Skip to main content Skip to search
22 Aug 2018
4 min 15 sec
Rating
0
No votes yet
Video Overview
Creators: 
Penchela, Namgay L Wangchuk, Karma Phuntsho

He heard this history through oral transmission, having been a dancer who had the chance to hear this story. Samthang Dung was the main owner of lama. Today during Ngang Lhakhang, zhey is performed because Samthang Dung performed zhey during the Ngang Lhakhang consecration. Samthang Dung was of the heriditary line of Jakar Sangay Dorji. Dung was very powerful in the past, evidenced by their plentiful land and their higher taxes.

 

Show More

  • འཆི་མེད་རྡོ་རྗེ་
    གདུང་གི་བཟུམ་ཅིག་འབད་ཞུ་བ་ཅིན་ མཚམས་པའི་གདུང་དང་ ངང་པའི་གདུང་ཟེར་གཉིས་འབད་འགྱོཝ་ད་ ད་མཚམས་པའི་གདུང་འདི་ ཏེ་ ང་བཅས་བསམ་ཐང་གདུང་ བྱ་དཀར་གདུང་ཟེར་ ལོ་རྒྱུས་གཅིག་ཡོད་དེ་ནང་།
  • འཆི་མེད་རྡོ་རྗེ་
    དེ་ལས་ ང་བཅས་རའི་འབྲུག་དཀར་པོ་དང་ ང་བཅས་རའི་འབྲུག་དཀར་པོ་དང་ སྡེ་སྲིད་ཀྱི་ཁྲི་རབས་ འབྲུག་གི་རྒྱལ་རབས་འདི་ཚུ་ནང་ འ་ནཱི་གི་ཡོད་ནི་འདི་ གསལ་ཏོག་ཏོ་འབད་འདུག་ལགས་ཡོདཔ་ད་ ད་སོ་སོ་བཟུམ་ཅིག་ཨིན་མས་ མཚམས་པའི་གདུང་ལས་འབད་སྤེལཝ་མེན་པར་ སོ་སོ་ཅིག་འབད་འདུག་ ཡོད་དེ་འབད་རུང་འདི་ ཧ་ལམ་འཁྲིལཝ་འབད་འདུག
  • འཆི་མེད་རྡོ་རྗེ་
    ཡོདཔ་ད་ ད་ཡར་གྱི་ཁ་རྒྱུན་ཞལ་རྒྱུན་ལྟར་དུ་འབད་བ་ཅིན་ མཚམས་པའི་གདུང་འདི་ དུར་པའི་གདུང་དང་ ་་་་?? བསམ་ཐང་གདུང་དང་ དུར་པའི་གདུང་གཉིས་ ཁོང་གཉིས་མི་བརྒྱུད་གཅིག་ཨིན་ཟེར་ ཏེ་དེ་སྦེ་བརྩི་སྲོལ་འདུག
  • འཆི་མེད་རྡོ་རྗེ་
    དེ་ལས་ འབྲུག་དཀར་པོ་དང་ འདི་ཚུ་ལས་འབད་བ་ཅིན་ ཏེ་ད༌བསམ༌ཐང༌གདུང༌ དུར་པའི་གདུང་ དེ་ལས་མར་ཟུར་པའི་གདུང་ཟེར་ གདུང་འདི་ཚུ་ བྱ་དཀར་གདུང་ འདི་ཚུ་གི་ལོ་རྒྱུས་ཅིག་ཡང་འདུག
  • འཆི་མེད་རྡོ་རྗེ་
    ཏེ་ད་ཁོ་རའི་ཞལ་རྒྱུན་ལྟར་དུ་ ཧེ་མ་བླམ་ཁོ་རའི་ ཞལ་རྒྱུན་ལྟར་དུ་འབད་བ་ཅིན་ ཏེ་ དུར་པའི་གདུང་འདི་ཡང་ ཡར་ལས་མར་མཚམས་པའི་གདུང་ལས་སྤེལ་ཏེ་ འགྱོ་འགྱོཝ་ཨིན་ཟེར་ ད་ལྟོ་དུར་ལུ་ ང་བཅས་ཀྱི་ནཱ་ ལྷ་ཁང་གི་སྦྱིན་བདག་ བླ་མའི་སྦྱིན་བདག་ གུང་པ་བཅུ་གཉིས་ཡོདཔ་ཨིན།
  • འཆི་མེད་རྡོ་རྗེ་
    གུང་པ་བཅུ་གཉིས་ཡོད་དགོཔ་ ག་དེ་སྦེ་ཤེས་ཅི་ཟེར་བ་ཅིན་ ཧེ་མ་ང་བཅས་ནཱ་ ཕར་དུར་པའི་གདུང་གི་ གུང་པ་བཅུ་གཉིས་འབད་སར་བསྐང་གསོལ་གསོལ་བར་འགྱོ་དགོ་ ཟླཝ་ ༡༢ པའི་ནང་ བསྐང་གསོལ་གསོལ་བར་ཕར་དུར་ལུ་འགྱོཝ་ད་ མཚམསཔའི་བླ་མ་གྱི་ (ཕྱད་བདག་) ཨིན་ཟེར་ ཕྱི་རྐྱབ་སྟེ་ བཞག་ནི་ཅིག་འདུག་ འ་ནཱི་བཞགཔ་ད་ ཏེ་ཁོང་གུང་པ་ ༡༢ འབད་འབག་འོང་མས་ འ་ནཱི་ཡར་ལས་མར་འབག་འོངམ་ད་ ང་བཅས་ཡར་གྱལ་ཁར་སྡོདཔ་ད་ འ་ནཱི་རྐྱབ་ད་ གུང་པ་ ༡༢ ཀྲིགཀྲི་འཐོནམ་མས་ ཏེ་ གདུང་འབདཝ་ད་ ༡༣ གྱི་བརྩིས་ཨིན་མས་ གདུང་ཡང་འཐོབ་ཚར།
  • འཆི་མེད་རྡོ་རྗེ་
    ཁོ་ཕར་དུར་པའི་གདུང་ཡང་ གདུང་རིམ་བྱོན་གཉིས་ཡོད་ གཅིག་འབྲོག་པའི་གདུང་དང་ གཅིག་མོན་པའི་གདུང་ཟེར་ ཁོ་དུར་ལུ་ ཏེ་ འ་ནཱི་འབྲོག་པའི་གདུང་འདི་ ང་བཅས་མཚམས་པའི་གདུང་ལས་ བརྒྱུད་དེ་འགྱོ་འགྱོཝ་ཨིན།
  • འཆི་མེད་རྡོ་རྗེ་
    འདི་ཡང་ཏེ་ ད་ཁོང་གཉིས་ངང་པའི་གདུང་དང་ དུར་པའི་གདུང་མི་གཅིག་ཨིན་ཟེར་ད་ལྟོ་ དུར་པའི་ངང་ཆོས་རྗེ་འདི་ཚུ་ བསམ་ཐང་གདུང་འདི་ཚུ་མི་རྒྱུད་གཅིག་བརྩིསཝ་ཨིན་རོགས།
  • འཆི་མེད་རྡོ་རྗེ་
    ག་ཅི་སྦེ་སྨོ་ཟེར་བ་ཅིན་ མགར་བ་ཁྱེའུ་རྡོ་རྗེ་ཡར་ལས་ཞུ་སྟེ་ ཤུལ་ལས་ཏེ་ ད་ཕར་ཕར་འགྱོཝ་ད་ ད་མི་རྒྱུད་མར་མར་འགྱོཝ་ད་ ད་ཨ་ཙི་ཅིག་རྒྱང་ཐག་རིང་སུ་འབད་འགྱོཝ་ལས་ ཧེ་མ་འདི་ཕར་དང་ཚུར་ དུར་པའི་གདུང་ནཱ་ཡང་ འཕྲལ་འཕྲལ་འོང་ལགས།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཕར་ཡང་འགྱོཝ་ཨིན་ངང་ཆོས་རྗེ་གིས་ ཏེ་ད་ བཱམ་ཆོས་རྗེ་དང་ བཱམ་ཆོས་རྗེ་འབད་འོངམ་ད་ ཏེ་ད་གནམ་མེད་ས་མེད་ ཐག་ཉེ་ཏོག་ཏོ་འབད་མི་བརྩིས་བས་ གདུང་གི་ལོ་རྒྱུས་དེ་ཅིག་ཨིན་མས་ལགས།