Video Overview
Dorji Tshering from Lauri village talks about the ruins of Dangling Lake. The lake was first seen by the highlanders of Trashigang and Tawang (India) while they were raising animals. There were two lakes, one male and the other female. While women were working close the lake, they dried their children's clothes around a fire. This defiled the lake and it ran away, causing a huge flood. Today the site is a marshy area, the ruins of the lake.
༉ ལའུ་རི་གཡུས་ཚན་ལས་ རྡོ་རྗེ་ཚེ་རིང་གིས་ རྡོས་སྒོར་བཏང་སའི་མཚོ་ཤུལ་གཉིས་ཀྱི་ལོ་རྒྱུས་བཤད་མི་ནང་ མཚོ་དེ་རྡོས་སྒོར་བཏང་སའི་མཚོ་ཕོ་མོ་ཨིན་ཟེར་ བཤདཔ་ཨིན་མས། མཚོ་དེ་ ཧེ་མ་བྲཱ་མི་དང་འབྱོགཔ་ཚུ་ཡར་མར་བྱཱར་ས་དགུན་ས་སྦེ་སྡོད་པའི་ནམ་དུས་ལུ་ ཁོང་གིས་མཐོང་མཐོང་པའི་མཚོ་ཅིག་ཨིནམ་ད་ ས་གནས་དེ་ཁ་ལས་བྱོག་འགྱོ་དགོ་པའི་ཁུངས་དེ་ཡང་ ཧེ་མ་ཨམ་སྲུ་ཆ་ཁྱབ་ལཱ་འབད་སྡོད་པའི་སྐབས་ལུ་ ཨ་ལོའི་སྤུར་རས་སྐམ་བཞག་མི་དེ་ མེ་ནང་འབུད་དེ་མེ་གིས་འཚིག་འཚིགས་པའི་སྒྲིབ་ཕོག་སྟེ་ མཚོ་དེ་བྱོག་འགྱོ་བའི་སྐབས་ལུ་ མ་ཕེ་འུང་གི་གཡུས་ཚན་དེ་མཚོ་གིས་འཕྱག་བདའ་བདའཝ་ཨིནམ་ད་ མཚོ་དེ་ད་རེས་ནངས་པར་ མཚོ་ཤུལ་ཆུ་ཚང་འདམ་ཚང་སྦེ་རྐྱངམ་ཅིག་ཡོདཔ་ཨིན་པས།
- Samdrupjongkhar
- Lauri
- རྡོ་རྗེ་ཚེ་རིང་ Dorji Tsheringལགས་སོ། ཏེ་ནཱ་ ང་འདི་ལའུ་རི་ལས་ཨིན། ང་གི་མིང་འདི་ རྡོ་རྗེ་ཚེ་རིང་ཨིན། ང་གི་གོ་གནས་འདི་ རྡོ་རྗེ་སློམ་དཔོན་ཨིན་ཟེར་ཞུ་ནི་ལགས།
- རྡོ་རྗེ་ཚེ་རིང་ Dorji Tsheringཨིན་ཏེ་འབད་རུང་ ཨ་ནཱི་མཚོ་གཉིས་ཀྱི་གཏམ་མདོར་འསྡུས་ཙམ་ཅིག་ ང་གིས་ཞུ་གེ་ཟེར་ཞུ་ནི་ལགས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་འ་ནཱི་མཚོ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་ཕུ་ ནཱ་ལུ་ བྲཱ་མི་དང་འབྲོག་པ་ ནཱ་བྱཱར་སུ་དགུན་སུ་སྦེ་ འ་ནཱི་བཟུམ་སྦེ་སྡོད་སྡོདཔ་ཨིན་པས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏོ་འ་ནཱི་མཚོ་འདི་ རྡོ་སྒོར་བཏང་ས་མཚོ་ཕོ་མོ་ཨིན་ཟེར་ཞུ་ནི་ལགས་ འ་ནཱི་མཚོ་གཉིསཔོ་འདི། ཏེ་འ་ནཱི་འདི་ག་གིས་མཐོང་ཡི་ག་ཟེར་བ་ཅིན་ རོགས་བྲཱ་མི་ འབྲོག་པ་ ཡར་མར་སླ་བསྲེ་འབད་བའི་སྐབས་ ཁོང་ཚུ་གིས་མཐོང་མཐོངམ་ཨིན་ཟེར་ཞུ་ནི་ལགས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་ད་ གཅིག་ནཱ་ མ་ཕེ་འུང་ག་ཟེར་མི་ ག་དེ་སྦེ་མ་ཕེ་འུང་ཐོབ་ཅི་ག་ཟེར་བ་ཅིན་ ཏེ་དང་ཕུ་འ་ནཱི་མ་ཕེ་འུང་ལུ་ཡང་ཏེ་ གནམ་མེད་ས་མེད་རྡོ་རག་རོག་ ཁ་མིག་གཉའ་ཤིང་ཚུ་གཡིབ་བཞག་དགོ་ཡང་བདེཝ་སྦེ་འདུག་ཟེར་ ཁོང་ཕམ་ཚུ་གིས་གསུངས་དེས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་འ་ནཱི་འདི་ག་དེ་སྦེ་བདེན་འོང་ག་ཟེར་བ་ཅིན་ ཏེ་རོགས་ཨམ་སྲུ་ཆ་ཁྱབ་ལཱ་འབད་བའི་བསྒང་ མེ་འཕུ་བཞག་བཞགཔ་མས། ཏེ་མེ་འཕུ་བཞགཔ་ད་ལུ་ ཨ་ལོ་གཅིག་སྡོད་སྡོདཔ་མས། ཨ་ལོ་གི་སྤུར་རས་ མེ་ལུ་སྐམ་བཞགཔ་ད།
- རྡོ་རྗེ་ཚེ་རིང་ Dorji Tsheringམེ་གུ་རེག་སྟེ་ སྤུར་རས་འདི་ མེ་གིས་འཚིག་ཡར་སོ་ཡི་ཟེར་ཨིན་མས། དེ་ལས་ཨ་ནཱ་ལས་བཙོག་པ་འགྱོ་སྟེ་ ནཱ་མཚོ་གཉིསཔོ་དེ་ཁྲོས་ཏེ་ ནཱ་ལས་མར་ ཆུ་རུད་ཐོན་ཏེ་ མར་མར་ཕེ་འདི་ཞིག་དགོ་པའི་རྒྱུ་མཚན་འདི་ འདི་ཨིན་ཟེར་ཞུ་ནི་ལགས། དེམ་ཅིག་ཨིན་ཟེར་ཞུ་གེ་ལགས།། །།