Skip to main content Skip to search
22 Jan 2016
5 min 35 sec
Video Overview
Creators: 
Penchela

རྩི་རང་མན་ཌལ་སྒང་ལས་ ཚོང་རྒྱས་ཀྱིས་ རེས་ཏི་གཡུས་ཚན་གྱི་ལོ་རྒྱུས་བཤད་མི་ནང་ སྒང་ཏོག་སྤྲུལ་སྐུ་སྐུ་ཚེ་གོངམ་གི་སྐབས་ལུ་ བྱུང་བྱུངམ་གི་ལོ་རྒྱུས་ཅིག་བཤདཔ་ཨིན་པས། དེ་ཡང་ རེས་ཏི་ལུང་པ་ལུ་ གུ་རུ་རིན་པོ་ཆེ་གིས་ བདུད་ཚུ་དམ་ལུ་བཏགས་ཏེ་ ལ་ལུ་གིས་ཟླཝ་༣ ལ་ལུ་གིས་ཟླཝ་༦ བཞུགས་བཞུགསཔ་ཨིན་ ཟེར་སླབ་དོ་ཡོདཔ་མས། ག་དེ་སྦེ་ར་ཨིན་རུང་ ཧེ་མ་ཅིག་ཁར་ གཡུས་དེ་ནང་ལས་ མི་གནགཔ་གཅིག་དང་རྩིསཔ་གཅིག་ ཤ་བདའ་བར་འགྱོཝ་ད་ བྱག་སྦོམ་ཅིག་གི་ཐོག་ཁ་ལུ་ལྷོདཔ་ད་ ལྷ་ཁང་ཅིག་མཇལ་སྦེ་ ལྷ་ཁང་ནང་འགྱོཝ་ད་ ལྷ་ཁང་གི་སྒོ་ཁར་དབུ་ཞྭ་གཅིག་མཇལ་ཏེ་ རྩིསཔ་འདི་གིས་ ཨ་ནི་དབུ་ཞྭ་འདི་ ང་དགོ་ནི་ཨིན་ཟེར་ ལགཔ་གིས་བཟུང་སྦེ་བཞག་ཞིན་ན་ ནང་ན་འགྱོཝ་ད་ ཚོགས་དང་དཀར་མེ་ཚུ་ གནམ་མེད་ས་མེད་ཕུལ་ས་མཇལ་ཏེ་ ནང་ན་ལོ་༣ ལྷགཔ་ཅིག་ལུས་པའི་ཤུལ་ལས་ ཁོང་གཉིས་ལོག་འཐོནམ་ད་ དབུ་ཞྭ་འདི་ ས་སྒོ་འདི་ནང་རང་ཡོདཔ་ལས་ ཁོང་གཉིས་འཐུ་འབག་འོང་སྦེ་གཡུས་ཁ་ལུ་ལྷོད་ཞིནམ་ལས་ ལོ་རྒྱུས་ཚུ་སླབ་སྟེ་འགྲོས་ཀྱིས་འབད་སྒང་ཏོག་སྤྲུལ་སྐུ་ སྐུ་ཚེ་གོངམ་འདི་ཉན་གསན་ཏེ་ དབུ་ཞྭ་འདི་ལེན་པར་བཏང་སྟེ་ལེན་འབག་སྦེ་ ད་ལྟོ་ཡང་སྒང་ཏོག་སྤྲུལ་སྐུ་གི་ལྷ་ཁང་ནང་ཡོདཔ་སྦེ་བཤདཔ་མ་ཚད་ གནས་འདི་ ད་ལྟོའི་བར་ན་ཡང་འཚོལ་མ་ཐོབ་སྦེ་བཤདཔ་ཨིན་པས།

Guru Rinpoche is said to have blessed Reti Village in the eight century. He stayed there for four to six months to tame the demons and bind them to be of service to the Buddhadharma. In this video, Tshongjay from Mendrelgang in Tsirang gives an account of Reti Village that goes all the way back to the time of the first incarnation in the line of Gangtey Truelku. Two men from the village went hunting one day, and they saw a temple on top of a cliff on their way. They approached the temple, noticing a little crown near its door. One of them touched the little crown, saying that he needed to have it. They entered the temple, where they saw several butter lamps and food offerings. They became trapped inside the temple for three years. When they were finally able to escape, they saw the little crown sitting at the same place. They ran back to their village with the little crown, and shared their story with the villagers. The first incarnation of Gangtey Truelku heard their story and sent a man to get the little crown. That little crown can still be seen in Gangtey Monastery, but the temple inside of which the men were trapped is nowhere to be found.

Transcript search
No results found for this search
0 of 0
  • ཚོང་རྒྱས Tshongjay
    རི་ཏི་ལུང་པ་ལུ་ ལ་ལུ་ཅིག་གིས་འབདན་ གུ་རུ་རིན་པོ་ཆེ་ ཟླ་བ་གསུམ་བཞུགས་ཅི་ལོ། ལ་ལུ་ཅིག་གིས་འབདན་ བཞི་བཞུགས་ཅི་ལོ་ཟེར་ གནས་འདི་ལེ་ཤ་ར་འདུག།
  • ཚོང་རྒྱས Tshongjay
    གུ་རུ་རིན་པོ་ཆེ་ བདུད་དེ་ཚུ་བཏུལ་ཏེ་ བཞུགས་བཞུགས་ལེ་ཤ་ཡོད་ཟེར་མས་ལགས། ཏེ་སྒང་སྟེང་སྤྲུལ་སྐུ་ ཏེ་འ་ནཱི་ མོན་པ་གསུམ་་་་མོན་པ་གཉིས་ཨིན་པས། གཉིསཔ་དེ་ཤ་བདའ་བར་འགྱོཝ་འགྱོ་མས་ ཤ་རོགསཔ་ཨིན་པས། ཏེ་གཅིག་རྩིསཔ་ཨིན་པས། གཅིགདེ་མི་གནགཔོ་ཨིན་པས། རང་འབྱུང་ལས་ཨིན་པས།
  • ཚོང་རྒྱས Tshongjay
    ཏེ་ཁོ་གཉིས་ཚལ་མ་ནང་ མདའ་ཞུ་འབད་འགྱོ་འགྱོཝ་མས། དེ་ལས་བྱག་ཅིག་ཡོད་སར་ལྷོདཔ་ད་ ལྷ་ཁང་གཅིག་མཇལ་མཇལཝ་ཨིན་པས། དེ་ནང་ དགེ་སློང་དང་ སྒོམ་ཆེན་ལེ་ཤ་ཅིག་ ཚོགས་དང་ དཀར་མེ་གནམ་ཁ་སྐརམ་བཟུམ་སྦེ་ ཕུལ་ས་མཇལ་མཇལཝ་ཨིན་པས།
  • ཚོང་རྒྱས Tshongjay
    ཏེ་འ་ནཱི་སྒོ་ཁར་ དགེ་སློང་ཚུ་ཡང་ཡོད་དོ་ཡོདཔ་མས། དེ་ལས་ རྒྱ་ཚམ་གཅིག་བཏགས་བཞག་ནུག་ཟེར་བའི་ལོ་སྒོ་ཁར། དེ་ལས་ སྒོའི་སྦོ་ལོགས་ཁར་ དབང་གནང་ནིའི་ དབུ་ཞཱམོ་ཅིག་ཡང་ཡོད་དོ་ཡོདཔ་མས། ཏེ་དེ་ལས་ ཤ་རོགས་གཅིག་འདི་ རྩིསཔ་ཨིན་པས། འ་ནཱི་རྩིསཔ་དེ་གིས་ ཡ་་་འ་ནཱི་དབུ་ཞྭམོ་འདི་ ཁོ་དགོ་པས་ཟེར་ ལགཔ་གིས་དཀྲོགས་སྦེ་ བཟུང་བཞག་བཞགཔ་མས།
  • ཚོང་རྒྱས Tshongjay
    དེ་ལས་ ལོག་འགྱོཝ་ད་འབག་ནི་ཟེར་ ཏེ་ཁོང་གཉིས་ནང་ན་འགྱོ་འགྱོཝ་མས། ནང་ན་འགྱོཝ་ད་ལུ་ ཏམ་ཁུ་འཐུངམ་ཨིན་ན་ཟེར་མས་ལོ། ཏམ་ཁུ་སུར་ཏི་འཐུང་དོ་ཡོདཔ་མས། ནཱ་ལུ་ ཏམ་ཁུ་འཐུང་མི་ཆོག། ཏམ་ཕྱི་ཁར་ བཀོ་དཔ་ཨིན་པས། ཕྱི་ཁར་བཀོ་སྦེ་ ཁོང་ནང་ན་འཛུལ་ཏེ་སྡོད་སྡོདཔ་མས། ལོ་གསུམ་དེ་ཅིག་ནང་ན་ལུས་སོང་མས། སེམས་གཡེང་སྟེ་ནང་ན། ཁོང་ལྟོ་ཡང་ནཱ་ལས་བཟའ། འ་ནཱི་ནང་ལུ་ མ་ཎི་ཡང་ག་དེ་སྦེ་བགྱངས་ཡི་ག་ ཆོས་ཚུ་ག་དེ་སྦེ་ཡོདཔ་ཨིན་ན་ ལྟདམོ་བལྟ་སྟེ་ ལུས་སོང་མས། ཏེ་ཁྱིམ་ནའི་ མི་ཚུ་གིས་ ཁོང་ཤི་སོང་ནུག། དོམ་གྱིས་བཟའ་བཟའཝ་ཨིན་ན་ཟེར་ རོ་འཚོལ་ནུག། རོ་འཛོལཝ་ད་མ་ཐོབ་པས། དགེ་བ་དགེ་རྩ་ཚུ་འབད་ནུག། ནཱེ་པཱ་ལི་གི་ སུ་བཱ་དང་ ལ་ལུ་ཅིག་གིས་འདི་ ཉིནམ་བདུན་ལུ་མཇུག་བསྡུཝ་ཨིན། ང་བཅས་འབྲུག་ཚུ་གིས་ ཉི་ཤུ་རྩ་གཅིག་བཞག་ཨིན་མེན་ན། འ་ནཱི་བཞི་ཅུ་ཞེ་དགུ་བཞག་ཨིན་མེན་ན།
  • ཚོང་རྒྱས Tshongjay
    ཁོང་ནཱེ་པཱ་ལིའི་ ལུགས་སྲོལ་ལས་འབད་བ་ཅིན་ ཉིནམ་ གསུམ་དང་བདུན་གྱི་བར་ན་མཇུག་བསྡུཝ་ཨིན་པས། དགེ་བ་དེ་ཚུ་ འབད་ཚར་བའི་ ལོ་གསུམ་གི་ཤུལ་ལས་ ཁྱིམ་ནང་ལོག་འོང་དེ་ལོ། བལ་ཡུལ་ནང་ལས་ བཏང་བཏངམ་འོང་ནི་མས། བཏང་ཞིནམ་ན་ལས་འོང་འོང་མས།
  • ཚོང་རྒྱས Tshongjay
    ཏེ་ཨ་ནཱི་ དབུ་ཞཱམོ་འདི་ འབག་འོང་འོང་མས། འབག་འོང་སྟེ་ གཅིག་གིས་གཅིག་ལུ་ སླབ་སྟེ་ ཏེ་ཨ་ནཱི་ལས་ རྣ་ཅོ་ཁར་གོ་སྟེ་ ཏེ་ཡར་སྒང་སྟེང་སྤྲུལ་ སྐུ་ཚེ་གོང་མ་གིས་བསྙན་གསན་ཏེ་ བསྙན་གསན་ཏེ་ ཏེ་འ་ནཱི་བཟུམ་མཐོང་ཅི་ལོ་ རི་ཏི་གི་ མི་ཚུ་གིས་ མཐོང་ཅི་ལོ་ཟེར་ ལེན་མ་བཏང་སྟེ་ ཡར་འབག་ཡར་སོང་ཡི་ལོ་ལགས། ད་རེས་ནངས་པ་ཡང་ ཡོད་ལོ་ལགས། ཡར་སྒང་སྟེང་སྤྲུལ་སྐུའི་ ལྷ་ཁང་ནང་ འ་ནཱི་དབུ་ཞྭམོ་འདི་ཡོད་ལོ། ཏེ་འ་ནཱི་ལས་ ཁོང་མོན་པ་འདི་ཚུ་ དང་ཕུ་
  • ཚོང་རྒྱས Tshongjay
    ཏེ་འ་ནཱི་ལས་ ཡར་མོན་པ་འདི་ཚུ་ དང་ཕུ་འདི་ གནམ་མེད་ས་མེདཀྱི་དཀའ་ངལ་ ལམ་གསལ་ནི་ རྟའི་དོས་འབག་དགོཔ་ ལམ་སེལ་རྐྱབ་དགོཔ་ དེ་ལས་ ལཱ་ལེ་ཤ་སྡོད་ནི་མེདཔ་ རྟས་ཐག་དང་ ཚོགས་བརྡ་མ་གཏོགས་ གཞན་ག་ནི་ཡང་མིན་འདུག་མེད་ན་དང་ཕུ་དེ། འ་ནཱེ་སྦེ་ བཀོལ་ཆོག་པས་མེན་ན་ཏེ་ དང་ཕུ་དེ། དཔོན་གྱིས་འབད་རུང་ བླམ་གྱིས་འབད་རུང་ འ་ནཱེ་སྦེ་ བཀོལ་ཆོག་དོ་ཡོདཔ་མས། ཏེ་ཁོང་གིས་ རྒྱ་ཚམོ་དེ་བྱག་གུ་འབག་ཞིནམ་ལས་ ལྷོག་བཀོ་བཏང་དཔ་ཨིན་པས། དེ་ལས་གནས་འདི་ མེདཔ་ཡར་སོང་ཚལ་མ་གིས་གང་སྟེ། གནས་འདི་ ད་རེས་ནངས་པ་ཡང་ འཚོལ་བའི་གང་རང་ཡོད་ལོ། ཏེ་འཚོལ་རུང་ར་མི་ཐོབ་འབད་ལོ་ལུང་བསྟན་རྫོགས་སོངམ་ཨིན་ན། ཏེ་ཚར་གཅིག་སྒང་སྟེང་སྤྲུལ་སྐུ་བྱོན་ཏེ་ སྒང་སྟེང་སྤྲུལ་སྐུ་གིས་་་་་མེན་པས་ས་་་ཏེ་ཨ་ནཱི་ རྒྱ་ཚམོ་འདི་ བྱག་ལས་མར་བཀོ་ཞིནམ་ལས་ ཁོང་གི་ཡར་ ནད་མུ་གེ་བྱུང་བྱུངམ་ཨིན་པས། ནད་མུ་གེ་བྱུང་སྟེ་ མི་དེ་ཚུ་ཆ་མཉམ་རིམས་ཚད་ ནད་མ་འདྲཝ་ཟུན་ཏེ་ བྲུན་ནད་ཟེར་མི་དེ་ཟུན་ཏེ་རྫོགས། ཏེ་འ་ནཱི་ལས་ བྱོག་སོང་སོངམ་མས། ཨ་ཐང་རུ་ཁ་ལུ་ བྱོག་སོང་སྟེ་ ཡར་ལུ་སྡོད་སྡོདཔ་ཨིན་པས། ཧ་ལམ་ལོ་དག་པ་ཅིག་ཡར་སྡོད་དེ།
  • ཚོང་རྒྱས Tshongjay
    ལོ་དག་པ་ཅིག་གི་ཤུལ་ལས་ ཕོ་རྒྱ་ཞོནམ་སུམ་ཅུ་དེ་ཅིག་བཏང་བཏང་མས། གཡུས་ཁ་ལུ་ ཅ་ལ་དང་ བྱ་ གེ་ཟ་འདི་ཚུ་ ལེན་པར་བཏང་ནུག། ཏེ་འ་ནཱི་ཕོ་རྒྱ་དེ་ཚུ་ ཡར་ལུ་ལྷོད་ཞིནམ་ལས་ སྟག་གིས་བཟའ་སྟེ་ དོམ་གྱིས་བཟའ་ཞིནམ་ལས་ རྫོགས་ཏེ་ལོག་མ་ལྷོདཔ་ཨིན་པས། ཏེ་ ལོ་དག་པ་ཅིག་གི་ཤུལ་ལས་ ནད་དེ་ཚུ་དྲག་སྟེ་ ཤི་མི་ཚུ་ཤི་ཚར། ཏེ་སྡོད་མི་ཚུ་ ལོག་འགྱོ་འགྱོཝ་ཨིན་པས། ལོག་སོང་སྟེ་ ད་ལྟོ་ འ་ནཱིའི་མི་བརྒྱུད་ཡོད་ཟེར་ཨིན་པས་ལགས། ཏེ་ཨ་ནཱི་ཨ་ཐང་རུ་ཁ་ལས་འོང་མི་ཚུ་ལུ་ མོན་པ་ཟེར་སླབ་མས། སྒང་སྟེང་སྤྲུལ་སྐུ་གིས་ བསྙན་གསན་ཏེ།
  • ཚོང་རྒྱས Tshongjay
    བྱོན་བྱོན་མས་ འ་ནཱི་གནས་སྒོ་འཚོལ་དགོ་པས་ཟེར། ཏེ་ ཡར་གི་ མི་ཚུ་གནས་སྒོ་འཚོལ་ཏེ་ རིན་པོ་ཆེ་ཡར་ལུ་བཞུགས་ཏེ་ གསུར་བསངས་བཏང་སྟེ་ བདུག་ཁྲག་གཅིག་བཞུགས་ནུག། གནས་སྒོ་འཚོལ་མ་ཐོབ་པས༔། རིན་པོ་ཆེ་ལོག་བྱོན་ཡི། ད་ལྟོ་ཡང་ མར་བྱོན་ནི་གྱི་ཐུགས་རྗེ་དང་ རེ་བ་འདུག་ཟེར་འདུག་ འ་ནཱི་གནས་སྒོ་འདི་འཚོལ་བ། གཏམ་ལོ་རྒྱུས་ འ་ནཱི་བཟུམ་ རོགས་དང་ཕུ་ཨ་རྒས་ཨང་རྒས་ཚུ་གིས་ འ་ནཱེ་སྦེ་སླབ་མས་ཟེར་བའི་ ལོ་རྒྱུས་ཨིན་ལགས།