Skip to main content Skip to search
20 Jun 2018
2 min 26 sec
Video Overview
Creators: 
Sonam Chophel, Dawa Tshering

Tenzin narrates an account of his village, Rimi, in Gasa district. According to him, the site was full of Yeti in the past. These Yetis came at night and imitated whatever humans did during the day time. Later, people found that these Yetis could come and attack people. Thus, elderly citizens had an idea to eradicate these animals from the area. People made wooden knives and pretended to fight in the field; later that evening, they kept steel knives in the field. The Yetis, trying to imitate what they humans were doing, killed each other. The village got its name, Rimi (wild men), from this story of Yetis.

འདི་མགར་ས་རྫོང་ཁག་ རི་མི་གཡུས་ཚན་གྱྀ་ ལོ་རྒྱུས་ཨིནམ་ད་ བཤད་པ་འདི་ གཡུས་འདི་ཁར་ལས་ བསྟན་འཛིན་གྱིས་རྐྱབ་ཨིན་མས། ཁོ་དང་འཁྲིལ་བ་ཅིན་ དང་ཕུག་ གཡུས་འདི་ཁར་ མི་རྒོདགནམ་མེད་ས་མེད་ཡོདཔ་ཨིནམ་ད་ མི་རྒོད་ཚུ་གིས་ གནམ་ཕྱི་རུ་འོང་སྟེ་ མི་ཚུ་གིས་ གནམ་ཉི་མ་ག་འབད་མི་འདི་ ལུད་སྲོལ་རྐྱབ་ཨིན་ཟེར་མས། ཏེ་ཤུལ་ལས་མི་ཚུ་གིས་ མི་རྒོད་འདི་ཚུ་གིས་ མི་ལུ་ གནོདཔ་བཀལ་ནི་ཨིནམ་ཧ་གོ་སྟེ་ མི་རྒས་ཤོས་ཚུ་གིས་ སེམས་ཅན་འདི་ཚུ་ ས་གནས་འདི་ནང་ལས་ རྩ་མེད་གཏང་ཐབས་ལུ་ གནས་སྐབས་སྟོན་ཏེ་ ཤིང་གི་དཔའ་རྟགས་བཟོ་ཞིནམ་ལས་ ཞིང་ནང་འཛིང་བརྫུ་བཏབ་བཏབཔ་ཨིན་པས། ཏེ་ཕྱི་རུ་སོངམ་ད་ ཞིང་ནང་ལྕགས་ཀྱི་ དཔའ་རྟགས་བཞགཔ་ད་ མི་རྒོད་འདི་ཚུ་གིས་ མི་གིས་ ཉི་མ་ག་ཅི་འབད་མི་འདི་ ལུད་སྲོལ་རྐྱབ་ད་  མི་རྒོད་ཚུ་རྩ་མེད་བཏང་བཏངམ་ཨིནམ་ད་ འདི་ལས་ཚུར་ ས་གནས་འདི་གི་མིང་ལུ་ རི་མི་ཟེར་ཐོབ་ཐོབ་ཨིན་པས། 

Transcript search
No results found for this search
0 of 0
  • བསྟན་འཛིན་
    རི་མི་ ཟེར་སླབ་དགོ་མི་ཁུངས་འདི་ དེ་བསྒང་ དེ་སྦེ་ཡོད་ཟེར་ཨིན་མས། མི་རྒོད་ཡོདཔ་ཨིན་ཟེར་ལགས། མི་རྒོད་ཀྱིས་ ཏེ་སྤ་་་་་ ཕར་ཏེ་ང་བཅས་ ཙེ་རི་རྫམ་ དེ་བསྒང་ ཏེ་རི་ཁར་ལས་ཕར་བྱཱོ་བཏབ་ འ་ནཱི་འབད་དགོ་པས་བ།
  • བསྟན་འཛིན་
    ཏེ་བྱཱོ་བཏབ་ཨ་ནཱི་སྦེ་བཞགཔ་ད་ དྲོ་པ་བལྟ་བར་འགྱོ་ཚེ་མི་རྒོད་འདི་གིས་ འདི་ཚུ་གིས་ ཏེ་ནེམ་འབད་བཞགཔ་མས་ཟེར་ཨིན་མས་བ། ང་བཅས་ཏོག་ཙེ་ལཱ་སར་བཞགཔ་ད་ ཏོག་ཙེ་བརྐོ།
  • བསྟན་འཛིན་
    ང་བཅས་ ཉི་མ་ང་བཅས་བརྐོཝ་ད་ ཕྱི་རུ་ཁོ་གི་ལུགས་སྲོལ་རྐྱབ་ ཉི་མ་ཁོ་གཡིབ་བལྟ་སྡོདཔ་མས་བ། འ་ནཱི་སྦེ་རི་ཁར་གི་མི་ རི་མི་ཟེར་མི་འདི་ ཏེ་མི་རྒོད་ཡོདཔ་ཨིན་ཟེར་ཨིན་མས་བ། ཏེ་མི་རྒོད་ཡོད་འདི་གིས་འབད།
  • བསྟན་འཛིན་
    ཏེ་ཤུལ་ཤུལ་རྐྱབ་ ཁོང་ཨ་ནཱི་བྱཱོ་་་་ ཏོག་ཙེ་ཚུ་ཡང་ཁོང་གིས་བརྐོ་ ང་བཅས་ཙེ་རི་རྫམ་འཕྲོ་རེ་བཞགན་ ཙེ་རི་ཚུ་ཡང་ཁོང་གིས་འ་ནཱི་སྦེ་རྫམ་སྦེ་ ཏེ་དེ་སྦེ་འབད་ ཏེ་ཕར་རི་ཁར་ ཏེ་ནཱ་ལས་མར་འཐོན་པའི་ལོ་རྒྱུས་མིན་འདུག
  • བསྟན་འཛིན་
    ཕར་རི་མི་ཟེར་མི་འདི་འ་ནཱི་སྦེ་ ཏེ་རི་ཁ་གི་མི་འ་ནཱི་འབད་འོང་སྟེ་གིས་སྦེ་འབད་ཡི་ཟེར་ ལོ་རྒྱུས་འདུག་ལགས། ཏེ་རི་ཁ་གི་མི་འདི་གིས་ འ་ནཱི་སྦེ་འབད་བའི་ལོ་རྒྱུས་ཡོདཔ་ད་ ཏེ་རི་ཁ་གི་མི་འདི་ ཏེ་ཚུར་ཚུར་འོང་པ་ཅིན་ ཏེ་ང་བཅས་ལུ་གནོད་པ་རྐྱབ་ནི་མས་ཟེར།
  • བསྟན་འཛིན་
    དེ་ལས་ཏེ་ ཕར་གྱི་མི་རྒས་ཤོས་འདི་ཚུ་གིས་ ཏེ་གནས་སྐབས་བཏོན་ཏེ་ ཏེ་ཉི་མ་ཁོང་གིས་ང་བཅས་ཏོག་ཙེ་ཡང་བརྐོ་དཔ་མས། ཁོང་ཚུར་ཚུར་སྦྱར་ཏེ་འབད་ ང་བཅས་ལུ་གནོད་ནི་མས་ཟེར་སླབ་ ཏེ་ཉི་མ་ཤིང་གི་དཔའ་རྟགས་བཟོ། ཏེ་གཡུས་ཁ་ལས་ཕར་འགྱོ་ ཕོ་རྒས་འདི་ཚུ་ ཏེ་གྱི་ཁེ་འཇལ་ ཏེ་ཕར་རྫམ་ཚུར་རྫམ་ ཏེ་ཤིང་འབད་ནི་འདི་གིས་ག་ནི་ཡང་མི་འབད་སྨོ་ལགས།
  • བསྟན་འཛིན་
    འ་ནཱ་ལས་ཕར་བླུགས་རྫུ་བཏབ་ ཏེ་འ་ནཱི་སྦེ་ཁོང་རི་ཁ་ལས་བལྟ་སྡོད་སྡོདཔ་མས་བ། ཏེ་འ་ནཱི་འབདཝ་ད་ ཏེ་ཁོང་འ་ནཱི་འབད་རབ་ཆད་མི་འདི་འ་ནཱི་འབད་ ཆད་ཆདཔ་ཨིན་ཟེར ཨིན་མས་བ་རི་ཁའི་མི་ རི་མི་ཟེར་སླབ་མི་འདི།
  • བསྟན་འཛིན་
    གཡུས་ཁ་གི་ཨཔ་ཚུ་གིས་གནས་སྐབས་བཏོན་ཏེ་ དེ་ལས་དཔའ་རྟགས་ག་ར་ཕར་སྐྱེལ་བཞག་སྦེ་ ཏེ་ཕྱི་རུ་ཁོ་འོང་ ཏེ་ཉི་མ་ང་བཅས་ག་འབད་མི་ཁོང་གིས་འབད་འབདཝ་ཨིན་ཟེར་མས་བ།
  • བསྟན་འཛིན་
    ཏེ་ཁོང་འབདཝ་ད་ ཁོང་གིས་ངོ་མ་འབད་སྨོ་ལགས། ཏེ་ཁོང་རང་གཅིག་གིས་གཅིག་བཏང་ འ་ནཱི་སྦེ་བསད་ ག་ར་འ་ནཱི་འབད་མཇུག་བསྡུ་དའི་ཟེར་ ལོ་རྒྱུས་འདི་འ་ནཱི་སྦེ་སླབ་མས།
  • བསྟན་འཛིན་
    ཏེ་འ་ནཱི་ རི་མི་ཟེར་མི་འདི་ འ་ནཱི་སྦེ་རི་ཁ་གི་མི་ཐོན་ནི་འདི་གིས་ འ་ནཱི་སྦེ་ཨིན་ཟེར་སླབ་མས་བ། ཕར་ལས་མ་གཡུས་སྒོ་འདི་ར་ ཏེ་ད་རེས་འབདཝ་ད་ ང་བཅས་ཏེ་རི་མི་ཟེར་ དེ་སྦེ་ཡོད།། །།