Skip to main content Skip to search
28 Jun 2018
21 min 59 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ ནཱ་ཨཔ་མཁོ་ཆེའི་ཁ་ཐུག་ལས་ནཱ་ང་བཅས་རའི་ ངང་ལ་ཀྲོང་ལྷ་ཁང་གཅིག་གི་ནང་ ལོ་བསྟར་བཞིན་དུ་ད་ དུས་མཆོད་འབུམ་སྡེ་འདི་ཚུ་ ག་ཅི་དང་ག་ཅི་ར་འཚོགས་གནང་དོ་ག་ད་འདི་གི་སྐོར་ལས་ད་ལོ་བསྟར་གྱི་ད་ ལོ་གཅིག་གི་དེ་གཅིག་གི་ ཆང་ཚང་གཅིག་གསངས་གནང་ད་ཟེར་ ཞུ་ནི་ཨིན།
  • སེང་གེ་རྡོ་རྗེ་ Singye Dorji
    ལགས་སོ་ ནཱ་ལས་ རང་ལུགས་ཀྱི་ཞིབ་འཚོལ་ལྟེ་བའི་ནང་ལས་ ནཱ་བྱོན་ཏེ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཟེར་ ཞུ་ནི་ཨིན་ དེའི་ནང་དོན་ལས་ ང་གིས་ཨ་ནཱི་ ལོ་བསྟར་བཞིན་དུ་ ད་ཚེས་བཅུ་གསོལ་དགོཔ་དང་པ་རང་ ཟླཝ་ ༡ པའི་ནང་ ཟླཝ་དང་པའི་དུས་ཆེན་ཟེར་ དུས་ཆེན་ཁྱད་པར་ཅན་ཨིན་པས།
  • སེང་གེ་རྡོ་རྗེ་ Singye Dorji
    ཟླཝ་དང་པའི་ཚེས་ ༡༠ ལུ་ ཧེ་མ་གསེར་དམ་ཟེར་གསོལ་དགོ་ དང་ཕུ་ལས་རང་ དེའི་ནང་དོན་ལས་ ག་གིས་གསོལཝ་སྨོ་ཟེར་བ་ཅིན་ རྩ་བོ་གསུམ་ཀྲོང་པ་ དེའི་ནང་དོན་ལས་ ང་ཡང་གཅིག་ཁར་སྦེ་ ལག་ལེན་དང་ཕུ་ལས་རང་འཐབ་སྟེ་སྡོད་ནུག
  • སེང་གེ་རྡོ་རྗེ་ Singye Dorji
    དེ་སྦེ་རང་ སྡོད་ནུག་ཟེར་ ཞུ་ནི་ཨིན་ གསེར་དམ་ཟེར་ སླབ་ནི་ཨིན་ཟླཝ་ ༡ པའི་འདི་ལུ་འབད་བ་ཅིན་ ལོ་བསྟར་བཞིན་དུ་རང་གསོལ་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ རིམ་པ་བཞིན་དུ་སྦེ་ ད་རུང་རང་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ ད་རུང་ཟླཝ་ ༥ པའི་ནང་ སྡེར་མཆོད་ཟེར་ སྡེར་མཆོད་འབད་བ་ཅིན་ ཟླཝ་ ༥ པའི་ཚེས་ ༧ ལས་ འཛོམས་ཏེ་ ༨ ལུ་ བདུད་གསོལ་ ༨ ལས་ ༩ ལུ་ ཆོས་ལྷག་ ༡༠ ལུ་ ཚེས་བཅུ་ཟེར་ གུ་རུ་རིན་པོ་ཆེ་དུས་བཟང་ཟེར་ དང་ཕུ་ལས་རང་ དེ་སྦེ་གསོལ་ཏེ་ འདི་ཡང་།
  • སེང་གེ་རྡོ་རྗེ་ Singye Dorji
    ཀྲོང་པ་གསུམ་གྱིས་རང་ ཀྲོང་པ་གསུམ་དང་ ང་བཅས་བཞི་སྦེ་ རབ་རུབ་འབད་དེ་ གསོལ་དགོཔ་སྦེ་རང་སྡོད་ནུག་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ད་ ཟླཝ་ ༡༠ པའི་ནང་ མཆོད་པ་ཟེར་ ཟླཝ་ ༨ པའི་ཚེས་བཅུ་ཟེར་ ཚེས་ ༡༠ ལུ་ ཚེས་ ༡ ལུ་ བསྟུན་གྲོས་འབད་འོང་ དེ་ལས་ ༡༠ ལུ་ དེ་ལས་ ད་རུང་ ༨ པའི་ཚེས་བཅུ་ཟེར་ དེ་སྦེ་ དང་ཕུ་ལས་རང་ གསོལ་ཏེ་སྡོད་ཡི་ཟེར་ ཞུ་ནི་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ ཟླཝ་ ༡༠ པའི་ནང་ ཚེས་གཅིག་ལུ་བསྟུན་གྲོས་འབད་ དེ་ལས་ བསྟུན་གྲོས་འབད་དེ་ དེ་ལས་ ཚེས་ ༣ ལུ་ ཕར་དང་ཚུར་ ཀྲོང་པ་ཚུ་ལུ་ བསྟུན་གྲོས་འབད་དེ་ ཀྲོང་པ་ཚུ་ཕར་དང་ཚུར་ སློབ་དཔོན་ཚུ་ཞུ་བར་ བྲཱེ་ལ་ མི་ཤི་བླ་མ་ཞུ་ སྦྱར་པ་དབུ་མཛད་ཞུ་ ལྷ་མན་པ་ ཨ་་བོན་པོ་ཞུ་སྦེ་ ད་ལྟོ་འ་ནཱི་སྦེ་ཡོད་ཟེར་ ཞུ་ནི་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ཡང་ དང་ཕུ་ལས་རང་ སྔར་གྱི་ཨ་ནཱི་ སྔར་ལམ་བཞིན་དུ་སྦེ་རང་ཞུ་སྟེ་ཡོད་ཟེར་ ཞུ་ནི་ཨིན་ལགས་ དེ་ལས་ བཅུ་པའི་ཚེས་ ༡༣ ནང་ལུ་འཛོམས་ ༡༤ ལུ་ག་ར་འཛོམས་ ༡༣ ལུ་ པཱམ་པ་ཚུ་འཛོམས་ལགས་ དེ་ལས་ ༡༤ ལུ་ག་ར་བླ་མ་སློབ་དཔོན་ཚུ་ག་ར་འཛོམས་མི་བལྟ་མི་ཚུ་ དེ་བསྒང་འཛོམས་ཟེར་ དེ་སྦེ་ཞུ་ནི་ཨིན།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ བཅོ་ལྔ་ལུ་ ༡༤ གི་ཕྱི་རུ་ད་རུང་བཀའ་དམ་ཟེར་བཏང་ནི་ཡོད་ བཀའ་དམ་ཟེར་བཏང་འོང་ དེ་ལས་ མ་སྐོར་ཏེ་བཀའ་དམ་བཏང་སྟེ་ ད་རེས་ཞག་གསུམ་གྱི་བར་ན་རུ་ གཅིག་གི་གཅིག་ང་བཅས་ར་འཛོམས་མི་བཏགས་མི་ཚུ་འཐབ་འཛིང་མེད་པར་ ལེགས་ཤོམ་སྦེ་ དེ་སྦེ་སྡོད་དགོ་སྨ་རེད་ཟེར་ དེ་སྦེ་ཡར་ལས་ བླ་མ་སློབ་དཔོན་གྱིས་ བཀའ་གནང་གནངམ་ཨིན་ཟེར་ ནཱ་ལས་ བ་དམ་པ་སྒར་པ་ཟེར།
  • སེང་གེ་རྡོ་རྗེ་ Singye Dorji
    ཨ་་་ཨ་ནཱི་ཕྱག་རྐྱབ་སྟེ་ བཀབ་ནེ་རེ་བཀབ་སྟེ་ ཁྱིམ་སྐོར་ར་རྐྱབ་སྟེ་འོང་དགོ་ལགས་ འ་ནཱི་དང་ཕུ་སྔར་གྱི་ ལམ་ལུགས་ལྟར་དུ་སྦེ་ དེ་སྦེ་འབད་དགོ་ ཨ་ནཱི་ ༡༤ གི་ཕྱི་རུ་ དེ་ལས་ ༡༥ ལུ་ ཨ་་རྒད་པོ་པ་ཟེར་ ཐོན་འོང་ལགས་ཨ་ཙ་ར་ རྒད་མོ་མ་གཅིག་ཐོན་འོང་ ནཱ་ལྷ་ཁང་གི་སྤང་ན་ལུ།
  • སེང་གེ་རྡོ་རྗེ་ Singye Dorji
    འ་ནཱི་སྦེ་ ཡར་ལྷ་ཁང་གི་སྤང་ན་ཐོན་ཏེ་ སྔར་གྱི་ལམ་ལུགས་ར་ཨིན་ དང་ཕུ་ལས་རང་ སྡོད་སྡོདཔ་གི་ཨིན་ ཨ་་་ཁྱིམ་སྐོར་རྐྱབ་སྟེ་ ཡར་ལུ་ཐང་གི་སྦུག་ན་ཐོན་འོང་ཡར་ དེ་ལས་ ཡར་ལས་མར་སྦེ་ དེ་ལས་འགོ་དང་པ་ནཱ་ལུ་ ང་འབད་སར་ཐོན་འོང་ འདི་ལས་ཡར་སྦེ།
  • སེང་གེ་རྡོ་རྗེ་ Singye Dorji
    ནཱ་ལས་ ཚོགས་ཆང་མར་ཆང་སྒྲིག་དགོ་དུམ་གྲ་ཅིག་རོགས་འོངམ་ད་ དང་ཕུ་ལས་སྡོད་སྡོདཔ་ཨིན་འདི་ཡང་ དེ་ལས་ འདི་ལུ་དཔེ་བལྟ་ཞིནམ་ལས་ མར་སྦྱར་པ་གི་ཁྱིམ་ནང་ལས་སྦེ་ བྲཱེ་ལའི་ཁྱིམ་ནང་ལས་ དེ་ལས་ ལྷ་མན་པ་གི་ཁྱིམ་ནང་ལས་ དེ་ལས་ མཇུག་བསྡུ་བར་ཡར་ལྷ་ཁང་ནང་འགྱོ་འོང་།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ ༡༥ གི་ཕྱི་རུ་ འ་ནེ་ཅིག་ཨིན་ ཨ་ནཱི་བཅོ་ལྔ་ལུ་ཉི་མ་ དེ་ལས་ བཅོ་ལྔ་གི་ཕྱི་རུ་ ད་རུང་ཕར་ལྷ་སྦྲང་ལུ་འགྱོ་དགོ་ལགས་ ཨ་་ད་རུང་བ་དམ་པ་སྒར་པ་ཚུ་ག་ར་ ནཱ་ངེའི་ཁྱིམ་ནང་ལུ་འཛོམས་ ངེའི་ཁྱིམ་ནང་འཛོམས་ཏེ་ ནུབ་མོ་ཆུ་ཚོད་ ༡ ལུ་ ནཱ་ལུ་ལྷོད་འོང་ཁོང་ཆ་ཁྱབ་ཀྱིས།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ ནཱ་ལས་ཕར་ལེགས་སྤེལ་བགྱང་སྟེ་ ཨ་་་ཆུ་མོ་ཨ་ལེགས་བགྱང་སྟེ་ འགྱོ་དགོ་ལགས་ ཆུ་མོ་ཨ་ལེགས་བགྱང་སྟེ་ ཕར་འགྱོ་ བོན་པོ་ཕར་སྡོད་འོང་ལགས་ བོན་པོ་ཕར་སྡོད་དེ་ བོན་པོ་གིས་མོ་རྒྱས་ཤིང་རྒྱསཔ་བལྟ་ནི་ དེ་ལས་ ང་བཅས་ར་ས་དང་གནམ་ལུ་སྤངས་ཏེ་ ང་བཅས་ར་མོ་བལྟ་འོང་ཕར་ལུ།
  • སེང་གེ་རྡོ་རྗེ་ Singye Dorji
    མོ་བལྟ་སྟེ་ དེ་ལས་ད་རུང་ཕར་ལས་ མོ་གྲོལ་ཏེ་ ད་རུང་ནཱ་བལྟ་སྟེ་ཐོན་འོང་ དེ་ལས་ ཕར་ལས་ལེགས་སྤེལ་ཐོན་ཏེ་འོང་ ཨ་ནཱི་སྒར་པ་ཚུ་ ཕྲང་ཕྲང་ལྷ་ཁང་ནང་འགྱོ་འོང་ ལྷ་ཁང་སོང་ཞིན་ན་ དེ་ལས་ ཕར་ལུ་ག་ནི་ཡང་མ་བྱུང་ སྐྱེས་ལུ་ཚེས་ལུ་ཡང་ ལེགས་ཤོམ་སོང་ཡི་ཟེར།
  • སེང་གེ་རྡོ་རྗེ་ Singye Dorji
    ནཱ་ཁྱིམ་སྐོར་ར་རྐྱབ་སྟེ་ ད་རུང་ལྷ་མན་པ་གི་ཁྱིམ་གི་ནང་ལས་འགོ་བཙུགས་ཏེ་ ཨ་་བྲཱེ་ལ་ཁྱིམ་ལས་ སྦྱར་པ་ཁྱིམ་ལས་སྦེ་ དེ་ལས་མཇུག་ང་འབད་སར་བསྡུ་འོང་ནཱ་ལུ་ དེ་ལས་ནཱ་ལས་བཀྲིས་ཕབ་འོང་ལགས་ འ་ནཱི་ ༡༦ གི་དྲོ་པ་ལྷོད་འོང་ལགས་ཨ་ནཱི་ ཨ་ནཱི་ ༡༦ གི་དྲོ་པ་ད་རུང་ པདྨ་གླིང་པ་ཟེར།
  • སེང་གེ་རྡོ་རྗེ་ Singye Dorji
    འཐོན་ནི་ཡོད་ པདྨ་གླིང་པ་ཐོན་ཏེ་ ཨ་་ ༡༦ ལུ་ ད་རུང་ཡར་ལས་ཕྲང་ཕྲང་ནཱ་ཐོན་འོང་ པདྨ་གླིང་པ་ཟེར་ ཐམས་ཅད་བླ་མ་སློབ་དཔོན་ཚུ་ དེ་སྦེ་འཆམ་གོ་གྱོན་སྦེ་ དེ་ལས་ དབུ་ཞྭ་བཞེས་ཏེ་ ཡར་ལས་བྱོན་འོང་ དེ་ལས་ ནཱ་ལུ་ཁྱིམ་རེ་རེའི་ནང་ ད་རུང་ནཱ་ལུ་ ཚོགས་ཆང་མར་ཆང་སྒྲིག་དུམ་གྲ་རེ་ དེ་ལས་བཀྲིས་ཅིག་གནང་འོང་།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ ང་བཅས་ར་ཁྱིམ་རེ་རེའི་ནང་ ལོ་ཐོག་ཨ་ནཱི་ལེགས་བཅུག་ཤིག་ རེད་ལེགས་བཅུག་ཤིག་ གེ་ཟ་ལེགས་བཅུག་ཤིག་ ག་ཅི་ལེགས་བཅུག་ཤིག་ཟེར་ ག་ར་བསོད་སྙོམས་ཡང་བསྡུ་འོང་ བསོད་སྙོམས་ཡང་ ཀ་བལ་ཡོད་མི་གིས་ ཀ་བལ་བྱིན་འོང་ མེད་མི་གིས་ ལ་ལུ་ཅིག་གིས་ འབུ་རས་བྱིན་འོང་།
  • སེང་གེ་རྡོ་རྗེ་ Singye Dorji
    ལ་ལུ་ཅིག་གིས་ཨ་ཀུ་རུ་བསང་བྱིན་འོང་ ལ་ལུ་ཅིག་གིས་བསང་འདི་ཚུ་བྱིན་དགོ་ལགས་ དེ་ལས་ ཁོང་ཆ་ཁྱབ་ཁྱིམ་རེ་རེ་བཞིན་དུ་སྦེ་འགྱོ་འོང་ དེ་ལས་ བསོད་སྙོམས་ཚུ་ ལྷ་ཁང་ལུ་ཕུལ་བཞག་འོང་རོགས་ཀྱིས་ལགས་ དེ་ལས་ ཡར་ལས་གྲོལ་ དེ་ལས་ ཨ་་་དེ་ལས་ ཡར་ལུ་ཕྱི་རུ་རོགས་གྲོལ་ཏེ་ ཕར་ལས་ད་རུང་ཡར་ལུ་ དེ་བསྒང་ ཚེས་ ༡༦ གི་ཕྱི་རུ་ ད་ག་ར་ལས་ འཛོམས་མི་བཏགས་མི་ཚུ་ཡར་ལུ་ ཚར་གཅིག་ཡར་ མ་ལེང་ཐང་ན་འབོ་འོང་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    མ་ལེང་ཐང་ན་འབོ་སྟེ་ ཁོང་ཆ་ཁྱབ་ག་ར་བཀུག་གཞུང་གཡོག་པ་ཚུ་ དེ་ལས་ བོན་པོ་ལོ་ དཔལ་བཟང་པ་ཟེར་འོང་ལགས་ བོན་པོའི་དཔལ་བཟང་པ་ཚུ་ལུ་ ད་ནཱ་ལུ་རོགས་གཞུང་གཡོག་པ་ཚུ་གིས་ ག་ར་འབད་དེ་ཏེ་ ག་ར་གིས་དར་བཏགསཔ་ཨིན་ཟེར་ དུམ་གྲ་རེ་ཏི་རུ་ལེབ་གཅིག་གཉིས་རེ་བསྡུ་འབད་དེ་ དེ་སྦེ་ཕུལ་འོང་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ ༡༦ ལས་ ༡༧ གི་དྲོ་པ་འབད་བ་ཅིན་ གྲོལ་འོང་ལགས་ འ་ནཱ་ལས་ལགས་ འ་ནེ་ཅིག་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ འདི་བཟུམ་སྦེ་རང་ད་ འཕྲོ་མཐུད་དེ་རང་ད་ ཟླཝ་ ༥ པའི་ད་ འགོ་བཙུགསཔ་ད་ ནང་བསྟུན་ཟེར་འདུག་སྨོ་ལགས་ འ་ནཱ་འགོ་བཙུགས་ཏེ་རང་ ད་རུང་ད་ ལམ་ལུགས་ག་དེ་སྦེ་ཡོདཔ་ཨིན་ན་ འ་ནཱི་གི་སྐོར་ལས་ད་ ཟླཝ་ ༥ པའི་སྐོར་་ལས་ད་ རིམ་པ་བཞིན་དུ་གསུངས་གནང་ད་ཟེར་ ཞུ་གེ་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    ཟླཝ་ ༥ པའི་ནང་བསྟུན་གྱི་སྐོར་ལས་ ཟླཝ་ ༥ པའི་ཚེས་ ༡ ལུ་ བསྟུན་གྲོས་འབད་ དེ་ལས་ གཉིས་གསུམ་ལུ་ བླ་མ་སློབ་དཔོན་ཚུ་ལུ་ ནང་བསྟུན་འབདཝ་ད་ བསྟུན་གྲོས་འབདཝ་ད་རང་ ག་དེ་སྦེ་འབད་འོང་ག་ཟེར་བ་ཅིན་ ཡ་ད་ ད་ལྔ་པ་རན་ཡི་ ག་དེ་སྦེ་མཚམས་ནི་མས་ག་ཨ་པ་ཟེར།
  • སེང་གེ་རྡོ་རྗེ་ Singye Dorji
    ཁོང་གསུམ་དེ་སྦེ་འོང་ འོངམ་ད་ ང་གིས་ག་ནི་ཡང་སླབ་མི་ཤེས་ ཤེས་ཤེསཔ་དང་ཕའི་ལམ་ལུགས་ཅིག་ ཨའེ་ཟེར་ དང་ཕུ་གི་དཔེ་གསར་གདོང་ཁར་སྟོན་མི་བཏུབ་ དཔེ་རྙིངམ་རྒྱབ་ཁར་བཀོ་བཞག་མ་བཏུབ་ང་བཅས་ར་ཟེར་ ད་ལེགས་ཤོམ་སྦེ་ མ་འཛོལ་བར་ང་བཅས་ར་ལེགས་ཤོམ་འབད་དེ།
  • སེང་གེ་རྡོ་རྗེ་ Singye Dorji
    བླ་མ་སློབ་དཔོན་འབད་སར་ བྱཱར་གསུམ་གླུ་ དགུན་གསུམ་ལྷ་ཟེར་ ཨིན་ཟེར་ ད་ང་བཅས་ར་དུས་ཅི་ཆོས་ལྷག་ནི་ཨིན་ན་ མདོ་མང་ལྷག་ནི་ཨིན་ན་ ག་དེ་སྦེ་ཨིན་ན་ཟེརཝ་ད་ དུས་ཅི་ཆོས་འབུམ་ལྷག་ནི་ཨིན་ཟེར་ ཨ་་འབུམ་ལྷག་དནི་ཏེ་ སློབ་དཔོན་ཚུ་རེ་རེ་གཉིས་གཉིས་དགོ་ཟེར་ དེ་འབདཝ་ད་ལུནི་ཟེར་ དེ་སྦེ་གསུང་འོང་ཁོང་གསུམ་གྱིས་ དེ་འབདཝ་ད་ང་གིས་ ག་དེ་སྦེ་ཞུ་འོང་ཟེར་བ་ཅིན།
  • སེང་གེ་རྡོ་རྗེ་ Singye Dorji
    ད་ཆོས་ལྷག་པ་ཅིན་ སློབ་དཔོན་ལེ་ཤ་དགོ་ དེ་འབད་རུང་ཁྱོད་གསུམ་དང་པ་འབད་བ་ཅིན་ ལོ་ཐོག་ཟེར་ ག་ཏེ་ལས་ཡང་ ཐོབ་ནི་མེད་ཟེར་ རཱན་དང་གེ་ཟ་ རཱན་དང་བྱཱོ་ཅིག་ཨིན་ཟེར་ གེ་ཟ་ཡང་ མི་འཚོཔ་ཨིན་ཟེར་ དེ་འབདཝ་ད་ དུས་ཅི་ལོ་ཐོག་ འགྱུར་ཡི་ག་ཟེར་སླབ་ད།
  • སེང་གེ་རྡོ་རྗེ་ Singye Dorji
    མེད་ད་ལོ་ཐོག་མ་ཐོབ་ཟེར་ དེ་རང་འབད་རུང་མར་རྒྱ་ལས་འབད་ འཚོལ་ཏེ་ ད་ལྟོ་བཀའ་དྲིན་ཆེ་ད་ལྟོ་འཚོལ་ཏེ་བཏང་དོ་ཟེར་ ཁོང་གིས་དེ་སྦེ་གསུང་འོང་ དེ་འབདཝ་ད་ ད་རུང་ཚེས་གསུམ་ལུ་ ད་ཁྱོད་ར་གསུམ་གྱིས་ ད་རང་ལུ་མེད་པ་ཅིན་ རོགས་ཡོད་ས་ལས་ དུམ་གྲ་ཅིག་རེ་བསྐྱི་ མེད་པ་ཅིན་བསྐྱི་སྟེ་འབད་རུང་བཏང་དགོ་ཟེར་ རང་སོའི་དང་ཕུ་གི་ལམ་ལུགས་འདི་ བཀོ་བཞག་མི་བཏུབ་སྨ་རེད་ཟེར།
  • སེང་གེ་རྡོ་རྗེ་ Singye Dorji
    ད་ང་བཅས་ར་ཚུ་ དང་ཕུའི་ལམ་ལུགས་བཀོ་བ་ཅིན་ ང་བཅས་ར་དུམ་གྲ་ཅིག་མི་བཏུབ་ དང་ཕུའི་དཔེ་རྙིངམ་རྒྱབ་ཁར་མ་སྐྱུར་ དཔེ་གསར་གདོང་ཁར་མ་བསྟེན་ཤིག་ཟེར་ དེ་སྦེ་སླབ་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ད་ ཁ་ཉིནམ་ནང་བསྟུན་གྱི་སྐབས་ལུ་ ད་ང་བཅས་རའི་དང་ཕུ་གི་ ད་ཆོས་ལྷག་ནི་གི་ ཨ་ནཱི་ཡོད་ཟེར་གསུངས་མས་སྦ་ལགས་ ད་འ་ནཱི་འབདཝ་ད་ དུས་ཅི་གི་ད་ དུས་ཅི་གི་སྡེར་མཆོད་ཀྱི་སྐབས་ལུ་འབད་བ་ཅིན་ ད་ཆོས་ག་ཅི་ལྷག་ནི་གི་གྲོས་ཆོད་ད་ གྲོས་ཐག་བཅད་གནང་ཡི་གོ་ལགས་ནཱ་ལས?
  • སེང་གེ་རྡོ་རྗེ་ Singye Dorji
    དུས་ཅི་འབད་བ་ཅིན་ དུས་ཅི་ཆོས་འབུམ་ལྷག་ནི་ཨིན་ལགས་ དེའི་ནང་དོན་ལས་ དུས་ཅི་ཆོས་འབུམ་ལོ་གཉིས་ དེ་ལས་ བྲཱེ་ལ་དང་ སྦྱར་པ་གྲོལཝ་རནམ་ད་ སང་ཕོད་གྲོལ་ནི་འབདཝ་ད་ ཟླཝ་ ༡༢ པའི་ནང་གྲོལ་ནི་འབདཝ་ད་ དེ་བསྒང་མདོ་མང་ལྷག་དགོ་ དེ་བསྒང་སྟག་བཞེངས་ནི་ཅིག་ཡོད།
  • སེང་གེ་རྡོ་རྗེ་ Singye Dorji
    ཤ་བ་བཟུམ་སྦེ་བཟོ་སྦེ་ ས་གི་སྟག་བཞེངས་སྦེ་ དེ་བསྒང་བླ་མ་སློབ་དཔོན་མི་ཁྱབ་པས་ཟེར་ དེ་བསྒང་ཆོས་མདོ་མང་གཅིག་ ང་ལས་ནཱ་ལས་ མདོ་མང་མདོ་ཆེན་གཅིག་ཞུ་འབག་སྟེ་ འ་ནཱི་ལྷག་བཞག་འོང་ཟེར་ ཞུ་ནི་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་་དུས་ཅི་ འབུམ་ལྷག་ནི་མས་སྨོ་?
  • སེང་གེ་རྡོ་རྗེ་ Singye Dorji
    འབུམ་ དུས་ཅི་འབད་བ་ཅིན་འབུམ་ ཁོང་གཉིས་གྲོལ་རནམ་ད་ དེ་བསྒང་མདོ་མང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ། ལགས་སོ་དེ་ལས་ད་ ཚེས་ ༧ ལས་འགོ་བཙུགས་ནི་ཨིན་པས་སྨོ་ངོ་མ་རང་?
  • སེང་གེ་རྡོ་རྗེ་ Singye Dorji
    འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ ༧ གི་ཕྱི་རུ་ ༧ གི་ཕྱི་རུ་ལས་འབད་ བླ་མ་ཞུ་སྟེ་འགོ་བཙུགས་ནི་ཨིན་ན་ ག་དེ་སྦེ་སྨོ?
  • སེང་གེ་རྡོ་རྗེ་ Singye Dorji
    བདུན་གྱི་ཕྱི་རུ་འབད་བ་ཅིན་ འཛོམས་བསྡུ་ཅིག་རང་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འཛོམས་བསྡུ་ཡ?
  • སེང་གེ་རྡོ་རྗེ་ Singye Dorji
    འཛོམས་བསྡུ་ པཱམ་པ་དང་ པཱམ་པ་ལྷོད་འོང་ དེ་ལས་ བླ་མ་སློབ་དཔོན་ དབུ་མཛད་འདི་ཚུ་ ལྷོད་འོང་ལགས་དེ་བསྒང་ ལྷོདཔ་ད་ ཁོང་ལུ་གདོང་ཆང་འབད་དགོ་ལགས་ བཏང་དགོ་ལགས་མི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ཁྱོད་ར་མཁོ་ཆེ་གི་ད་ཕྱག་འགན་ག་ཅི་ཡོད་གོ་ལགས་འདི་ཁར་ འདི་ཁར་ཡང་འབྲེལ་གཏོགས་གནང་ནི་ཡོད་ག་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    མ་པ་འདི་གི་ཐད་ཁར་ལྷོདཔ་ད་ལུ་ མ་པ་བསྟུན་གྲོས་ཅིག་མ་གཏོགས་ ཏེ་འདི་ཁར་ལུ་ གནམ་མེད་ས་མེད་ང་ཕྱག་ཕུལ་བར་ག་དེ་མཚམས་ག་གུ་དེ་སྦེ་མཚམས་ག་ཁོང་གིས་ མཚམས་རྒྱུ་དྲི་བའི་སྐབས་ ད་ང་བཅས་རའི་ལམ་ལུགས་དེ་སྦེ་ཨིན་སྨ་རེད་ཟེར་ ལམ་ལུགས་མ་འཛོལ་སྨ་རེད་ཟེར།
  • སེང་གེ་རྡོ་རྗེ་ Singye Dorji
    ང་གིས་ལམ་ལུགས་ ང་ར་གིས་ཤེས་ཤེསཔ་ཅིག་ ཁོང་ཆ་ཁྱབ་ལུ་ དེ་སྦེ་ཞུ་སྟེ་ འ་ནེ་ཅིག་ཨིན་ ང་འབད་བ་ཅིན་ དུམ་གྲ་ཅིག་ལམ་ལུགས་སྟོན་ནི་ཅིག་ཨིན་ དེ་རང་འབད་རུང་ ཁོང་ར་གིས་ དང་ཕུ་པཱམ་པ་དང་ ཀྲོང་པ་བརྗེ་སོར་འབདཝ་ད་ ཁོང་ར་གིས་ པཱམ་པ་གིས་ཡང་ པཱམ་པ་ཟེར་སྟོན་ནི་ཡོད་ དེ་འབད་རུང་ ད་དུས་ཅི་འབད་བ་ཅིན་ ཁོང་གཉིས་རྙིངམ་སྦེ་བརྩི་དགོ་
  • སེང་གེ་རྡོ་རྗེ་ Singye Dorji
    ཁོ་ལྷ་མན་པ་གསརཔ་བརྩི་དགོ་ ཁོང་གཉིས་ཀྱིས་སྟོན་དགོ་ ང་གིས་ཁོང་གཉིས་ཀྱིས་ འབད་མ་ཚུགས་སར་ ཁོང་གཉིས་ཀྱི་དྲི་བ་ཅིན་ མ་ཤེས་ཟེར་སླབ་པ་ཅིན་ དེ་སྦེ་ཨིན་ཟེར་ ང་གིས་དུམ་གྲ་ཅིག་ ང་ར་གིས་ ཤེས་ཤེསཔ་ཅིག་ ཁོང་གསུམ་ལུ་ བསྟུན་གྲོས་འབད་དེ་ འ་ནཱི་སྦེ་ཞུ་དོ་ཟེར་ ཞུ་ནི་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་རིམ་པ་ཚུ་ཡང་ནཱ་གི་ད་ ག་དེམ་ཅི་སྦེ་ ད་འབད་བའི་སྐབས་ལུ་ད་ ག་དེམ་ཅི་སྦེ་འཛོལ་ཡར་སོངཔ་བཟུམ་ཅིག་འབད་བ་ཅིན་ ནཱ་གིས་དྲན་གསོ་གནང་ནི་ཨིན་པས་སྨོ་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ ལགས་སོ་དེ་ལས་ད་ ཚེས་ ༨ ལས་འབད་བ་ཅིན་ལགས་ ད་ ༨ ཀྱི་ཉིན་མར་འབད་བ་ཅིན་ ག་དེ་སྦེ་སྨོ་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ ༨ ལུ་འབད་བ་ཅིན་ ང་བཅས་ར་དང་ཕུའི་ལམ་ལུགས་སྦེ་ བྱཱར་ལུ་ བྱཱར་གླུ་ དགུན་ལྷ་འབདཝ་ད་ དགུན་ལྷ་འབད་བ་ཅིན་ མཆོད་པ་ཨིན་པས་ བྱཱར་གླུ་འབད་བ་ཅིན་ སྡེར་མཆོད་ཨིན་པས་ སྡེར་མཆོད་འབད་བ་ཅིན་ ད་རེས་ཨ་་་ལོ་ཐོག་གསརཔ་ག་ཅི་ཐོབ་སྨོ་ཟེར་བ་ཅིན་ བྱཱོ་དང་ རཱན་རྐྱངམ་གཅིག་ཐོབ་ནི་ཨིན་པས་ འ་ནཱི་མཆོད་ནིའི་དོན་ལུ་སྦེ་ དུམ་གྲ་ཅིག་ ཨ་་་སྦང་ཆང་འདི་ རཱན་སྦང་ཆང་ ཨ་་་དཀར་རྒྱུ་འབད་བ་ཅིན་ བྱཱོ་ཕྱེ་འབད་དེ།
  • སེང་གེ་རྡོ་རྗེ་ Singye Dorji
    སྐོལ་ཞིནམ་ལས་ འ་ནཱི་དུམ་གྲ་ཅིག་ ལོ་ཐོག་གསརཔ་འ་ནཱི་མཆོད་ནི་དོན་ལུ་སྦེ་ དང་ཕུ་ཕམ་ཚུ་གིས་ དེ་སྦེ་བརྩམས་བརྩམས་འདྲས་ཟེར་ དེ་སྦེ་མནོཝ་མས་ལགས་ ང་ར་གིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་དཀར་རྒྱུ་གི་ནེམ་ ཅིག་ཡང་འདུག་སྨོ་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ཨ་ནཱི་ ད་ད་ལྟོ་གནམ་མེད་ས་མེད་ནཱ་ལས་ ཀྲོང་པ་འདི་ཚུ་ དཀར་རྒྱུ་གི་དོན་ལུ་སྦེ་ད་ ད་བྱཱོ་ཕྱེ་འཐག་སྦེ་ དེ་སྦེ་གནམ་མེད་ས་མེད་བཅའ་སྒྲིག་རྐྱབ་པའི་བསྒང་འདུག་ འ་ནཱི་འབདཝ་ད་ ཉིནམ་གཅིག་ཨིན་ན་འདི་འབད་བ་ཅིན་ དཀར་རྒྱུ་གི་འབད་བ་ཅིན?
  • སེང་གེ་རྡོ་རྗེ་ Singye Dorji
    ཉིནམ་གཅིག་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཚེས་ ༨ ལུ།
  • སེང་གེ་རྡོ་རྗེ་ Singye Dorji
    བརྒྱད་ཀྱི་ཉི་མ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • སེང་གེ་རྡོ་རྗེ་ Singye Dorji
    བརྒྱད་ཀྱི་ཉི་མ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་དེ་སྦེ་རང་འབད་དགོཔ་སྨོ་ལགས་ དཀར་རྒྱུ་གི?
  • སེང་གེ་རྡོ་རྗེ་ Singye Dorji
    བརྒྱད་ཀྱི་ཉིན་མར་ ཕར་བོན་པོ་གིས་མར་ དབང་བདུད་ཀྱི་ བདུད་གསོལ་བའི་ཟེར་ ཕར་ལུ་ཚོགས་བཀྲམ་སྦེ་ ཀྲོང་གསུམ་གྱིས་ སྒོང་རྡོག་ཕུད་རྡོག་གསུམ་གསུམ་རེ་ ཚོགས་ལུ་སྦེ་ དེ་ལས་ ཕྱེ་སྡེར་གཅིག་ མེན་ཕྱེ་སྡེར་གསུམ་དགོ་ བྱཱོ་ཕྱེ་གོང་ཕུད་ཟེར།
  • སེང་གེ་རྡོ་རྗེ་ Singye Dorji
    སྡོར་གསུམ་འབད་མི་འདི་ བོན་པོའི་ཐོབ་ཨིན་ལགས་ དེ་ལས་ ཕར་བདུད་གསོལཝ་ད་ རོགས་ཕར་མར་བདུད་གསོལ་བའི་ཟེར་ ཚར་གཅིག་བདུད་ལུ་གཅིག་ ལྷ་ལུ་གཅིག་ཟེར་ ཕྱག་ཕུལ་དགོ་ལགས་ ཕར་ལུ་ཁོང་ཆ་ཁྱབ་ཨམ་སྲུ་ཚུ་ ཁོང་གསོལ་བཏབ་པར་ཐོན་འོང་།
  • སེང་གེ་རྡོ་རྗེ་ Singye Dorji
    འོང་ལྟ་མ་སྨོན་ལམ་ དེ་ལས་ གྲོལ་བའི་ཤུལ་ལས་ མ་གྲོལཝ་ཅིག་ཁར་ལུ་རང་ དེ་ལས་ མི་འཛོམས་མི་བཏགས་མི་ཚུ་ག་ར་ནཱ་ སྦྱར་པ་གི་ཁྱིམ་ནང་ ལྟེམ་ལྟེ་སྦེ་སྡོད་དེ་ སྦང་ཆང་ཧོད་རེ་རེ་འབད་དགོ་ དེ་ལས་ ཕྱེ་འབད་བ་ཅིན་ ཚར་གི་བཟོ་བའི་ཧོད་ཅིག་ནང་སྦེ་ དེ་ལས་ ཕུད་ཏ་འབད་རུང་ ཕོརཔ་འབད་རུང་ གང་གང་བྱིན་དགོ
  • སེང་གེ་རྡོ་རྗེ་ Singye Dorji
    དེ་འབདཝ་ད་ དང་ཕུའི་ལུགས་སྲོལ་ཨིན་པས་ཟེར་ ལ་ལུ་ཅིག་གིས་ ཞེ་སྡུག་འབད་དེ་ ཁ་གུ་དབུར་ མིག་ཏོ་ཁར་དབུར་ གཟུགས་ཁར་དབུར་ཏེ་ ཟཝ་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མ་པ་ཨ་ནཱི་འདི་ སྤྲོ་བ་གི་ཨིན་པས་སྨོ?
  • སེང་གེ་རྡོ་རྗེ་ Singye Dorji
    སྤྲོ་བའི་དོན་ལུ་ཨིན་ན་མ་ཤེས་ དང་ཕུའི་ལམ་ལུགས་ཨིན་པས་ཟེར་ རོགས་ཀྱིས་ཡང་ ཡིད་ཆེས་ཏེ་ད་ལྟོ་དེ་སྦེ་བཏང་མས་ཟེར་ ཞུ་ནི་ཨིན་ དེ་རང་འབད་རུང་ཚར་གཅིག་རོགས་ཀྱིས་ མི་དགོ་པས་ཨ་ནཱི་དཀར་རྒྱུ་ཟེར་ ཉམས་བཏང་དགོ་པས་ཟེར་ དེ་སྦེ་སླབ་ནི་སྡོད་ཅི་ དེ་འབདཝ་ད་ ཧེ་མ་རོགས་ མར་བསོད་ནམས་ཐང་གི་མི་ཚུ་གིས་རང་ཨིན།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་འབདཝ་ད་ དང་ཕུ་ཡོད་པའི་ལམ་ལུགས་གནམ་མེད་ས་མེད་ དམའ་སར་ནི་མི་འགྱོ་རོགས་ མ་ཉམས་པིན་དྲག་མེན་ན་ཟེར་ ང་གིས་དེ་སྦེ་སླབ་ཅི་ འདི་ལས་ཚུར་མ་ཉམས་པར་རང་ཡོད་ལགས་ད་ལྟོ་ལགས་ དང་ཕུའི་ལམ་ལུགས་རང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་དཀར་རྒྱུ་འབད་བ་ཅིན་ ཆོསཔ་ལས་འགོ་བཙུགས་ཏེ་ མར་མི་སེར་ག་དེམ་ཅི་ཡོདཔ་ཅི་རང་?
  • སེང་གེ་རྡོ་རྗེ་ Singye Dorji
    ག་དེམ་ཅི་ཡོདཔ་ཅིག་རང་ལགས་བྱིན་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ད་ དཀར་རྒྱུ་གི་ཕྱེ་གི་ཕོགས་ཡང་འདུག་སྦ་སྨོ་ལགས་ ད་དཔེར་ན་བོན་པོ་ལུ་ཐོབ་ཐངས་འདུག་མེན་ན་ ག་དེམ་ཅི་ལོ་བོན་པོ་ལུ་འབད་བ་ཅིན་རང་རང་ས?
  • སེང་གེ་རྡོ་རྗེ་ Singye Dorji
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བོད་པོ་ལུ་ཐོབ་ཐངས་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཕུལ་དགོཔ།
  • སེང་གེ་རྡོ་རྗེ་ Singye Dorji
    བོན་པོ་ལུ་ཐོབ་ཐངས་ཟེར་ མ་པ་འགྱེདཔ་འདི་ ཕྱག་འགྱེདཔ་སྦེ་རང་ཁོང་ར་གིས་ཕུལ་འོང་ ཕྱག་འགྱེདཔ་སོ་སོ་སྦེ་རང་ཕུལ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཕྱེ་སྦེ།
  • སེང་གེ་རྡོ་རྗེ་ Singye Dorji
    ཕྱེ་སྦེ་འབད་བ་ཅིན་ གོང་ཕུད་ཟེར་ རོགས་འགྱོ་ནི་སྡོད་ནུག་རོགས་ ཁོ་ལུ་བཀང་དོ་བཟུམ་ཅིག་ཨིན་པས་མེན་ན་ གོང་ཕུད་ཟེར་བཀང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ནཱ་མཁོ་ཆེ་ཁྱོད་ར་ལུ་མེད་ག་ལགས་ ད་གོང་ཕུད་སྦེ་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    གོང་ཕུད་ཧེ་མ་འདི་སྡོད་ཅི་ ཤུལ་ལས་བཅད་ཡི་ ཧེ་མ་སྡོད་ཡི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • སེང་གེ་རྡོ་རྗེ་ Singye Dorji
    ཤུལ་ལས་བཅད་ཡི་ དེ་སྦེ་ང་ང་གིས་ཡང་ གནམ་མེད་ས་མེད་ཕྱེ་དགོ་ཨིན་ཅི་མིན་ཅི་ཟེར་ མ་འབད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་ ཧེ་མ་སྡོད་སྡོདཔ་མས་སྨོ?
  • སེང་གེ་རྡོ་རྗེ་ Singye Dorji
    སྡོད་ཡི་དང་ཕུ་འདི་ དང་ཕུ་ང་གིས་ཤེསཔ་ཅིག་ཁར་འདི་སྡོད་ཅི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • སེང་གེ་རྡོ་རྗེ་ Singye Dorji
    སྡོད་ཡི་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ནཱ་ལས་ དེ་ལས་ད་རུང་ཆོས་སྐོར་ཅིག་ཡང་འབད་ནི་ཡོད་ཟེར་ གསུངས་མས་སྦ་ འ་ནཱི་འདི་ག་ཅི་གི་ཉིན་མར་སྨོ་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    ཆོས་སྐོར་འབད་བ་ཅིན་ ༨ ཀྱི་དྲོ་པ་ཨིན་ ཆོས་སྐོར་ཟེར་ ཡར་ལྷ་ཁང་ལས་སྦེ་ ཀྲིང་ཀྲིང་བང་རྔ་བརྡུངས་ཏེ་རང་ མར་ལས་ ལྷ་མན་པ་ཁྱིམ་གྱི་རྒྱབ་ཁར་ལས་སྦེ་ དེ་ལས་ སྦྱར་པ་ཁྱིམ་གྱི་འོག་ལས་ དེ་ལས་ ངེའི་ཁྱིམ་གྱི་འོག་ལས་སྦེ་ དེ་ལས་ ཕར་བྲཱ་ལ་ཁྱིམ་གྱི་འོག་ལས་སྦེ་ ཡར་ཐང་ཅིག་ཡོད་སྦ་ མ་ལེང་སྦང་ཟེར་ འ་ནཱ་ལུ་སྦེ་ མར་ཆང་ཅིག་མཆོད་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དུས་ཚོད་འབད་བ་ཅིན་ ག་དེམ་ཅི་གི་དྲོ་པ་ཡ་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    ཆུ་ཚོད་དགུ་བཅུ་ཐམ་ དེ་ཅིག་ཁར་ཚུདཔ་མས་མེན་ན་ དེ་ཅིག་ཁར་ཚུདཔ་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ ད་ གསེར་སྦྲེང་འབད་དེ་རང་?
  • སེང་གེ་རྡོ་རྗེ་ Singye Dorji
    གསེར་སྦྲེང་འབད་དེ་རང་རོགས་སྒོམ་ཆེན་ཚུ་རྒྱབ་ལས་ ཆོས་ཞུ་མི་ཚུ་གདོང་ཁར་འབད་དེ་ དེ་ལས་ ཨ་མ་ཚུ་འབད་དེ་ གསེར་སྦྲེང་འབད་དེ་རང་བཏང་འོང་ འ་ནཱི་འདི་ དང་ཕུ་ལས་རང་ཨིན་ ད་ཆོས་འབུམ་མ་ལྷག་པར་ མདོ་མང་ཅིག་ལྷག་རུང་ ཚར་གཅིག་ཨ་ནཱི་ཆོས་འབུམ་སྐོར་རང་སྐོར་དགོལོ་བསྟར་བཞིན་དུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཀྲོང་སྐོར་ཏེ?
  • སེང་གེ་རྡོ་རྗེ་ Singye Dorji
    ཀྲོང་སྐོར་ཏེ་རང་འབག་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཁྱིམ་ཁྱིམ་འབད་དེ་རང་འདི་མི་འབག་དོ་འོང་།
  • སེང་གེ་རྡོ་རྗེ་ Singye Dorji
    ཁྱིམ་ནང་མི་འབག་ལགས་ ཁྱིམ་གྱི་སྦོ་ལོགས་ཁར་ལས་ཕར་བསང་བཏང་སྟེ་ ཕྱི་ཁར་ཐོན་སྦེ་ དབང་ཞུ་སྦེ་ དེ་སྦེ་བཏང་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ད་ ཁྱིམ་ཁྱིམ་ནང་ ངལ་གསོ་ནི་གི་ལམ་ལུགས་འདི་མེདཔ་འོང་ལགས་ངལ་གསོ་མར་ཆང་འདྲཝ?
  • སེང་གེ་རྡོ་རྗེ་ Singye Dorji
    མེད་ལགས་མེད་ འདི་དེ་བསྡུ་ཞིནམ་ལས་ ཐང་ན་གཅིག་ཁར་སྦེ་ མི་གིས་སྟབས་མི་བདེ་བས་ཟེར་ མི་རབས་ཅིག་མི་བདེ་བས་ཟེར་ དེ་སྦེ་བཏང་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དང་ཕུ་འདི་སྡོད་སྡོདཔ་འོང་ལགས་ཡང་ཅིན?
  • སེང་གེ་རྡོ་རྗེ་ Singye Dorji
    དང་ཕུ་ལས་རང་མེད་ཨ་ནཱི་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མཁོ་ཆེ་གི་ཁྱིམ་ནང་ལུ་ཡང་མེད་ག་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    ངེའི་ཁྱིམ་ནང་ལུ་སྦེ་ཡང་མེད་ལགས་ ཨ་ནཱི་མ་འབག་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་ལགས་སོ།
  • སེང་གེ་རྡོ་རྗེ་ Singye Dorji
    ཨ་ནཱི་དང་ཕུ་ལས་ དེ་སྦེ་སྡོད་ནུག་ཟེར་ ང་གིས་ཞུ་ཡང་མ་ཞུ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ དེ་ལས་ད་ཉིནམ་མཇུག་ ཉིནམ་གསུམ་པམ་ནང་ག་ཅི་ར་ཡོདཔ་སྨོ་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    ཉིནམ་གསུམ་འབདཝ་ད་ ཉིནམ་གཅིག་ལུ་འདི་ ཚེས་ ༩ ལུ་འབད་བ་ཅིན་ ཚེས་སྒྲུབ་གནང་འོང་ ཚེས་སྒྲུབ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཚེས་སྒྲུབ་བསགས་ནི?
  • སེང་གེ་རྡོ་རྗེ་ Singye Dorji
    བསགས་ལགས་ཚེས་སྒྲུབ་ བླ་མ་སློབ་དཔོན་ཚེས་སྒྲུབ་བསགས་ ང་ཡང་ཚེས་སྒྲུབ་ན་ཡར་འགྱོ་དགོ་ དུམ་གྲ་རེ་ཚེས་སྒྲུབ་ཀྱི་ནེམ་འབད་བར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་གསུང་ཆོག་འབད་དེ་གནང་ནི་ཡོདཔ་ཨིན་ན་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    གསུང་ཆོག་འབད་དེ་ཕྱི་རུ་བཙུགས་ དེ་ལས་དྲོ་པ་ དྲོ་པ་འདི་ཕྲང་ཕྲང་བཙུགས་ཏེ་ ཕྱི་རུ་དུམ་གྲ་ཅིག་བཙུགས་ཏེ་བཞག་མས་མེན་ན་ དེ་ལས་དྲོ་པ་གསོལ་འདེབས་ ཨ་ནཱི་ལྷ་བསང་ཅིག་གནང་སྦེ་ དེ་སྦེ་གནང་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ཨ་ནཱི་ཉིནམ་གསུམ་གྱི་ནང་འཁོད་ལུ་ ཁྱོད་རའི་མཁོ་ཆེ་ད་ ཨཔ་མཁོ་ཆེ་ཁྱོད་ར་གི་ཕྱག་འགན་ད་གཙོ་བོ་ར་ག་ཅི་སྨོ་ལགས་དེ་ཁར་ ད་ཡར་གོང་ལུ་ད་ ག་ཅི་ལོ་ད་འདུག་སྦ་སྨོ་ལགས་ ག་ཅི་ལོ་གོང་མ་ཟེར་བཞུགས་ནི་འདྲཝ་འདུག་སྦ་ད་ཨིན་ཅི་མིན་ཅི་ད་ ཁྱོད་ར་བཞུགས་དགོ་པའི་ཨ་ནཱི་ད་ ག་ཅི་སྨོ་ཟེར་བ་ཅིན་ ཤེས་དགོ་པས་སྦ་ ཤུལ་ལས་ད་ཉམས་ཏེ་མི་འགྱོ་ནིའི་དོན་ལུ་སྦེ་ད་ ད་འ་ནཱི་སྦེ་འབདཝ་ད་ ད་ག་དེམ་ཅི་སྦེ་ ཨ་པ་མཁོ་ཆེ་ཁྱོད་ར་མ་ཕེབས་ཚུན་ཚོད་ ད་ལྷ་ཁང་ནང་འབད་རུང་ ཡང་ན་འབད་མ་ཆོགཔ་འདྲཝ་ཡོད་ག་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    མ་པ་ང་འཕྲལ་འཕྲལ་རྐྱངམ་གཅིག་ཡར་ལུ་ ཁོང་གསུམ་ཚར་གཅིག་ འགོ་དང་པ་བཙུགསཔ་ད་ ཚར་གཅིག་འགྱོ་དགོ་ བཙུགས་ཏེ་ ཚར་གཅིག་ཕྱག་ཕུལ་བར་འགྱོ་དགོ་ དེ་ལས་ གསོལ་འདེབས་ཁར་ང་རའི་མར་ཆང་ ང་ར་གིས་འབག་དགོ་ རྟག་བུ་ན་བུ་དང་པའི་ཚེས་བཅུ་ནང་ལུ་ཡང་ བརྒྱད་པའི་ཚེས་བཅུ་ནང་ལུ་ཡང་ བཅུ་པའི་མཆོད་པ་ནང་ལུ་ཡང་ ལྔ་པའི་སྡེར་མཆོད་ནང་ལུ་ཡང་ ཨ་ནཱི་ཚེས་ ༡༠ གི་ བཅུ་པའི་ནང་འབད་བ་ཅིན་ ཚེས་ ༡༥ ལུ།
  • སེང་གེ་རྡོ་རྗེ་ Singye Dorji
    ལྔ་པའི་ཚེས་ ༡༠ དང་པའི་ནང་ཚེས་ ༡༠ ལུ་ འདི་ཚུའི་ནང་ མར་ཆང་ང་ར་གིས་སྒྲིག་དགོ་ ནཱ་ལས་སྒྲིག་སྦེ་ འགྱོ་སྟེ་ དེ་ལས་ ད་རུང་ཐུགས་དམ་ནང་འགྱོ་དགོ་ དེ་ལས་ རང་རང་ས་གིས་སྡོད་པ་ཅིན་ ཕྱག་ཕུལ་ དེ་ལས་ ཁོང་གསུམ་དང་གཅིག་ཁར་ སྟབས་བདེཝ་མ་བདེཝ་བསྟུན་གྲོས་འབད་འབད་ཞིནམ་ལས་ འ་ནེ་སྦེ་སྡོད་ནི་རྐྱངམ་གཅིག་ཨིན་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    གནམ་མེད་ས་མེད་ དང་ཕུའི་ལམ་ལུགས་ ད་ལྟོ་འདི་ང་ར་གིས་ ཤེས་ཡང་མི་ཤེས་པས་ ཤུལ་ལས་ང་ར་མེདཔ་ད་ ཨ་ལོ་ཚུ་གིས་འབད་རུང་ དེ་སྦེ་འབད་དགོ་ཟེར་ སླབ་བཞག་དགོ་ཟེར་ མནོ་བསམ་བཏངམ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་མཇུག་བསྡུཝ་ད་ ད་ག་དེ་སྦེ་མཇུག་བསྡུཝ་ག་ལགས་ ཡང་ན་སྟོང་ཆང་འདྲཝ་ག་ཅི་ལོ་འདི་ཚུ་འགྱོ་འོང་ག་འདི་ན་ཡང་?
  • སེང་གེ་རྡོ་རྗེ་ Singye Dorji
    མཇུག་བསྡུཝ་ད་ ཡར་ལུ་བླ་མ་སློབ་དཔོན་ཚར་གཅིག་ སྨོན་ལམ་ཟེར་ ཡར་ལུ་ ལྷ་མན་པ་གི་ཁྱིམ་ནང་འཛུལ་འོང་ འ་ནཱ་མཇུག་བསྡུ་བླ་མ་སློབ་དཔོན་བྱོན་ ཁོང་གིས་སྨོན་ལམ་ཟེར་གནང་ དེ་ལས་ མཇུག་བསྡུ་བའི་ཤུལ་ལུ་ ཁོང་ད་རེས་བཟུམ་ཅིག་ཁར་བྱོན་ ཚེས་ ༡༠ གྱི་ཕྱི་རུ་བྱོན་ ནངས་པ་ ༡༡ དེ་ཅིག་ལུ་ དེ་ལས་རྐྱངམ་གཅིག་ ད་ང་བཅས་ར་ཚུ་ ལེགས་ཤོམ་སྦེ་སོང་ཡི་ཟེར་ ད་ནཝ་ཚཝ་ཡང་མ་བྱུང་ འཐབ་འཛིང་ཡང་མ་འགྱོ།
  • སེང་གེ་རྡོ་རྗེ་ Singye Dorji
    ལེགས་ཤོམ་སྦེ་བླ་མ་སློབ་དཔོན་གྱིས་ ལེགས་ཤོམ་སྦེ་ཆོས་ཅིག་ལེགས་ཤོམ་སྦེ་ ལྷག་ནི་ཐོབ་ཅི་ མི་སེར་ཚུ་ཡང་ ལེགས་ཤོམ་སྦེ་ སྟབས་བདེ་སྟེ་སོང་ཡི་ ང་བཅས་ར་ཚུ་ ལེགས་ཤོམ་སྦེ་སོང་ཡི་ཟེར་ ཁོང་ར་གསུམ་གྱིས་སླབ་འོང་ དེ་ལས་ ང་གིས་རང་འབད་རུང་ བསྟུན་གྲོས་གཅིག་གུ་འབད་དེ་ ལེགས་ཤོམ་སོང་ཡི་ ལེགས་ཤོམ་ཨིན་ཟེར་ དེ་སྦེ་སླབ་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མཇུག་ར་ང་རའི་དོགས་པ་གཅིག་ད་རུང་ ང་བཅས་རའི་སྡེར་མཆོད་ཟེར་ཡང་སླབ་མས་ ལ་ལུ་ཅིག་གིས་ འདི་ལུགས་ཟེར་ཡང་སླབ་མས་སྦ་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    འདི་ལུགས་ཡ?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འོང་ལགས་ འདི་ལུགས་སླབ་དགོཔ་དང་ སྡེར་མཆོད་ཟེར་སླབ་དགོ་པའི་སྐོར་ལས་ ཁྱད་པར་ཡོད་ག་སྨོ?
  • སེང་གེ་རྡོ་རྗེ་ Singye Dorji
    འདི་ལུགས་འབད་མི་འདི་ ཨ་ནཱི་ལུགས་སྲོལ་ཟེར་ སླབ་པའི་ལོ་རྒྱུས་ཨིན་པས་ འདི་ལུགས་འབད་མི་འདི་ སྡེར་མཆོད་འབད་མི་འདི་ དང་ཕུ་ལས་རང་སྡེར་མཆོད་ཟེར་སླབ་མས་ ལ་ལུ་ཅིག་གིས་འདི་ལུགས་ཟེར་ སླབ་མས་ འདི་ལུགས་འབདཝ་ད་ ཨ་ནཱི་ལུགས་སྲོལ་ཟེར་བའི་ལོ་རྒྱུས་བཟུམ་ཅིག་ཨིན་པས་ཟེར་ མནོཝ་མས་ང་གིས་འདི་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    མ་པ་སླབ་ནི་འདི་ སྡེར་མཆོད་རང་སླབ་འོང་ལགས་ ང་བཅས་ཀྱིས་འདི་ ང་བཅས་སྡེར་མཆོད་ཟེར་ སླབ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འདི་ལོ་མེན་པ་ འདི་ལུགས་སྦེ་སྡོད་སྡོཔ་མས་སྨོ?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་རུང་ད་ ཨ་པ་ཁྱོད་ར་གིས་ ཐུགས་ཁར་ལུ་ ནཱ་མ་ཚུད་མི་ ཡོད་ག་ལགས་གསུང་ནི?
  • སེང་གེ་རྡོ་རྗེ་ Singye Dorji
    གནམ་མེད་ས་མེད་ཞུ་ཡང་མི་ཤེས་ ད་ནཱ་ཁྱོད་ར་ འོ་མ་བརྒྱལ་བར་ཁྱོད་ར་བྱོན་ཏེ་ ང་བཅས་ཡང་ད་མ་པ་ལས་ ལེ་ཤ་རྒྱས་ཤིང་རྒྱསཔ་ཞུ་མ་ཚུགས་རུང་ ལ་ལུ་ཅིག་ལེགས་ཤོམ་ཚུ་སེལ་ཏེ་ ནཱ་ལས་གནང་དགོ་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ཁྱོད་རའི་ཐུགས་ཁར་ལུ་ ད་ངེ་གི་ཨ་ནཱི་ ངེའི་ང་ནཱི་གི་སྐོར་ལས་ ད་གསུང་ནི་ཡོད་ད་ ང་ཨ་ནཱི་ལུས་སོང་ཡུ་ཟེར་ མེད་ག་ལགས་ཐུགས་ཁར་ལུ་ ག་ནི་ཡང་མ་ལུས་ག་ལགས་ ཡང་ཅིན་ཟླཝ་ ༥ པའི་སྐོར་ལས?
  • སེང་གེ་རྡོ་རྗེ་ Singye Dorji
    ཟླཝ་ ༥ པའི་སྐོར་ལས་ མེད་མེན་ན་ལགས་ འ་ནེ་ཅིག་ཡོད་ད་ག་ནི་ཡང་ གནམ་མེད་ས་མེད་ ང་གིས་འ་ནེ་ཅིག་ཞུ་ཤེས་པས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།