གནངམ་གི་འདུག ཕུ་ཉིང་ཟེར་ས་ལུ་འདི་ གུ་རུ་གི་དགོན་པ་སྦེ་བཞུགས་ནི་འདི་གིས།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ལྷ་ཁང་ རོགས་ དང་ཕུ་དང་ཕུ་གི་ལྷ་ཁང་ ག་ནི་བ་ མི་རྟེན་ ཚྭ་རྟེན་ ཏི་རུ་རྟེན་ ག་ར་རྟེན་ཚུ་ག་ར་མཇལ་ཏེ་ ཁོང་གི་གུ་རུ་གིས་མཛད་པའི་མ་ཎི་དུང་འཁོར་ ག་ར་མཇལ་ཡི། ང་བཅས་ཆ་ཁྱབ་ཕུ་ཉིང་ལུ་ཡང་འགྱོ་སྦེ་ ཏེ་ང་བཅས་མི་བཞི་ལྔ་དེ་ཅིག་སྡོད་ཅི་ དེ་བསྒང་ཡང་།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    ང་བཅས་ཆ་ཁྱབ་འ་ནེམ་ཅིག་སྦེ་བསྐོར་ཚར་སྦེ་ དེ་ལས་མར་ལོག་སྟེ་ ལམ་ཁར་ཡང་ཞག་དག་པ་ཅིག་འགོར་ཏེ་ དེ་ལས་འ་ནཱ་ལས་ལོགཔ་ད་ལུ་ ང་བཅས་ཆ་ཁྱབ་ ཆུ་བརྒལ་མ་ཚུགས་པར་ དེ་ལས་རོགས་ ཀེང་མཁརཔ་ཚུ་གིས་ རོགས་རྒོད་ཅན་ཚུ་གིས་ ང་བཅས་ཆ་ཁྱབ་ཡང་མར་བཏོན་ ཆུ་ལས་བཏོན་སྦེ།
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    དེ་ལས་ ནཱ་ཁ་ཐུག་ལུ་ལྷོད་དེ་ ང་བཅས་ཆ་ཁྱབ་ ཁྱིམ་ནང་འ་ནི་བཟུམ་སྦེ་ལྷོད་དེ་ དེ་ལས་ནཱ་ལྷོདཔ་ད་ལུ་ ང་བཅས་ཆ་ཁྱབ་ཀྱིས་ གཡུས་ཁ་ལུ་འ་ནཱི་བཟུམ་ཅིག་འདུག་ཟེར་ གནས་འ་ནཱི་བཟུམ་ཅིག་འདུག་ཟེར་
  • རྟེན་འབྲེལ་དབང་འདུས་/ Tendel Wangdi:
    དང་པོ་གུ་རུ་གིས་མཛད་མཛད་པའི་གནས་འ་ནཱི་འདུག སངས་རྒྱས་ཀྱིས་མཛད་པའི་གནས་ འ་ནཱི་ཅིག་འདུག་ཟེར་ ང་བཅས་ཆ་ཁྱབ་ཀྱིས་ནཱ་ལུ་ལོ་རྒྱུས་རེ་ ནཱ་གཡུས་ཁ་ལུ་ འ་ནཱི་བཟུམ་གྱི་ལོ་རྒྱུས་བཤད་དེ་ ང་བཅས་ཚུ་འ་ནེམ་ཅིག་སྦེ་ ཡ་དེ་ཅིག་སྦེ་མཇུག་བསྡུ་ཡི་ལགས།། །།