Video Overview
Chemi from Gashari village in Norboogang Gewog (county) in Pemagatshel Dzongkhag (district), demonstrates the feeding of cattle. It is a crucial way to determine the quality and quantity of the milk that will be produced. The fodder was collected from the forest, cut into pieces, mixed with lum (a mixture of grains and yeast) and fed to the cattle. The farmers known the nutritional requirements of a dairy cow to provide adequate rations to meet its productive and reproductive needs.
༉ པདྨ་དགའ་ཚལ་ཆ་འོག་ གཡང་མ་ལ་ཤིང་ལུ་ཡོད་པའི་ལྷ་ཁང་གྱང་ཁོག་གི་ལོ་རྒྱུས་དེ་ཡང་ གཡང་མ་ལ་ཤིང་ལས་དཔལ་འབྱོར་གྱིས་བཤད་དེ་ཡོདཔ་ད་ ཁ་གསལ་ཏོག་ཏོ་སྦེ་མ་ཤེས་ཏེ་འབད་རུང་ ཧེ་མ་ཁོ་ར་ཆུང་ཀུ་སྦེ་སྡོདཔ་ད་ ཨ་པ་དང་མཉམ་ཅིག་ཕར་ཚུར་འགྱོ་བའི་སྐབས་ལས་ར་ གྱང་ཁོག་སྦེ་མཐོང་སྟེ་ཡོདཔ་ཨིན་མས། ལྷ་ཁང་དེ་ བེན་ཇི་རིན་པོ་ཆེ་དང་ཀུར་སྟོད་རིན་པོ་ཆེ་གིས་སྦེ་བཞེངས་བཞེངསམ་ཨིན་རུང་ ག་དེ་སྦེ་ཧྲམ་འགྱོ་འགྱོཝ་ཨིན་ན་གཏན་གཏན་སྦེ་བཤད་ནི་མེདཔ་ཨིན་པས། ཨིན་རུང་ རྒས་ཤོས་ཚུ་གིས་སླབ་མི་ལྟར་དུ་འབད་བ་ཅིན་ བླམ་གཉིས་ཡང་ཕར་ཚུར་བྱོན་ དེ་ལས་དེ་ནང་ཡོད་མི་ཨ་ཎེམ་ཚུ་ཡང་ ཆོས་འཁོར་གླིང་ལས་ཕར་སོང་སྡོད་དེ་ ལྷ་ཁང་འདི་དེ་སྦེ་ར་བཀོ་བཞག་སྟེ་ཧྲམ་འགྱོ་འགྱོཝ་ཨིནམ་ད་ དེ་ནང་ལྷ་ཁང་ཆགས་ནི་གི་ལུང་བསྟན་ར་མ་སྡོདཔ་ཨིན་པས་ ཟེར་བཤད་དོ་ཡོདཔ་མས། དེ་ནང་ཡོད་པའི་སྐུ་རྟེན་ཚུ་ཡང་ བདེ་ཆེན་གླིང་ལུ་ཞུ་སྟེ་ཡོདཔ་སྦེ་བཤདཔ་ཨིན་པས།
- Pemagatshel
- དཔལ་འབྱོར་དཔལ་འབྱོར་ང་བཅས་ ཨ་ལོ་སྦེ་སྡོདཔ་ད་ ཨ་ཙི་ཅིག་ གྱང་ཁོག་ཡར་སོང་ནུག
- དཔལ་འབྱོར་དེ་ལས་ བཞེངས་མི་ཡང་ ཡར་གྱི་གཅིག་ བོད་གཡུས་རིན་པོ་ཆེའི་ སློབ་མ་འདུག། གཅིག་ ཀུར་སྟོད་རིན་པོ་ཆེའི་སློམ་པ་སྦེ་ ཏེ་ཨ་རྒས་གཉིས་ ཁོང་གཉིས་ཀྱིས་སྦེ་ར་ ང་བཅས་ ནཱ་ལུ་ ལྷ་ཁང་མིན་འདུག་ཟེར་ བཞེངས་བཞེངསམ་ཨིན་པས་ལགས།
- དཔལ་འབྱོར་དེ་ལས་ཏེ་ ཨ་ཙི་ཅིག་ སྟབས་མ་བདེ་བར་ ག་ཨིན་ན་ འ་ནཱི་ གྱང་ཁོག་སྦེ་ཡར་སོང་ནུག། ང་བཅས་འབདཝ་ད་ ཨ་ནེམོ་ཚུ་ཡང་འདི་ནང་སོང་སྟེ།
- དཔལ་འབྱོར་དེ་ལས་ ཨ་ནེམོ་ འ་ནཱི་ བླམ་གཉིས་ཡང་ ཨ་ཙི་ཅིག་ ཕར་ཚུར་བྱོན་ཏེ་ དེ་ལས་ གཞན་མེད་པར་ ཆོས་(འགྲོ་དོན)་ལུ་ ཕར་ཚུར་བྱོན་ཏེ།
- དཔལ་འབྱོར་དེ་ལས་ ལྷ་ཁང་ཡང་གྱང་ཁོག་ཐོན་ཏེ་ དེ་ལས་ ཨ་ནེམོ་ཚུ་ཡང་ ལ་ལུ་མར་ ཆོས་འཁོར་གླིང་ལུ་སོང་སྡོད་དེ་ ལ་ལུ་གཞན་ཁར་སོང་སྟེ་ དེ་སྦེ་སྡོད་ཅི་ཟེར་ སླབ་དེས་ལགས་ ཨང་རྒས་ཨ་རྒས་ཚུ་གིས།
- དཔལ་འབྱོར་འ་ནཱེ་ཅིག་ཤེས་ལགས། ང་བཅས་ཨ་ལོ་སྦེ་སྡོདཔ་ད་ ཧ་ལམ་ཅི་འགྱོཝ་ད་ གྱང་ཁོག་ཐོན་སོང་ནུག་ ཨ་པ་དང་གཅིག་ཁར་འགྱོཝ་ད།
- དཔལ་འབྱོར་ད་ བཞེངས་མི་ཡང་ སྐུ་ཚུ་ག་ཅི་ལོ་ ཡར་ལྟ་དབང་ལས་ར་ བསྣམས་བྱོན་ཡི་ཟེར་ སླབ་དེས་ལགས། དེ་ལས་ ཨ་རྒས་ཚུ་གིས་ དེ་ལས་ འ་ནཱི་ ལྷ་ཁང་བཞེངས་མི་ བཟོ་ཡང་ ཡར་ པདྨ་དགའ་ཚལ་ལས་ འ་ནཱི་ ངའི་ ཨ་པ་གིས་སླབ་ད་ བེན་ཇང་ཟེར་མི་གིས་འབག་སྟེ།
- དཔལ་འབྱོར་བཟོ་ཡི་ ཁོ་གིས་ རྩིགས་པ་ཡང་ ལེགས་ཤོམ་ཐོན་ཡི་ཐོན་ནི་དེ་ ད་ ནཱ་ལུ་ ང་བཅས་རའི་ ལུང་བསྟན་མེདཔ་ཨིན་པས། ས་བྱིན་མི་འདི་གུ་ར་ ཆགས་ཅི་ཟེར་ སླབ་དེས་ལགས། ཨ་པ་ཨ་མ་ཚུ་གིས།
- དཔལ་འབྱོར་ང་གིས་ ལྷ་ཁང་ཆགས་པའི་སྐོར་ལས་ འ་ནཱེ་ཅིག་རྐྱངམ་གཅིག་ཤེས་ལགས།
- ཤེས་རིག་དོན་ཚོགས་དེ་ལས་ འདིའི་སྐུ་རྟེན་གསུང་རྟེན་ཚུ་ རྟེན་ཚུ་ག་ཏེ་བཞག་ཡི་ཤུལ་ལས།
- དཔལ་འབྱོར་རྟེན་ཚུ་ ནཱ་ལུ་བཞགཔ་ད་ཏེ་ སྟབས་མི་བདེ་ཟེར་ བདེ་ཆེན་གླིང་ལྷ་ཁང་ནང་ལུ་ འབག་ཡི་ཟེར་ སླབ་དེས་ལགས་ ཨང་རྒས་ཨ་རྒས་ཚུ་གིས།
- ཤེས་རིག་དོན་ཚོགས་ལགས་སོ། ད་ལྟོ་དེ་ཁར་ གྱང་ཁོག་ཡོད་ག་ལགས?
- ཤེས་རིག་དོན་ཚོགས་དལྷ་ཁང་ཡ།
- ཤེས་རིག་དོན་ཚོགས་ཨོང་ལགས།
- དཔལ་འབྱོར་ལྷ་ཁང་དེ་ གྱང་ཁོག་ཡོད་ལགས་ ད་ལྟོ་ཡང་།
- ཤེས་རིག་དོན་ཚོགས་གྱང་ཁོག་སྦོམ་ག་དེམ་ཅིག་འོང་ལགས?
- དཔལ་འབྱོར་མིན་འདུག་ལགས། འདོམ་འབད་བ་ཅིན་ འདོམ་ལྔ་ལྷག་ཙམ་ཅིག་འདུག་ལགས། ལྕགས་རི་དང་ག་ར་འབདཝ་ད་ ཆུང་སུ་ཅིག་འདུག་ལགས།
- དཔལ་འབྱོར་གྱང་ཁོག་འགྱོ་ཞིནམ་ལས་ཏེ་ ང་བཅས་ཀྱིས་ ཨ་ཙི་ཅིག་རྣམ་རྟོག་ལང་སྟེ་ ཆུ་རྫིང་རྫིང་འབད་དེ་ འདྲོག་འོང་། ལེ་ཤ་མ་འགྱོ་ལགས།
- ཤེས་རིག་དོན་ཚོགས་ལགས་སོ། ད་ལྟོའི་ མི་ཚུ་གིས་ འདི་ནང་ལྷོད་ར་མི་ལྷོད་ག་ ས་སྒོ་འདི་ནང་?
- དཔལ་འབྱོར་དེ་ནང་ ད་ལྟོ་འདི་ ཧིང་སངས་ས་བཟོ་ཡི་ལགས། ཧེ་མ་འདི་ འ་ནཱེ་འབད་དེ་ ནགས་ཚལ་སྦེ་ཡོད་ལགས། ད་ལྟོ་ ཨ་ཙི་ཅིག་ ས་བཟུང་སྟེ་ ཨ་ཙི་ཅིག་ ལེགས་ཤོམ་འགྱོ་ཡི་ལགས།
- ཤེས་རིག་དོན་ཚོགས་འ་ ལགས་སོ་ དེམ་ཅི་ར་ཨིན་ན་ ད་རུང་མེད་ག?
- དཔལ་འབྱོར་དེམ་ཅི་ར་ཨིན་ལགས།