Video Overview
Lobzang Dorji, from Radhi, Trashigang, shares an account of religious practices in his village. He shares that he can see some differences between the religious practices done during the olden days and what is being done now. Before his village would conduct rituals for two days; the first day will be for preparing the ritual cakes, and the next day will be the ritual with dances and delicious foods. Now, it is said that the rituals are not conducted for two days, and in one day, people do not enjoy them in the way that they used to in the olden days. Even the recitations of religious texts are summarized; reasons for this could be lack of time, or the busy schedules of monks and lamas.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ ཆོས་ལུགས་ཚུའི་སྐོར་ལས་ བཤདཔ་ཨིན། ཁོ་གིས་སླབ་མི་ནང་ དང་ཕུ་དང་ དེང་སང་གི་ཆོས་ལུགས་ གཉིས་ཀྱི་བར་ན་ ཁྱད་པར་དུམ་དྲག་རེ་འདུག་ ཟེར་ཨིན་མས། དེ་ཡང་ དང་ཕུ་འབད་བ་ཅིན་ གཡུས་ཚན་ནང་ལུ་ ཆོ་ག་ཉིནམ་གཉིས་ཀྱི་དོན་ལུ་ བཏང་དོ་ཡོདཔ་ཨིན་མས། ཉིནམ་དང་པའི་སྐབས་ གཏོར་རྫེས་བཞེངས་དོ་ཡོདཔ་དང་ ཉིནམ་གཉིས་པའི་སྐབས་ ཆོ་ག་བཏང་དོ་ཡོདཔ་ལས་ ཉིནམ་འདི་གི་སྐབས་ལུ་ མི་ཚུ་བྲོ་བ་ཅན་གྱི་ཟས་ཟ་ ཞབས་ཁྲ་རྐྱབས་སྟེ་ གནམ་མེད་ས་མེད ་སྤྲོ་བ་བཏོན་དོ་ཡོདཔ་ཨིན། ཨིན་རུང་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ ད་རིས་ནང་པ་འབད་བ་ཅིན་ ཉིནམ་གཅིག་ནང་རང་ ཆོ་ག་མཇུག་སྡུད་དོ་ཡོདཔ་དང་ དང་ཕུ་བཟུམ་སྦེ་ མི་ཚུ་སྤྲོ་བ་མི་འཐོན་དོ་ཨིན། དེ་མ་ཚད་ ད་རེས་ནང་པའི་དུས་ལུ་ བླ་མ་དང་དགེ་སློང་ཚུ་ དལ་ཁོམ་མེདཔ་ལས་ ཆོས་འབུམ་དང་པོ་སྟི་ཚུ་ཡང་ བཅུད་སྡུད་སྟེ་ལྷབ་དོ་ཡོདཔ་ཨིན།
- Kadam
- Radhi
- Trashigang
- བློ་བཟང་རྡོ་རྗེ་ Lobzang Dorjiརྐྱབ་ནིའི་དུས་ཚོད་ལུ་ གནམ་མེད་ས་མེད་ སྤྲོ་བ་རྒྱ་ཆེཝ་སྦེ་སྡོད་ཡི་ ད་ལྟོའི་དུས་ལུ་འབད་བ་ཅིན་ འཆམ་ག་ཏེ་གུ་ཏེ་ལུ་རང་ རྫོང་ཁག་དང་ འ་ནཱི་ཚུ་ལུ་ ཏེ་ང་བཅས་རའི་རྒྱལ་ཁབ་ཀྱི་འཆམ་དར་ཁྱབ་འགྱོ་ཞིནམ་ལས་ ཨ་ཙི་ཅིག་སྤྲོ་བ་ཞན་སུ་འགྱོ་དོ་བཟུམ་ཅིག་འབདཝ་མས་ ཧེ་མ་འབད་བ་ཅིན་ འཆམ་དང་འ་ནཱི་ཚུ་ག་ར་གི་སྐབས་ལུ་ ཏེ་གཡུས་ཁའི་ མི་ཚུ་ཟབ་སྤྲོས་རྡིག་སྟེ་ གནམ་མེད་ས་མེད།
- བློ་བཟང་རྡོ་རྗེ་ Lobzang Dorjiལུགས་སྲོལ་ཡང་ང་བཅས་རའི་གོ་ལ་གྱོན་ འབྲུག་རྒྱལ་ཁབ་ཀྱི་རྒྱན་གྱི་ཆ་ལུགས་མ་ཉམས་པར་སྦེ་གྱོན་འོང་ ཏེ་ད་ལྟོ་འབད་བ་ཅིན་ ཏེ་ཨ་ཙི་རེ་ ཏེ་ད་ རང་རང་སའི་རྒྱལ་ཁབ་སྤྱིར་བཏང་གི་ལུགས་སྲོལ་བཟུམ་ཅིག་སྦེ་དོརམ་ཁེན་ཇ་ཚུ་གྱོན་སྦེ་ ཏེ་ད་ ང་བཅས་རའི་དང་ཕུའི་ལུགས་སྲོལ་འདི་ ད་གནམ་མེད་ས་མེད་ཅིག་བཟུང་མི་མེདཔ་བཟུམ་ཅིག་ མཐོང་སྣང་ཅིག་ འདི་བཟུམ་ཅིག་ མཇལཝ་མས་ཟེར་ ཞུ་ནི་ངེའི་ཁ་ཐུག་ལས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ད་ ཧེ་མ་འབད་བ་ཅིན་ མ་ཎི་མཆོད་རྟེན་ཚུ་ དེ་ལས་དར་ཤིང་ཚུ་ ལྷ་ཁང་ཚུ་ སློབ་གྲྭ་ཚུ་ མི་སྦོམ་ག་བཟུམ་འབྱོན་ས་རང་ཨིན་རུང་ ཁོད་སྟོད་ཤུབས་སྟེ་ཡོད་པ་ཅིན་ ཁོད་སྟོད་གྱོན་ ཞྭམོ་བཙུགས་ཏེ་ཡོད་པ་ཅིན་ ཞྭམོ་འདི་ཕུད་དེ་ དར་ཤིང་ཅིག་ལུ་འབད་རུང་ ཞྭམོ་ཕུད་དེ་ ཏེ་དེ་སྦེ་འབད་དེ་བསྐོར་ར་རྐྱབ་སྟེ་ གུས་ཞབས་ཞུ་ནིའི་ལུགས་སྲོལ་ཅིག་སྡོད་ཅི་དང་ཕུ། ཏེ་ད་ ད་ལྟོའི་དུས་ཚོད་ལུ་འབད་བ་ཅིན།
- བློ་བཟང་རྡོ་རྗེ་ Lobzang Dorjiད་ ཨིན་རུང་མེད་རུང་ ཏེ་ཡིག་ཚང་ཁ་ཐུག་ལུ་གཅིག་ གོ་ལ་རེ་གྱོན་སྦེ་ ཏེ་དེ་སྦེ་འབདཝ་མ་གཏོགས་ ད་འདི་ཏེ་ དུས་རྒྱུན་དུ་ཁྱིམ་གྱི་ནང་ན་སྡོད་རུང་རང་ ཏེ་གོ་ལ་དང་འདི་ཚུ་བཀོ་བཞག་སྟེ་ དོརམ་ཁེན་ཇ་གྱོན་སྦེ་ ཏེ་འདི་བཟུམ་སྦེ་སྡོད་དེ་ ཧ་ལམ་ ཨ་ཙི་ཅིག་ རྒྱན་གྱི་ཆ་ལུགས་ཚུ་ཡང་འགྱུར་དོ་བཟུམ་ཅིག་ ཏེ་མཐོང་སྣང་འདི་བཟུམ་ཅིག་མཇལཝ་མས་ ཟེར་ཞུ་ནི།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ད་ ཆོས་ཀྱི་ལམ་སྲོལ་ཟེར་རུང་ གཡུས་ཚན་ནང་ན་ ཧེ་མ་ ལྷ་རེ་གསོལ་ཏེ་འབད་རུང་ ད་ང་བཅས་རའི་ནཱ་ ལྷ་འདི་ཧེ་མ་ ཏེ་ང་བཅས་རའི་ཤར་ཕྱོགས་ཧོང་ལུ་ གདུང་བསམ་པདྨ་དགའ་ཚལ་ལས་ཡར་ལྟ་ ཏེ་ད་གཏེར་བཏོན་པདྨ་གླིང་པ་གི་ཆོས་རྒྱུད་ཚུ་ག་ར་ ང་བཅས་རའི་ ཤར་ཕྱོགས་ཧོང་ལུ་དར་ཏེ་ ལྷ་གསོལ་ཐངས་ཡང་ ཏེ་བཀའ་བརྒྱད་ཀྱི་གཏོར་བཟློག་བཏང་སྦེ་ ཏེ་ལྷ་འདི་ མགོན་པོ་མ་ནིང་ནག་པོའི་གསོལ་ཁ་བཏང་སྟེ།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཉིནམ་གཅིག་གཏོར་བཞེངས་འབད་དེ་ དེ་ལས་ཉིནམ་གཅིག་ལྷ་གསོལ་ཏེ་ གཡུས་ཁའི་མི་ཚུ་ དགའ་དགའ་སྐྱིད་སྐྱིད་སྦེ་འཛོམས་སྦེ་ ཏེ་ཉིནམ་གཉིས་དེ་རེ་དེ་སྦེ་འབད་འོང་། ཏེ་ད་ལྟོ་འབད་བ་ཅིན་ ཏེ་ད་དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ ལྷ་གསོལ་རུང་ དགའ་བ་སྐྱིད་སྐྱིད་སྦེ་ གནམ་མེད་ས་མེད་དེ་བཟུམ་སྦེ་སྡོད་མི་ཅིག་མིན་འདུག་ད་ དང་པ་ལྷ་གསོལ་མི་བླ་མ་ཡང་ཐུགས་མི་ཁོམ་འོང་ གཉིས་པའི་ཐད་ཁར་ལྷོདཔ་ད་ ང་བཅས་རའི་སྦྱིན་བདག་ཡང་ ཨ་ཙི་ཅིག་
- བློ་བཟང་རྡོ་རྗེ་ Lobzang Dorjiནང་ནའི་མཐུན་རྐྱེན་ལུ་ ག་ཅི་ ཨ་ཙི་ཅིག་ཐོ་རེ་ཕོགཔ་ཨིན་ན་ ག་ཅི་ཨིན་ན་ ཏེ་ད་འདི་ ཏེ་དཔེ་ཆ་ཚུ་ཧ་ལམ་ཅིག་ མདོར་བསྡུས་སུ་ཅིག་སྦེ་ ཀློག་བཞག་ ཆོ་ག་ཡང་གནམ་མེད་ས་མེད་བཏང་ནི་མེད་ དུས་ཚོད་འ་ནཱི་བཟུམ་རྩུབ་དྲགས་ཡར་སོ་ཡི་ ཏེ་འ་ནཱི་བཟུམ་ མང་སུ་ཅིག་ སྔར་གྱི་སྲོལ་རྒྱུན་ འ་ནཱི་བཟུམ་ ཉམས་སུ་ཅིག་འགྱོ་དོ་བཟུམ་ཅིག་ཡོད་ར་སྡི་ལུ།
- བློ་བཟང་རྡོ་རྗེ་ Lobzang Dorjiད་ནཱ་ལས་ཡར་ལྟ་ ལེགས་ཤོམ་འགྱོ་འོང་མནོ་བའི་རེ་བ་འདི་བཟུམ་ཅིག་ ཏེ་ང་བཅས་རའི་འབྲུག་གཞུང་གི་སྲོལ་རྒྱུན་གྱི་ ལམ་སྲོལ་འདི་བཙུགས་གནང་ཞིནམ་ལས་ ཏེ་ལེགས་ཤོམ་འགྱོ་འོང་མེན་ན་ཟེར་བའི་ རེ་བ་འདི་བཟུམ་ཅིག་བསྐྱེད་དེ་སྡོད་ཡོད་ལགས།། །།