16 Feb 2017
6 min 47 sec
- ཉིམ་རྡོ་རྗེ Nim Dorjiད་ དཔའ་བོ་ཚུ་གིས་ ད་རེས་ནངས་པར་ཡང་ ན་བའི་སྐབས་ལུ་ འ་ནཱི་བཟུམ་ ས་འདམ་གྱི་མི་བཟུམ་གླུད་བཟོ་སྟེ་ བཀོ་འོང་བ་སྟེ།
- དཔོན་ཆེན་ལ Penchelaཨོང་་་་་་།
- ཉིམ་རྡོ་རྗེ Nim Dorjiགླུད་བཟོ་སྦེ་ [ཕྱེ་ཕྱེས་བཏབ་སྟེ་?] དེ་ནང་ དེ་ལས་ དེ་ནང་ ག་ཅི་གུ་ཅི་ཕོག་ནུག་ཟེར་ ཨ་ནཱི་ ཤི་ཀ་རི་ ཕོག་ནུག ག་ཅི་གུ་ཅི་ཕོག་ནུག་ཟེར་ ཨ་ནཱི་བཟུམ་ཕོག་ནི་མས་ཟེར་ ཕྱེ་ཕྱེས་བཏབ་སྟེ་ བཀོ་འོང་བ་སྟེ་ འ་ནཱི་འདི་ ག་སྟེ་ལས་ཤེས་ནུག་ཟེར་བ་ཅིན།
- ཉིམ་རྡོ་རྗེ Nim Dorjiཧེ་མ་ལས་ར་ མི་གཅིག་ཚལ་མ་ནང་ཤ་བདའ་བར་འགྱོ་འགྱོཝ་ཨིན་མས། ཤ་བདའ་ཡི་བདའ་ཡི་འགྱོཝ་ད་ ཚལ་མ་ནང་ཤ་མ་ཐོབ་པས། སྟེ་གནམ་མེད་ས་མེད་ ག་རང་གུ་རུང་འབད་དེ་ ཆརཔ་རྐྱབ་ཅི་ལོ། ཆརཔ་ཤུགས་སྦེ་རྐྱབ་ དེ་ལས་བྱག་ཕུག་ནང་ ད་འབདན་ཆརཔ་རྐྱབ་ཅི་ཟེར་ བྱག་ཕུག་ནང་འཛུལ་སྦེ་སྡོད་སྡོདཔ་ཨིན་མས། འ་ནཱི་བྱག་ཕུག་ནང་སྡོདཔ་ད་ལུ།
- དཔོན་ཆེན་ལ Penchelaའཕྲལ་འཕྲལ་གུ་རུང་འབད་དེ་ གནམ་ཁ་ལས་འབྲུག་སྐད་རྐྱབ་ གློག་ཀེམ་སྦེ་ ཨ་ནཱིམ་ཅིག་ཁ་ལུ་ ཁོ་གི་སྦོ་ལོགས་ཁ་ལས་ རྡོ་རེ་རེ་འགྱོ་དོ་བཟུམ་མཐོང་ནུག་འ་ནཱི་མི་གིས། ཨ་ནཱི་བཟུམ་རྡོ་རིངམོ་རིངམོ་ཕགཔ་བཟུམ་སྦེ། ད་རུང་ ཨ་ནཱི་སྦེ་བལྟཝ་ད་ལུ་ ད་རུང་ཨ་ཙི་ཅིག་ཁ་ལུ་ གློག་ཀེམ་སྟེ་ གུ་རུང་འབདཝ་ད་ལུ་ ད་རུང་ རྡོ་ཅིག་འགྱོཝ་དེས་ལོ་བ་ཏེ། འ་ནཱི་བཟུམ་རིངམོ་ ཕགཔ་བཟུམ་གྱི་རྡོ་ མཆོང་འགྱོཝ་དེས་ལོ།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ དབའེ་ཟེར་ ཨ་ནཱི་མི་དེ་གིས་ མདའ་རྐྱབ་ད་ནུག་འ་ནཱི་རྡོ་གུ། ཁོ་གི་མདའ་གིས་ མདའ་ཅིག་གིས་རྐྱབ་ ག་འགྱོཝ་མས་ག་བལྟ་དགོ་པས་ཟེར་ དེ་ལས་ ད་རུང་ཨ་ཙི་ཅིག་ཁ་ལས་ ད་རུང་གུ་རུང་འབད་དེ་ གློག་ཀེམ་རྐྱབ་ད་ འ་ནཱི་ ཁོ་གི་མདའ་ཕོག་མི་རྡོ་འདི་ ཡར་སོ་ཡི་ལོ། ཁོ་གི་མདའ་ཡང་འབག་ཡར་སོ་ནུག
- ཉིམ་རྡོ་རྗེ Nim Dorjiའ་ནཱི་མདའ་འབག་འགྱོ་ འ་ནཱི་ད་རུང་ ད་རུང་མདའ་གཅིག་འདུག འ་ནཱི་མདའ་དེ་ཡང་ད་རུང་རྐྱབ་ནུག སོ་སོ་རྡོ་ལེ་ཤ་འདུག་ལོ་བ་སྟེ་ཨ་ནཱི་བཟུམ། ཨ་ནཱ་ལས་འདི་ མདའ་གཉིསཔོ་ཆ་ར་འབག་ཡར་སོངཔ་ཨིན་མས། དབའེ་ ང་གི་མདའ་འདི་འབག་ཡི་ རྫོགས་སོ་ཡི་ཟེར་ ད་རུང་ ག་ཅི་འགྱོཝ་མས་ག་ཟེར་ ཁོ་གིས་ རྟགས་དཔྱད་འབད་འབདཝ་ཨིན་མས། ག་ཅི་ཡོདཔ་ཨིན་ན་ཟེར་ དེ་ལས་ ༼དཱན་༽ ཨ་ནཱི་སྦེ་ ༼ཨར་ཀེ་ར་༽ བཞག་བཞགཔ་མས།
- ཉིམ་རྡོ་རྗེ Nim Dorjiཨ་ནཱ་ལས་ ༼དཱན་༽ ཡང་ད་རུང་ཨ་ནཱི་འབད་རང་ འབྲུག་སྐད་གུ་རུང་འབདཝ་ད་ ད་རུང་མཆོང་ཡར་སོ་ཡི་ལོ། ཡ་ཟེར་ ཨ་ནཱ་ལས་ ད་འབདན་མདའ་རྐྱབ་ནི་གིན་རྫོགས་སོ་ཡི་ ད་རུང་ བལྟཝ་ད་ རྡོ་སོ་སོ་ཡང་འདུག་ལོ་ འ་ནཱི་བཟུམ་ཕགཔ་བཟུམ་གྱི་རྡོ། དེ་ལས་ག་ཅི་འགྱོཝ་མས་ག་བལྟ་དགོ་པས་ཟེར་ ཨ་ནཱི་འབད་བཤེད་སྦེ་སྡོད་ཅི་ལོ་སྟེ་རྡོ་གུ།
- ཉིམ་རྡོ་རྗེ Nim Dorjiབཤེད་སྦེ་སྡོདཔ་ད་ལུ་ ཁོ་ཡང་འབག་ཡར་སོ་ནུག་སྟེ། ཚར་ཅིག་གུ་འཐུ་འབགཔ་ད་ལུ་ མི་ལེ་ཤ་ཡོད་པའི་ཁྱིམ་ཅིག་ནང་ལྷོད་ལྷོདཔ་མས། མི་ཚུ་ཡང་ཆུང་ཀུ་ཆུང་ཀུ་ ག་ཅི་ལོ་ ཆུང་ཀུ་ཆུང་ཀུ་ འ་ནཱི་བཟུམ་སྐྱ་ལྷ་ལྷཔ་ ༼སྐྱ་འཛིང་མི་འདི་ ལྟོ་གིས་སྦྱར་ཏེ་ འ་ནཱི་བཟུམ་འཛིང་འཛིངམ་ གནམ་མེད་ས་མེད་འདུག་ལོ། ཁོང་ཚུ་གི་ཁྱིམ་ནང་ལྷོད་ནུག་ལོ་ཁོ་འདི། ཁོང་ཚུ་གི་ཁྱིམ་ནང་ལྷོད་སྦེ་ སྡོདཔ་ད་ལུ་ ཏེ་དེ་ལས་མར་སྒོའི་རྩ་བར་གཡིབ་སྦེ་སྡོདཔ་ད་ ཁོང་ཚུ་གིས་མི་མཐོང་བས་ལོ་སྟེ་ཁོ། ཁོ་གིས་འདི་ག་ར་མཐོངམ་བས་ལོ་ ཕར་ཚུར་འབད་འབདཝ།
- ཉིམ་རྡོ་རྗེ Nim Dorjiདེ་ལས་འདི་ ཨ་ནཱི་ཁྱིམ་གྱི་མི་ན་ཡི་སྟེ་ ན་སྟེ་ ག་ར་ན་ལོ་ དེ་ལས་ན་སྦེ་ ན་ཡི་ཟེརཝ་མས་ལོ། ཨ་ནཱ་ལས་འདི་ ཁོ་གིས་ད་ རིགས་རྒྱུད་སྦོམ་ཨིན་མས་བ་སྟེ་ ལྷ་གི་གྲལ་ཁ་ལས་ སི་ཏ་བཱོན་ཟེར་འདུག་བ་སྟེ་ སི་ཏ་བཱོན། འ་ནཱི་སི་ཏ་བཱོན་ཁྱིད་འོང་སྦེ་ ༼དཔའ་བོ་རྐྱབ་ཅི་ལོ། དཔའ་བོ་རྐྱབ་ས་བལྟཝ་ད་ལུ་ ཁོ་གིས་མཐོང་དོཝ་མས། ཁོང་ཚུ་གིས་འདི་མི་མཐོངམ་བས། མོ་བཏབ་ འ་ནཱ་ལས་འདི་ སྒོ་གི་རྩ་བར་ ཕྱགས་སྙིགས་ཀྱི་ནང་ན་སྡོད་སྦེ་བལྟཝ་ད་ ༼ལགཔ་གིས་་་་་་་་་༽ ཨ་ནཱི་སྦེ་ ཁོ་གི་རྔ་འདི་ ངང་ལག་ཤིང་གི་ནང་ན་གི་ ༼པ་ཏ་༽ ཨ་ནཱི་ངང་ལག་གི་ནང་ན་གི་ཤོམ་འདབ་འོང་མེན་ན་ གོ་བཟུམ་སྦེ། འ་ནཱི་བཟུམ་ཡང་འདུག་ལོ།
- ཉིམ་རྡོ་རྗེ Nim Dorjiདེ་ལས་འདི་ ཨ་ནཱི་མི་གིས་འདི་ འ་ནཱི་མི་གིས་འདི་ ག་ཅི་ཨ་ནཱི་བཟུམ་༼པ་ཏ་ཀོ་༽ རྔ་བརྡུངམ་ཨིན་ན་ ཟེར་སླབ་སྦེ་ འ་ནཱི་བཟུམ་སྦེ་གཅིག་ འ་ནཱི་བཟུམ་ གཅིག་ འ་ནཱི་བཟུམ་ ཕྱགས་སྙིགས་འཐུ་སྦེ་ ཁོ་གི་རྔ་ལུ་བླུགསཔ་ད་ལུ་ རྔ་འདི་དོང་སྤེད་སྦེ་སྡོད་ཡི་ལོ་བ་སྟེ། འ་ནཱ་ལས་འདི་ ཡ་་་་ ༼ཤི་ཀ་རི་ལག་གེ་ཀོ་ཚོ་ ཤི་ཀ་རི་༽ ཁྱེད་ཆ་ཁྱབ་ཀྱི་ཁྱིམ་ནང་འཛུལ་ནུག ང་གིས་འདི་འབད་མི་ཚུགས། ཨ་ནཱི་བདའ་བཏང་མི་ཚུགས་ ཟེརཝ་མས་ལོ་ འ་ནཱི་སི་ཏ་བཱོན་གྱིས།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ གཞན་ན་རོ་བཱོན་ཟེར་མི་དཔའ་བོ་སྦོམ་ ཁོ་འཁྱིད་འོང་དགོ་ ཟེར་མི་འདི་གོཝ་མས་ལོ། དེ་འབདཝ་ད་ ཁོ་འདི་ ཁོང་ཆ་ཁྱབ་ཀྱིས་མི་མཐོང་པས་ལོ། དེ་ལས་འབདན་ བླ་་་་ ཁོ་གི་སེམས་ཁར་ཨ་ཙི་ཅིག་འདྲོག་ལོ་སྟེ། ད་ སི་ཏ་བཱོན་འདི་ཡར་སོ་ཡི་ ན་རོ་བཱོན་ཟེར་མི་འདི་ སྦོམ་ཡོད་ལོ། ག་བཟུམ་ཅིག་ཡོད་ག?ཟེར་ ཨ་ཙི་ཅིག་སེམས་ཁར་འདྲོག་སྦེ་ དེ་ལས་འོང་དོ་ཟེརཝ་མས་ལོ་ དེ་ལས་ལྟ་མ་འདི་ ཨ་ནཱི་འབད་ སྒོ་ཁ་ལས་ཨ་ནཱི་འབད་བལྟཝ་ད་ལུ་ གནས་མེད་ས་མེད་མེ་འབར་ཏེ་ མེ་རི་སླབ་འོང་བ་སྟེ་ རྫོང་ཁ་ནང་ འ་ནཱི་བཟུམ་མེ་རི་འབར་ཏེ་ འོང་དེས་ལོ་ འུར་འུར་འུར་མེ་འབར་ཏེ།
- ཉིམ་རྡོ་རྗེ Nim Dorjiབླ་་་་ ད་རེས་འབདན་གསད་ནི་འདྲས་ཟེར་ སེམས་ཁར་འདྲོག་སྟེ། དེ་ལསན་ཏེ་ མོ་བཏབ་ད་ལུ་ ༼ཤི་ཀ་རི་༽ འོང་སྦེ་ ཁྱེད་ཆ་ཁྱབ་ཀྱི་ཁྱིམ་ནང་འཛུལ་ཏེ་འདུག དེ་ལསན་ཏེ་ ཁྱེད་ཆ་ཁྱབ་ན་ནཝ་མས་ཟེར་ ཁོ་ལུ་བཟའ་ནི་འཐུང་ནི་ཚུ་བྱིན་ཏེ་ མདའ་གཞུ་བཟོ་ གླུད་བཟོ་ [བདའ་གཏང་དགོ་?] ཟེར་བའི་སླབ་ས་གོཝ་མས་ལོ་ཁོ་གིས།
- ཉིམ་རྡོ་རྗེ Nim Dorjiའ་ནཱ་ལས་འདི་ གླུད་བཟོ་ ཟ་ནི་འཐུང་ནི་བླུགས་ མདའ་ཡང་ཆུང་ཀུ་བཟོ་སྦེ་ ཁོ་གི་ས་འདམ་གྱི་གླུད་ལུ་བཙུགས་སྦེ་ བདའ་ཡི་ལོ་ དེ་ལསན་ཏེ་ ཨ་ནཱི་དཔའ་བོ་གིས་ གནམ་མེད་ས་མེད་ གཅིག་ གཉིས་ གསུམ་སླབ་སྦེ་ བཀའ་བདེན་པ་སླབ་སྦེ་ བཀའ་བདེན་པ་བཏང་སྟེ་ ཁོ་ལུ་ ཨ་ནཱི་འབདཝ་ད་ བཀའ་བདེན་པ་གོ་དང་པ་བཏངམ་ད་ལུ་འདི་ ཨ་ཙི་ཅིག་ ཁོ་ཡང་སྤརཝ་མས་ལོ།
- ཉིམ་རྡོ་རྗེ Nim Dorjiཁོ་གི་གཟུགས་ཡང་ སྤར་ཡི་ལོ། སོ་སོ་གཉིས་པ་ལུ་ ད་རུང་སྤར་ཡི་ལོ། སྤར་་་་ ད་རུང་ གསུམ་པ་གི་སྐབས་ལུ་ ཡར་ཨ་ནཱི་གླུད་རྩ་བར་འབག་སྦེ་བཞག་ཡི་ལོ། ཁོ་ར་གིས་ར་སྤར་སྦེ་སྡོད་ཅི་ལོ་སྟེ། དེ་ལསན་ཏེ་ འབག་སྦེ་ཨ་ཕར་བཀོ་བཏང་ ཟེརཝ་མས་ས་ འབག་སྦེ་བཀོ་གཏང་ ཟེར་སླབ་སླབ་རྐྱངམ་ཅིག་གོ་ཡི་ལོ།
- ཉིམ་རྡོ་རྗེ Nim Dorjiདེ་ལསན་ཏེ་ ལྟ་མ་འདི་ ཁོ་གི་ཁྱིམ་གྱི་འོག་ལུ་ ཁམ་ཤིང་གི་འོག་ལུ་ འབུད་ཡར་སོ་ལོ་ ཨ་ནཱ་ལས་ འ་ནཱི་མི་འདི་ ཧེ་ཧེ་ཧེ་་་་་་ འ་ནཱི་མི་འདི། ཁོ་གི་ཁྱིམ་ནང་ལྷོད་ལྷོདཔ་མས་སྟེ་ བདུད་ཀྱིས་བདའ་བཏང་ བཀོ་བཏང་སྟེ་ ལོག་ལོགཔ་མས་སྟེ།། །།