Video Overview
An account of a sacred object in Goleng Lhakhang in Zhemgang Dzongkhag was narrated by Wangchuk from Goleng gewog. The key sacred objects in the temple are the stupa and the statue of Jampel Shinjey (wrathful manifestation of Manjusri), according to Gyeltsey Pema Thinley, a scholar from Kurtoe settled at Goleng. The statue was erected later, but in the past the image of Jampel Shinjey was a wall painting. A few years ago, the wall painting was deteriorating, so the Dzongkhag administration made the current statue and covered it scarfs. Therefore, the statue cannot have be seen by the public. The statue is worshiped for knowledge, and victory in games and sports.
- ཀུན་བཟང་དབང་ཕྱུག་ Kuenzang Wangchukབར་ན་གཙོ་བོ་འབད་བ་ཅིན་ ཁོ་ར་མཆོད་རྟེན་ཨིན་ མཆོད་རྟེན་འདི་རྒྱས་ཤེས་པདྨ་འཕྲིན་ལས་ཀྱི་ ཞལ་ཆེམས་བཞིན་དུ་སྦེ་ ད་རྩ་ཆེ་ཤོས་ཅིག་ཨིན་ལགས་ མར་གྱི་འདི་ ག་ལུ་ཡང་མཇལ་ཁ་ཕུལ་ནི་མེད་ ཕྱིའི་མི་ཚུ་འོངམ་ད།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukང་བཅས་རའི་ནང་ན་གི་མི་གཅིག་མ་གཏོགསཔ་ དེ་ལས་ ད་གཙོ་བོ་ག་ཅི་འབད་དོ་གོ་ཟེར་བ་ཅིན་ ང་བཅས་ནཱ་འབད་བ་ཅིན་ འཇམ་དཔལ་གཤིན་རྗེ་ངོ་མ་ ང་བཅས་རའི་འབད་བ་ཅིན་ ཆོས་སྲུང་བཀའ་དོན་མ་བཟུམ་བཞེངས་མི་གི་ཚབ་སྦེ་ ཆོས་སྲུང་འཇམ་དཔལ་གཤིན་རྗེ་ཡོད་ལགས་མར་ནང་ན་ གཙོ་བོ་ར་འཇམ་དཔལ་གཤིན་རྗེ་ཨིན་ལྷ་ཁང་ནང་ན་འབད་བ་ཅིན།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukརྒྱབ་སྐྱོར་མཛད་ནིའི་དོན་ལུ་ ཨ་ལོ་དཔེ་ཆ་ལྷབ་རུང་ ག་ཅི་རང་འབད་རུང་ དེ་ལས་ གསོལ་ཁ་མར་ལུ་ཕུལཝ་ཨིན་ འོག་ཐོག་ཁར་སྦེ་ འཇམ་དཔལ་གཤིན་རྗེ་ མ་པ་ངོ་མ་རང་འཇམ་དཔལ་གཤིན་རྗེ་ཨིན་ནཱ་ལུ་ དང་ཕུ་རྒྱས་ཤེས་པདྨ་འཕྲིན་ལས་ཀྱི་ཞལ་ཆེམས་རང་ ཏེ་ནཱ་ག་ནི་ཡང་མི་དགོ་པས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukད་འཇམ་དཔལ་གཤིན་རྗེ་གནང་ད་ བསྟེན་ད་ཟེར་ གསུངས་པ་ལས་བརྟེན་ གཙོ་བོ་མར་ལུ་ འཇམ་དཔལ་གཤིན་རྗེ་རང་ཨིན་ལགས་ ནང་ན་འབད་བ་ཅིན་གནང་དགོཔ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའཇམ་དཔལ་གཤིན་རྗེ་གི་ཕྱག་མཚན་འབད་བ་ཅིན་ ག་དེ་སྦེ་ཡོདཔ་སྨོ་ ད་ཁྲོ་བོ་སྦེ་ཨིན་ན?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཕྱག་མཚན་འབད་བ་ཅིན་ ཁྲོ་བོ་རང་ཨིན་ལགས་ ཡབ་ཡུམ་སྦྲགས་ཏེ་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་ ག་ཅི་བསྣམས་ཏེ་ཡོདཔ་སྨོ་ལགས་ ཕྱག་གཡས་པ་ནང་?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཕྱག་གཡས་པ་ནང་ མགོ་གླང་གུ་འཆིབས་ཏེ་ཡོད་ལགས་ ཕྱག་ག་ཁྱབ་རུང་ ལེགས་ཤོམ་ཅིག་མ་མཇལ་ ང་་བཅས་ཀྱིས་མ་བལྟ་ལགས་ ང་བཅས་ཀྱི་ཕར་ནང་ན་འབད་སྦེ་ མཇལ་མི་ཚུགས་པས་ ང་བཅས་ཆུང་ཀུ་འབད་སྦེ་ མགོ་གླང་གུ་འཆིབས་ དེ་ལས་ ཡབ་ཡུམ་ག་ར་ཁྲོ་བོའི་གྲས་ཁར་ལུ་ཨིན་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཕྱག་མཚན་རལ་གྲི་བཟུམ་ཅིག་མཐོང་ཡི་ ཨ་ནཱི་བདུད་རྩི་བུམ་པ་ཡོད་ལགས་ ཕྱག་ལོགས་གཅིག་ཁར་ ཡབ་ཡུམ་སྦྲགས་ཏེ་རང་ཡོད་ སྐུ་གཟུགས་འབད་བ་ཅིན་ དམར་པོ་ཨིན་པས་ གཉིས་ཆ་རང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukནཱ་གི་ ད་མགོ་ལེངས་ཀྱི་གཡུས་སྒོ་གཅིག་གི་ ད་ག་ར་གིས་ བརྟེན་དགོཔ་ཨིན་པས་སྨོ་?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukག་ར་གིས་རང་བསྟེན་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukམ་པ་ཨིན་རྒྱུ་འདི་ ཆོས་སྲུང་ཡོངས་རྫོགས་གནང་འོང་གནང་ནི་འདི་ གནང་རུང་གཙོ་བོ་ཁོ་ལུ་རང་ བཏང་དགོ་ལགས་ འཇམ་དཔལ་གཤིན་རྗེ་ མདའ་རྩེད་བརྡུང་རྩེད་འབད་རུང་ ཁོ་ལུ་རང་འབད་དགོ
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདེ་ལས་ ཨ་ལོ་ཚུ་དཔེ་ཆ་ལྷབ་རུང་ ཁོ་ལུ་རང་འབད་དགོ་ དེ་ལས་ ཁོ་རང་དང་སྦྲགས་ ཨ་ལོ་མ་བཏུབ་པ་ཅིན་ གཏེར་མ་གཅིག་ཡོདཔ་ཨིན་ད་རུང་མར་ལུ་ གཏེར་མ་ཁོང་གཉིས་ དང་ཕུ་ལས་རང་བསྟེན་ཏེ་སྡོད་ནུག་ལགས་ འཇམ་དཔལ་གཤིན་རྗེ་ ཧེ་མ་འབད་བ་ཅིན་ སྐུ་མ་སྡོད་པས་ ལྡེབས་རིས་འདུག་ད་ལྟོ་མཇལ་རུང་།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཡོད་ལགས་ ལྡེབས་རིས་ནང་སྦེ་ ད་ཤུལ་ལས་རོགས་ ད་རེས་ནངས་པ་རོགས་མ་འོངས་པའི་ནང་ ནཱ་གཡུས་ཁའི་མི་ཚུ་ག་ར་ཁོ་ར་བསྟེན་ ལ་ལུ་ཅིག་ DFO (ནགས་ཚལ་འགོ་དཔོན་) ཐོབ་ ལ་ལུ་ཅིག་རྫོང་བདག་ཐོབ་ ལ་ལུ་ཅིག་གཞུང་གཡོགཔ་འདྲ་མེད་སྒྲིག་མེད་ག་ར་ གོ་ས་ཅན་ཡོད་མི་ཚུ་ག་ར་ཁོ་ལུ་བསྟེན་མི་ཙང་ཙ་རང་ཨིན་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདེ་འབད་ནི་དེ་གིས་ད་ ལྡེབས་རིས་འབད་དེ་མི་བཏུབ་པས་ དུམ་གྲ་ཅིག་སྐྱོན་ཞུགས་ནུག་ལགས་ལྡེབས་རིས་ ད་སྐྱོན་ཞུགས་ནུག་མི་བཏུབ་པས་ཟེར་ དེ་ལས་ སྐུ་འབག་སྟེ་ཡོད་ལགས་ནང་ན་ ཤེལ་ཁྲམ་བསྒྲིགས་ཏེ་ ཤེལ་ཁྲམ་ནང་ན་ཨིན་ མི་མཇལ་བས་ལགས་ དར་གྱིས་སྤུར་ཏེ་ཨིན་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཧེ་མ་ཧེ་མ་ད་ རྟེན་ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་མཆོད་པའི་ནང་ ཨ་ནཱི་ང་བཅས་རའི་ཕོ་མཚན་ཟེར་འབག་དགོ་པའི་ཁུངས་འདི་ ག་དེ་སྨོ་ཟེར་བ་ཅིན་ ད་རྟེན་འདི་ ངོ་མ་འདི་ རྡོ་སྦེ་ཡོདཔ་ཨིན་ལགས་ རྡོ་རང་འབྱུང་ཁོ་ར་ལུང་བསྟན་དང་འཁྲིལ་འཁྲིལཝ་ མར་ཆགས་རྟིང་ཡང་ མགུ་ཏོ་ཡང་ག་ཡང་།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukའ་་་ཚོན་བཏང་རུང་ ཚོན་གནམ་མེད་ས་མེད་མ་བཞེས་པར་ལགས་ བཞེས་མ་བཏུབ་པར་ ཏེ་ཧེ་མ་མི་ཚུ་གིས་ དང་ཕུ་ང་བཅས་ར་གིསནི་མི་ཤེས་པས་ ང་བཅས་ར་ཆུང་ཀུ་འབད་ནི་དེ་གིས་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདང་ཕུ་མི་ཚུ་གིས་འབད་བ་ཅིན་ སྡོད་ནི་འདི་ནཱ་རང་སྡོད་སྡོཔ་འོང་ནི་མས་ སྡོདཔ་ད་ལུ་ གནོད་ནི་འདྲས་ཟེར་ བཀོ་བར་འབག་འབགཔ་ཨིནམ་འདྲས་ འདི་རོགས་མེ་མེ་ཆུང་ལ་ཟེར་མི་གིས་ འཐུ་འབག་སྟེ་ ད་ལྷ་ཁང་ནང་ན་བཙུགས་འབདཝ་ད་ ད་ལྟོ་ཁོ་ལུ་བསྟེན་མི་ཚུ་ ཁོ་གི་ཚབ་སྦེ་ ང་བཅས་ར་ཕོ་མཚན་མདངས་ཞག་ང་བཅས་ཀྱིས་ གཏོར་མ་བཞེངས་ཏེ་ འབག་དགོཔ་འདི་ལས་བརྟེན་ཏེ་ཨིན་ འོང་ལགས་མཆོད་པའི་ནང་།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཁོ་ར་འདི་ ཞུ་རང་མི་ཚུགས་ལགས་ མི་གཅིག་གིས་འདི་ཡུདཔ་ཅིག་ ལཱ་ཁག་ཙམ་ཅིག་ཨིན་ ཞུ་ནི་ལུ་ལཱ་ཁག་ཙམ་ཅིག་ཡོདཔ་ཨིན་རྟེན་ལགས་ ཨ་་་ལྗིད་གནམ་མེད་ས་མེད་ཡོད་ གཉིས་འབདཝ་ད་ དེ་འབདཝ་ད་ད་ང་བཅས་བུ་གཞི་མ་བཏུབ་མི་འདི་ཚུ་ཡང་།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukད་ངོ་མ་ཁོ་ར་འཐུ་སྟེ་ བཀལ་མི་ཚུགས་ལགས་ ཁོ་རའི་ལྟག་ལས་ད་རུང་ གཅིག་ཡོད་ལགས་ བཀལ་བཀལཝ་འ་ནེ་ཅིག་འབད་མི་ཅིག་ འ་ནཱི་འཐུ་སྟེ་ དེ་ལས་ མར་ལུ་ ཨ་ལོ་བསྟེན་མི་ཚུ་ལུ་ ད་རེས་ནངས་པ་ འཇམ་དཔལ་ཚེ་རིང་ལོ་ འཇམ་དཔལ་དོན་གྲུབ་ལོ་ བསྟན་འཛིན་དབང་ཕྱུག་ཟེར་མི་ཚུ་ག་ར་ཁོ་ལུ་བསྟེན་བསྟེནམ་ཨིན་ལགས་ མེ་མེ་འཇམ་དཔལ་གཤིན་རྗེ་ཁོང་གཉིས་ལུ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukགཙོ་བོ་མ་པ་མེ་མེ་འཇམ་དཔལ་གཤིན་རྗེ་ ཁོ་རའི་ལྷ་ཚོགས་འབད་བ་ཅིན་ དེ་ལས་ མར་རྟེན་འབད་བ་ཅིན་ཁོ་ ཨིན་ཅི་མིན་ཅི་ཁོ་ལུ་གསོལ་ཁ་ཕུལ་ཏེ་ མར་སྟོད་པ་ལུ་ལྷོདཔ་ད་ སྟོད་པ་དང་ སྤྱན་འདྲེན་ཚར་གསུམ་གསུམ་བཏང་ཞིནམ་ལས་ དེ་ལས་ མར་གྱི་རྟེན་དབང་བཀལ་རང་བཀལ་དགོ་ལགས་ ཨ་ལོ་བསྟེནམ་ད།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukདེ་ལས་ ད་ཁོང་གི་འབད་བ་ཅིན་ ག་དེ་སྦེ་འབད་དགོཔ་སྨོ་ཟེར་བ་ཅིན་ ཁོང་གིས་ཟླ་རིམ་གྱི་ཕུད་ཆད་པ་ཅིན་ དེ་ལས་ ཨ་ལོ་སྔུ་འོང་ལགས་ དེ་བསྒང་ཕུད་ཆད་ཅི་ཟེར་བའི་རྟགས་ཨིན་ དེ་ལས་ ཕུད་ཨིན་ཅི་མིན་ཅི་ པོག་ཏོ་གང་གང་རེ་དཀོན་གཉེར་གྱིས་ལག་པར་ ཕུལ་རང་ཕུལ་དགོ་ལགས་ཁོང་ར་ དེ་ལས་ ཨ་ལོ་འབག་མར་རྟེན་གྱི་དབང་ཞུ་སྦེ་ དེ་སྦེ་འབད་དགོ
- ཀུན་བཟང་དབང་ཕྱུག་ Kuenzang Wangchukད་ཨ་ལོ་མ་འོང་རུང་ དེ་ལས་ད་ ང་བཅས་ཀྱི་མཆོད་པ་ནང་ཡོད་ལགས་ དེ་སྦེ་བཀལ་ཏེ་ཡང་མ་བཏུབ་པ་ཅིན་ ད་ང་ཨིན་ཅི་མིན་ཅི་ཨ་ལོ་རང་དགོ་ཟེར་བ་ཅིན་ ང་བཅས་ད་ ཁྱོད་ར་ཚུ་གིས་མཁྱེན་ མདངས་ཞག་ཨ་ནཱི་(གཏོརམ་གི་སྦེ་ཕོ་མཚན་)བཟོ་མི་འདི་ ཨིན་ཅི་མིན་ཅི་འ་ནཱི་དང་ ཉལ་བར་འོང་དགོ་ལགས་ གཅིག་ཁར་ཉལ་རང་ཉལ་དགོ་ཚར་གཅིག་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukརོགས་མཆོད་པའི་རྩ་བོ་ག་འབད་རུང་ ཁོང་ལུ་ཁ་ཅིག་སླབ་འབད་ཞིན་ན་ ང་བུ་གཞི་དགོ་ནི་ཨིན་ ད་ང་བུ་གཞི་རྩ་ལས་རང་མེད་ ཏེ་ད་ང་བུ་གཞི་དགོ་ནིའི་དོན་ལུ་ཨིན་ཟེར་ སླབ་ཞིནམ་ལས་ དེ་ལས་ རོགས་རྩ་བོ་ཚུ་གིས་ ཁོ་ཧེན་འོང་ དེ་ལས་ ཁོ་ཧེན་ཞིནམ་ལས་ གདོང་ཁ་རང་ཡོད་ལགས་ སྐྱེ་སྐྱེཝ་ཡང་ཡོད་ ང་བཅས་ཀྱིས་ཤོབ་ཡང་མེན་ ད་ལྟོ་སྐྱེ་སྐྱེཝ་ཡང་ཡོད་ ང་བཅས་ནཱ་མགོ་ལེངས་ལུ་ འཇམ་དཔལ་ཟེར་ དགེ་སློང་གཅིག་ཡོདཔ་ཨིན་ལགས་ ཁོ་གཉེན་རྐྱབ་སྟེ་ ལོ་ ༡༠ སོང་རུང་ཨ་ལོ་མ་འོང་པ་ལས་བརྟེན་ཏེ་ རོགས་ཁོ་རའི་ཁྱིམ་ མཆོད་པའི་སྐབས་ ཨ་ལོ་ལ་གཏོརམ་ཧེན་པ་ལས་བརྟེན་ཏེ་ ཨ་ལོ་སྐྱེ་་སྐྱེཝ་རང་ཡོད་ལགས་ གདོང་ཁར་སྐྱེས་ཏེ་རང་ཡོད་ ད་ལྟོ་ཨ་ལོ་ཡང་ གདོང་ཁར་རང་ཡོད་མར་རྟེན་ལས་ དེ་ལས་ དབང་ཚད་ཅན།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཨིན་ཡང་དབང་ཚད་ཅན་ བསོད་ནམས་ཅན་ཨིན་ལགས་ བསྟེན་ཡང་གནམ་མེད་ས་མེད་མི་བསྟེན་ལགས་ བྱིན་ཡང་མི་བྱིན་མར་ལྷ་ལས་ དེ་ལས་ ང་བཅས་ཀྱི་གཏོར་མ་བཞེངས་ཏེ་འབག་མི་ཕོ་མཚན་ཡང་ དབང་ཡང་ག་ལྷོད་མི་བྱིན་ལགས་ ཁོ་ར་ངོ་རྐྱང་མ་གཏོགས་ དབང་ག་མེད་གུ་མེད་མི་བྱིན་ལགས་ དང་ཕུའི་མི་ཚུ་གིས་ ད་ད་རེས་ནངས་པ་འབདཝ་ད་ དུས་ནི་མི་འགྱུར་བཅོས་རྣམས་འགྱུར་ བཅོས་རྣམས་མི་འགྱུར་མི་རྣམས་འགྱུར་པ་ལས་བརྟེན་ཏེ་ དེ་ལས་ རང་རང་སོ་གིས་འབད་དེ་ཏེ་ ད་དེ་སྦེ་འགྱོ་དོ་ཡོདཔ་མ་གཏོགས་ དང་ཕུ་འབད་བ་ཅིན་འདི་ དབང་མ་པ་ལས་མི་བཀལ་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukམ་པ་ལས་རང་མི་བྱིན་ལམ་བདའ་ ཟུར་ཡི་ཟུར་ཡི་ ཨིན་ཡང་ ཨོ་ངེ་་ཨ་ལོ་ལ་་་་་སྦེ་འབག་དགོ་ ཕོ་མཚན་འབགཔ་ད་ མར་གྱི་ཚབ་འབགཔ་ད་ ཡར་ལྷོདཔ་ད་ ཨིན་ཅི་མིན་ཅི་ ཧེན་རང་ཧེན་དགོ་མ་པ་ལས་རང་ འ་ནཱི་རོགས་དང་ཕུ་ལས་རང་དེ་སྦེ་ཨིན་པས་ལགས་ དང་ཕུ་རྒྱས་ཤེས་པདྨ་འཕྲིན་ལས་ མ་བྱོན་པའི་ཧེ་མ་ རོགས་ཕམ་ཚུ་གིས་རང་བསྟེན་ཏེ་སྡོད་ནུག་འ་ནཱི་འདི་འབད་བ་ཅིན་ ཏེ་འ་ནཱི་སྦེ་འབད་དགོ
- ཀུན་བཟང་དབང་ཕྱུག་ Kuenzang Wangchukལྷ་ཁང་གི་མར་བལྟ་སྟེ་གྱང་སྟེ་ ཡར་བལྟ་སྟེ་ བར་ན་མཆོད་རྟེན་འབད་ དེ་ལས་ མཆོད་རྟེན་འདི་ཚུ་ཡང་ རྟེན་རྩ་ཅན་ཨིན་ཟེར་ གསུངས་འོང་ལགས་ ང་བཅས་མེ་མེ་བླ་མ་གིས་ རྟེན་འ་ནཱི་བཟུམ་ཅིག་ག་ལུ་ཡང་མེད་ཟེར་ ད་རུང་ཕར་ཞུཝ་ད་ ད་རུང་ཨརཝ་འོང་ནི་ཉེན་ཁ་ཡོད་ད་རེས་ནངས་པ་ ད་གནམ་མེད་ས་མེད་གཞན་འདི་ཞུ་ཡང་མ་ཞུཝ་ཨིན་ སྟོན་ནི་ཡང་མེད་ ག་མནོ་ས་སྟོན་ནི་མེད་ ལྷ་ཁང་ནང་ལུ་ ཕྱི་ཁའི་མི་ མགྱོནམ་ཚུ་འོངམ་ད་ལུ་ མདངས་ཞག་ཨ་ནཱ་ལུ་ ཨ་ནཱི་ལྷ་མཚམས་པ་ཚུ་ཡང་འོང་ནུག་ལགས་ ང་གིས་ཉེན་ཁ་བཀལ་ཡི་ལགས་ ག་དེམ་ཅི་སྦེ་ ད་ད་རེས་ནངས་པ་ འབྲུག་རྒྱལ་ཁབ་ནང་ མཆོད་རྟེན་ཡར་འབྱང་མས་ལོ་མར་འབྱང་མས་ལོ་ཟེརཝ་ད་ ཁྱོད་མི་དེ་སྦེ་འོང་སྟེ་ཨིན་པས་ ཁྱོད་ར་འབྱང་སྟེ་འབད་བ་ཅིན་ ཁྱོད་ར་བུམོ་འདི་ཚུ་འབད་དགོ་ཟེར།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukལཱ་ཁག་ཡོད་ལགས་ འ་ནཱི་འབད་ནི་དེ་གིས་ ང་བཅས་ཀྱིས་གནམ་མེད་ས་མེད་ཞུ་ནི་ཡང་མེད་ ཞུ་བ་ཅིན་འདི་ད་ གནམ་མེད་ས་མེད་རྟེན་རྩ་ཆེ་ཤོས་ད་ བླམ་པ་མཁྱེན་རྩེ་ལས་ནཱ་ལས་ཡར་ཞབས་ཀྱིས་བཅགས་ཏེ་ ཕུལ་ཆ་བསྒྲིགས་རང་ཡར་རྟེན་ཡར་བླམ་པ་མཁྱེན་རྩེ་ཞབས་སར་སོང་སྟེ་ བླམ་པ་མཁྱེན་རྩེ་ལས་འབད་དེ་ ཡབ་ཀྱི་ཨིན་པས་ བླམ་པ་མཁྱེན་རྩེའི་ཡབ་ལས་སྦེ་ དེ་ལས་ ཞུ་སྟེ་ རྟེན་འདི་ཚུ་ག་ར་ལེགས་ཤོམ་ གནམ་མེད་ས་མེད་རྩ་ཅན་རྩ་ཅན་ཡོད་ཟེར་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukམ་འོངས་པའི་ཁྲུས་ཆུ་འབབ་ཟེར་ གསུངས་གསུངསམ་ཨིན་ང་བཅས་ཀྱི་ མེ་མེ་བླ་མ་གིས་ མ་འོངས་པའི་ནང་ཁྲུས་ཆུ་འབབ་ཁྱོད་ཚུ་གིས་ ལེགས་ཤོམ་སྦེ་བདག་འཛིན་འཐབ་ཟེར་ལགས་ འ་ནཱི་འབད་ནི་དེ་གིས་ ད་རེས་ནངས་པ་ཨ་ལོ་ཚུ་གིས་ འཛོལ་ནི་འདྲས་སྨོ་ ད་རང་འབད་བ་ཅིན་དྲག་ནི་མས་ཟེར་ དེ་ལས་ དཀོན་གཉེར་ད་ལྟོ་ཕྱག་ཞུ་དགོཔ་འདི་ཨིན་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukམར་ལུ་ནང་ན་ རྟེན་འབད་རུང་ གསརཔ་ནང་ལུ་འདི་ ག་ནི་ཡང་མེད་ལགས་ གསརཔ་ནང་ཁོ་ར་རྟེན་རྙིངམ་ག་ནི་ཡང་མེད་ལགས་ ག་དེམ་ཅིག་སྦེ་ ཚེས་བཅུ་གཅིག་གནང་ནི་ མི་ཤི་གི་གནང་ནི་གཅིག་ མི་མ་ཤོང་བར་དེ་སྦེ་གནངམ་གཏོགས་ མ་པ་ངོ་མ་གསེར་སྐྱེམས་ཕུལ་རུང་ ཕུད་ཕུལ་རུང་ ག་ཅི་རང་ཕུལ་རུང་ མར་ལུ་རང་ཕུལ་དགོ་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukམར་ལུ་ཁོ་ར་བྱམས་གཤིན་རྗེ་གི་སྐུ་མདུན་ལུ་ མཆོད་རྟེན་གྱི་སྐུ་མདུན་ལུ་ མར་ལུ་ དཀར་མེ་ཆད་ནི་མི་འོང་ལགས་ ཡོན་ཆབ་ཆད་ནི་མི་འོང་ མར་ལུ་ཕུལཝ་ཕུལ་སར་བཞག་དགོ་ ནཱ་ལུ་ཡང་ཕུལ་དགོ་ མར་ལུ་ཡང་ཕུལ་རང་ཕུལ་དགོ་ འ་ནཱི་འབད་བ་ཅིན་ལྷ་ཚོགས་རྣམས་ དེ་ལས་ཨ་ནཱི་ལྕགས་སྒྲོམ་ཡོད་མི་ཚུ་ ད་རུང་འདྲ་མེད་སྒྲིག་མེད་འདུག་ཟེར་ ཐུགས་བཞེད་ལགས།
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཨ་ནཱི་ལྕགས་སྒྲོམ་འདི་ཚུ་ ཨ་ཡར་ཕྱག་སྒམ་ནང་འབད་བ་ཅིན་ད་ བླ་མ་ཚེ་དབང་རྡོ་རྗེ་ཟེར་མི་གིས་ད་ མགོ་ལེངས་གཡུས་ཁར་མི་བཏུབ་པས་ཟེར་ མགོ་ལེངས་གཡུས་ཁར་ལུ་ད་ བཀའ་འགྱུར་གཅིག་དགོ་ནི་མས་ཟེར་ ཁོ་ར་ཐུགས་བསམ་བཞེས་ཏེ་ དེ་ལས་ ཁོ་གིས་བཀའ་འགྱུར་བསྣམས་ཏེ་ ད་ཨ་ནཱི་སྒྲོམ་གཉིས་ཆ་རང་ བཀའ་འགྱུར་ཡོདཔ་ཨིན་ལགས་ད་ལྟོ་ ཨ་ནཱ་ལྟེམ་ལྟེ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukབཀའ་འགྱུར་འབད་བ་ཅིན་ ག་དེ་སྨོ་ པོ་ཏི་འབད་སྨོ?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཔོ་ཏི་སྦེ་ཡོད་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདཔེ་དེབ་སྦེ་སྨོ?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukམེན་ལགས་པོ་ཏི་སྦེ་རང་ཡོད་ ད་རུང་ལྷ་ཁང་ནང་ན་ ཨ་ནཱི་ཨིན་པས་ཟེར་མནོ་འོང་ལགས་ ཨ་ནཱ་ལགས་ སྤུ་རས་ བཀའ་འགྱུར་ཨིན་ལགས་ ཨ་ནཱི་གཉིས་ཆ་རང་ བཀའ་འགྱུར་ཨིན་ ཨ་ནཱ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཔར་མ་ཨིན་ན་བྲིས་མ་ཨིན་ན་སྨོ?
- ཀུན་བཟང་དབང་ཕྱུག་ Kuenzang Wangchukཔར་མ་ཨིན་ལགས་ བྲིས་མ་མེན་ལགས་ གསརཔ་ཨིན་པས་ ད་ག་དེ་སྨོ་ཟེར་བ་ཅིན་ཐུགས་བསམ་བཞེད་འོང་ སྒྲོམ་གནམ་མེན་ས་མེད་འདུག་ ག་ཅི་གོ་ལ་ཡོདཔ་ཨིན་ན་ཟེར་ ཐུགས་བསམ་བཞེས་ རོགས་ཨ་ནཱ་ལུ་ག་ར་བཀའ་འགྱུར་ཨིན་ལགས་ ཨ་ནཱི་ཡང་ བཀའ་འགྱུར་ཨ་ཕི་ཡང་ བཀའ་འགྱུར་ད་འ་ནཱ་ལས་མ་བཏོན་མི་འབད་བ་ཅིན་ ཡར་ལུ་ཡོད་ལགས་ ཕྱག་སྒམ་ནང་ན།