Video Overview
Three statues, the Buddha, Guru and the Avalokiteshvara commonly known as Dharmakaya, Sambhogakaya and Nirmanakaya in Sanskrit, are the main statues in the temple. It was erected by Mamey Lama Therchung, a spiritual teacher from Bumthang who settled in Tali, Zhemgang. Since the Lama passed away before the completion of the wall paintings, the community, with the help of Gangteng Rinpoche (spiritual master of the Gangteng temple), carried out the work. Kuenzang Wangchuk also explains about other minor statues and several events of the community in the video.
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཨ་ནཱི་སྐུ་འདི་ཚུ་ལགས་ ཆོས་ལོངས་སྤྲུལ་གསུམ་ཨིན་ལགས་ བར་ན་ལུ་ཨོ་རྒྱན་གུ་རུ་ ཕར་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ ནཱ་ལུ་སྟོན་པ་ལགས་ ཁོང་གཙོ་འཁོར་གསུམ་ལགས་ ཆོས་ལོངས་སྤྲུལ་གསུམ་ ཆོས་ལོངས་སྤྲུལ་གསུམ་བཞེངས་དགོཔ་ག་དེ་སྦེ་སྨོ་ཟེར་བ་ཅིན་ མེ་མེ་བླ་མ་ཐེར་ཅུང་ཁོ་ར་ཞིང་ལུ་མ་བྱོན་པའི་ཧེ་མ་གནང་གནངམ་ཨིན་ལགས་ནཱ་ལུ།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukའདི་ཚུ་འདི་ ལྡེབས་རིས་འབད་བ་ཅིན་ག་དེ་སྨོ་ཟེར་བ་ཅིན་ སྐུ་བཞེངས་མ་ཚརཝ་ལས་ ཞིང་ལུ་བྱོན་ཏེ་ ལྡེབས་རིས་ལུས་སོངཔ་ཨིན་ལགས་ དེ་ལས་ སྒང་སྟེང་རིན་པོ་ཆེ་གིས་གནང་གནངམ་ཨིན་ མི་སེར་དམངས་དང་ སྒང་སྟེང་རིན་པོ་ཆེ་རུབ་སྟེ་ དེ་ལས་ཨ་ནཱི་སྐུ་འབད་བ་ཅིན་ག་ར་ཏེ་ ད་མར་སུ་རི་ལས་འཇིམ་བཟོ་ཞུ་ཞིནམ་ལས་རང་ མེ་མེ་བླ་མ་ཁོ་ར་གིས་སྦེ་བཞེངས་ཏེ་ གཟུངས་ཚུ་ཡང་ མེ་མེ་བླ་མ་ཁོ་ར་གིས་ཕུལ་ཕུལཝ་ཨིན།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukབླ་མ་ཐེར་ཅུང་གིས་ལགས་ དེ་ལས་ ཕར་ཁ་ཐུག་ལུ་ རྡོ་རྗེ་སེམས་དཔའ་གཅིག་ཡོད་ ནཱ་ཁ་ཐུག་ལུ་ རྡོ་རྗེ་སེམས་དཔའ་གཅིག་ཡོད་ ཨ་ནཱི་འདི་ཨ་ནཱི་གིས་གནང་གནངམ་ཨིན་པས་ལགས་ གཞལམ་སྒང་གྲྭ་ཚང་གི་ཁ་ཐུག་ལས་ ང་བཅས་རའི་གཞུང་ལས་སྦེ་ གཞུང་གིས་སྦེ་གནང་མི་འདི་ཨིན་ ཨ་ནཱི་འདི་ཚུ་འདི་ ཨ་ནཱི་ཆུང་ཀུ་འདི་ཚུ་འདི་ རོགས་རང་རང་སོ་གིས་སྦྱིན་བདག་ཐོན་ཏེ་ ཕུལ་མི་ཚུ་ཨིན་ ལ་ལུ་ཅིག་མི་ཤི་གི་ཨིན་ལགས་འདི་ཚུ་ག་ར་རང་།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཨ་ནཱ་ལུ་ སྤྱན་རས་གཟིགས་ སྟོན་པ་ ཨ་ཡར་གྱི་ཡང་སྤྱན་རས་གཟིགས་ ཨོ་རྒྱན་ནོར་ལྷ་ དེ་ལས་ འཇམ་དཔལ་དབྱངས་ དེ་སྦེ་ཡོད་ལགས་ནང་ན་ ཆུང་ཀུ་ཆུང་ཀུ་ལེ་ཤ་ཡོད་ མི་ཤེས་པས་ལགས་གནམ་མེད་ས་མེད་ ཕྱག་ན་རྡོ་རྗེ་འདི་ཚུ་ཡོད་ཕར་ལུ།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདེ་ལས་ ཨ་ནཱི་ཞབས་དྲུང་འབད་བ་ཅིན་ ཏེ་ད་གྲྭ་ཚང་གྲྭ་ཚང་ཚུ་ནང་གནངམ་ད་ ང་བཅས་ཀྱིས་ ཏི་རུ་འདི་ང་བཅས་ཀྱིས་ཕུལ་སྦེ་ ཡར་སློབ་དཔོན་གྱི་གྲྭ་ཚང་ནང་འབད་བ་ཅིན་ ད་མ་འོངས་པའི་ནང་འབྱང་སྟོར་ཤོར་ནི་གི་ཉེན་ཁ་འོང་ནི་མས་ ཁྱོད་དམངས་ཀྱིས་བཞེས་ད་ཟེར་སླབ་ལས་ དེ་ལས་ ཏི་རུ་ང་བཅས་ཀྱིས་ཕུལ་ཏེ་ ང་བཅས་ཀྱིས་འབག་འོང་འོངམ་ཨིན་ལགས་ ང་བཅས་ཀྱིས་ཞུ་སྟེ་འབག་འབགཔ་ཨིན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ དེ་ལས་ད་ མཆོད་པའི་སྐབས་ལུ་ཡང་ ཨ་ནཱི་ཞབས་དྲུང་ཞུ་ནི་འདུག་སྦ་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukའོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་དེ་སྦེ་འབདཝ་ད་ ད་རུང་ འདི་གི་ཧེ་མ་ད་རུང་ ཞབས་དྲུང་གི་སྐུ་འདྲ་ད་རུང་སོ་སོ་ཅིག་ཞུ་ནི་ཡོད་ལོ་མེན་ན་འདི་ག་དེ་སྦེ་སྨོ?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཧེ་མ་ད་ང་བཅས་ནཱ་མཆོད་པ་འབད་བའི་དུས་ཚོད་ལུ་ རོགས་དང་ཕུ་ལས་རང་འབད་དེ་སྡོད་ནུག་ལགས་སྡོད་ནི་འདི་ སྡོདཔ་ད་སྐུ་ཞབས་དྲུང་ཟེར་མི་འདི་ མ་པ་ལས་རང་མིན་འདུག་མགོ་ལེངས་ལུ་ ལྷ་ཁང་གི་ནང་ན།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཞབས་དྲུང་འདི་འབད་བ་ཅིན་ རོགས་མར་གདུང་ཡོད་ན་མེད་ན་གཅིག་ཡོད་ འ་མར་འབད་བ་ཅིན་ ག་གིས་གནང་ཡི་ག་མ་ཤེས་ གནག་རང་ཏང་ཏ་སྦེ་ འ་ནེ་ཅིག་སྡོད་ཡི་ལགས་ཞབས་དྲུང་ འ་ནཱི་བརྙ་སྟེ་འབག་དགོ་ འཕྲལ་འཕྲལ་སྐབས་ཆང་དྲང་བའི་སྐབས་མི་བྱིན་བརྙ་བར་མར་ལས་ལགས་ མར་ལས་བརྙ་མ་བཅུག་ནི་དེ་གིས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདེ་ལས་ དེ་སྦེ་རང་འདི་མི་བཏུབ་པས་ཟེར་ མེ་མེ་བླ་མ་གིས་ ད་ཞབས་དྲུང་ཁྱོད་ར་ཚུ་དགོ་ནི་མས་ཟེར་ དེ་ལས་ ཞབས་དྲུང་གཅིག་ཨ་ཕར་ཡུདཔ་ཅིག་འབད་མི་ཅིག་ལགས་ འ་ནེ་ཅིག་འབད་མི་ཅིག་ལགས་ འ་ནེ་ཅིག་ འ་ནཱི་མེ་མེ་བླ་མ་གིས་བཞེངསམ་ད་གནང་གནངམ་སྨན་སྐུ་ཨིན་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukསྨན་སྐུ་ཞབས་དྲུང་ཨ་ནཱི་སྐུ་འདི་ཚུ་བཞེངསམ་ད་གཅིག་ཁར་བཞེངས་བཞེངམ་ ད་ཨ་ནཱི་ཡང་མི་ཚུགས་པས་ད་ ཁྱིམ་སྐོར་ར་རྐྱབ་སྟེ་འབདཝ་ད་ དུམ་གྲ་ཅིག་ལཱ་ཁག་རྐྱབ་མས་ བཅག་དཀྲུམ་རེ་འོང་ནི་མས་ཟེར།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདེ་ལས་ད་ ལོག་སྟེ་རང་མར་ཨ་མར་ ཨ་་་དགེ་ལེགས་ཕུག་ལུ་ ད་ལྟོ་སྐུ་དྲུང་ཨིན་ལགས་ ཨ་ཞང་ལ་ཟེར་ཡོད་ སྐུ་འདི་ཁོ་གིས་ སྒྲུབ་བསྒྲུབསཔ་ཨིན་ དེ་ལས་ ཨ་ནཱི་ཕོ་བྲང་འདི་ ང་བཅས་རའི་ ང་རའི་མེ་མེ་བླ་མ་གི་སློབ་མ་ དེ་ལས་ རྒཔོ་བགྲེསཔ་བསྟན་འཛིན་དབང་ཕྱུག་གིས་སྦེ་ བཞེངས་ཏེ་ཕུལ་ཕུལཝ་ཨིན་ལགས་ཁོ་གིས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukད་མཛརཝ་སྐོརཝ་ད་ མཛརཝ་དང་འདི་ཚུ་སྐོརཝ་ད་ ཏེ་བཅག་དཀྲུམ་འོང་ནི་མས་ ད་ཕོ་བྲང་ཡོད་པ་ཅིན་ དེ་ལས་ད་ བཅག་དཀྲུམ་མི་འོང་ནི་མས་ འཇའ་ཆི་ཆི་འོང་ནི་མས་འོང་ཡང་ཟེར་ དེ་ལས་ ཁོ་གིས་བཟོ་སྟེ་ ཕུལ་ཏེ་ དེ་ལས་ འ་ནཱི་ཞུ་སྟེ་སྡོད་ཅི་ལགས་ ད་ལྟོ་ཚན་ཚོད་ ད་འ་ནཱ་ལས་ཡང་ ད་ན་ཧིང་ཞེ་ཧིང་ལས་ ན་ཧིང་ཨིནམ་བཟུམ་ཅིག་ཨིན།
- ཀུན་བཟང་དབང་ཕྱུག་ Kuenzang Wangchuk Kuenzang Wangchuk: ན་ཧིང་ལས་ཁོ་ཕེབས་ཞིནམ་ལས་ ད་ཁོ་ཞུཝ་ཨིན་ལགས་ ད་གཞུང་གིས་གནང་གནངམ་བྱིན་རླབས་ཡང་ཆེ་དྲགས་ དེ་ལས་ག་ཅི་ར་འབད་རུང་ མིག་ཏོ་གིས་བལྟ་རུང་འཇའ་ཆི་ཆི་ ལེགས་ཏོག་ཏོ་ དེ་ལས་ བྱིན་བརླབས་ཡང་གནམ་མེད་ས་མེད་ རོགས་སྐྱབས་རྗེ་ཀྱིས་ རབ་གནས་གནང་གནངམ་ཨིན་པས་ཟེར་ ཀུན་བཟང་དབང་ཕྱུག་དེ་ལས་ བྱིན་བརླབས་ཁོ་ཆེ་ནི་མས་ཟེར་ དེ་ལས་ ཁོ་རང་ཞུ་བའི་ལགས་ཞབས་དྲུང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ སྟོང་བཞེངས་མིའི་ནང་ལས་ ཨིནམ་འདྲས་མེན་ན་ མེན་དོ་འོང་འདི་དེ་ལགས་སོ་སོ་ཡོད་དོ་འོང་?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukལགས་ མ་ཤེས་ལགས་ བཞེངས་ས་ག་ཏེ་ལུ་ཨིན་ན་ སྟོང་བཞེངས་ས་ལས་ཨིན་ན་ ག་ཏེ་ལུ་ཨིན་ན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའཇིག་རྟེན་དབང་ཕྱུག་གི་ཨ་ནཱི་ཚོགས་པ་གིས་སྦེ་ ཞབས་དྲུང་སྟོང་གི་སྐུ་བཞེངས་ནི་གི་ ཐིམ་ཕུག་ལུ་སྦེ་བཞེངས་མི་གི་ ནཱ རྫོང་ཁག་རེ་རེའི་ནང་གནང་གནངམ་འདྲས་ཟེར་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukརྫོང་ཁག་ནང་སྦེ་ རྫོང་ཁག་ནང་ཡང་གནང་ དེ་ལས་ གྲྭ་ཚང་གྲྭ་ཚང་ནང་གནང་ནུག་མེན་ན་ལགས་ རེ་རེ་འ་ནཱི་ཨིན་ལགས་ རོགས་བལྟ་རུང་འཇའ་ཆི་ཆི་ ཨིན་ཡང་ཨིན་པས་ལགས་ ད་བྱིན་བརླབས་གནམ་མེད་ས་མེད་རོགས་ ད་ན་ཧིང་ཕེབས་ཅིག་རང་ཨིན་ ད་དུས་ཅི་ཐོག་ཡང་གནམ་མེད་ས་མེད་འོང་ཡི་ ཁོ་གི་བྱིན་བརླབས་ཡང་ཨིནམ་འདྲས་ཟེར་ མནོ་དོ་ལགས་མནོ་ནི་འདི་ གཅིག་བླ་མ་ཚུ་གི་ཐུགས་བྱོན་ གཅིག་ཁོ་གི་བྱིན་བརླབས་ཡང་ཨིནམ་འདྲས་ཟེར་ ཐོག་འདི་ཚུ་ཡང་ བྱཱ་འདི་ཚུ་ཡང་ དུས་ཅི་གནམ་མེད་ས་མེད་ལོ་ཐོག་འདི་ཚུ་ཡང་ལེགས་ཡི།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཆར་ཆུ་ཡང་མ་བཏུབ་བཏུབ་བབས་ བྱིན་བརླབས་ཆེ་དྲགས་ཡོད་དོ་འདྲས་ཟེར་མནོ་དོ་ལགས་ རོགས་བླ་མ་སྦོམ་གྱིས་ དབང་ཨ་ནཱི་ རབ་གནས་གནང་གནངམ་འབད་ནི་དེ་གིས་ བྱིན་བརླབས་ཆེ་དྲགས་ གཞན་དལ་གཞི་འབད་བ་ཅིན་ འ་ནེ་ཅིག་ར་གནམ་མེད་ས་མེད་མ་འོང་ ཧེ་མ་འབད་བ་ཅིན་ དུམ་གྲ་རེ་འོངམ་ཨིན་ དུས་ཅི་ལོ་ཐོག་གནམ་མེད་ས་མེད་འོང་ཡི་འོང་ཡང་ལགས་བྱིན་བརླབས་ ན་ཧིང་སྐོར་ཞིནམ་ལས་ ཨིན་རྒྱུ་ཡང་ ན་ཧིང་ལས་འགོ་བཙུགས་བཙུགསཔ་ཨིན་ལགས་ཞབས་དྲུང་ཨ་ནཱི་ ན་ཧིང་ཕེབས་ཅི་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཏི་རུ་ཡང་ ང་གིས་སྦེ་བསྡུ་ཏེ་ སྟོང་ཕྲག་ ༡༨ མར་ནང་གི་མེན་པས་ལགས་ རིན་གོང་འདི་ ཕྱི་ཁའི་པགས་ཀོ་གཅིག་གི་ཨིན་པས་ ནང་གཟུངས་འདི་རོགས་གཞུང་གི་གསོལ་རས་འབད་ དེ་ལས་ཕྱིའི་པགས་ཀོ་གི་འདི་ སྟོང་ཕྲག་ ༡༨ ཨིན་པས་གོང་ཚད་ དེ་ལས་ ང་གིས་བསྡུ་ཞིནམ་ལས་ ཚོགས་པའི་འོག་ལས་ ང་གིས་བསྡུ་སྟེ་ དེ་ལས་ སྟོང་ཕྲག་ ༡༨ གཞུང་ལུ་ཕུལ་སྦེ་ ད་ ང་བཅས་རྟ་ལི་མཁན་པོ་གི་བཀའ་དྲིན་ཨིན་ལགས་ ཨ་ནཱི་གནང་དགོཔ།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukགཞན་འདི་ག་ཏེ་ཐོབ་ནི་ང་བཅས་རའི་གཡུས་ཁའི་ལྷ་ཁང་གི་ནང་ན་ རོགས་ཡར་རྟ་ལི་མཁན་པོ་གིས་ ནཱ་སློབ་དཔོན་དང་འཆམ་ཏེ་ ལེགས་ཤོམ་སྦེ་མཛད་སྦེ་ ད་མགོ་ལེངས་ལུ་ཡང་དགོ་པས་ མགོ་ལེངས་སྒོམ་སྡེའི་ནང་གཅིག་དགོ་པས་ཟེར།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཁོ་གིས་ཞུ་ཞུཝ་མས་ དེ་ལས་ ཁོ་སློབ་དཔོན་ལུ་འབད་བ་ཅིན་ ད་ཁྱོད་ག་ཅི་འབད་ནི་ཡར་ ད་ང་བཅས་རའི་མི་སེར་འབད་བ་ཅིན་ ད་ལོ་བསྟར་བཞིན་དུ་རང་ ལོ་གཅིག་མེན་ལོ་གཉིས་མེན་ ལོ་བསྟར་རང་ཞུ་སྟེ་ སྐོར་ར་སྐོར་དགོ་ལགས་ ད་ཕ་མ་གི་སྲོལ་བཅུད་ཉམས་བཅུག་ནི་མེད་སྨོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨིན་ཅི་མིན་ཅི་ད་ དང་ཕུ་ལས་རང་ཞབས་དྲུང་རང་?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདང་ཕུ་ལས་རང་ལགས།
- སེར་སྦྲེང་གི་གསུང་སྐད། (Sounds of musical instruments)