Skip to main content Skip to search
27 Aug 2015
10 min 47 sec
Video Overview
Creators: 
Sherig Dentshog

༉ སྟོད་པ་ལུང་གི་གཡུས་འདི་ ཕ་བརྒྱུད་ ཀུར་སྟོད་དུང་དཀར་ལས་ ཡབ་བསྟན་པའི་ཉི་མའི་མི་བརྒྱུད་ ༼པེ་པེ་༽ཚོགས་ཏོག་ལ་དང་། མ་བརྒྱུད་ ཀུར་སྟོད་དབང་ཤིང་ཆོས་རྗེའི་སྲས་མོ་ ༼ཨུ་བེ་༽ཡོན་ཏོན་ཆོས་འཛོམས་གཉིས་ཀྱི་བརྒྱུད་པ་དང་ ཆོས་བརྒྱུད་ འབྲུག་པ་བཀའ་རྒྱུད་འཛིན་མི་ཅིག་ཨིན་པས། ཁོང་གཉིས་ཀྱིས་སྲས་ ༼མེ་མེ་༽དཔལ་ལྡན་དབང་འདུས་ཀྱིས་འབད་ ས་གནས་སྟོད་པ་ལུང་ ཟེར་ས་ལུ་ དགོན་པ་ཆགས་ཏེ་ ད་ལྟོ་ལོ་ངོ་འབད་བ་ཅིན་ ༡༡༡ དེ་ཅིག་འགྱོ་དོ་ཡོདཔ་ད་ དཔལ་ལྡན་དབང་འདུས་ཀྱི་སྲས་སྲོསམོ་ བརྒྱད་ཡོད་ས་ལས་ ཆུང་ཤོས་བུ་ནམ་མཁའ་འོད་ཟེར་ ནམ་མཁའ་འོད་ཟེར་གྱི་སྲས་ སངས་རྒྱས་ཡོངས་གྲུབ་ཁོ་ར་ཨིན་པས། མ་གཞི་ གཡུས་དེ་ནང་ ཆོས་བརྒྱུད་འབྲུག་པ་བཀའ་རྒྱུད་ལས་མཆེད་པའི་བརྒྱུད་པ་ཅིག་ཨིན་རུང་ སྐབས་ཅིག་ལས་ སྔ་མའི་ལས་འབྲེལ་ལས་བརྟེན་ཏེ་ རྙིང་མའི་བླམ་ཚུ་བྱོན་ རྙིང་མའི་ལུགས་ཀྱི་ཆོས་ལུང་དབང་ལུང་གནང་སྟེ་ བཀའ་རྙིང་ཟུང་འབྲེལ་སྦེ་ གནས་ཏེ་ཡོདཔ་ཨིན་པས། མ་གཞི་ཁོང་གི་བརྒྱུད་པ་དེ་ ཆོས་པའི་བརྒྱུད་པ་ཅིག་ཨིན་རུང་ ད་རེས་ནངས་པར་ དུས་ཀྱི་འགྱུར་བ་དང་ རྒྱལ་ཁབ་གོང་འཕེལ་ལས་བརྟེན་ཏེ་ ཨ་ལོ་ཚུ་ གཞུང་གི་སློབ་གྲྭ་ནང་བཙུགས་ཏེ་ ཆོས་བརྒྱུད་འཛིན་མི་ཡང་རྒྱུན་འཆད་དོ་ཡོདཔ་སྦེ་བཤདཔ་ཨིན་མས།

 

Töpalung Monastery was founded by Penden Wangdü, the son of Tenpé Nyima, who descended from the noble family of Kurtö Dungkar, and of Yonten Chözom, who descended from the noble family of Kurtö Wangshing, holders of Drukpa Kagyü lineage. Although they from the Drukpa Kagyü lineage, in recent years several Nyingma masters started conferring the Nyingma tradition. The two Buddhist sects were thus conjoined locally. 

 

Transcript search
No results found for this search
0 of 0
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ལགས་སོ། ཨ་ཙི་ཅིག་ ང་གིས་ ནཱ་ང་བཅས་རའི་ སྟོད་པ་ལུང་པའི་ རིགས་བརྒྱུད་དང་ སྟོད་པ་ལུང་ཆགས་ཚུལ་གྱི་སྐོར་ལས་ ཨ་ཙི་ཅིག་ ཞུ་ནི་ཨིན་ལགས། ཏེ་ང་འདི་ ད་ལྟོ་ ཏེ་ནཱ་ ཤ་ལི་ལས་ མིང་འདི་ སངས་རྒྱས་ཡོངས་གྲུབ་ཟེར་ སླབ་ཨིན། ཏེ་ལོ་ལྔ་ཅུ་ལྔ་བརྒྱད་འགྱོཝ་ཨིན། ཏེ་སྡོད་ནི་འདི་ སྟོད་པ་ལུང་དང་ དེ་ཅིག་ ཡར་མར་སྦེ་སྡོདཔ་ཨིན། ད་ལྟོ་ ནཱ་ཤ་ལི་ལས་སྦེ་ཞུ་དོ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཞུ་བའི་སྐབས་ལུ་ ག་དེ་སྦེ་ཟེར་བ་ཅིན་ དང་པ་ར་ ད་ ང་བཅས་རའི་ ཨ་རྒས་གི་ཨཔ་འདི་ཡང་ མཁར་ གདུང་མཁར་ ཏེ་ཡབ་བསྟན་པའི་ཉི་མའི་བརྒྱུད་ཕོག་ཟེར་ མཚན་འདི་ ཨ་རྒས་ཀྱི་ཨ་པ་ ང་བཅས་ཀྱིས་ཏེ་ ད་མཚན་འདི་ ཚོགས་ཏོག་ལ་ཟེར་ སླབ་ཨིན་ཟེར་ ད་ ང་བཅས་རའི་ ཨང་རྒས་ཀྱི་ཨང་རྒས་ ག་ཏེ་ལས་སྨོ་ཟེར་བ་ཅིན་ མོ་དེ་ ཀུར་སྟོད་དབང་ཞིང་ཆོས་རྒྱལ་གྱི་སྲས་མོ་ཨིན་ཟེར།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    མཚན་འདི་ ཡོན་ཏན་ཆོས་འཛོམས་ཟེར་ ད་ འབྲུག་པ་བཀའ་བརྒྱུད་ཡོད། ཆོས་ལུགས་འ་ནཱི་ཨིན་ཟེར་ ད་ ད་རུང་ ལྷ་བསངས་བཀྲིས་རེ་བསྐོང་ དེ་ཡང་ ཞལ་ལས་ དུང་དང་འདི་མེདཔ་སྦེ་ རྔ་རོལ་འདི་ ཁོ་ར་གིས་སྦྲགས་ཏེ་ ཨ་རྟག་ར་ དེ་སྦེ་མ་ཆད་པར་ གནང་འོང་ཟེར་གསུངས་དེས། དེ་ལས་ཏེ་ འ་ནཱི་གཉིས་ཀྱི་ སྲས་འདི་ ང་བཅས་རའི་ ཨ་རྒས་ཡོད་ སྟོད་པ་ལུང་ལུ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    སྟོད་པ་ལུང་ཆགས་མི་འདི་ ཨ་རྒས་འདི་ མཚན་དཔལ་ལྡན་དབང་འདུས་ཟེར་ ཏེ་ད་ལྟོ་ ཨ་རྒས་ཚོགས་ཏོག་ལོ་དང་ ཨང་རྒས་ཡོན་ཏན་ཆོས་འཛོམས་ ཁོང་གཉིས་ཀྱི་ སྲས་འདི་ ང་བཅས་རའི་ ནཱ་ཨ་རྒས་དཔལ་ལྡན་དབང་འདུས་ཟེར་ འ་ནཱེ་གིས་ཏེ་ ད་རུང་ སྟོད་པ་ལུང་ལུ་སྦེ་ དགོན་པ་བཅགས་ཏེ་ དགོན་པ་བཅགས་པའི་སྒང་ལུ་ཏེ་ ད་ ད་ལྟོ་ ལོ་འབད་བ་ཅིན་ ང་བཅས་རའི་ ལོ་འབད་བ་ཅིན།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    འབྲུག་ལོ་དེ་ཅི་ལུ་བཅགས་ནུག་ སྟོད་པ་ལུང་། ད་ལྟོ་ རྩིས་འབད་བ་ཅིན་ ༡༡༡ དེ་ཅི་འགྱོཝ་ཨིན་མས་ཟེར། ཏེ་དེ་ལས་ ཁོང་གཉིས་ཀྱི་ དེ་བཟུམ་སྦེ་ དགོན་པ་བཅགས་ཏེ་ ད་ འ་ནཱ་ལས་ ང་བཅས་རའི་ སྤུན་ཆ་ ཨ་པ་སྤུན་ཆ་ སྤུན་ཆ་བསྡོམས་བརྒྱད་འདུག། བརྒྱད་ལས་ ཕོ་རྒནམ་སྦོམ་ར་ སངས་རྒྱས་དངོས་གྲུབ་ཟེར་ སླབ་ཨིན་ཟེར་ ཏེ་འ་ནཱེ་གི་འོག་ལས་ དགེ་སློང་གཅིག་ཡོད། དགེ་སློང་གི་མཚན་འདི་ ད་རུང་ དཔལ་ལྡན་ཤེས་རབ་ཟེར་ ཞུ་དེས།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    དེའེ་ནུ་གཅུང་གཅིག། འ་ནཱིའི་བར་ན་གི་འདི་ བེམ་རི་ལུ་ཆགས་སྟེ་ ཁོ་ ཨབ་ཅི་སྐྱེ་པ་ཟེར་ ང་བཅས་ཀྱི་ མིང་ངོ་མ་འདི་ འགྱུར་མེད་བསྟན་འཛིན་ཟེར་ སླབ་དེས། ད་རུང་ དེ་ལས་ ཁོང་ ཨ་ནིའི་གྲལ་ལས་ ཨེ་ནི་སྦོམ་ཤོས་ར་ ཚེ་དབང་ནོར་ལྡན་ཟེར་ ད་ དེའི་འོང་ལས་ སངས་རྒྱས་བཟང་མོ་ཟེར་ ཨ་ནཱིའི་ བར་ན་གི་ ཏེ་ཨ་ནཱི་ བར་ནའི་འོག་ལས་འདི་ ཏེ་ ད་རུང་ འོད་གསལ་སྒྲོལ་མ་ཟེར་ སླབ་དེས། དེའི་འོག་ལས་དེ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཏེ་རྟེན་འབྲེལ་དབང་མོ་ཟེར་ ཏེ་དེའི་འོག་ལས་ མཇུག་ཆུང་ཤོས་ར་ ང་བཅས་ཀྱི་ ཨ་པ་ཨིན་པས། ང་བཅས་ཀྱི་ ཨ་པ་འདི་ གནམ་མཁའ་འོད་ཟེར་ཟེར་ སླབ་དེས། ང་ེགི་ཨ་པ། གནམ་མཁའ་འོད་ཟེར་འདི་ མིང་ ག་ཅི་སྦེ་བཏགས་ཡི་ཟེར་བ་ཅིན་ ཏེ་ང་བཅས་ཀྱི་འདི་མི་ཤེས། ཁོང་ ཧེ་མ་ ཨང་རྒས་ ཨ་རྒས་ཚུ་གིས་ཡང་ བློ་སླབ་དེས་ ད་རུང་།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཕར་ མཁོ་ཐག་པ་ལུ་སྡོད་མི་ ཨ་རྒས་ ལྷ་རྒྱལ་ཟེར་ ང་ཅབས་ཀྱི་ ཨབ་ཅི་(ཨ་ཁུ)འོང་། འ་ནཱི་གིས་ ཁྱོད་ཀྱི་ ཨ་པའི་མིང་འདི་ ག་ཅི་སྦེ་བཏགས་ཅི་ གནམ་མཁའ་འོད་ཟེར་མི་འདི་ ཨང་རྒས་བསྐོར་བཞི་ཚར་ཞིནམ་ལས་ གོངམ་བསྐོར་ར་ལུ་ གནས་བསྐོར་ལུ་འགྱོ་ཡི། དེ་བསྒང་ཏེ་ རང་གི་ ཨ་ལོ་འདི་ ཏེ་ག་ཅི་དགོཔ་ཅི་ག་ར་ དངོས་གྲུབ་ཞུ་ནི་གི་ཡོད་ཟེར་ རྡོ་ཅིག་ཐུག་ནི་གི།
    Our grandfather use to tell us that once in pilgrimage so from there he got a stone which gives reward.
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཏེ་འ་ནཱི་ རྡོ་ཐུག་བའི་སྐབས་ལུ་ཏེ་ ད་ ད་ལྟོའི་ མི་ལུས་ལུ་འདི་ ཨ་ལོ་མི་འོང་། གཞན་མི་མི་ལུས་ནང་ བུ་གཅིག་ཞུ་ནི་ཟེར་ སྨོན་ལམ་བཏབ་སྟེ་ རྡོ་ལས་ དངོས་གྲུབ་ཞུ་ཡི་ཟེར་ ང་བཅས་རའི་ ཨང་རྒས་ཀྱིས་ ཏེ་ང་བཅས་ར་གི་ ཨང་རྒས་ཞུ་བའི་སྐབས་ལུ་ར་ ད་ འ་ནཱ་ལུ་ ལྷོདཔ་ཞིནམ་ལས་ཏེ་ ང་བཅས་རའི་ ཨ་པ་སྐྱེས་སྟེ་ཨིན་ཟེར་ འ་ནཱ་ལས་ཏེ་ ཡ་ ཨ་རྒས་ཀྱིས་ ངེ་གི་ ཨ་ལོ་མེན། ཁོ་གནམ་མཁའ་ལས་ འོད་ཟེར་གྱིས་སྦེ་ འབབ་སྟེ་ཨིན་ཟེར་ གནམ་མཁའ་འོད་ཟེར་ བཏགས་ཡི་ཟེར།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ད་ གཏམ་ལོ་རྒྱུས་འདི་ འ་ནཱི་དོན་དག་འདི་ ཏེ་ཨབ་ཅི་ལྷ་རྒྱལ་གྱིས་ འདི་བཟུམ་སྦེ་ བློ་སླབ་དེས། ཁོང་ཚུ་གིས་ ཏེ་དེ་ལས་ ང་བཅས་རའི་ ད་ལྟོ་ སྟོད་པ་ལུང་ལུ་ཡང་ ད་ ཧེ་མ་ཧེ་མ་ ཁོ་ ཨབ་ཅི་ སློབ་དཔོན་བཞུགས་པའི་སྐབས་ལུ་ཡང་ འབྲུག་པ་བཀའ་བརྒྱུད་སྦེ་ དེ་སྦེ་ར་ གནང་སྟེ་འདུག། ད་ ང་བཅས་རའི་ ཨ་པ་གིས་ཡང་ འབྲུག་པ་བཀའ་བརྒྱུད་ལས་སྦེ་ མཚམས་རིམ་དང་ ད་ ཆོ་ག་དང་ འདི་ཚུ་གནང་སྟེ་འདུག།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཏེ་ཁོ་ དགེ་སློང་ཨིན་རུང་ཡང་ ཧེ་མ་ འ་ནཱེ་སྦེ་སྡོད་ནུག། ཏེ དེ་ལས་ ཏེ་ད་ལྟོ་ རྙིང་ཐིག་ལུ་འགྱོ་མི་འདི་ ཀུར་སྟོད་རིན་པོ་ཆེ་བྱོན་ཏེ་ ནཱ་ རྒྱས་ཕུ་ལུ་ རྙིང་ཐིག་གི་དབང་ལུང་བསྐོར་བ་གནང་ཞིནམ་ལས་ཏེ་ ད་ ད་རུང་ འབྲུག་པ་བཀའ་བརྒྱུད་དང་ ཏེ་ད་རུང་ རྙིང་ཐིག་གི་ཡང་ ཁོ་ ཨབ་ཅི་དང་ ཁོང་ཚུ་གིས་ གནང་སྟེ་འབདཝ་ལས་ ད་ ང་བཅས་ར་ཆུང་ཀུ་འབདཝ་ལས་ ཨ་ཙི་རེ་ རྙིང་ཐིག་གི་ཧོངས་ལས་ མཚམས་དང་ ག་ཅི་གུ་ཅི་ ཨ་ཙི་རེ་བཅད་ཅི།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཏེ་དེ་འབདཝ་ལས་ ད་ལྟོ་ཡང་ འཕྲལ་འཕྲལ་སྐབས་ར་ ཁོང་ ཨབ་ཅི་དགེ་སློང་ཟེར་མི་གིས་ དགེ་སློང་ལུ་འབད་མི་ ད་ལྟོ་ རྗེ་མཁན་སྐུ་ཚེ་གོང་མའི་སྐབས་ལུ་ དགེ་བཤེས་པདྨ་ཚེ་རིང་ཟེར་ བླམ་ ནཱ་ ཡོང་ལག་གི་ བླ་མ་བྱོན་ཏེ་ དེ་ལས་ཡར་བལྟ་ དགེ་སློང་འབད་དེ་ ད་ ཁྱུང་མཁར་ལུ་ཡང་བཞུགས་ཏེ་ དེ་ལུ་ ཁོ་ ཨབ་ཅི་དགེ་སློང་གིས་ ཁོ་གིས་ ཆོས་ཡོན་ཏན་ཚུ་ ཕར་ལས་སྦེ་བཞེས་ཏེ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཏེ་དེ་འབདཝ་ལས་ཏེ་ ད་ལྟོ་ ང་བཅས་ར་ རྩིས་ཨ་ཙི་རེ་བལྟ་མི་ཡང་ ད་ལྟོ་ དགེ་བཤེས་པདྨ་ཚེ་རིང་གིས་སྦེ་ བརྒྱུད་དེ་ ད་ཆོ་ག་ཕྱག་ལེན་ཚུ་ཡང་ ཨ་ཙི་རེ་ པད་གླིང་ཆོ་ག་ཚུ་ག་ར་ཡང་ དེ་བསྒང་ལུ་ ཁོ་ ཨབ་ཅི་དགེ་སློང་གི་སྦེ་ ལྷབ་སྟེ་འདུག། དེ་སྦེ་ ཨ་ཙི་རེ་བརྒྱུད་དེ་ལྷབ་ཅི། ང་བཅས་ཀྱིས་ཡང་ ཨ་ཙི་རེ་ ད་ལྟོའི་བར་ན་འབད་མི་ཡང་ དེ་སྦེ་ བརྒྱུད་དེ་འབད་འབདཝ་ཨིན།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ད་ ད་ལྟོ་འབད་རུང་རང་ ན་ཧི་ཞེ་ཧིང་ ལོ་དགུ་དེ་ཅི་ བཅུ་ཐམ་ལྷགཔ་ཅི་འགྱོཝ་ཨིན། འ་ནཱིའི་བར་ན་ཡང་ ཁོ་ ད་ལྟོ་ ཨབ་ཅི་སློབ་དཔོན་ སངས་རྒྱས་དངོས་གྲུབ་ཀྱི་བུ་ ཕོ་རྒནམ་ ཡེ་ཤེས་རྒྱ་མཚོ་ཟེར་མི་གི་ སྲས་འདི་ ད་ལྟོ་ བླམ་ སེང་གེ་སྒྲ་སྒྲོག་ཟེར་ ད་ རིན་པོ་ཆེ་ དགའ་རབ་རིན་པོ་ཆེ་ལུ་བཅར་ཏེ་ དགའ་རབ་རིན་པོ་ཆེ་གིས་ འ་ནཱི་ ཕྱག་ཕྱིད་ཞུ་སྟེ་ ད་ དགའ་རབ་རིན་པོ་ཆེ་གིས་ཡང་ མཚན་ཡང་ སེང་གེ་སྒྲ་སྒྲོག་ཟེར་གསུངས་ཏེ་ འདི་གིས་ ད་ལྟོ་ སྟོད་པ་ལུང་ལུ་ དགོན་པ་ཡང་།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཚར་གཅིག་འདི་ ཨང་རྒས་ཨ་རྒས་ཚུ་ གཤགས་སྟེ་འབདཝ་ལས་ ཨ་ཙི་ཅིག་ཉམས་སོང་ཡི། ད་ལྟོ་འདི་ གྲྭ་ཚང་བཙུགས་ཏེ་ ལོག་སྟེ་ གནམ་མེད་ས་མེད་ གཏེར་གསར་གྱི་བསྟན་པ་འདི་ དར་ཏེ་ཡོད་ཟེར་ ད་ལྟོ་འདི་ ལྷ་ཁང་ཡང་ བཞེངས་པའི་བསྒང་རང་ཡོད། འདིའི་བར་ན་ ད་ལྟོ་ཡང་ ད་གནམ་མེད་ས་མེད་ ལེགས་ཤོམ་སྦེ་ དགོན་པ་ཡང་ དར་ཁྱབ་འགྱོ་ནི་སྦེ་ ད་ ཁོ་བླ་མ་གིས་ རྩ་འགེངས་ཏེ་ འདི་བཟུམ་ཡོད། ད་ ང་བཅས་རའི་ འབད་མ་ཚུགས་རུང་ འདི་ལུ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ང་བཅར་ར་ མཚམས་ཨ་ཙི་རེ་ ད་རུང་ རིན་པོ་ཆེ་འདི་ དེ་བཟུམ་ ད་མཐའ་དང་ལྡན་པའི་ རང་གི་ ཚེ་སྔ་མའི་འཕྲོ་འཐུས་རེ་ཡང་ཡོདཔ་ཨིན་མས། ང་བཅས་ར་ཡང་ བསམ་པ་འདི་ གནམ་མེད་ས་མེད་ རྗེས་སུ་ཡིད་རངས་ཏེ་ ད་ ད་རུང་ མཚམས་འདི་ བཅད་ནི་དང་ སྒྲུབ་གྲྭ་ཚུ་གནང་སྟེ་ དེ་སྦེ་འབདཝ་ལས་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ཟེར་ དེ་སྦེ་སླབ་སྟེ་ཡོད། ད་ ད་རུང་ དེ་ལས་ དགེ་སློང་གིས་ དེ་སྦེ་མཛད་པ་ལས་བརྒྱུད་དེ་ འ་ནཱི་ དེ་བཟུམ་འབད་དེ་ དར་ཁྱབ་འགྱོ་དོ་ འ་ནཱིའི་ཐོག་ལུ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ད་ ད་རུང་ ང་བཅས་ར་ཡང་ ད་ལྟོ་ སྤུན་ཆ་ བསྡོམས་ལས་ སྤུན་ཆ་དགུ་ཡོད། དགུ་ལས་ཡང་ ད་ལྟོ་ ལ་ལུ་ ཕོ་རྒནམ་སྦོམ་ཤོས་ད་ཤི་སོང་ཡི། ཕོ་རྒནམ་སྦོམ་ཤོས་དེའི་ ནཱ་ བུ་འདི་གིས་ཡང་ ཆམ་ཆིམ་ ཨ་ཙི་རེ་ གྲོང་མཆོད་ཚུ་ ག་ཅི་གུ་ཅི་འབདཝ་ད་བཙུགས་དོ། ཏེ་འ་ནཱ་ལས་ ཕོ་རྒནམ་སྦོམ་ཤོས་ཀྱི་འོག་ལས་ ད་ལྟོ་ དར་ཅུང་ཟེར་ས་ལུ་ ཕོ་རྒནམ་ མཐུན་པའི་ཤེས་རབ་ཟེར་ ཕར་ལུ་སྡོད་དེ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཕར་ལས་ཡང་ ཤུ་མར་ལུ་ རྩིས་དང་ སྟབས་མ་བདེཝ་ མི་ཤི་དབང་བསྐུར་ལ་སོགས་པ་ག་ཅི་ཡང་ ད་ ད་ལྟོའི་བར་ན་ཡང་ ཧེ་མ་ ཕ་མའི་བརྒྱུད་པའི་ཤུལ་སྦེ་ ཨ་ཙི་རེ་ ཨ་ཙི་རེ་འབད་མི་ཡང་ ད་ལྟོ་ དེམ་ཅིག་ནང་ལས་སྦེ་འབད་དོ། ཏེ་ད་ལྟོ་ ནཱ་ཤ་ལི་ནངན་ཡང་ ང་བཅས་ སྤུན་ཆ་གཉིས་དེམ་ཅིག་ཡོད། མ་ཤེས་རུང་ འ་ནཱི་ ཆམ་ཆིམ་སྦེ་ ཁོང་ཚུ་ལུ་ ད་ ཧེ་མའི་སྐུ་བགྲེས་ཚུ་དེ་ གཤགས་ཏེ་དེ་སྦེ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    སོངམ་ལས་ ཐབས་རང་མེད་པར་ ཨ་ཙི་རེ་ སྟབས་བདེཝ་མ་བདེཝ་སྦེ་ འབད་དགོ་བྱུང་ཡི། ཏེ་ད་ལྟོའི་བར་ན་ཡང་ དེམ་ཅིག་སྦེ་སྡོད་དེ་ཡོད། འ་ནཱ་ལས་ ཡར་ལྟག་ཨིན་རུང་ཟེརཝ་ད་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ རྒྱལ་ཁབ་གོང་འཕེལ་དང་བསྟུན་ཏེ་ ད་ ཨ་ལོ་ཚུ་ ཆོས་ལུ་སྦེ་བཙུགས་ནི་མེན་པར་ ཨ་ཙི་རེ་ ཡོན་ཏན་དགོཔ་ལས་ ཡོན་ཏན་ལྷབ་ནི་གི་བཙུགས་ཏེ་ སློབ་གྲྭ་ནང་བཙུགས་ཏེ་ ག་ཅི་གུ་ཅི་འབད་དེ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཏེ་ད་རུང་ ཨ་ཙི་རེ་ཏེ་ མཇུག་འ་ནཱེ་སྦེ་འགྱོཝ་མས་ཟེར་ ཨིན་རུང་ ད་རུང་ ནཱ་ སྟོད་པ་ལུང་འདི་ ཨ་ཎི་གྲྭ་ཚང་ རིན་པོ་ཆེའི་འབད་དེ་ བཙུགས་གནངམ་ལས་ ད་ མི་ཉམས་གོང་འཕེལ་ ཉམས་པ་སོར་ཆུད་ཀྱི་ཐོག་ལུ་སྦེ་ ང་བཅས་རའི་ ནཱ་ གཡུས་ཁ་ ག་ཏེ་ར་ཨིན་རུང་ ཧེ་མ་ཧེ་མ་ ནཱ་སྟོད་པ་ལུང་ལས་སྦེ་ ང་བཅས་རའི་ ཨ་རྒས་ཚུ་བཞུགས་པའི་སྐབས་ལུ་ བཟོ་སྦལ་དང་ གཡུ་རུང་ ཁང་མ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ནང་བསྐོར། མཁར། མཁོ་ཐག་པ། ཤ་ལི། ཤུ་མར། འདི་ཚུ་ལུ་སྦེ་ མཛད་གནང་སྟེ་འདུག། འ་ནཱ་ལས་ཏེ་ད་ ཁོང་ ཨ་པ་སྤུན་ཆ་ཚུ་གིས་ཡང་ འ་ནཱེ་སྦེ་ ཕར་ཚུར་འབད་དེ་ ཕྱག་ཕྱིད་ཞུ་དེས་ལགས། ད་ ད་ལྟོའི་བར་ན་ཡང་ ཨ་ཙི་རེ་ ཕར་ཚུར་སྦེ་ར་སྡོད་དེ་ ད་རུང་ ཨ་ཙི་རེ་ ཉམས་འགྱོཝ་མས་ཟེརཝ་ད་ར་ ད་ལྟོ་ རིན་པོ་ཆེ་གིས་ ཨ་ཎི་གྲྭ་ཚང་ཅིག་བཙུགས་གནངམ་ལས།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ད་ སྟབས་མ་བདེཝ་ ཆོས་ ག་ཅི་ཐོན་རུང་ ཆོས་ཅིག་ལྷག་ནི་ཡོད་རུང་ ཁག་ཆེཝ་ད་ ཨ་ཎི་ཚུ་ཞུ་སྟེ་ ད་ ཤི་མི་ན་མི་ཅིག་བྱུང་རུང་ ཁོང་ཚུ་ཞུ་སྟེ་ འ་ནཱེ་སྦེ་འབདཝ་ད་ གནམ་མེད་ས་མེད་ ལེགས་ཤོམ་སོང་སྟེ་ཡོད། འ་ནཱ་ལས་ཡར་བལྟ་འདི་ གནམ་མེད་ས་མེད་ ལེགས་ཤོམ་སོང་བའི་རེ་བ་ཡོད། ད་ ང་བཅས་རའི་ བརྒྱུད་པ་འབད་བ་ཅིན་ འདི་བཟུམ་འབད་དེ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ཨ་ཙི་རེ་ ཨ་ལོ་ཚུ་གིས་ མ་འབད་རུང་ འ་ནཱི་ གྲྭ་ཚང་ཅིག་བཙུགས་གནངམ་ལས་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ཟེར་ ང་བཅས་རའི་ སྟོད་པ་ལུང་གི་ ཆགས་ཚུལ་འདི་ ཧེ་མ་འབད་བ་ཅིན་ དེ་སྦེ་ཨིན། ད་ལྟོ་འབད་རུང་ ད་ རེ་རེ་གཉིས་གཉིས་ཀྱིས་ ག་བཟུམ་ར་འགྱོ་རུང་ ལ་ལུ་ལ་ལུ་གི་ ད་ལྟོ་ ཁོ་བླམ་སེང་གེ་སྒྲ་སྒྲོག་གི་ ནུ་གཅུང་གིས་ཡང་ ད་ ཡོན་ཏན་ག་ར་ ལེགས་ཤོམ་སྦེ་བཞེས་ཏེ།
  • སངས་རྒྱས་ཡོངས་གྲུབ་:Sangay Youngdrup
    ད་ ཁོ་གིས་ གནམ་མེད་ས་མེད་ ཡོངས་སུ་རྫོགས་པ་འགྱོ་སྟེ་ ད་ འ་ནཱི་ རིན་པོ་ཆེ་ཚུ་གིས་ཡང་ རྩིས་སྲུང་ལེགས་ཤོམ་སྦེ་འབད་དེ་ ད་ གནམ་མེད་ས་མེད་ ཐུགས་སྨོན་གནང་སྟེ་ བཀའ་དྲིན་ཆེ་ཡི་ཟེར་ ད་ འ་ནཱི་བར་ན་ཡང་ ནཱ་ལས་ ཡར་བལྟ་ཨིན་རུང་ མ་ཉམས་པར་ འདི་བཟུམ་སྦེ་ར་སྡོད་པའི་ རེ་བ་སྨོན་ལམ་ཡོད་ཟེར་ ད་རེས་དེ་ཅིག་འབད་དེ་ ད་ ལེ་ཤ་ཞུ་མ་ཤེས་རུང་ ད་ ཨ་ཙི་རེ་ ངའི་ཁ་ཐུག་ལས་ བཀྲ་ཤིས་བདེ་ལེགས་ཡོད་ཟེར་ བཀའ་དྲིན་ཆེ་ཟེར་ ཞུ་ནི་ཨིན་ལགས།