Skip to main content Skip to search
19 Oct 2017
7 min 56 sec
Video Overview
Creators: 
Yeshi Wangchuk

An account of the Singye cham, a masked dance, of Jampa Lhakhang was narrated by Jigme from Norbugang village. The main reason to perform this particular dance is to make an offering to the Singye (lion) that accompanied Jowo of Lhasa on the long journey from Tibet. According to this account, the siblings Jowo of Lhasa, Jampa Lhakhang and Kitchu Lhakhang, gather at Jampa Lhakhang during a festival on the fifteenth day of the tenth month of the Bhutanese calendar for an annual meeting. Honoring the travels of Jowo of Lhasa by lion and Kitchu Jowo by mythical horse, the Jowo of Jampa Lhakhang makes an offer of gratitude through the performance of Singye Cham during the festival.

བྱམས་པ་ལྷ་ཁང་གི་ སེངྒེ་འཆམ་གྱི་ལོ་རྒྱུས་འདི་ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་ ནོར་བུ་བསྒང་གཡུས་ཚན་ལས་ འཆི་མེད་ཀྱི་བཤདཔ་ཨིནམ་ད་ སྤྱིར་བཏང་འཆམ་འདི་ རྐྱབ་དགོ་པའི་དམིགས་ཡུལ་འདི་ཡང དེ་བསྒང་ ཇོ་བོ་ཤཱཀྱ་མུ་ཎི་ བོད་ལས་བྱོན་པའི་བསྒང་ སེངྒེ་དེ་ཡང་ ཕྱག་ཞུ་སྟེ་ཡོདཔ་ལས་ ཁོ་ལུ་ བདུད་རྩི་སྨན་མཆོད་པ་དང་ ཚོགས་ཀྱི་མཆོད་པ་ཕུལཝ་ཨིན་པས། ཏེ་གསལ་བཤད་པ་དང་འཁྲིལཝ་ད་ ལོ་ལྟར་རང་ཟླ་ ༡༠ པའི་ཚེས་ ༡༥ ལུ་ དུས་ཆེན་གྱི་དོན་ལུ་ ལྷ་ས་དང་ བྱངམས་པ་ལྷ་ཁང་ འདི་ལས་ སྐྱིད་ཆུ་ལྷ་ཁང་གི་ ཇོ་བོ་སྤུན་ཆ་ཚུ་ བྱམས་པ་ལྷ་ཁང་ནང་ འཛོམས་འཛོམསམ་ཨིན་ཟེར་ཨིནམ་ད་ ལྷ་ས་ཇོ་བོ་འདི་ སེངྒེ་གུ་ཆིབས་ཏེ་བྱོན་ཡོདཔ་ད་ སྐྱིད་ཆུ་ཇོ་བོ་འདི་ རྟ་གུ་ཆིབས་བྱོནམ་ད་ བྱམས་པ་ལྷ་ཁང་གི་ཇོ་བོ་གིས་ བཀྲིན་དགའ་ཚོར་ཞུ་་སྟེ་ སེང་ྒེའི་འཆམ་འདི་ བཙུགས་ཡོདཔ་ཨིན་པས། 

Transcript search
No results found for this search
0 of 0
  • འཇིགས་མེད་ Jigme
    ལགས་སོ། ང་བཅས་བུམ་ཐང་ལུ་ཏེ་ བུམ་ཐང་བྱམས་པ་ལྷ་ཁང་གི་སེངྒེ་འཆམ་ཟེར་མི་འདི་ རྒྱུ་རྐྱེན་ག་ཅི་སྨོ་ཟེར་བ་ཅིན་ ཏེ་ད་ དང་ཕུ་དང་ཕུ་ཏེ་ ཁོང་ཇོ་བོ་སྤུན་གསུམ་ ལྷ་ས་ཇོ་བོ་ སྤ་རོ་ཇོ་བོ་ བུམ་ཐང་བྱམས་པ་ལྷ་ཁང་གི་ཇོ་བོ་སྤུན་གསུམ་ཨིན་པ་ལས་བརྟེན་ཏེ་ ཏེ་ད་ ཟླཝ་༡༠ པའི་ཚེས་༡༥ གི་ཉིན་ འདི་ཏེ་ སྐར་མ་ཉ་རུ་འཛོམས་པའི་ཉིན་མར་འདི་ཏེ།
  • འཇིགས་མེད་ Jigme
    ཁོང་གསུམ་ཨ་ནཱི་ ཏེ་ད་ འཛོམས་འདུ་གནང་ནི་ཨིན་ཟེར་ ཏེ་ཁོང་གསུམ་འཛོམས་འདུ་གནང་དགོ་པའི་དོན་དག་ག་ཅི་སྨོ་ཟེར་བ་ཅིན་ དང་པ་ང་་བཅས་རའི་འཛམ་བུ་གླིང་ལུ་ ཏེ་ད་ ང་བཅས་ལུ་ཏེ་ ནད་རིགས་མུ་གེ་དམག་འཁྲུགས་ནད་ཡམས་འདི་ཚུ་འཇོམས་ དེ་ལས་ ལོ་ཕྱུགས་རྟག་ཏུ་ལེགས།
  • འཇིགས་མེད་ Jigme
    ཆར་ཆུ་དུས་སུ་འབབ་དགོ་པའི་དོན་ལུ་ ཏེ་ང་བཅས་རའི་འཛམ་བུ་གླིང་ལུ་ མི་འདི་ཚུ་གི་མཐའ་དོན་ལུ་བརྟེན་ཏེ་ ཏེ་ཁོང་གསུམ་ ཞལ་འཛོམས་འདི་ ནཱ་བུམ་ཐང་བྱམས་པ་ལྷ་ཁང་ལུ་ཏེ་ བྱམས་པ་ལྷ་ཁང་གི་ཇོ་བོ་འདི་ཏེ་ སྤུན་གསུམ་འབདཝ་ད་ བྱམས་པ་ལྷ་ཁང་གི་ཇོ་བོ་འདི་ བར་མ་འབད་བ་ལས་ སྤ་རོ་ཇོ་བོ་ཡང་ནཱ་བྱོན།
  • འཇིགས་མེད་ Jigme
    ལྷ་ས་གི་ཇོ་བོ་ཡང་ནཱ་བྱོན་ ལྷ་ས་གི་ཇོ་བོ་སེངྒེ་གུ་ཆིབས་ཏེ་ ནཱ་ལུ་བྱོན་ དེ་ལས་ སྤ་རོ་གི་ཇོ་བོ་འདི་ རྟ་མཆོག་བ་ལ་ཧ་གུ་ཆིབས་ཏེ་ ནཱ་བྱོན་ དེ་ལས་ ནཱ་གི་ཇོ་བོ་འདི་ ཆིབས་པ་གླང་པོ་ཆེ་གུ་ཆིབས་སྦེ་ ཁོང་གསུམ་ ཏེ་ད་འ་ནཱི་སྦེ་འཛོམས་ཏེ་ དེ་ལས་ བསྟུན་གྲོས་གནང་སྟེ་ ཏེ་འ་ནཱི་སྦེ་བཞུགས་ནིའི་དོན་དག་ལུ་བརྟེན་ཏེ་ དེ་ལས་ ཨ་ནཱི་སེངྒེ་འཆམ་ཟེར་མི་རྐྱབ་དགོཔ་འདི་ རྒྱུ་རྐྱེན་འདི་ཡར།
  • འཇིགས་མེད་ Jigme
    ལྷ་ས་ཇོ་བོ་གི་ཆིབས་ སེངྒེ་འཆམ་འབད་བ་ལས་བརྟེན་ཏེ་ ཏེ་ཁོ་ཡར་ལས་མར་ ཇོ་བོ་ཆིབས་ཏེ་ ནཱ་བྱོན་པ་ལས་ ཏེ་ད་ སེངྒེ་འདི་སྐུ་འོ་བརྒྱལ་ནུག་ཟེར་ ཏེ་ད་ [ཇི་བཞིན་སྐུ་ལྔ་?]འདི་ཚུ་གིས་ བདུད་རྩི་སྨན་གྱི་མཆོད་པ་ ཚོགས་ཀྱི་མཆོད་པ་ཕུལ་དགོ་ཟེར་ དེ་སྦེ་མི་བཏུབ་ཟེར།
  • འཇིགས་མེད་ Jigme
    དེ་ལས་ གཞས་དཔོན་གཞས་གཡོག་འཁྲབ་སྟེ་ དེ་ལས་ ནཱ་གཞས་འཁྲབ་སྟེ་ དེ་ལས་ འཁྲབ་དགོ་པའི་རྒྱུ་རྐྱེན་འདི་ འདི་ཨིན་ཟེར་ལགས་ དེ་ལས་ད་ དེ་ལས་ འདི་ལས་ཡར་ལྟ་སེངྒེ་ལུ་བཞེངས་བརྡ་ཕུལ་ནི་ཨིན་ལགས།
  • འཇིགས་མེད་ Jigme
    སེངྒེ་འདི་ལུ་བཞེངས་བརྡ་ཕུལཝ་ད་ལུ་ ཁོ་ལུ་བཞེངས་བརྡ་ཕུལ་དགོཔ་ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་ཡར་གངས་ལས་མར་ནཱ་བྱོན་ཞིནམ་ལས་ཚུར་ ཁོ་གཟིམ་བཞུགས་བཞུགསཔ་སྦེ་ འདི་ལས་བཞེངས་བརྡ་ཕུལ་ཏེ་ ཇོ་བོ་འདི་ཆིབས་ ལྷ་ས་གི་ཇོ་བོ་ཡང་ཆིབས་ སྤ་རོ་གི་ཇོ་བོ་ཡང་ཆིབས་ ནཱ་གི་ཇོ་བོ་ཡང་ གླང་པོ་ཆེ་གུ་ཆིབས་སྦེ་ ཁོང་གསུམ་ཆིབས་ཏེ་ དེ་ལས།
  • འཇིགས་མེད་ Jigme
    ཞལ་འཛོམས་ག་ར་འཚོགས་གནང་ཚར་ཞིནམ་ལས་ དེ་ལས་ ད་སེངྒེ་འདི་ ཤར་ ལྷོ་ ནུབ་ བྱང་ཕྱོགས་བཞི་མཚམས་བརྒྱད་ལུ་ཏེ་ བདུད་རྩི་སྨན་གྱི་མཆོད་པ་དྲང་ནི་ཨིན་ ད་སྐུ་འོ་བརྒྱལ་ཡི་ བྱོན་གནང་ཟེར་ དེ་ལས་ ཤར་ཕྱོགས་རྒྱལ་པོ་ ལྷོ་ཕྱོགས་རྒྱལ་པོ་ ནུབ་ཕྱོགས་རྒྱལ་པོ་ བྱང་ཕྱོགས་རྒྱལ་པོ་ དེ་ལས་ དབུས་ཀྱི་རྒྱལ་པོ་ རྒྱལ་པོ་སྐུ་ལྔ་འདི་ཚུ་གིས་ འ་ནཱི་བདུད་རྩི་སྨན་གྱི་མཆོད་པ་ཕུལ་ནིའི་དོན་དག་ལུ་བརྟེན་ཏེ་ དེ་ལས་ ཕྱི་ཁ་ལས་ ཕྱོགས་བཞི་མཚམས་བརྒྱད་བསྐོར་ཏེ་བྱོན་མི་འདི་ འབྱུང་ཁུངས་འདི་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • འཇིགས་མེད་ Jigme
    ཏེ་ད་འ་ནཱི་ཕུལཝ་ད་ ཏེ་ད་ གཞས་དཔོན་འདི་གིས་བཞེངས་ཏེ་ དེ་ལས་ དབྱངས་འཐེན་ཏེ་ དེ་ལས་ བཞེངས་བརྡ་ཡར་ཕུལ་ཏེ་ དེ་ལས་ བྱོན་ནིའི་མཚམས་འ་ནཱ་ལས་ཨིན་ལགས།
  • འཇིགས་མེད་ Jigme
    ཨོ་མོ་ལྷ་ས་མ་ཎི་པདྨེ་ཆོས་ལ་ཧཱུཾ།ཨོ་མོ་ལྷ་ས་མ་ཎི་པདྨེ་ཆོས་ལ་ཧཱུཾ། །ད་བཞེངས་ཤོག་བཞེངས་ཤོག་སྐུ་བཞེངས་ད། །ད་དགུང་སྟོད་སྐོར་བ་བྱོན་དགོ་པས། །ལགས་སོ་ལགས། འ་ནཱི་སྦེ་འབད་ཞིནམ་ལས་ དེ་ལས་ད་ གངས་སྟོད་དགུང་སྟོད་ མཚོ་སྟོད་སྤང་སྟོད་སྐོར་ཏེ་ཨིན་ལགས། ད་ཚིག་གི་ལམ་ལུགས་དེ་སྦེ་ཨིན། དེ་ལས་སེངྒེ་འདི་ ཕར་ཕྱོགས་བཞི་ལུ་ སྐོར་བྱོན་ནི་ཨིན་ལགས།
  • འཇིགས་མེད་ Jigme
    དེ་ལས་ལགས་ ད་ང་བཅས་རའི་ ཁོ་གི་ཨ་ནཱི་སེངྒེ་གི་འདི་གནང་དགོ་པའི་རྒྱུ་རྐྱེན་འདི་ ཏེ་ཟླཝ་༡༠ པའི་ཚེས་༡ ཐོན་ཞིནམ་ལས་ དེ་ལས་ ཚེས་༡ ལས་ཡར་བརྩིས་ཏེ་ ཨཱ་་་ལྷག་ཐོན་རུང་བརྩིས་ནི་མེད་ ཆད་ཐོན་རུང་བརྩིས་ནི་མེད་ འདི་ཁོ་ར་རང་འཇགས་མར་ལས་ཡར་ ཚེས་༡ ལས་ཡར་འགོ་བཙུགས་ཏེ་༡༥ ལུ་མ་ལྷོདཔ་ཚུན་ཚོད་ལུ་ ཏེ་རྩ་ལས་མེད་ ཏེ་འ་ནཱི་འབད་དེ་ ཚེས་གྲངས་འདི་བརྩི་དགོཔ་ཨིན།
  • འཇིགས་མེད་ Jigme
    འདི་བརྩི་དགོ་པའི་རྒྱུ་རྐྱེན་འདི་ ག་དེ་སྦེ་སོང་ཡི་ཟེར་བ་ཅིན་ འ་ནཱི་བརྩི་དགོ་པའི་རྒྱུ་རྐྱེན་འདི་ དང་པོ་ཏེ་མར་ ལྷ་ས་ཇོ་བོ་ཡང་བྱམས་པ་ལྷ་ཁང་བྱོན་ དེ་ལས་ བྱམས་པ་ལྷ་ཁང་ཇོ་བོ་ཁོ་ར་འདི་ ནཱ་རང་བཞུགས་བཞུགས་སར་དེ་སྦེ་འབད་ དེ་ལས་ ང་བཅས་རའི་སྤ་རོ་ཇོ་བོ་ཕར་ལས་ཚུར་བྱོནམ་ད་ ཏེ་ ད་ཕར་འཛོམས་འདུ་ནང་འགྱོ་དགོ་ཟེར་ ཕར་ལས་ཚུར་བྱོནམ་ད་ ཚེས་གྲངས་འདི་ གསར་ཚེས་ལུ་བརྩིས་ཏེ་བྱོན་ ནཱ་གི་སེངྒེ་འཆམ་རྐྱབ་ནི་འདི་༡༤ ཆད་དེ་༡༥ ལུ་ཐོན།
  • འཇིགས་མེད་ Jigme
    ༡༤ འདི་ཆད་སྦེ་མེདཔ་ཨིན་ འ་ནཱི་འདི་༡༥ ལུ་ཐོན་འབདཝ་ད་ ལྷག་ཆད་ནོར་ཏེ་སོང་སྦེ་ ཏེ་འ་ནཱི་འབད་དེ་ ཏེ་འ་ནཱི་གི་བར་ན་ ཡར་ལས་ ཁོང་ནཱ་སེངྒེ་འཆམ་རྐྱབ་ད་ ཡར་ལས་མར་འབྱོགཔ་ཨཔ་ཅིག་ཡར་ལས་མར་མཐའ་ས་ལུ་ ཆུམ་འཚོལ་བར་འགྱོ་དགོ་པས་ ཟེར་འོངམ་ད་ ཁོ་ནཱ་བྱམས་པ་ལྷ་ཁང་སེངྒེ་འཆམ་རྐྱབ་ནི་དང་ཁ་ཐུག་སོང་སྟེ་ དེ་ལས་ ཁོ་ཡང་ནཱ་ལུ་ལྟདམོ་བལྟ་ དེ་ལས་ ནཱ་གི་སྦྱིན་བདག་ཚུ་གིས་ཆང་བྱིན་ དེ་ལས་ཆང་འཐུང་།
  • འཇིགས་མེད་ Jigme
    ཁོ་ཡང་སྤྲོ་སྟོན་ཏེ་ དགའ་སྟེ་མ་ཚུགས་པར་ འདི་གི་ཉིན་མར་ནཱ་སྡོད་སྦེ་ ཏེ་ནངས་པར་བཟུམ་ཅིག་ བྱམས་པ་ལྷ་ཁང་ལས་ ཧ་སག་སྟེ་ལོངས་འགྱོཝ་ད་ ཏེ་ང་བཅས་ཡར་བུམ་ཐང་དཀྱི་གི་ལ་ཟེར་ དཀྱི་གི་ལ་ཟེར་ ཨ་ཡར་ལ་ཅིག་ཡོད་ལགས། ཏེ་འ་ནཱི་ལ་ཁ་ལས་འགྱོཝ་ད་ ཕར་མིག་མཐོང་ཅིག་གི་ས་ཁ་ལས་ཚུར་ འ་་་རྟ་དཀརཔོ་ མི་དཀརཔོ་ དེ་ལས་ དཔའ་རྟགས་རྒྱབ་ཁར་བཏགས་བཏགསཔ་གི་མི་ཅིག་ དེ་ལས་ དབུ་ཞྭམོ་ཡང་དཀརཔོ་བཞེས་མི་ཅིག
  • འཇིགས་མེད་ Jigme
    ཕར་ལས་ཚུར་བྱོན་མས་ཟེར་ དེ་ལས་ཁོ་ཨའོ་ ཨ་ནཱི་མི་འདི་མི་བཟང་ཅིག་ཨིན་པས་སྨ་རེད་ མི་ལེགས་ཤོམ་ཅིག་ཨིན་པས་ ང་ད་དེ་སྦེ་མི་བཏུབ་ཟེར་ མགྱོགས་པར་མགྱོགས་པར་ཁོ་རའི་རྒྱབ་ཁར་འབག་སྟེ་ཡོད་མི་ཙེའུ་འདི་ཡང་ མར་ལམ་འོག་ལུ་བཙུགས་ ཨིབ་བཞག་སྦེ་ དེ་ལས་ ལམ་འོག་ལུ་ཐོན་ ཞྭམོ་ཕུད་ མར་བསྒུགས་སྦེ་སྡོདཔ་ད་ སྦོ་ལོགས་ཁར་ལྷོད་ནུག
  • འཇིགས་མེད་ Jigme
    སྦོ་ལོགས་ཁར་ལྷོདཔ་ད་ རྟ་དཀརཔོ་གུ་ཆིབས་ དཔའ་རྟགས་བེན་[ཐུགས་རྗེ་ཅནམ་?] གསེག་མ་སྐྱག་རང་ཁོག་ཁོ་བཏང་བཏངམ་ཅིག་ རྒྱབ་ཁར་བཏགས་སྦེ་ཨིན་པས་ཟེར་ ཏེ་འ་ནཱི་སྦེ་འབདཝ་ད་ ཕྲང་ཕྲང་རང་ ཏེ་དེ་ལས་ དབའེ་ ཨ་པ་ཁྱོད་ག་ཏེ་འགྱོཝ་སྨོ་ ཟེར་གསུངས་ནུག་ཟེར་ ང་ད་མར་ཏེ་ མཐའ་ས་ལུ་ཆུམ་རེ་འཚོལ་བར་འགྱོཝ་ཨིན་ཟེར་ཞུཝ་ད་ ཕར་བྱམས་པ་ལྷ་ཁང་སེངྒེ་འཆམ་འདི་ ད་རེས་ཨིན་པས་ག་ ཟེར་གསུངས་ནུག་ཟེར།
  • འཇིགས་མེད་ Jigme
    ཁ་ཙ་ལས་གྲོལ་ཡི་ལགས་ཟེར་ ང་ཁ་ཙ་ཕར་ཁོང་འཆམ་རྐྱབ་སར་ལྟདམོ་བལྟ་སྟེ་ དེ་ལས་ཆང་འཐུང་སྟེ་ ཕར་ལུས་སོང་ཡི་ལགས་ཟེར་ ད་རེས་ད་ལྟོ་དྲོ་པ་ཕར་ལས་ལོངས་འོངམ་ཨིན་ཟེར་ཞུཝ་ད་ ཨཱ་་་དབའེ་ དུམ་གྲ་ཅིག་ཁོང་ཚུ་གིས་འདི་ འཛོལ་ཏེ་མིན་འདུག་ ད་དེ་སྦེ་མེན་སྨ་རེད་ ད་ཨ་པ་ཁྱོད་ཀྱིས་ཁ་འཐེན་ཅིག་སླབ་བྱིན་སྨ་རེད་ ད་ད་ལས་ཕར་མཇུག་མ་འོངས་པ་སྙིགས་མའི་དུས་ལུ་ མ་ལྷོདཔ་ཚུན་ཚོད་ལུ།
  • འཇིགས་མེད་ Jigme
    ཚེས་ ཟླཝ་༡༠ པའི་ དེ་ལས་ ཚེས་འདི་ཐོན་ཏེ་ ཚེས་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ འབད་ཡར་ ཚེས་༡༥ ལུ་ མ་ལྷོདཔ་ཚུན་ཚོད་ལུ་ ལྷག་ཆད་ཡང་མ་རྩིས་ ཟླཝ་ཐོན་རུང་གཉིས་རྩིས་ མ་རྩིས་ ཚེས་གྲངས་ཡང་ཐེབས་ཡང་མ་རྩིས་ ཆད་ཡང་མ་རྩིས་ཟེར།
  • འཇིགས་མེད་ Jigme
    དེ་ལས་ ཟླཝ་༡༠ པའི་ཚེས་༡༥ གི་ཉིན་མར་འདི་ ཡར་གནམ་ཁར་སྐར་མ་ཉ་རུ་འཛོམས་ སྐར་མ་ཉ་རུ་འཛོམས་ཏེ་འབདཝ་ད་ ལོ་གཅིག་ནང་ཚར་གཅིག་ལས་མིན་འདུག་ འ་ཡར་འཛོམས་པའི་དུས་ཚོད་འདི་ལུ་ ཁོང་ཇོ་བོ་གསུམ་ཡང་ ཞལ་འཛོམས་དེ་སྦེ་ གནང་གནངམ་ཨིན་པས་ལགས།། །།