Skip to main content Skip to search
23 Aug 2018
4 min 35 sec
Video Overview
Creators: 
Nelson Walker
Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    དེ་བསྒང་ སྦྱི་མེད་པའི་གི་གཉའ་རྒོད་དང་ དཀར་སྦྱིས་པའི་གཉའ་རྒོད་དེ་ དཀར་སྦྱིས་ཅོགཔ་ཟེར་མི་འདི་ ཕར་ལས་ཚུར་ ཏེ་ ནཱ་འོང་མི་ཟེར་ཨིན་མས་བ་ ནཱ་འཇིགས་མེད་པའི་ གཉའ་རྒོད་དང་ བྱེལཝ་འཚུབ་པར།
  • ཚེ་དབང་ Tshewang
    ཏེ་ སྦྱི་མེད་པའི་གཉའ་རྒོད་དེ་བྱེལཝ་འཚུབ་ད་ ད་ ནཱ་གིས་མི་མཁྱེན་བ་ལགས་ འོ་་་ སྦྱིས་མེད་ཁྱུང་ཁྱུང་སྡིང་ཁ་ཟེར་མི་འདི་ ཨ་ནཱ་ལས་ཡར་འགྱོ་དགོ་ལགས་ཨ་ཡར་ ད་ལྟོ་ང་བཅས་ཁྱིམ་ཡུདཔ་ཅིག་གི་ གྱང་ཤུལ་ཡར་འདུག་བ་ ད་འ་ཡར་སྡོད་འབད་སྦེ་ ཏེ་ གཉའ་རྒོད་དེ་ཡར་སྡོད་ དཀར་སྦྱིསཔ་འདི་གིས་ ཕར་ལས་ནཱ་འོང་།
  • ཚེ་དབང་ Tshewang
    ཏེ་ ཁོ་འབད་སར་འོང་ བྱེལཝ་འཚུབ་ནི་འབད་ཨིན་མས་ལགས་ དེ་བསྒང་གཅིག་གཅིག་ སྒྲིག་མེད་རྐྱབ་ཅི་རྐྱབ་ཅི་ བྱེལཝ་འཚུབ་པར་འོང་དོ་འདྲས་བུ་ལགས་ འ་ནཱི་སྦེ་འོང་འབད་སྦེ་ ཡར་འོངམ་ད་ ཏེ་ ཨམ་འདི་ ཨམ་འདི་གི་བུ་ཨིནམ་ཤེས་ཤེསཔ་འདྲས་ ཨ་མ་ཁྱོད་ཀྱི་བུ་འདི་ག་ཏེ་ཡར་སོངཔ་ཟེར་ས་གི་ ཨམ་འདི་ ཡོས་བརྔོ་སྡོད་ནུག་ལོ་ལགས།
  • ཚེ་དབང་ Tshewang
    ང་བཅས་ནཱ་ཡོས་བརྔོ་དགོ་བ་དེ་བསྒང་སྨོ་ཤིག་ལགས་ ད་ལྟོ་བར་ཡང་བརྔོ་དོ་ཏེ་ ཕྱེ་འཐག་རནམ་ད་ ད་ཏེ་ ནཱ་ཕྱེ་དེ་སྦེ་ བཏབ་ནི་མེད་པར་ ཀར་བཏབ་མི་ང་བཅས་རྩ་བོ་གཉིས་ཨིན་ན་ཅིག་རང་ཨིན་ མང་ཤོས་རོགས་ ད་ ཀེ་བ་དང་ནེམ་བཙུགས་པ་མ་གཏོགས་ ད་ འཐག་ནི་མེད་ ང་བཅས་ ཀར་བཏབ་རང་བཏབ་ཨིན་ དང་ཕུའི་ལུགས་སྲོལ་སྦེ་བཞག་པའི་ཅོཝ་(?)མེད།
  • ཚེ་དབང་ Tshewang
    ཏེ་ ཨམ་གིས་ ཡོས་བརྔོ་འབད་སྦེ་སྡོད་སྡོདཔ་བར་ ཏེ་ ཨམ་འདི་ ཏེ་ གབ་ཆ་(?)རང་དྲི་མེད་རྐྱབ་པའི་བསྒང་ལས་ འདི་གིས་ཤེས་ཤེསཔ་འདྲས་ ཨམ་འདི་ཡང་ གྱད་པའི་བརྒྱུད་མས་ཏེ་རོགས་ ཏེ་ འ་ནཱི་མོ་གི་ བུ་འདི་ཨིན་མས་ཏེ་ གྱདཔ་ངོ་མ་འདི་ ཏེ་ ཨ་མ་ཁྱོད་བུ་འདི་ག་ཏེ་ཡར་སོང་ཡི་ས་ ཨམ་འདི་གིས་ ག་ནི་ཡང་སླབ་མ་བཏུབ་འདྲས་ ཏེ།
  • ཚེ་དབང་ Tshewang
    ཨམ་འདི་གི་གདོང་ཁར་སྡོད་འབད་ ཨ་མ་ཁྱོད་བུ་འདི་ སླབ་གནང་མས་ཟེར་ སླབ་སླབ་འདྲས་ ཏེ་ བུ་འདི་སླབ་གནང་མས་ཟེར་སླབ་པ་གིས་ ཨམ་གིས་ཡོས་བརྔོ་སྡོད་ནུག་ཟེར་མས་ལོ་ ཀེ་ ཁྱོད་ཀྱི་ལགཔ་གྱ་གཅིག་ནཱ་བཏང་ཤིག་ཟེར་སླབ་སླབ་འདྲས་ ཏེ་ ཁོ་ལགཔ་འདི་ ལགཔ་གཡས་འདི་ཕར་སྤྲོདཔ་ཅིག་ ཏེ་ ཨམ་འདི་གིས་ ཨེ་ཙི་འོག་ལུ་བསྡམས་འབད་སྦེ་ ཏེ་ ཡོས་བརྔོ་སྡོད་པའི་ལོ།
  • ཚེ་དབང་ Tshewang
    ཡོས་བརྔོ་སྡོད་ ཁོ་ག་དེ་སྦེ་རྐྱབ་རུང་ ཨམ་འདི་གི་ལག་པ་ལས་ སྤར་མ་ཐལ་བས་མེན་ན་ཏེ་ལགས་ ཏེ་ ཁོ་གི་ ཨེ་ཙི་འོག་ལས་ ཨམ་འདི་གི་ཨེ་ཙི་འོག་ལས་སྤར་མ་ཐལ་ཞིནམ་ལས་ ཏེ་ དེ་ལསནི་ ཏེ་ ཨམ་འདི་གིས་སླབ་ནུག་ ཏེ་ བཏང་ནུག་བ་ ཏེ་ བཏང་འབད་སྦེ་ ཏེ་ ཁྱོད་ཁོ་འཚོལ་ག་ཅི་འབད་ནི།
  • ཚེ་དབང་ Tshewang
    ཁྱོད་ངེའི་ཨེ་ཙི་འོག་ལས་ཡང་ སྤར་མི་ཐལ་བས་ ཁྱོད་ངེའི་ཨེ་ཙི་འོག་ལས་ཡང་སྤར་མ་ཐལན་ བུ་འཚོལ་ཏེ་བྱེལ་མིན་འདུག་མེན་ན་ཟེར་ ཏེ་ ཁྱོད་རང་བདེན་རྫུན་མ་རེན་ ཨ་མར་ཨ་མར་སྦེ་འགྱོ་ ཨ་མར་སྒལ་པ་གུ་ལྟ་སོང་ཤིག་ ཁོ་འ་མར་གླང་རྨོ་སྟེ་ཡོད་ཟེར་སླབ་སླབ་མས་ དབའི་ ཨམ་འདི་གིས་སླབ་བཟུམ་སྦེ་རང་ཨིན་མས།
  • ཚེ་དབང་ Tshewang
    ང་མོ་གི་ཨེ་ཙི་འོག་ལས་ མོ་ཡསོ་བརྔོ་སྡོད་ནུག་ ལགཔ་གྱ་གཅིག་ཡསོ་བརྔོ་སྡོད་རུང་ མོ་ལགཔ་ཡོས་བརྔོ་བརྔོ་སར་སྡོད་རུང་ ང་མོ་ལག་པ་ལས་སྤར་མི་ཐལ་བས་ ཨིན་ནི་ཨིན་མས་བཞག་ཤིག་ ང་ཚར་གཅིག་ ཁོ་ཚར་གཅིག་ལྟ་བར་འགྱོ་གེ་ཟེར་སོང་ཚེནི་ ཨིན་མས་ཟེར་མས་ལོ་ལགས་ ཕར་གྱི་མཐའ་མ་ལུ་ཡང་ ཤིང་དར་ཆརཝ་ཅིག་སྤུངས་ནུག་ཟེར་མས་ལོ་ སྟོང་ཕུག་ཤིང་སྦོམ་ཤོས་འ་ནེམ།
  • ཚེ་དབང་ Tshewang
    ཚུར་གྱི་མཐའ་མ་ལུ་ཡང་ འབྱུར་(?)ད་ནུག་ཟེར་མས་ལོ་ འ་ནཱི་སྦེ་ཕར་དང་ཚུར་སྤུང་ ལགཔ་གྱ་གཅིག་གིས་གླང་རྨོ་ ལགཔ་གྱ་གཅིག་གིས་ ཤིང་ར་འབལ་ཡི་རང་བཀོ་ འ་ནཱི་སྦེ་སྡོད་ནུག་ཟེར་མས་ལོ་ དབའི་ང་ཁོ་དང་ཆ་འདི་འབདན་ ང་ཁོ་ལུ་འདི་ བརླག་མི་འཁྱོལ་ནི་མས་ ལགཔ་གྱ་གཅིག་གིས་གླང་རྨོ།
  • ཚེ་དབང་ Tshewang
    ལགཔ་གྱ་གཅིག་གིས་ ཤིང་ར་འབལ་བཀོ་ཚུགས་པའི་མི་ཨིན་མས་ཟེར་ ཏེ་ ཁོ་གཡིབ་ཡར་སོང་ནུག་མེན་ན་ལགས་ ནཱ་གི་གཉའ་རྒོད་འདི་ འ་ནཱི་སྦེ་ཨིན་ཟེར་ཨིན་མས་དེ་བསྒང་ དེ་བསྒང་ ཏེ་ ད་ལྟོ་ད་ ཡར་གྱི་དཀར་སྦྱིས་པའི་ དེ་ཡང་ དགེ་བསྙེན་འདི་ ཏེ་ད་ ཡར་མཁྱེན་ཡང་ མཁྱེན་འོང་བ་ཏེ་ བདེ་ཆེན་ཕུག་གི་དགེ་བསྙེན་འདི་ཡང་ མཚོ་སྨནམོ་དང་འདྲ།
  • ཚེ་དབང་ Tshewang
    སྤ་རོ་ཚ་མའི་(?)མཚོ་སྨནམོ་དང་འདྲ་ འ་ནཱི་གཉའ་རྒོད་འདི་ཚུ་པུ་ར་(ག་ར) མཚོ་སྨནམོ་ཚུ་དང་སྦྲགས་ཞིནམ་ལས་ འབྲང་མ་འཐོན་མི་འདི་ འ་ནཱི་ཨིན་མས་ཏེ་ དེ་བསྒང་གཡུས་ཁར་ལུ་ གཉའ་རྒོད་འཐོན་མི་འདི་ ཏེ་ ཨམ་སྲུ་ཚུ་སོར་ཆགས་པར་(?)འགྱོཝ་ད་ ཏེ་ ཁོང་གིས་ཤེས་ འ་ནཱི་སྦེ་བང་ཅན་བཙོང་ ཏེ་ འབྲང་འཐོན་མི་འདི་ འ་ནཱི་ཨིན་མས་ལགས་ དེ་བསྒང་བཙན་འདི་ཚུ་གི།
  • ཚེ་དབང་ Tshewang
    ནཱ་འདི་པོ་མི་བཙན་ མར་འབད་པ་ཅིན་ སྨད་ཝང་བྱཔ་དཀརཔོ་ལོ་ ཡར་འབད་བ་ཅིན་ དཀར་སྦྱིས་ཅོགཔ་ལོ་ཟེར་མི་ཚུ་ འཐོན་མི་འདི་ཚུ་ དགེ་བསྙེན་གྱི་འབྲང་ འ་ནཱི་ཚུ་འབྲང་ཨིན་མས་བ་ ཏེ་ ཁོང་གི་ལགས་ དེ་བསྒང་འཐོན་དགོ་མི་འདི་ འ་ནཱི་ཨིན་མས་ ད་ དེ་རང་འ་ནཱི་ཚུ་དང་སྦྲགས་ད་ཞིནམ་ལས་ ཏེ་ད་ འཐོན་དགོཔ་རང་མིན་འདུག་བ་ཏེ་ལགས་ད།