24 Aug 2018
23 min 21 sec
- ཚེ་དབང་ Tshewangའེང་ ང་བཅས་ནཱ་གི་ གཡུས་འདི་ ཏེ་ སྦྱི་མེད་ན་ཟེར་སླབ་ཨིན་ལགས་ སྦྱི་མེད་ན་ལས་ ཏེ་ ད་ ང་བཅས་ནཱ་ལུ་ སྦྱེ་མེད་ན་ཟེར་སླབ་ཨིན་ ནཱ་ལྷོདཔ་ད་གཡུས་ཀྱི་མིང་ལེ་ཤཱ་ཡོད་ མར་ལས་ཕར་འབད་བ་ཅིན་ ཕར་ལས་དཔལ་ལི་ལ་ བྱོགཔ་པའི་ས་ མར་སྦྱང་པོད་ ནཱ་འདི་གླིང་གཞི་ཁ་ཟེར་སླབ་ཨིན་ལགས་ གླིང་གཞི་ཁ་ཟེར་ དང་ཕུ་ ང་བཅས་མར་ལས་ལུ།
- ཚེ་དབང་ Tshewangབརྩིཔ་ད་ལུ་ མར་ལས་ གྱི་དཔ་ལྗོམ་དཔ་ཟེར་ སྤྱི་དཔོན་གཅིག་ དེ་ལསནི་ བྱོགཔ་པའི་སྤྱི་དཔོན་གཅིག་ གླིང་གཞི་པའི་སྤྱི་དཔོན་ ཡར་ལས་མཚོ་གོང་པའི་ སྤྱི་དཔོན་ཟེར་འབདཝ་ད་ དེ་བསྒང་སྤྱི་དཔོན་གཅིག་གི་ མི་སེར་ཨིན་མས་བ་ལགས་ནཱ་ལུ་ ཏེ་ འ་ནཱི་འབདཝ་ད་ལུ་ དེ་བསྒང་ ང་བཅས་ ང་གིས་ལོ་བཅུ་གསུམ་ལས་ ཏེ་ ཁྱིམ་ནང་གི་ འགན་འབག་སྟེ་གིས་སྦེ་ ལོ་བཅུ་གསུམ་ལུ་ ད་ལྟོ་མར་ཁ་ས་གྲབ་ཅུ་ལུ་ ཨ་མར་གྱི།
- ཚེ་དབང་ Tshewangཨིས་ཀུལ་(སློབ་གྲྭའི་)སྦུག་ལུ་ དང་ཕུ་གི་ རྒྱལ་པོའི་གླིང་ག་ཟེར་ ཡར་དང་མར་བྱོནམ་ད་ དེ་བསྒང་ཞབས་སྟོང་སྦེ་བྱོནམ་ད་ བཞུགས་སུ་གཅིག་ཡོད་བ་ ལོ་བཅུ་གསུམ་ལུ་ འ་ནཱ་ལུ་ འུར་ལཱ་རྐྱབ་ཅི་ལགས་ འདི་ནང་འུར་ལཱ་རྐྱབ་ མར་གྱི་གླིང་ག་བསྒྲུབས་ དེའི་སང་ཕོད་ལོ་བཅུ་བཞི་ལུ་ ད་ལྟོ་ལྕང་གླིང་མིའི་ཐང་གི་ ང་བཅས་ཡར་གྱི་ ཏེ་ ད་ལྟོ་རྫོང་ཁག་གི་ཡིག་ཚང་འདི།
- ཚེ་དབང་ Tshewangསྔོན་མ་མཚོ་ཆེན་རྒྱལ་པོ་གི་ ཚོང་ཁང་ཟེར་འབོཝ་ད་ འ་ནཱི་རྐྱབ་ད་ ལོ་བཅུ་བཞི་ལུ་ འ་ནཱ་ལུ་རྐྱབ་ཅི་ལགས་ ལོ་བཅུ་བཞི་འ་ཡར་འུར་ལཱ་རྐྱབ་ ཡར་ལུ་འུར་ལཱ་ཚུད་མ་ཚུད་མས་ ལོ་བཅུ་བཞི་འབདཝ་ད་ ཏེ་ འ་ནཱི་འབདཝ་ད་ ཁྱིམ་ནང་ལུ་ག་ར་ ཨམ་སྲུ་བུཚ་ཚུ་ཙང་ཙ་སྦེ་ ཏེ་ ཕོ་སྐྱེས་འདི་ང་བཅས་སྤུན་ཆ་གཉིས་ལས་བརྒལ་མེད་ ཁོ་དམག་མི་ནང་ སློབ་གྲྭ་ནང་ལས་ དམག་མི་ནང་ཡར་སོང་།
- ཚེ་དབང་ Tshewangཁོ་ཡང་སློབ་གྲྭ་ནང་རང་སྡོད་ནུག་ དམག་མི་ནང་མ་འགྱོ་བས་ འ་ནཱི་སྦེ་སྡོད་སྡོད་བར་ ཏེ་ ང་གིས་ ལོ་བཅུ་བཞི་ལུ་ ཡར་འུར་ལཱ་འགྱོ་ ཡར་ལས་གྲྭ་འཛིན་འབད་བཞག་མི་འདི་གིས་ ཏེ་ ཁྱོད་འུར་ལཱ་མི་ཚུད་པས་ ཏེ་ གཟུགས་ཆུང་མས་ཟེར་འབདཝ་ད་ ང་བཅས་འདྲན་འདྲ་སེལ་བཏངམ་ད་ མིའི་སྦུག་ལུ་ ང་བཅས་ཆ་མཉམ་འ་ནཱི་སྦེ་ལྷོང་བཞགཔ་ད་ ཏེ་ ང་གིས་ སྦུག་ལུ་རྡོ་གཅིག་འདུག་ འ་ནཱི་རྡོ་གུ་འཛེགས་འབད་སྦེ།
- ཚེ་དབང་ Tshewangཏེ་ ང་འ་ནཱི་སྦེ་གཞན་ཚུ་དང་འདྲན་འདྲ་སྦེ་སྡོདཔ་ད་ ཏེ་ ཁོ་ཡར་ལས་མར་བལྟཝ་ད་ འདྲན་འདྲ་སྦེ་མཐོང་ད་ནུག་བ་ལགས་ ག་ར་བསལ་བཏང་ད་ཡི་ ང་ཡར་འུར་ལཱ་བཞག་ཡི་ ཏེ་ ཡར་གྱི་འདི་ ཚང་ཚང་ཏེ་ཡར་ལུ་འུར་ལཱ་རྐྱབ་ སྡོད་སྦེ་ བྱཱར་ཐེངས་གཅིགཔོ་འདི་ཡར་རྐྱབ་ ཏེ་ དགུན་ལས་ ཏེ་ དེ་ལསནི་ ང་བཅས་ཀྱི་ལོ་བཅོ་ལྔ་ལུ་ ཡར་ལས་ ཡར་གྱི་འདི་རྐྱབ་མི་དགོ་བས་ དེ་བསྒང་ལས་འདི་སྒྲུབ་མས།
- ཚེ་དབང་ Tshewangལོ་བཅོ་ལྔ་ལུ་མར་ སྐྱབས་ཆ་ལས་ལུ་ འདི་བསྒང་ལས་ མར་ལས་ལམ་བསལ་ནཱ་མཐོང་ནུག་ འ་མར་ལུ་རྐྱབ་མས་ལགས་ མར་ལས་རྐྱབ་ དེ་ལསནི་ མར་ལས་སྦེ་ དེ་བསྒང་དྲུག་བསྡོམས་ཟེརཝ་ད་ལུ་ མི་དྲུག་གི་ལོ་ཕྱེད་རྐྱབ་དགོ་ལགས་ ཁྱིམ་ནང་ལུ་མི་དྲུག་ང་བཅས་ར་ཡོད་པ་ཅིན་ ལོ་གཅིག་ཁ་བ་རི་བ་ མི་རེ་ལུ་ ཟླཝ་གཉིས་གཉིས་ཕོགཔ་ཨིན་ལགས་དེ་བསྒང་།
- ཚེ་དབང་ Tshewangའ་ནཱི་མི་དྲུགཔ་འདི་གིས་ ལོ་གཅིག་རྐྱབ་ ཏེ་ མི་དྲུག་ལས་གསུམ་གཞན་ཁ་ལས་ཡོད་པ་ཅིན་ ཏེ་ ཕར་ལས་ཐོན་ ཕར་ལས་ལོ་གསུམ་ཟླཝ་དྲུག་ཕར་གྱི་རྐྱབ་ ཟླཝ་དྲུག་ནཱ་གིས་རྐྱབ་ ལོ་བཅུ་ ཟླཝ་བཅུ་གཉིས་ལོ་འཁོར་གཅིག་ལུ་ཟླཝ་བཅུ་གཉིས་ ཟླཝ་བཅུ་གཉིསཔོ་འདི་ ང་བཅས་ར་ལོ་བགོ་རྐྱབ་དགོ
- ཚེ་དབང་ Tshewangའ་ནཱི་སྦེ་སྡོད་ལོ་བཅོ་ལྔ་ལུ་མར་རྐྱབ་ བཅུ་དྲུག་ཟེརཝ་ད་ མར་ལས་སྦེ་ལམ་འདི་དེ་བསྒང་ལས་ ཡར་དུང་འབོ་བར་ལྷོད་སོང་ཡི་ལགས་ འ་ཡ་ དུང་འབོ་བར་ལྷོད་ཞིནམ་ལས་ ཏེ་ཡར་ལས་ སྐད་རབ་དཔྱལ་ཐེ་ཟེར་ མི་འདི་དེ་བསྒང་ལས་ ཏེ་ དམག་མི་གི་ གཙོ་འཛིན་འདི་ ཨཔ་ཁྱབ་བདག་གཤགས་མི་འདི་ཨིན་མས་ དེ་ལས་ གུང་བློན་བླམ་རྡོ་རྗེ་བུ་ བཞུགས་ནུག་བཞུགས་ནི་འདི་ ཨིན་རུང་རང་ ཏེ་ གཙོ་འཛིན་འདི་ཁོ་ཨིན།
- ཚེ་དབང་ Tshewangའ་ནཱ་ལས་ ཏེ་ ང་ལོ་བཅུ་དྲུག་ལས་ ང་ཡར་ལས་བསྟན་སྐྱོང་གླིང་དམག་ནང་ཡར་སོང་ཡི་ལགས་ བསྟན་སྐྱོང་གླིང་དམག་ནང་སྡོད་དེ་གིས་སྦེ་ ཏེ་ མར་ཟླཝ་དྲུག་ལྷགཔ་ ཟླཝ་དྲུག་ལངམ་ཅིག་ ང་བཅས་ཟླཝ་དྲུག་ཕར་ དམག་སྦྱོང་འབད་ད་རུང་ཡང་ ཏེ་ དེ་བསྒང་ དྲག་ཤོས་ འ་ནཱི་ ད་ལྟོ་མར་ ཀ་ལོ་ཁོ་ལ་ཡོད་དྲག་ཤོས་ ཧ་རི་ཟེར་མི་གཅིག་ཡོད་བ་ལགས་ འ་ནཱི་ཧ་རི་ཟེར་མི་འདི་གི་འོག་ལུ་ ཏེ་ ཁོ་ འགོ་པ་སྦེ་སྡོད་ནུག་ ང་བཅས་ཕར་དམག་མི་ལྷབ་ འ་ནཱི་སྦེ་འབདཝ་ད།
- ཚེ་དབང་ Tshewangཕར་སྡོདཔ་ད་ ང་བཅས་ དེ་བསྒང་ང་བཅས་ལུ་ལྟོ་ལོབ་(དངུལ་ཕོགས) ཏི་རུ་བཅུ་ཐམ་མས་ལགས་ ལྟོ་ལོབ་འདི་ཏི་རུ་བཅུ་ཐམ་ དེ་བསྒང་ལས་ ཨ་ནཱི་ཨིན་ཌའི་(རྒྱ་གར)ཏི་རུ་ཤོག་ཀུ་འདི་ འཐོན་སོང་ནུག་ ལྟོ་ལོབ་ཏི་རུ་བཅུ་ཐམ་ འདི་གུ་ཤ་འཐུས་ཏི་རུ་གཉིས་ ཨིན་ཌའི་ཏི་རུ་ རྐྱང་ལོར་ འོ་་་ གཉིས་ལོར་རེ་བྱིན་འོང་ འ་ནཱི་ཤ་འཐུས་མས། ཏེ་ འ་ནཱི་སྦེ་ང་བཅས་བསྟན་སྐྱོང་གླིང་ལུ་ འ་ནཱི་སྦེ་སྡོདཔ་ད་ ལྷབ་སྡོད་སྡོདཔ་བར་ར།
- ཚེ་དབང་ Tshewangཏེ་ ཕར་ལས་སྦེ་ ཏེ་ ཕར་སྡོདཔ་ ཕར་ལས་ སྤ་ཏེ་དེ་བསྒང་ ད་རེས་ཀྱི་ཏི་རུ་སྟོང་ཕྲག་བ་འདི་ ང་གིས་ ཏི་རུ་ ཡུདཔ་ཅིག་ ཏི་རུ་གཅིག་ཤུགས་ཆེ་ནི་མས་ འ་ནཱི་སྦེ་སྡོད་སྡོད་བར་རང་ ང་བཅས་བསྟན་སྐྱོང་གླིང་སྡོད་དེ་གིས་སྦེ་ འ་ནཱི་སྦེ་སྡོདཔ་ད་ ཕར་ལས་མར་བ་ལྗོ་འགྱོཝ་ད་ ང་བཅས་ཀྱི་ ཏི་རུ་གཉིསཔོ་འདི་ ཧེམ་མའི་ནང་བཙུགས་འབག་སྦེ་ ང་བཅས་ཁ་བསྡོམ་འགྱོ་བ་ཅིན་ ཐ་ལ་གཅིག་ཨེ་མ་ཉོ་བ་ཅིན་ ད་རེས་འབད་བ་ཅིན་ ཀེ་ཇི་གང་ཨིན་མས་ ཏེ།
- ཚེ་དབང་ Tshewangཤར་གྱི་བྲེ་སྦོམ་ཤོས་འ་ནེམ་རེ་སྡོད་ནི་འདུག་བ་ འ་བྲེ་ཟེར་མི་འདི་ལགས་ ཤན་མ་རྐྱབ་ཅིག་ འ་ནཱི་བྲེ་བདུན་བདུན་རེ་བྱིན་མས་ལགས་ བྲེ་བདུནམ་འདི་གི་ ང་བཅས་ཟླཝ་གཅིག་ཟ་མི་ཚར་བས་ ཐ་ལ་གཅིག་གི་ཨེ་མ་འདི་གི་ ཏེ་ འ་ནཱི་སྦེ་ ཏེ་ བསྟན་སྐྱོང་གླིང་ལུ་ ཕར་ལས་ དམག་མི་ཚང་ཚང་ཕར་སྡོད་ ཕར་ལས་དམག་མི་ཚངམ་ཅིག་ ཏེ་ དེ་ལསནི་ ང་བཅས་གསན་ཁར་(?)བཏང་པའི་བསྒང་ལས་ ལ་ལུ་ས་ཙི་ཁ་ཡར་སོང་ཡི།
- ཚེ་དབང་ Tshewangལ་ལུ་ཕར་དུང་རལ་ནང་གི་ ང་སྤ་རོ་དུང་རལ་ནང་གི་ ཚར་གཅིག་ཕོགཔ་ཅི་ དུང་རལ་ནང་ལས་ ཁྱབ་བདག་གཤགས་མི་འདི་གིས་བཏང་མ་བཏུབ་ ཁྱོད་བ་ཛ་ཝ་ལ་ནང་འཛུལ་ཤིག་ཟེར་ ཏེ་ བ་ཛ་ཝ་ལ་ནང་སྡོད་ཅི་ལགས་ བ་ཛ་ཝ་ལ་ནང་ལུ་ཡང་ ཡུདཔ་ཅིག་ ལོ་གཉིས་གསུམ་ཅིག་སྡོདཔ་ཅིག་ ཏེ་ འ་ནཱ་ལུ་ལོ་གཉིས་གསུམ་ཅིག་སྡོད་ བྷ་ཛ་ཝ་ལ་ནང་ཕར་སྡོདཔ་ད་ དེ་ལསནི་ཕར་ལས་སྦེ་ ང་བཅས་ཐིམ་ཕུག་བཏང་ད་ཡི།
- ཚེ་དབང་ Tshewangཐིམ་ཕུག་བཏང་ ལོག་ཐིམ་ཕུག་འོང་པའི་བསྒང་ལསནི་ ཏེ་ ང་བཅས་རེ་མར་ལུང་བསྟན་ཕུག་ རེ་ཡར་རྫོང་ནང་བཞག་ འ་ནཱི་སྦེ་འབད་དགོ་རུང་ ཏེ་ མར་ལས་ ཨིན་ཌི་ཡ་༼རྒྱ་གར༽གིས་ མར་ལས་རོགས་ ཏེ་ ཨཔ་ པཱན་ཇབ་གཅིག་ཡོད་ པཱན་ཇབ་དེ་དང་གཅིག་ཁར་དོ་རུང་ འེ་་་ རྒྱ་གར་གྱི་དམག་མི་རང་ཨིན་མས་ འ་ནཱི་སློབ་དཔོན་ཅིག་སྦེ་ ཏེ་ ང་བཅས་ཧཱ་ལུ་སློབ་སྦྱོང་འབད་བར་བཏང་ད་ཡི་ལགས།
- ཚེ་དབང་ Tshewangཕར་ལུ་ དམག་མི་གི་འ་ནཱི་ training (སློབ་སྦྱོང་)རྐྱབ་ ཕར་ལས་སྦྱོང་བརྡར་རྐྱབ་ ཏེ་ ང་བཅས་འ་ནཱི་སྦེ་ ཕར་ལུ་ ཕར་སློབ་སྦྱོང་རྐྱབ་སར་ ཕར་རྟག་བུ་ནཱ་བུ་སྡོད་ནི་མིན་འདུག་ ནཱ་ དགའ་སྟོན་རནམ་ཅིག་ སྤ་རོ་དགའ་སྟོན་རནམ་ཅིག་ ཕར་ལས་ཚུར་རྐང་སྟོང་སྦེ་ ནཱ་ དགའ་སྟོན་འབད་བར་འོང་དགོ་ལགས་ ཞབས་ཁྲ་རྐྱབ་པར་འོང་དགོ་ བ་ཛ་འཕུ་བ་འོང་དགོ་ འ་ནཱི་སྦེ་རེ་ཞབས་ཁྲ་རྐྱབ་ རེ་བྷ་ཛ་འཕུ་ ཕར་ལས་སྦེ་ནཱ་འོང་།
- ཚེ་དབང་ Tshewangནཱ་ལས་ དོ་རུང་ལོག་ ནཱ་གི་དགའ་སྟོན་གྲོལཝ་ཅིག་ཕར་འགྱོ་ འ་ནཱི་སྦེ་སྟེ་ ཕར་དང་ཚུར་འ་ནཱི་སྦེ་སྡོད་སྡོདཔ་བར་ དེ་ལསནི་ ཏེ་ ཁྱིམ་ནང་ལུ་ ཏེ་ ང་བཅས་སྤུན་ཆ་གཉིས་ལས་བརྒལ་མེད་ ཁོ་དམག་མི་ནང་སྦེ་ ང་གིས་ ཏེ་ དྲུག་བཅུ་ དབྱིན་ལོ་གཅིག་སྟོང་དགུ་བརྒྱ་དྲུག་བཅུ་རེ་བརྒྱད་ལས་ ཏེ་ ང་གིས་ ཏེ་ད་ དགོངསམ་ཞུ་དགོ་བས་ཟེར་ འབད་ཞིནམ་ལས་ ཏེ་ དགོངསམ་ཞུ་ འ་ནཱ་ལས་དགོངསམ་ཞུ་ཡི་ དགོངསམ་ཞུ་ ལོ་བརྒྱད་འདི་ དམག་མི་ནང་རང་སྡོད་ད་ནུག་ལགས།
- ཚེ་དབང་ Tshewangལོ་བརྒྱད་དགུ་འདི་ ཏེ་ འ་ནཱི་སྦེ་ དྲུག་བཅུ་རེ་ལྔ་ལས་དགོངསམ་ཞུ་ ཏེ་ གཡུས་ཁར་འོང་ གཡུས་ཁར་སྡོད་ ཏེ་ དེ་བསྒང་ལས་ ཏེ་ ང་བཅས་ ཁོང་ཨམ་སྲུ་ཙང་ཙ་སྦེ་ འ་ནཱི་སྦེ་འབད་ཞིནམ་ལས་ ཏེ་ གཡུས་ཁར་ལུ་འོང་ ཏེ་ ཕར་ལས་འོང་ འོ་་་ དྲུག་བཅུ་ལུ་ འ་་་ ནཱ་ལུ་གཡུས་ཁར་འོང་འབད་བའི་བསྒང་ལས་ ཏེ་ དམག་མི་གི་ཡིག་ཆ་དེ་བསྒང་ འ་ནཱི་ དཔལ་བེའུ་ལོ་ཟེར་ ཆ་མཉམ་ ཡིག་ཆ་འ་ནཱི་སྦེ་ཆུང་ཀུ་སྦེ་འདུག་སྦ་ལགས།
- ཚེ་དབང་ Tshewangའ་ནཱི་ཚུ་ཆ་མཉམ་འབག་འོང་ ནེམ་འབད་ཡིག་ཆ་འདི་འབག་འོང་ ང་བཅས་ནེ་སྦེ་སྡོད་སྡོདཔ་བར་ ཏེ་ དེ་ལསནི་ གཡུས་ཁར་ལྷོད་ཞིནམ་ལས་ ཏེ་ད་ ཁྱོད་ ཁྲལ་རྒྱུགནི་རྒྱུག་དགོ་པས་ འདི་ནང་ལུ་ ཏེ་ ཨམ་སྲུ་བུ་ཚུ་ཡོད་རུང་ དེ་སྦེ་འབད་རུང་ཡང་ ཏེ་ ཁྱོད་ཏེ་ གཞུང་གཡོག་ནང་ལྟོ་ཐོབ་ཅིག་འབད་དོ་བ་ ཏེ་ད་ ཐིམ་ཕུག་ལུ་ དེ་བསྒང་ང་བཅས་སྤྱི་དཔོན་གོངམ་འོགམ་ཟེར་ཡོདཔ་ཨིན་ འ་ནཱི་དེ་བསྒང་སྤུ་ན་ཁ་གི་ཚུ་ཡང་ནཱ།
- ཚེ་དབང་ Tshewangཏེ་ ཁྱལ་འཐུས་ནཱ་ཐིམ་ཕུག་རྒྱུག་དགོ་ལགས་ ང་བཅས་ཐིམ་ཕུག་རྒྱུག་དགོ་མི་འདི་ མཚོ་ཆེན་ཆ་ཁྱབ་ཀྱིས་ ཏེ་ ནཱ་ལས་དགུན་ འ་་་ ད་ཚེ་འ་ནེམ་ཅིག་ཁར་ལས་ ཟླཝ་གསུམ་པའི་ནང་ལས་ ཕར་ལས་ནཱ་གཞི་འོང་མས་ལགས་ ནཱ་སྡོད་ དེ་ལས་ནཱ་ལས་ཟླཝ་ དགུཔ་བཅུཔ་པའི་ནང་ལས་གཞི་ཕར་འགྱོ་ ནཱ་ལས་ཕར་ཞག་གཉིས་གསུམ་སྡོད་ ཕར་ལས་ཚུར་ཡང་ འ་ནཱི་སྦེ་སྡོད་འབད་སྦེ་ ཏེ་ མང་སུ་ནཱ་སྡོད་ནི་མིན་འདུག་ལགས།
- ཚེ་དབང་ Tshewangཕར་དང་ཚུར་འ་ནཱི་སྦེ་འགྱོ་སྟེ་རང་སྡོད་དགོ་པས་ ནཱ་བཀའ་འཐོན་ཕར་འགྱོ་ དེ་ལསནི་ཕར་གྱི་ ཏེ་ ལྕང་ལཱ་མ་རནམ་ཅིག་ལས་ ཏེ་ ནཱ་འོང་ ནཱ་སྡོད་མི་གིས་ནཱ་སྡོད་ ཕར་ལྕང་ལཱ་རྐྱབ་མི་ལྕང་ལཱ་རྐྱབ་འབད་སྦེ་ ཏེ་ འ་ནཱི་སྦེ་རང་སྡོད་ ང་བཅས་ཕར་དང་ཚུར་འ་ནཱི་སྦེ་སྡོད་འབད་ཞིནམ་ལས་ ཏེ་ ཐིམ་ཕུག་སྡོད་ཟེར་ ཐིམ་ཕུག་སྡོད་ ཏེ་ དྲུག་བཅུ་རེ་བརྒྱད་ལུ་ སྤ་རོ་ལས་མར་ ཐིམ་ཕུག་ལས་མར་ ཆུ་རུད་ཚར་གཅིག་འཐོན་ཡི་བུ་ལགས་ ཆུ་བར་ཆུ་ལས་མར་ལུ།
- ཚེ་དབང་ Tshewangདེ་བསྒང་ལས་ ནཱ་སློབ་གྲྭ་ནང་བཞུགས་བཞུགསཔ་འོང་ཌག་ཊར་བུ་ འ་ནཱི་ཆུ་རུད་འཐོནམ་ད་ ང་བཅས་ཆུ་བར་ཆུ་འ་ནཱི་ མཆོད་རྟེན་སྦོམ་འདི་གི་འ་ནཱ་ སྒར་ནཱ་སྡོད་སྡོད་སྦེ་ ང་བཅས་ ཕོ་ ཨམ་སྲུ་གི་ཕོ་རྒནམ་ ལཱ་རྒྱབ་གཅིག་ཡོདཔ་ཨིན་ འ་ནཱ་སྡོད་སྡོད་བར་ཆུ་རུད་འཐོན་ ཏེ་དེ་ལསནི་ དམག་མི་གི་ཡིག་ཆ་ཆ་མཉམ་ ཏེ་ ཆ་མཉམ་ཆུ་གིས་ འབག་ཡར་སོང་ཡི་ ཅ་ལ་ཡང་ཆ་མཉམ་ཆུ་གིས་ འབག་ཆིས་ལགས་ང་བཅས་ ཁོང་གི་ ཏེ་ཁྱིམ་དང་།
- ཚེ་དབང་ Tshewangཡུདཔ་ཅིག་ཆུ་རུད་ཐོནམ་ད་ ཆུ་ཆ་མཉམ་འ་ནཱི་སྦེ་འབག་ཡར་སོང་ཞིནམ་ལས་ ཏེ་ ད་ལྟོ་དམག་མི་གི་ ཅ་ཆས་ཚུ་ག་ནཱི་ཡང་མེད་ང་ལུ་ ཏེ་ འ་ནཱི་སྦེ་སྡོད་ དེ་སྦེ་སྡོད་སྡོད་བར་རང་ ཏེ་ འ་་་ལོ་ དྲུག་བདུན་དེ་ཅིག་དམངས་ཀྱི་ ལཱ་འབད་འ་ནཱི་སྦེ་སྡོད་ དམངས་ཀྱི་ལཱ་འབད་དེ་གིས་སྦེ་ ཏེ་ ང་བཅས་ཕར་དང་ཚུར་ ཏེ་ འབྲེལ་ཏེ་རང་སྡོད་ དྲག་ཤོས་ལམ་དཔོན་སྤ་རོ་སྐུ་ཞོགས་འབད་བའི་བསྒང་ལསནི་ ཏེ་ ང་བཅས་འ་ནཱི་ སྦྱི་མེད་རོང་ཆུ་ཡོད་བུ་ལགས།
- ཚེ་དབང་ Tshewangའ་ནཱི་སྦྱི་མེད་རོང་ཆུ་གི་བཅད་པའི་བསྒང་ལས་ ཏེ་ སྤོ་རོ་གི་ཁྱལ་ ཏེ་ ཝང་གི་ཁྱལ་ཡང་ཨིན་པས་ མར་ད་ལྟོ་ཆུ་ འ་ནཱ་ ཚ་ལུང་ཆུ་ཕར་སྐབས་ཚུར་སྐབས་ཟེར་ཡོད་བ་ལགས་ ཡར་ལས་མར་ལུ་ འ་ནཱི་སྦྱི་མེད་རོང་ཆུ་བཅད་སྤ་རོ་ཨིན་ ཏེ་ དེ་བསྒང་ཝང་གི་ཁྱལཔ་ཚུ་ཡང་ཕར་བཙུགས་ འ་ནཱི་སྦེ་ཡར་སོང་ཡི་ ཏེ་ ང་བཅས་ལ་ལུ་ཁྱིམ་ཕར་སྦེ་ ས་མེད་ ཏེ་ ཁྱིམ་དེ་སྦེ་འབད་མི་ཚུ་ ཏེ་ ང་བཅས་ཐོན་འགྱོ་བའི་བར་ཡང་འགྱོ་ལོག་མེད་པར་ ཏེ་ ཕར་ལས་ཚུར།
- ཚེ་དབང་ Tshewangཨ་ཕར་ གཏན་ཅི་ཁ་ལས་ཚུར་ བྱག་འོགཔ་ཚུ་ སྤ་རོཔ་འདི་ཚུ་འོང་ ཏེ་ ད་ལྟོ་ཕྱེད་ཀ་འ་ནཱི་སྦེ་རང་ཡོད་བ་ལགས་ ཨ་མར་ལས་མར་ ཏེ་ཨ་མར་ ད་ལྟོ་ གྱི་དར་ཀོངམ་གྱི་ Hydel (གློག་མེ་)ཟེར་འབདཝ་ད་ གློག་མེ་ཕར་ཁར་ལས་སྦེ་ཚུར་ པུ་ར་(ག་ར་)ང་བཅས་ས་ཨིན་ ནཱ་གི་འདི་ཨམ་སྲུའི་ས་ཨིན་ མར་གྱི་འདི་ ངེའི་ས་མར་ཡོད་ལགས་ འ་ནཱི་སྦེ་ཆུ་གི་བཅད་ང་བཅས་ འ་ནཱི་སྦེ་ཚུད་ ཏེ་ ཕར་དང་ཚུར་འབད་བའི་བསྒང་ལས་འདི་ ཏེ་ ནཱ་གི་ཆ་ཁྱབ་ས་ཡང་ཕར།
- ཚེ་དབང་ Tshewangལ་ལུ་ཅིག་འདི་ ཁྱལ་ཕྱེད་ཀ་རྐྱབ་ མི་ལ་ལུ་གི་ཕར་འགྱོ་ ལ་ལུ་གི་ནཱ་རྒྱུག་འབད་སྦེ་ ད་ལྟོ་འ་ནཱི་སྦེ་རང་ཡོད་ནཱ་གི་ ཝང་ཆ་ཁྱབ་འདི་ ཏེ་ དང་ཕུའི་དཔྱེ་གཏམ་སླབ་ཡང་སླབ་མས་ དགུན་སུ་ཝང་གི་རྟིང་མ་བདའ་ བྱཱར་སུ་ཤར་གྱི་རྟིང་མ་བདའ་ཟེར་ བྱཱར་སུ་ཤར་གྱི་རྟིང་བདའ་བ་ཅིན་ ཤར་ལ་ལུ་མཁོ་ཐང་ཁ་ ལ་ལུ་སྟོད་པའི་ས་ ལ་ལུ་ཕོག་སྦྱིས་ཁ་ལས་ཕར་ཡར་སོང་འབད་སྦེ་ ཤར་བདའ་མ་འཛིན་མི་འདི་ འ་ནཱི་ཨིན་མས།
- ཚེ་དབང་ Tshewangདགུན་སུ་ཝང་བདའ་མ་འཛིན་མི་འདི་ ཝང་ལ་ལུ་གར་སེ་ལུ་སྦེ་ ལ་ལུ་ཕར་ཤར་གྱི་ཧོངས་ལས་ ལ་ལུ་ནཱ་སྟག་མེད་དམ་ཅུང་ལས་འབད་སྦེ་ ང་བཅས་ཝང་བདའ་མ་འཛིན་མི་འདི་ ཁུངས་འདི་འ་ནཱི་སྦེ་ཨིན་མས་ལགས་ ཏེ་ ཨིནམ་ད་ལུ་ ད་འདི་ཏེ་ད་གཞུང་དྲིན་ཆེ་ ང་བཅས་ ཏེ་ ད་ ཁོང་ར་ཡབ་སྲས་རིམ་བརྒྱུད་ཚུ་གིས་ ཏེ་རྒྱལཔོ་འདི་ཚུ་ ད་ གཅིག་བ་གཅིག་བྱམས་བརྩེ་ཆེ་ གཅིག་བ་གཅིག་ནེམ་སྦེ་ འབྲུག་རྒྱལ་གསུམ་པའི་སྐབས་ལུ།
- ཚེ་དབང་ Tshewangང་གིས་འ་ནཱི་སྦེ་ལྟཝ་ད་ ད་ རྒྱལཔོ་རིམ་ཐེངས་གསུམ་ཡར་སོང་ཡི་ལགས་ རིམ་ཐེངས་གསུམ་འགྱོ་དགོ་མི་འདི་ འཇིགས་མེད་རྡོ་རྗེའི་སྐབས་ལས་ དངཔ་དམག་མི་ནང་སྡོད་ཡི་ གཉིས་པ་ལུ་ ཁྱལ་འཐུས་རྒྱུག་ དམངས་ཀྱི་ལཱ་ཅིག་འབད་ ང་གིས་སྤྱི་དཔོན་ ཏེ་ གོང་མའི་ལཱ་འབད་དེ་གིས་སྦེ་ ཡིག་གུ་ཨ་ཙི་མ་ཤེས་རུང་ ཏེ་ དམངས་ཀྱིས་འགན་ཁག་བཀལ་ འ་ནཱི་སྦེ་རྒྱུག་སྟེ་གིས་སྦེ་ ཏེ་ ལོ་མང་ཧི་རྫོགསཔ་ཅིག་ འ་ནཱི་སྦེ་རྒྱུག་སྡོད་ཅི།
- ཚེ་དབང་ Tshewangཨིན་རུང་ཡང་ ཏེ་ ང་བཅས་འ་ནཱི་ད་ལྟོ་ ཚར་ཅིག་ཞུ་དོ་བཟུམ་སྦེ་ འགྲོས་ཀྱིས་འགྲོས་ཀྱིས་ ཏེ་ ཞུ་བསྡོམས་འདི་ཚུ་ ཏེ་ ཞུ་བསྡོམས་ལས་ བཅུ་གཉིས་རྐང་གུ་ཡར་སོང་ཡི་ བཅུ་གཉིས་རྐང་འབད་དགོ་མི་འདི་ ང་ལུ་མི་དྲུག་ཡོད་ ནཱ་ ཌག་ཊར་ལུ་མི་དྲུག་ཡོད་པ་ཅིན་ མི་དྲུགཔ་འདི་བཅུ་གཉིས་སྦེ་ ཟླཝ་བཅུ་གཉིས་ ཟླཝ་དྲུགཔ་གཅིག་གིས་རྐྱབ་ རྩ་བོ་གཅིག་གིས་ ཟླཝ་དྲུག་རྩ་བོ་གཅིག་གིས་རྐྱབ།
- ཚེ་དབང་ Tshewangཏེ་ མི་དགུ་གཅིག་གི་ནང་ཡོད་ དྲུག་གཅིག་གི་ནང་ འོང་ གསུམ་གཅིག་གི་ནང་ཡོད་པ་ཅིན་ འདི་གིས་ཡང་དྲུག་བསྡོམས་ འོ་ བཅུ་གཉིས་རྐང་སྦེ་བཟོ་དགོ་རུང་ ཏེ་ ད་འ་ནཱི་སྦེ་ ཏེ་ དེ་བསྒང་ལས་མི་རེ་བསྡོམས་དགོ་རུང་མ་ཕོགཔ་སྦེ་ཡར་སོང་ཡི་ ཏེ་འགྲོས་ཀྱིས་འགྲོས་ཀྱིས་འབད་བའི་བསྒང་ལསནི་ ཏེ་ དེ་ལསནི་ ཏེ་ མི་གུ་བལྟ་མེན་པ་ཞིན་ན་ ཏེ་ མེ་འཕུ་གི་བདའ་ཟེར་ ཏེ་ ང་བཅས་མི་འདི་ཚུ་གི་ ཏེ་ དེ་བསྒང་ལས།
- ཚེ་དབང་ Tshewangཏེ་ ཁྱལ་ལྕོགསཔ་མེད་པ་ ཏེ་ ང་ཡང་སྐྱིད་སྡུག་ཞུ་བའི་ལོ་ ང་ག་ཅི་འབད་ནི་ཟེར་ མ་པ་ང་བཅས་གཞུང་གིས་ཡང་མཁྱེན་མས་ འ་ནཱི་བསྒང་ལས་ ཏེ་ སྦ་སྒོར་བཟོ་ཚད་གཅིགཔ་ཡང་ ཏེ་ གུང་མེ་འཕུ་གི་བདའ་ཟེར་ མེ་འཕུ་ཚད་གཅིགཔ་ཆ་མཉམ་ ཏེ་ འུར་ལཱ་བཀལ་ འ་ནཱི་སྦེ་བཏང་ འུར་ལཱ་བཀལ་རུང་རང་ དེ་བསྒང་ལས་ ཏེ་ འཇམ་མས་ལགས་ ཏེ་ གོངམ་དྲིན་ཆེ་ དེ་བསྒང་ལས་འདི་ ཏེ་དོ་རུང་ ཉིནམ་རེ་ ཏེ་ ཏི་རུ་ལྔ་ལྔ་དྲུག་དྲུག་ འ་ནཱི་སྦེ་གནང་ནི་འདུག
- ཚེ་དབང་ Tshewangདེ་བསྒང་ལས་འདི་ དོ་རུང་ཡུདཔ་ཅིག་འབད་མི་ཚུ་འདི་ ཏེ་ འུར་ལཱ་རྐྱབ་ནིའི་(རྩ་རང་ལང་??) དེ་བསྒང་ལས་ ཏི་རུ་རེ་འཐོབ་འབད་ གཡུས་ཁར་འབདན་ ཏི་རུ་མི་ཐོབ་པས་ འ་ནཱི་འབད་ནི་འདི་གིས་ ཏེ་ དེ་བསྒང་ལས་ ཏེ་ དོ་རུང་འུར་ལཱ་རྐྱབ་པར་འགྱོ་ ཏེ་ མེ་འཕུ་གི་བདའ་སྦེ་འབད་བའི་བསྒང་ལས་ ཏེ་ མེ་འཕུ་གི་བདའ་བཀལ་ཏེ་ དེ་ལསནི་ མེ་འཕུ་གི་བདའ་སྦེ་སྡོད་སྡོད་བར་རངནི་ དེ་ལསནི་ཏེ་ གོང་མ་གི་དོ་རུང་ དེ་སྦེ་མེན་པས་ཟེར།
- ཚེ་དབང་ Tshewangཏེ་ད་ མེ་འཕུ་གི་བདའ་འབདཝ་ད་ སྦ་སྒོར་ཚུ་ལུ་ཡང་ ཕོགཔ་ཡར་སོང་ཡི་བ་ལགས་ སྦ་སྒོར་བཟོ་སྡོད་མི་ཚུ་ལུ་ཡང་ ད་ དེ་སྦེ་མེན་པས་ ཏེ་ད་ རང་ས་རང་གུང་གི་བདའ་བཀལ་གེ་ཟེར་ འབད་བའི་བསྒང་ལསནི་ ཏེ་ ང་བཅས་གུང་ཡོད་མི་རྐྱངམ་གཅིག་ལུ་ཕོག་སྡོད་ཡི་ལགས་ གུང་ཡོདམི་རྐྱངམ་གཅིག་ལུ་ཕོག་པ་མ་གཏོགས་ དེ་བསྒང་ལས་ མེ་འཕུ་ཟེར་ སྦ་སྒོར་དང་ འ་ནཱི་སྦེ་ ཡུདཔ་ཅིག་འབད་མི་ཚུ་ལུ་ ཕོགཔ་རང་མ་ཕོག་པར་ཡོད་ ཏེ་ འ་ནཱི་ ཁོང་གི་བདའ་བཀལ།
- ཚེ་དབང་ Tshewangའགྲོས་ཀྱིས་གྲོས་ཀྱིས་འབད་བའི་བསྒང་ལསནི་ ཏེ་ད་ གུང་གི་བདའ་འདི་གིས་ཡང་ ཏེ་ད་ ཁོང་ར་ འབྲུགརྒྱལ་གསུམ་པ་གིས་ འ་ནཱི་སྦེ་ བཞུགས་བཞུགསཔ་པར་རང་ ཏེ་ ཁོང་གི་འདི་ཡང་ བཤུབ་ཡར་སོང་ཡི་ འབྲུག་རྒྱལ་བཞི་པའི་སྐབས་ལས་དེ་འདི་ ཏེ་ ང་བཅས་ ཏེ་ འུར་ལཱ་རྐྱབ་མ་དགོཔ་ཡར་སོང་ཡི་ལགས་ འུར་ལཱ་རྐྱབ་མ་དགོཔ་འགྱོ་དགོ་མི་འདི་ ཏེ་ དེ་བསྒང་ལས་ ཏེ་ ལཱ་ག་ཅི་འབད་དགོ་རུང་ ཏེ་ གཱ་རི་ལམ་(སྣུམ་འཁོར་ལམ་) འདི་ནཱ་འཐོན།
- ཚེ་དབང་ Tshewangག་ཅི་འབད་རུང་ ཏེ་ད་ དམག་ཁང་རྐྱབ་དགོ་རུང་ རྫོང་ཁག་ནེམ་འབད་དགོ་རུང་ གཱ་རི་ལམ་བཏོན་མི་འདི་ དངཔ་དམག་ཁག་ནང་བཏོན་མས་ གཉིས་པ་རྫོང་ཁག་ལུ་བཏོན་མས་ ལཱ་གཱི་རི་(སྣུམ་འཁོར་)གྱིས་ འབད་འགྱོ་བའི་བསྒང་ལས་ ཏེ་ ང་བཅས་ ཏེ་ གུང་གི་བདའ་བདའཝ་ཡང་མེད་ ཏེ་ ལཱ་འབད་རུང་ཡང་ ཏེ་ ལཱ་ཕར་འབད་བར་འགྱོ་རུང་ཡང་ ཏེ་ འདི་དང་བསྟུན་བསྟུན་པའི་གི་ ཏི་རུ་གནང་འབད་འབད་སྦེ་ ཏེ་ད་ ལོ་གཅིག་བ་ལོ་གཅིག་ཉམས་དགའ་ད།
- ཚེ་དབང་ Tshewangད་ད་རང་གིས་འབད་རང་ཟ་ནིའི་ ཏེ་ད་ གོང་མ་གིས་ ཏེ་ ས་བྱིན་མེད་མི་ལུ་ཡང་ས་གནང་ སྔོན་མ་ང་བཅས་ས་གནང་ ཕར་དང་ཚུར་ཡང་སོང་མི་ཚུ་ ས་ཆུ་གི་བཅད་སྤ་རོ་ཡར་སོང་མི་ཚུ་ཡང་ ཏེ་ རོགས་སྤ་རོ་ཡར་སོང་ ནཱ་ལུ་ས་མ་ལང་མི་ཚུ་ ཏེ་ ནཱ་ལས་རང་ ཏེ་ ས་ཕར་དང་ཚུར་ལས་ དང་ཕུ་ ཏེ་ སྒོ་རྩ་བ་ལས་ཕར་ཡང་ འ་ནཱི་སྦེ་སྤང་རྒྱགས་ཚད་ལུས་ཏེ་འདུག་ འ་ནཱི་ཚུ་ཡང་ ཏེ་ གཞུང་གིས་གནང་ འ་ནཱི་སྦེ་ས་མེད་མི་ཚུ་ལུ།
- ཚེ་དབང་ Tshewangམི་ག་མགུ་བདེ་མི་གིས་ ཏེ་ སྦོ་ལོགས་རྩ་བ་ལས་ ཏེ་ ཡུདཔ་ཅིག་འབད་མི་ཚུ་ ས་ཚུར་ཞུ་མི་ཚུ་ཞུ་ཡི་ འབད་བའི་བསྒང་ལསནི་ ཏེ་ ས་འདི་ཚུ་ ཇོབ་ཇོ་སྦེ་ འ་ནཱི་འབད་སྦེ་ དེ་བསྒང་ལས་ ཏེ་ ས་ཡང་སྐྱིད་སྡུག་ནེམ་འབད་དགོཔ་མིན་འདུག་ ཏེ་ དེ་སྦེ་སྡོད་སྡོད་བར་རངནི་ འགྲོས་ཀྱིས་བཏང་དགོ་རང་ ཏེ་མར་ལས་མར་གྱི་ ངོ་ལོགཔ་ཆ་ཁྱབ་ཀྱི་བྱེལཝ་ཐན་པའི་བསྒང་ལསནི་ མར་གྱི་ངོ་ལོགཔ་ཚུ་འགྱོ་བའི་ཟེར་བའི་བསྒང་ལས།
- ཚེ་དབང་ Tshewangདོ་རུང་ མི་མགུ་བདེ་དྲགས་ཚུ་གིས་ ཏེ་ གཞུང་ལུ་བཅར་ ཡར་ལས་མར་ ཡར་དང་མར་ཟེར་འབད་བའི་བསྒང་ལསནི་ མར་ལས་མར་འགྱོ་ ཏེ་ ས་ག་བདེ་སར་ལས་མར་ད་ལྟོ་ ང་བཅས་ཀྱི་འབྲུགཔ་འདི་ཚུ་ཕྱེད་ཀ་ད་ ཆ་མཉམ་མར་ལས་མར་འཛུལ་ གཅིག་བ་གཅིག་ནེམ་འབདཝ་སྦེ་ ལ་ལུ་གིས་ ཏེ་ བྱཱ་ཞིང་གི་ལཱ་འབད་ཟ་ ལ་ལུ་གིས་ཨ་ལཱན་ཅི་གི་ལཱ་འབད་ ལ་ལུ་གིས་དོག་མ་གི་ལཱ་འབད་ ད་ ཁྱིམ་ནང་ལུ་མི་མགུ་བདེ་དྲགས་འབད་མི་ཚུ།
- ཚེ་དབང་ Tshewangཏེ་ ཆ་མཉམ་གཅིག་ཁར་མ་སྡོད་པར་ཏེ་ ལ་ལུ་གིས་ནཱ་སྡོད་ ལ་ལུ་གིས་ མར་ལས་མར་སྡོད་འབད་སྦེ་ ཏེ་ད་ ད་ ལཱ་འབད་ཟ་མ་ཧུམ་པ་ཅིན་ ཏེ་དེ་ ཏེ་ ང་བཅས་ར་ ང་བཅས་ར་ དོན་ཧིང་རུལ་ནི་རང་ཨིན་མས་ ཏེ་ ད་སྔོན་མ་ང་བཅས་ཀྱི་སྐབས་ལུ་ ཨ་ནཱ་ངེའི་ཁྱིམ་གདོང་ཁར་ལས་ད་ལྟོ་ ཌག་ཊར་བུ་གི་ གཱ་རི་བཞག་ས་ལས་རོགས་ གླང་དརོ་བརྒྱད་བརྒྱད་དགུ་དགུ་རེ་ རྒྱ་ཚ་འ་ནཱི་སྦེ་རྨོཝ་མས་ལགས།
- ཚེ་དབང་ Tshewangཏེ་ ད་གླང་བཞག་ ད་ འགྲོས་ཀྱིས་འགྲོས་ཀྱིས་ ཏེ་ད་ གླང་འཚོ་མི་མིན་ནུག་ ད་སྒོ་ཁར་གླང་ཡོད་རུང་ཡང་ ཏེ་ད་ རོགས་ཀྱི་ དབའི་ཁྱོད་གླང་མི་དགོ་ག་ཟེརནི་ གླང་མི་དགོ་ཟེར་ ད་ པའུ་ཀྲི་ལར་(འཕྲུལ་གླང་)གཅིག་འོང་རུང་ ཏེ་ དྲོ་པ་ཕྱི་རུ་ ཏེ་ གླང་འབད་བ་ཅིན་ དྲོ་པ་ཕྱི་རུ་ཞག་མ་ཉལ་བར་ གླང་གསོ་དགོ་པས་ལགས། རྩ་བརྔ་དགོ་པས་ མི་གཉིས་དེ་ཅིག་རྩྭ་བརྔ་ ཕྱི་རུ་ཞག་མ་ཉལ་བར་གླང་གསོ་དགོ་པས།
- ཚེ་དབང་ Tshewangད་ པའུ་ཀྲི་ལར་འབད་བའི་བསྒང་ལས་ ཏེ་ མར་ཁུ་བླུག་ ད་ རང་གིས་ ཏེ་ ད་ ལཱ་འབད་དགོཔ་ད་འབད་ འབད་མ་དགོཔ་ད་ གྱང་གི་རྩ་བར་བཞག་འབད་སྦེ་ ཏེ་ད་ ལོ་གཅིག་བ་ལོ་གཅིག་ཉམས་དགའཝ་ ལོ་གཅིག་བ་ལོ་གཅིག་ ནེམ་འབདཝ་སྦེ་ ཏེ་ད་ལོ་ ང་བཅས་ ཨེ་ད་ རྒས་པའི་གྲས་འདི་མེན་ ཏེ་ད་ གཞན་དང་ཕྱེད་པ་ཅིན་ ང་བཅས་ཀྱི་ ཡུདཔ་ཅིག་ བདུན་བཅུ་དོན་གསུམ་འགྱོ་ཡི་ལགས་ད་ དམག་མི་ནང་ལས་ཡང་འགོ་བཙུགས་བཙུགས་པ་ ད་ལོ་འ་ནེམ་ཅིག་འགྱོཝ་མས།
- ཚེ་དབང་ Tshewangད་ ག་ལས་ཕར་རང་འགྱོ་རུང་ རྒས་ཤོས་ཀྱི་གྲས་མ་ ད་ ང་བཅས་བ་རྒསཔ་དོ་རུང་ ཁོང་དག་ཤོས་ཅིག་ཡོད་འ་ནཱི་སྦེ་ ང་བཅས་ཕར་ལས་ཕར་ལུ་ ད་ འ་ནཱི་ཚུ་འདི་ ཏེ་ བློ་འཁྱོལཝ་མས་ ཁོང་རང་གིས་སླབ་མས་ ཏེ་ ད་ ལམ་གཱ་རི་ནང་འགྱོ་ ཤེ་རྔ་ན་ལས་ནཱ་འོངམ་ད་ ཕར་ལས་རེ་ཚེ་སྐབས་ གཟུགས་མ་བདེཝ་གཅིག་པོ་ ཕར་ལས་མི་ནཱ་ ནཱ་ལྷོད་པའི་བསྒང་ལས་ དབའི་ ཐོན་ཐོན་ཟེར་བའི་བསྒང་ལས།
- ཚེ་དབང་ Tshewangདེ་ལསནི་ སྒོ་ཁར་ལྷོད་མས་ཏེ་ལགས་ ད་ དུས་ཚོད་འ་ནེམ་ཅིག་གུ་ལྷོད་མས་ཏེ་ ཏེ་ ག་ཅི་འབད་དགོ་རུང་ དང་ཕུ་ང་བཅས་ ང་བཅས་ཀྱི་སྐབས་ལུ་ ཆོ་གུ་བཏངམ་ད་ ཏེ་ ཕར་ལས་ ལྕང་ཡུལ་མཐོང་ས་ཟེར་མི་ཅིག་ཡོད་ འ་ནཱ་ལས་ནངས་པ་གནངས་ཚེ་ ཆོ་གུ་བཏང་འབད་བའི་བསྒང་ལས་ རང་གི་ཁྱིམ་ནང་མི་ངར་ངེ་ཡོདཔ་མེད་པ་ཅིན་ མི་གཅིག་ལས་མི་བཀོལ་ ལ་ཕུག་ལེན་པར་བཏང་དགོ
- ཚེ་དབང་ Tshewangམར་ཕགཔ་གཅིག་བཙུགས་ནི་འདུག་ ཕགཔ་འདི་ ཤ་འདི་ཕྱེད་ཀ་དེ་ཅིག་ཆོ་གུ་བཏང་ དེ་ལས་ ལ་ཕུག་ལེན་ འ་ནཱི་སྦེ་བཏང་ ཏེ་ ཤ་འདི་ཆོ་གུ་འདི་གུ་ལས་ ཤ་ཏེ་ ཇོབ་ཇོ་སྦེ་ག་ཏེ་གཏང་ནི་འདུགཔ་ འ་ ཕྱི་རུ་གདང་རས་འབོ་ དྲོ་པ་ཇ་ འོ་ དྲོ་པ་ཐུགཔ་བཞེས་ཆ་མངརམ་གི་ འ་ ཇ་གཅིག་དང་ ལྟོ་གཅིག་ལས་བརྒལ་རྐྱབ་ནི་མེད་ ཨེ་མ་ཡང་བཏང་ནི་མིན་འདུག་ ག་ནི་ཡང་བཏང་ནི་མིན་འདུག
- ཚེ་དབང་ Tshewangཏེ་ ཉི་མ་ནང་གི་ཨམ་ཆ་ཁྱབ་ ཕྱི་རུ་གདང་རས་འབོ་བའི་བསྒང་ལས་ ལ་ཕུག་དང་ཚོདམ་ཅིག་བཟོ་ ཚོདམ་ཕོརཔ་གང་ཟ་ གང་ཚ་ངེར་བཏོན་བཟེད་བཞག་འོང་ལགས་ འ་ནཱི་གངམ་འདི་ ནངས་པ་ཟ་ནི་ཨིན་མས་ ཏེ་ དོ་རུང་ ནངས་པ་དྲོ་པ་རང་གི་ཁྱིམ་ནང་ལྷོདཔ་ད་ སྤ་་་ཤ་ཁམ་ཏོ་གཅིག་ཐོབ་རུང་ ཏེ་ སྤར་རི་སྦུག་བཅམ་ཏེ་ འདི་གིས་ལྟོ་ཁམ་ཏོ་བཞི་བཞི་ལྔ་ལྔ་འཛུལ་བས་ དནི་དེ་ ད་ ཤ་ཡང་ ཏེ་ད་ མི་འདི་ཚུ་ཏེ་ ད་ ག་དགོཔ་(བ་ཛར་) ཁྲོམ་ཁར་ལས་འཐོབ།
- ཚེ་དབང་ Tshewangརང་མེད་པར་འབད་བཟོ་རུང་ཡང་ ཏེ་ད་ འ་་་ ག་ཅི་འབད་བ་ ཨ་ཕར་ཁྲོམ་ཁར་འགྱོ་ ཨ་མར་སྒོ་ཁར་ལས་ པད་ཚོད་ ག་ཅི་ཟེར་ རང་གི་ ཤན་ཏ་ཤིང་ཏོག་འབག་ ཁྲོམ་ཁར་བསྐྱེལ་ འདི་བཙོང་ཕར་ལས་ཉོ་འབད་སྦེ་ ཏེ་ ག་དགའཝ་སྦེ་ ཏེ་ད་ དནི་ཏེ་ད་ ཤ་ལུ་ཡང་ ཏེ་ ཡིད་ཆེས་མེད་ ང་བཅས་མི་ལུ་འ་ནཱི་སྦེ་ཨིན་མས་ ཏེ་ད་ ལོ་གཅིག་བ་ལོ་གཅིག་ ཏེ་ ཁོང་རང་ ཡབ་སྲས་རིམ་འབྱོན་ཚུ་གིས།
- ཚེ་དབང་ Tshewangཏེ་ ང་བཅས་འ་ནཱི་སྦེ་ ལོ་གཅིག་བ་ལོ་གཅིག་ཉམས་དགའཝ་ ལོ་གཅིག་བ་ལོ་གཅིག་སྐྱིདཔ་འབད་སྦེ་ ད་འདི་ཏེ་ ད་ ལོ་རྒས་མི་ཚུ་ལུ་ བློ་འཁོལཝ་མས་ བློ་འཁོལ་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ ད་ ལམ་གཱ་རི་ནང་འགྱོ་ ལོ་གཅིག་བ་ལོ་གཅིག་ཉམས་དགའ་ ལཱ་འདི་ཚུ་ག་ར་འཕྲུལགླང་གིས་འབད་ འ་ནཱི་སྦེ་འབད་བའི་བསྒང་ལསནི་ ཏེ་ད་ གནམ་མེད་ས་མེད་ནེམ་འབད་དགོཔ་མིན་འདུག་ལགས་ ད་ ད་འདི་ ད་སྐྱིད་བུ་ཨིན་མས་ལགས།
- ཚེ་དབང་ Tshewangད་ གཞུང་ལུ་བཞུགས་མི་ཡང་ སྤའོ་སྟོང་ཕྲག་སུམ་བཅུ་བཞི་བཅུ་ཟེར་འབདཝ་ད་ ང་བཅས་ མི་གིས་ཡང་མ་མཐོང་མི་གིས་ ཏེ་ ལྟོ་ལོབ་(དངུལ་ཕོགས་) འ་ནཱི་སྦེ་ལེན་མི་གིས་ ང་བཅས་ཏི་རུ་མིག་གིས་རང་མ་མཐོང་མི་གིས་ ཏེ་ འ་ནཱི་ཚུན་ཚོད་སླབ་མས་ ད་ ཏི་རུ་ སྟོང་ཕྲག་བཅུ་ཐམ་བཅུ་གཅིག་འདི་ ལྟོ་ལོབ་ཨིན་ཟེར་མནོཝ་རང་མི་བཏང་མས་ ང་བཅས་དེ་བསྒང་ཏི་རུ་བཅུ་གཉིས་ཀྱི་ཡང་ ཇོབ་ཇོ་སྦེ་ཏེ་ལགས་ འ་ནཱི་སྦེ་སྡོདཔ་མས།
- ཚེ་དབང་ Tshewangགླང་གཅིག་ལུ་ཡང་ དེ་བསྒང་ཏི་རུ་བརྒྱད་བརྒྱད་དགུ་དགུ་ཨིན་མས་ལགས་ གླང་ཡང་ཀུ་ཅིག་འབད་རུང་ཡང་ ཏེ་ ད་འདི་ཏེ་ སྤ་་་ད་ མནོ་བསམ་ཅིག་བཏང་པ་ཅིན་འདི་ཏེ་ གཞུང་གིས་ འ་ནཱི་ཚུན་ཚོད་ ཏེ་ རྒྱ་བོད་གཉིས་ལུ་ ག་ར་མཐུན་ལམ་བཟོ་ ང་བཅས་གཡུས་ཁར་ལུ་ འ་ནཱི་ཚུན་ཚོད་ཀྱི་ མི་སེར་འདི་ཚུ་ཡར་དྲགས་བཏངམ་ད་ ང་བཅས་མི་ གཡུས་ཁའི་མི་འདི་ཚུ་ ལཱ་འབད་ཟ་ཧུམ་མས་ཟེར་ཞུ་ནི་ད་ ད་ ས་མེད་མི་ས་གནང་།
- ཚེ་དབང་ Tshewangག་ཅི་མེད་རུང་ ཏེ་ད་ གཞུང་ལས་སྐྱིད་སྡུག་རང་གིས་ འ་ནཱི་སྦེ་ཞུ་སྟེ་གིས་སྦེ་ ཏེ་ད་འབད་ད་ཡི་ ཨིནམ་ད་ལུ་ ད་ཅི་ནཱ་ལས་ ཌར་ཊར་གྱིས་ཡང་གསུང་དེས་ ང་བཅས་མི་འདི་ཚུ་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ད་ གོང་མ་གིས་ག་དེ་ཅིག་རང་བཀའ་གནང་རུང་ རང་གི་རྒྱན་ཆས་འདི་ དང་ཕུ་མི་འདི་ཚུ་གིས་ ཏེ་ ལཱ་ཕར་དང་ཚུར་བརྒལ་ ང་བཅས་དམག་མི་ནང་སྡོད་ འགྱོ་སྦེ་འབདཝ་ད་ ང་བཅས་ཀྱི་བུམ་ཐང་ འོ་ སེ་ཕུག་འབོ་ས་ལས་ ད་ བསྟན་སྐྱོང་གླིང་ལུ།
- ཚེ་དབང་ Tshewangརྒྱ་གར་གྱི་མགྱོནམ་འོང་ཡི་ཟེར་ བའི་བསྒང་ལས་ ང་བཅས་ལུ་ ཕར་ལས་ཕར་ ཤ་ཉོ་ དེ་བསྒང་ལས་ལུག་འདི་དགྱོནམ་མར་དྲང་ནི་གི་ཨིན་མས་ལགས་ ལུག་ཉོ་བར་འགྱོ་དགོ་པས་ ཏེ་ སེ་ཕུག་འབོ་སར་ལས་ཕར་ འ་ནཱི་སྦེ་འགྱོཝ་ད་མར་ལས་ བསྟན་སྐྱོང་གླིང་ལས་འགྱོཝ་ད་ཡར་ ད་ལྟོ་བྱ་ད་རོ་ཁྱི་ཟེར་ཡོད་བ་ འ་ཡར་ནང་ལྷོདཔ་ད་ འ་ཡ་སྤང་ཅིག་འདུག་ལགས་ འ་ནཱ་སྡོདཔ་ད་ ཏེ་ དེ་བསྒང་ང་བཅས་གོ་གཅིག་ གཟུགས་ཁར་ལུ་དམག་གོ་གྱོན།
- ཚེ་དབང་ Tshewangགོ་གཅིག་ ཏེ་ དམག་གོ་གི་ཕྱི་ལས་གྱོན་ གོ་གཅིག་ནང་ན་བཙུགས་ འ་ནཱི་སྦེ་འབད་སྦེ་ འ་ཡར་སྡོདཔ་ད་ ཏེ་ ང་བཅས་བ་རོགས་འབྱོགཔ་ཨ་ལུ་ཚུ་ངར་ཡེང་པས་ ང་བཅས་འདི་སྤང་ནང་ལུ་ ཛའི་ གྱང་དྲེགས་མི་ཚུགས་པས་ ཏེ་ ཐིང་ནི་འདི་་་་གུ་མས་ ཐིང་ནི་ཀོམ་གདན་ ནོར་གྱི་ཀོཝ་བརྒལ་མིན་འདུག་༼?༽ འ་ནཱ་ལུ་ཨ་ལོ་ཚུ་གིས་མགུ་ཏོ་སྤུར་ ཏེ་ རོགས་ཕར་ལས་ཕར་གྱི་ སེ་ཕུགཔ་དང་བོ་སོབ་ རྟ་ཚབ་ འ་ནཱི་ཚུ་གིས།
- ཚེ་དབང་ Tshewangགཟུགས་ཁར་ལུ་གོ་གཉིས་གྱོན་ལགས་ ཆར་བཀབ་གཅིག་ཆུམ་མའི་དོ་གུ་བཀལ་འབད་སྦེ་འོང་ ཕྱི་རུ་འ་ནཱ་ལྷོད་པའི་བསྒང་ལས་ ལྟོ་འདི་ང་བཅས་འདྲན་འདྲ་འབད་ཟཝ་མས་འ་ནཱ་ལས་ འདྲན་འདྲ་འབད་ཟ་ འ་ནཱི་སྦེ་སྡོད་པའི་བསྒང་ལས་ མནོ་བསམ་བཏངམ་ད་ ང་བཅས་འ་ནཱི་བསྒང་ལས་ ང་བཅས་ཧ་གོ་ཡི་ལགས་ ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་བསྒང་ལས་ཁོང་གིས་ གོ་གཉིས་ལས་ གཉིསཔོ་འདི་གཟུགས་ཁར་གྱོན་ ཕྱི་རུ་ཉལ་རན་པའི་བསྒང་ལས་ གོ་ནང་ན་བཤུབ།
- ཚེ་དབང་ Tshewangཕར་གཉིས་བཏང་ ཚུར་གཉིས་བཏང་ ཕར་འོང་རང་གོའི་ལགཔ་གཉིསཔོ་འདི་ ་་་་ ཧང་སྦེ་བཙུགས་ འ་ནཱི་སྦེ་ཕྱི་ལས་ཆར་བཀབ་འདི་བཀབ་སྦེ་ ཏེ་ བོང་བོ་ཨིན་མས་ཏེ་ ང་བཅསནི་གཉིད་ལོག་མ་བཏུབ་པར་ ནམ་ལངས་ནི་མེད་ ལོང་པའི་བསྒང་ལས་ བ་མོ་བཀྱག་གུང་གུ་སྦེ་ཆགས་ རོགས་དྲོ་པ་ ཏེ་ ཆར་བཀབ་གུ་ལས་ཕར་ བ་མོ་ཆགས་སྡོད་རུང་ལོང་ནི་མིན་འདུག་ཏེ་ ཚ་ཏོག་ཏོ་སྦེ་ཉལ་སྡོད།
- ཚེ་དབང་ Tshewangང་བཅས་འབད་མི་ཚུགས་པས་ཏེ་ལགས་གྱང་སྟེ་ ཏེ་ འ་ནཱི་དང་ཕུ་གི་ ཏེ་ མི་འདི་ཚུ་ འ་ནཱི་གོ་གཉིས་སྦེ་གྱོན་དགོ་མི་འདི་ འ་ནཱི་ཨིན་མས་ ང་བཅས་ཀྱི་ འ་ནཱི་སྦེ་གྱོན་གནང་ཞིནམ་ལས་ ང་བཅས་ཀྱིས་ རྟག་བུ་ན་བུ་ ང་གིས་ཡང་ ཏེ་ད་ འ་ནཱི་ཚུ་བཟུམ་སྦེ་ མ་པ་ཏེ་ ད་ ཏེ་སྦྱང་བ་རང་ཚུདཔ་མས་ ཏེ་ རྟག་བུ་ན་བུ་ ཏེ་ སྤུ་ན་ཁ་སྡོད་རུང་སྡོད་ ནཱ་སྡོད་རུང་སྡོད་ ང་བཅས་ཀྱིས་ རྟག་བུ་ན་བུ།
- ཚེ་དབང་ Tshewangཏེ་ སྦྱང་བ་ཚུད་ཚུད་ ཏེ་ ང་འབོད་འདི་ཚུ་ཡང་ ང་བཅས་ཀྱིས་ དམག་མི་ནང་སྡོདཔ་འབདཝ་ད་ འབོད་འདི་ཚུ་འ་ནཱི་སྦེ་ འ་ནཱི་ལས་ཕར་ བྱི་ལི་ལ་ཕར་དང་ཚུར་བྱོནམ་ད་ འབོད་འདི་ཚུ་ཡང་ ཏེ་ དེ་བསྒང་གི་འབོདཔ་འདི་ཚུ་ཡང་ ཏེ་ ད་རེས་བཟུམ་སྦེ་ གཱ་རི་བདའ་ནི་མིན་འདུག་ རྟ་བདའ་ནི་མིན་འདུག་ འབོད་ཚོང་ སྤ་རོ་ ཐིམ་ཕུ་ལས་ སྤ་རོ་བལྟ་བྱོན་རུང་ཡང་ འ་ནཱི་སྦེ་ཨིན་མས་ འབག་ནི་ཟེར་ཚེ་ བཀབ་ནེ་གཅིག་དང་།
- ཚེ་དབང་ Tshewangཁོང་རའི་གི་ ཏེ་ ཕད་ཅུང་གཅིག་ སྦུན་བཅོ་ ཕད་ཅུང་དོ་སྦེ་ཡོད་པ་ཅིན་ འདི་གུ་བཀབ་ནེ་འདི་གིས་བཏབ་བཟོ་ གཟུགས་ཁར་གོ་གཉིས་གྱོན་འབད་སྦེ་ ཏེ་ ཕྱི་རུ་ག་སྡོད་སར་ལུ་ ཏེ་ རོགས་འ་ནཱི་ཏེ་ ང་བཅས་དེ་བསྒང་གི་མི་དེམ་ གཟུགས་ཁར་ལུ་ སྒྲིང་སྒྲིང་ཡོད་མི་འདི་འ་ནཱི་ཨིན་མས་ ད་ད་རེས་ཀྱི་མི་གིས་ གོ་ཨམ་སྲུ་འབད་རུང་ཡང་ ཏེ་ད་ ན་ཧིང་ཞེ་ཧིང་འདི་ དཀྱི་ར་འདི་ཕཱུལ་(ཆ་ཚང་)སྦེ་རང་དཀྱིཝ་མས་ས།
- ཚེ་དབང་ Tshewangདནི་ཏེ་ དཀྱི་ར་ཧབ་(ཕྱེད་)ཟེར་དཀྱི་ དཀྱེས་ར་ཧབ་ལས་གུ་ ཡར་ལས་འོན་ཇུ་གྱོན་པའི་བསྒང་ལསནི་ ད་ད་ཕཱུལ་ཡོད་བཟུམ་སྦེ་མཐོང་མས་ ཕོ་སྐྱེས་ཀྱིས་ ན་ཧིང་ཞེ་ཧིང་གོ་ཧབ་(ཕྱེད་ཀ)གྱོན་ཡི་ འདི་རང་དེ་གཞུང་གིས་ཡང་ གྱོན་མ་སྟེགས་ དནི་གོ་ནང་ཤབ་ཡང་མེདཔ་གྱོན་འབད་སྦེ་ ཏེ་ འ་ནཱི་སྦེ་སྡོདཔ་ད་འདི་ ཏེ་ སྔོན་མ་གི་སྲོལ་འདི་ ཉམས་སུ་ཉམས་སུ་སྦེ་ འ་ནཱི་འབད་འགྱོ་སྦེ་འབདཝ་ད་ ཏེ་ ད་ཅི་ནཱ་ལས་ ཌག་ཊར་གྱིས་གསུང་དོ་བཟུམ་སྦེ་ཨིན།
- ཚེ་དབང་ Tshewangམི་ཚུ་གིས་ ལམ་ལུགས་འདི་ སྲོལ་ཉམས་ཟེར་སླབ་རུང་ འ་ནཱི་དེམ་ཅིག་ཨིན་མས་ལགས་ ཏེ་ སྔོན་མ་གི་ ལམ་ལུགས་སྲོལ་ཚུ་པུ་ར་(ག་ར་)ཉམས་འགྱོ་དེས་བ་ལགས་ དེ་བསྒང་ལུ་རོགས་ གོ་གཉིས་གཉིས་ དེ་བསྒང་ཨཔ་ རྒྱ་གར་དར་ཤིང་ཟེར་མི་ཚུ་ ང་བཅས་ཀྱིས་ཤེས་འདི་གིས་སྦེ་ ཏེ་ ད་ལྟོ་ དམག་རྩི་རིན་ཆེན་ཚེ་རིང་བུ་གི་ཨ་པ་ཨིན་མས་ ན་ཧི་ཞེ་ཧིང་གྱོངས་ཞིན་ན་མམ་ འ་ནཱི་ཚུ་གིས་ གོ་གསུམ་གསུམ་རེ་གྱོན་མས་ ང་བཅས་ཀྱིས་ཤེསཔ་ད་ གསུམ་ང་བཅས་ཀྱིས་གྱོན་ས་རང་མཐོང་ཅི་ འ་ནཱི་སྦེ་གྱོན་སྡོདཔ་མས་ ཏེ་ འ་ནཱི་ཚུ་གིས།