Video Overview
Jampa Lhakhang is the oldest lhakhang in our country. Jampa Lhakhang was built by King Songtsen Gampo during the 7th century. Jampa Lhakhang was the oldest lhakhang from 108 lhakhangs built at that time. The lhakhang was also named Thadul Yangdul. In this Lhakhang the main statue is the future Buddha, Jowo Jampa. Jampa Lhakhang Tsechu is held on the 9th, 15th, 19th days of the Bhutanese calendar.
འཇམ་པ་ལྷ་ཁང་འདི་ ལྷ་ཁང་འདི་ཚུའི་ལས་ རྙིང་ཤོ་ཅིག་ཨིན་མས། ལྷ་ཁང་འདི་ དུས་རབ་བདུན་པ་ནང་ བོད་ཀྱིས་རྒྱལཔོ་སྲོག་བརྩན་རྒམ་པོ་གིས་ བཞེངས་གནང་ཡོདཔ་ཨིན་མས། ལྷ་ཁང་འདི་ ལྷ་ཁང་བརྒྱ་དང་རྩ་བརྒྱད་ཡོད་ས་ལས་ གཅིག་ཨིན་མས། འདི་ཡང་ མཐའ་མདུལ་གཡང་འདུལ་ཟེར་སླབ་ཨིན་མས། ལྷ་ཁང་འདི་ནང་ ནང་རྟེན་གཙོཝ་ར་ མ་འོངས་པའི་སངས་རྒྱས་ ཇོ་བོ་བྱམས་པ་ ཡོདཔ་ཨིན། བྱམས་པ་ལྷ་ཁང་ ཚེས་བཅུ་འདི་ ཚེས་༡༥་༡༩་དེ་ལས་༩་ནང་ ནང་སྲོལ་ཡོདཔ་ཨིན་མས།
- རྡོ་རྗེ་ལས་འཕྲོ་སྔོན་མ་ནཱ་གི་ ལྷ་ཁང་འདི་ཨིན་པ་ཅིན་ སྔོན་མ་དུས་རབས་བདུན་པ་ནང་ལུ་ བོད་ཀྱི་རྒྱལཔོ་སྲོང་བཙན་སྒམ་པོ་གིས་ ཉིནམ་གཅིག་ནང་ལུ་ ལྷ་ཁང་བརྒྱ་དང་བརྒྱད་བཞེངསམ་ད་ལུ་གཅིག་ ནཱ་གི་འདི་ཨིན་མས་ལགས། ཏེ་ གཅིག་ཕར་སྤ་རོ་སྐྱེར་ཆུ་གི་འདི།
- རྡོ་རྗེ་ལས་འཕྲོ་ཏེ་ནཱ་གི་ནང་ན་གི་ ནང་རྟེན་འདི་ཨིན་པ་ཅིན་ གཙོ་བོ་ར་མ་འོངས་པའི་སངས་རྒྱས་ ཇོ་བོ་བྱམས་པ་ཨིན་མས་ལགས་ བར་ན་གི་འདི་ མ་འོངས་པའི་སངས་རྒྱས་ཇོ་བོ་བྱམས་པ་ ཏེ་ ཡར་གྱི་གསུམ་འདི་ དུས་གསུམ་སངས་རྒྱས་ཨིན་མས་ལགས།
- རྡོ་རྗེ་ལས་འཕྲོ་བར་ན་གི་འདི་མ་འོངས་པ་ ནཱ་ཧོངས་མ་གི་འདི་ད་ལྟ་བ་ ཕར་ཧོངས་མ་གི་འདི་ འདས་པ་གི་འབདཝ་ད་ལུ་ དུས་གསུམ་སངས་རྒྱས་ ཏེ་ད་བར་ན་གི་འདི་ འ་ནཱི་ཁོ་ར་ཁྲི་གུ་བཞུགས་ཏེ་བཟུམ་སྦེ་ ཞབས་མར་ལྟ་དཔྱངས་ཏེ་གིས་འབད་ཡོད་བ་ལགས་ འ་ནཱི་འབད་བའི་བསྒང་ལུ།
- རྡོ་རྗེ་ལས་འཕྲོ་ནི་ད་ལྟོ་ཁོ་ར་གི་ བསྟན་པ་འདི་མ་བྱོན་པས་བ་ ཏེ་མ་འོངས་པ་ནང་ལུ་ ཁོ་རའི་ཡར་ལས་ ཡར་ལས་བྱོན་ཆོགཔ་སྦེ་ཡོད་ཟེར་བའི་བརྡ་མཚན་བཟུམ་ཅིག་སྦེ་ཨིན་ཟེར་མས་ལགས། ཏེ་ནཱ་གི་ ཇོ་བོ་འདི་ཨིན་པ་ཅིན་ སྨོན་ལམ་གང་བཏབ་ཨིན་ལགས་ ཏེ་ གསུང་བྱོནམ་ཨིན་པས།
- རྡོ་རྗེ་ལས་འཕྲོ་ཏེ་ ནཱ་ལས་བཞི་ ཕར་ལས་བཞི་ཡོད་མི་འདི་ ཉེ་བའི་སྲས་ཆེན་བརྒྱད་ཨིན་མས་ལགས་ ཏེ་ད་ཡར་ཐོག་ཁར་ལུ་ཨིན་པ་ཅིན།
- རྡོ་རྗེ་ལས་འཕྲོ་ཡར་ཐོག་ཁར་གི་འདི་ གུ་རུ་གསུང་བྱོནམ་ཨིན་ལགས། སྔོན་མ་དུས་རབས་བརྒྱད་པ་ནང་ལུ་ གུ་རུ་འགོ་དང་པ་ནཱ་ལུ་འབྱོན་ དེ་ལས་ ནཱ་ལུ་སྒྲུབ་པ་གནང་བཞུགས་ འདིའི་མཇུག་ལས་སྦེ།
- རྡོ་རྗེ་ལས་འཕྲོ་ནཱ་ལྕགས་མཁར་རྒྱལཔོ་སིན་དུ་ར་ཛ་ལུ་ ཏེ་ ནཱ་ལུ་ རྫོགས་ཆེན་གྱི་ཆོས་ག་ར་ ནཱ་ལུ་གནང་གནངམ་ཨིན་ཟེར་མས་ལགས་ འ་ནཱི་གི་ གུ་རུ་གསུང་བྱོནམ་ཟེར་ཞུཝ་ཨིན། ཏེ་ ནཱ་འ་ནཱ་ཀ་ཤིང་(ཀ་ཆེན་)འདི་གུ་ འ་ནཱ་ལུ་ཨིན་པ་ཅིན་ སྟ་རི་གི་ཁ་བཟུམ་ཅིག་ཡོདཔ་ཨིན་ལགས།
- རྡོ་རྗེ་ལས་འཕྲོ་ཏེ་ འ་ནཱི་འདི་ རྒྱལཔོ་སྲོང་བཙན་སྒམ་པོ་ ཁོ་རའི་ཕྱག་བཟོ་ངོ་མ་ཨིན་མས་ལགས། ཏེ་ འ་འ་ནཱི་ཨིན་མས་ལགས་ཕྱག་བཟོ་འདི་ ཁོ་ར་གིས་ཉིནམ་གཅིག་ནང་ལུ་ ལྷ་ཁང་བརྒྱ་དང་བརྒྱད་བཞེངསམ་ད་ལུ་ ཁོ་ར་གིས་སྤྲུལ་པ་སྟོན་ཏེ་གིས་སྦེ་ བཞེངས་བཞེངསམ་ཨིན་ཟེར་ཨིན་མས་བ་ལགས།
- རྡོ་རྗེ་ལས་འཕྲོ་རྒྱལཔོ་སྲོང་བཙན་སྒམ་པོ་འདི་ སྤྱན་རས་གཟིགས་སུམ་ཅུ་སོ་གསུམ་མ་གི་ སྤྲུལ་པ་གཅིག་ཨིན་མས་ལགས། ཏེ་ འ་ནཱི་འབད་བའི་བསྒང་ལུ་ ཉིནམ་གཅིག་ནང་ལུ་ སྤྲུལ་པ་སྟོན་ཏེ་གིས་སྦེ་ ལྷ་ཁང་བརྒྱ་དང་བརྒྱད་བཞེངསམ་ད་ལུ་ ཏེ་དྲོ་པ་ཨ་ཞེ་རྒྱ་བཟའམོ་ཟེར་མི་གཅིག་ བོད་བཟའམོ་གཅིག་ཡོདཔ་མས་ལགས།
- རྡོ་རྗེ་ལས་འཕྲོ་ཏེ་ ཨ་ཞེ་དྲོ་པ་རྒྱ་བཟའམོ་འདི་ གསོལ་ཇ་དྲངས་པར་བྱོནམ་ད་ལུ་ རྒྱལཔོ་ཁོ་ར་གི་ སྤྲུལ་པ་ལས་བརྟེན་ཏེ་ ག་ར་ ཏེ་ རྒྱལཔོ་ཅོག་གཅིགཔ་ཡོདཔ་པའི་བསྒང་ལུ་ ཏེ་ ག་ཨིན་ན་ངོ་མ་མཁྱེན་པར་ཨ་ཞེ་གིས་ ཏེ་ གསོལ་ཇ་ག་ལུ་དྲང་ན་མ་ཤེས་པར་ འ་ནཱི་སྦེ་བཞུགསཔ་ད་ལུ།
- རྡོ་རྗེ་ལས་འཕྲོ་རྒྱལཔོ་སྲོང་བཙན་སྒམ་པོ་ཁོ་ར་ ཏེ་ ཨ་ཙི་ཅིག་ཞལ་གད་ཤོར་སྦེ་ ཏེ་མར་ཕྱག་བཟོ་གནང་པའི་བསྒང་ལུ་ ཏེ་ ཨ་ཙི་ཅིག་ ཨ་ནཱ་སྟ་རི་གིས་ཁ་ འ་ནཱི་འཛོལ་འཛོལཝ་ཨིན་ཟེར་ ཁོ་རའི་ཕྱག་བཟོ་ཨིན་ལགས་ འ་ནཱི་འདི།
- རྡོ་རྗེ་ལས་འཕྲོ་ཏེ་ འ་ནཱི་ཨིནམ་པ་ཅིན་ བསྐལ་པའི་གི་གདན་ཁྲི་ཟེར་ ཞུཝ་མས་ལགས་ འ་ནཱི་འདི།
- རྡོ་རྗེ་ལས་འཕྲོ་འ་ནཱི་བསྐལ་པའི་གདན་ཁྲི་ཟེར་ སྔོན་མ་གསུམ་ཡོད་ཟེར་མས་བ་ལགས་ གསུམ་འབད་བའི་བསྒང་ལུ་ ཏེ་ གཅིག་འདི་དེ་ མར་ལྟ་ཐིམ་སོང་ཡི་ཟེར་མས་ལགས། ཏེ་འ་ནི་མར་ལྟ་ཐིམ་མི་འདི་ འདས་པའི་སངས་རྒྱས་ཀྱི་ བསྟན་པ་འདི་ རྫོགས་སོང་ནི་འདི་གིས་ཨིན་ཟེར་ཨིན་མས་ལགས།
- རྡོ་རྗེ་ལས་འཕྲོ་ཏེ་ ད་ལྟོ་གི་ འ་ནཱི་ཨིན་པ་ཅིན་ ད་ལྟོ་སངས་རྒྱས་ཤཱཀྱ་ཐུབ་པ་གི་བསྟན་པ་གི་ བསྟན་པ་འདི་འ་ནཱི་གི་སྟོན་ནི་ཨིན་མས་ལགས། ཏེ་ འ་ནཱི་ཡང་མར་ལྟ་འཛུལ་སོང་པ་ཅིན་ སངས་རྒྱས་ཤཱཀྱ་ཐུབ་པ་གི་ བསྟན་པ་འདི་རྫོགསཔ་འབད་ འ་ནཱི་སྦེ་ཨིན་མས་ལགས།
- རྡོ་རྗེ་ལས་འཕྲོ་ཏེ་ ཡར་ཐོག་ཁ་གི་འདི་ཨིན་པ་ཅིན་ མ་འོངས་པ་སངས་རྒྱས་ ཇོ་བོ་བྱམས་པ་ཁོ་ར་བྱོནམ་ད་ ཁོ་རའི་གདན་ཁྲི་སྦེ་ འ་ནཱི་ཨིན་ཟེར་ བསྐལ་པའི་གདན་ཁྲི་ཟེར་ འ་ནཱི་ཨིན་ལགས། དེ་ འ་ནཱི་སྒོ་གུ་ཡོད་མི་གི་ ལྕགས་འདི་ཨིན་པ་ཅིན་ གཏེར་བཏོན་པདྨ་གླིང་པ་གི་ ཕྱག་བཟོ་ཨིན་མས་
- རྡོ་རྗེ་ལས་འཕྲོ་སྔོན་མ་གཏེར་བཏོན་པདྨ་གླིང་པ་འདི་སྔོན་མ་ མགརཝ་གི་ཕྱག་ལཱ་མཛད་བཞུགས་ དེ་ འ་ནཱི་འདི་ ནཱ་ལུ་གནང་ཞིནམ་ལས་ དེ་ལས་ འ་ནཱི་མགརཝ་གི་ཕྱག་ལཱ་འདི་ མ་མཛད་ཟེར་ཨིན་མས་བ་ལགས། ཏེ་ འ་ནཱི་འབད་བའི་བསྒང་ལུ་ ཕྱག་བཟོ་མཇུག་འདི་ འ་ནཱི་སྦེ་བཞག་འདུག་ལགས།