Skip to main content Skip to search
28 Jun 2018
7 min 30 sec
Video Overview
Creators: 
Sherig Dentshog

Norbu Gyaltshen from Tsangchuthanma village in Martshala gewog, Samdrup Jongkhar narrates how he became a lay monk in the village. Under the guidance of various teachers in the village, he received a traditional monastic education. After completing his studies, he returned to his village, following his master’s wish for him to fill in the post in the village. He also did three-year meditation retreat known as lo sum chog sum, which means three years, three months and three days.

 

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ གཙང་ཆུ་མཐའ་མ་གཡུས་ཚན་ནང་ལས་ ནོར་བུ་རྒྱལ་མཚན་གྱི་ གཡུས་སྒོ་འདི་ནང་ ཁོ་རང་ སྒོམ་ཆེན་ལུ་ ག་དེ་འགྱུར་ཡི་ག་ ལོ་རྒྱུས་བཤད་ནི་འདུག ཁོ་གིས་ གཡུས་སྒོ་ནང་ལུ་ སློབ་དཔོན་རྟེན་ཞིནམ་ལས་ ནང་པའི་ཆོས་བལྟ་ཡི་ཟེར་ཨིན་མས། དེ་ལས་ ཁོ་རང་ཆོས་བལྟ་ཚར་ཞིནམ་ལས་ ཁོ་རའི་ བླ་མ་གི་བཀའ་བཞིན་དུ་ གཡུས་ཁ་ལུ་ལོག་སྟེ་འོང་ཡི་ཟེར་ཨིན་མས། དེ་མ་ཚད་ ཁོ་གིས་ ལོ་གསུམ་ཆོས་གསུམ་གྱི་རིང་ལུ་ སྒོམ་གནང་ཡི་ཟེར་བཤད་དོ་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • ནོར་བུ་རྒྱལ་མཚན་
    ཧེ་མ་འདི་ ཨེལ་ཀེ་ཇི་ ཡུ་ཀེ་ཇི་ཟེར་སྡོད་ཅི་ལགས་ ད་ད་ལྟོ་འདི་ འ་ནཱི་འ་ནཱི་མེདཔ་སྦེ་ ཧེ་མ་ང་ལོ་བདུན་དེ་ཅིག་སྦེ་སྡོད་དེ་ ད་དེ་བསྒང་ དབྱིན་ལོ་༡༩༨༥ ལུ་ དྲལ་ཕམ་ལུ་ སློབ་དཔོན་ཚུ་གིས་ མར་ལྟག་བཏང་སྟེ་ མར་ སློབ་རིམ་ལྔ་ཚུན་ཚོད་ བལྟ་ཡི་ལགས་དཔེ་ཆ།
  • ནོར་བུ་རྒྱལ་མཚན་
    དཔེ་ཆ་སློབ་རིམ་ལྔ་བལྟཝ་ད་ལུ་ ནཱ་ང་བཅས་རའི་ རྫོང་ཁའི་ཆོས་རྒྱུགས་རྐྱབ་ད་ ད་ཨིང་ལིཤ་གི་ ཨ་ཙི་ཅིག་སྟབས་མ་བདེ་བར་ མཐར་འཁྱོལ་མ་ཚུགས་པས་ཁྱོད་ ལོག་སྟེ་ར་ལྷབ་ཟེར་གསུངས་ཡི།
  • ནོར་བུ་རྒྱལ་མཚན་
    ད་ལོག་ལྷབ་རུང་ ཚར་གཅིག་ཨ་ཙི་ཅིག་སྟོནམ་ད་ར་ ད་རུང་མཐར་འཁྱོལ་མི་ཚུགསཔ་འོང་ འདི་འབད་ནི་དེ་གིས་ ད་རང་གཡུས་ཁ་ལུ་ རྩ་བའི་བླམ་ཨ་རྒས་ཚུ་ལས་ ཆོས་ཞུ་སྡོད་ནི་ཟེར་ ཆོས་ཞུ་སྟེ་ དག་པ་ཅིག་ཆོས་ཞུ་སྡོད་ཡི་ལགས།
  • ནོར་བུ་རྒྱལ་མཚན་
    དེ་སྦེ་ཆོས་ཞུ་སྡོད་དེ་ ད་ཆོས་ཞུ་སྡོད་དེ་ འ་ནཱ་གཡུས་ཁ་ལུ་ ཨ་རྒས་ཚུ་ལས་ཆོས་ཞུ་སྟེ་ ད་ཁོང་ཨ་རྒས་ཚུ་ ཨ་རྒས་ཚུ་ གཡུས་ཁ་ལས་ ཧེ་མའི་ཨ་རྒས་ཚུ་ལས་ ཆོས་ལེ་ཤ་ཅིག་འདུག་ལགས།
  • ནོར་བུ་རྒྱལ་མཚན་
    འ་ནཱི་གི་ སྐྱབས་འགྲོ་ཡར་འགོ་བཟུང་སྟེ་ བླམ་མའི་རྣལ་འབྱོར་ ཏེ་འ་ནཱ་ བསྙེན་པ་འདི་མཁའ་འགྲོ་ དེ་ལས་ བླ་མ་ཡི་དམ་ག་ར་རྫོགས་སྟེ་ ཕར་ང་བཅས་རའི་ ཁལ་ཁལ་རི་གི་ ཧེ་མ་འ་ནཱ་ལས་མར་ལྟག་འོང་སྟེ་ ཤིང་མཁར་ལའུ་རི་གི་ས་མ་ལང་པར་ ཧེ་མ་ཕམ་ཚུ་གི་ སའི་དཀའ་ངལ་ཐོན་ཏེ་ ཁལ་ཁལ་རི་ཟེར་ན་ལུ་་ས་བཟུང་སྟེ་ ལོ་དག་པ་ཅིག་སྡོད་ཅི་ལགས།
  • ནོར་བུ་རྒྱལ་མཚན་
    འ་ནཱ་ལས་ ཁོང་ཨ་རྒས་ཚུ་ལུ་ཕྱག་ཞུ་སྟེ་ ཏེ་འ་ནཱི་ཆོས་ཡང་འབད་དེ་ ད་གཡུས་ཁ་ལུ་ ཁོང་ཨ་རྒས་ཚུ་གིས་ ད་ ཁྱོད་ར་ མཚམས་རིམ་འདྲོངས་འདྲོངསམ་ཨིན་ ད་མིག་གི་ཡང་མི་མཐོང་མས་ ད་ཁྱོད་ཀྱིས་འབད་དགོ་ གཡུས་ཚན་ནང་རྩིས་པ་ཡང་འབད་ བླ་མ་ཡང་འབད་དེ་ དེ་སྦེ་འབད་དེ་ དག་པ་ཅིག་སྡོད་ཡི་ལགས།
  • ནོར་བུ་རྒྱལ་མཚན་
    ཧེ་མ་གི་འདི་ གཡུས་ཚན་ནང་ ཨ་རྒས་ཚུ་ལས་ཞུ་སྟེ་ཡོད་ལགས་ ད་ནཱ་ལྷོདཔ་ད་ ཏེ་ད་ནཱ་ འ་ནཱ་དྲལ་ཕམ་དྲུང་ཁག་གི་ བླ་མ་དོན་གྲུབ་ཟེར་ ཁོ་གཅིག་བཞུགས་ ད་ལྟོ་ཡང་བཞུགས་སྟེ་ཡོད་ལགས་ ག་ར་གིས་ མ་ཤེསཔ་མ་མཐོང་མེདཔ་འོང་ལགས།
  • ནོར་བུ་རྒྱལ་མཚན་
    སྤྱན་གྱི་གཟིགས་ས་དང་ ཐུགས་ཀྱི་མཁྱེན་ན་ཡོདཔ་འོང་ ཏེ་བླ་མ་ཁོ་གིས་ ཁྱོད་ཧེ་མ་ ངེའི་མཚམས་རིམ་བཅད་པའི་སྐོར་ལས་ཅིག་ཞུ་བ་ཅིན།
  • ནོར་བུ་རྒྱལ་མཚན་
    ཏེ་ཁྱོད་ཡང་ ཧེ་མ་ག་དེམ་ཅིག་ཡང་ བཅད་ནུག་བཅད་ནི་འདི་ ཨིན་རུང་ཆོསཔ་འདི་ཚུ་འབད་རུང་ ང་གིས་འདྲི་བལྟཝ་ད་ ཆོསཔ་འདི་ཚུ་ ནཱེམ་ཅིག་བཅད་མི་མིན་འདུག་ ཁྱོད་ཀྱིས་བཅད་ནུག་ ཨིན་རུང་ལྷག་ནི་ཟེརཝ་མེད་ཟེར།
  • ] ནཱ་བླམ་ཁོ་ར་གིས་ཡང་གསུངས་སྟེ་ ང་ར་རང་འབད་རུང་ ད་ཧེ་མ་འདི་ ལོ་གསུམ་ཟེརཝ་ད་ ལེ་ཤ་མིན་འདུག་ ད་ངེརའ་་ཆ་རོགས་ཚུ་གི་ཡང་ ལོ་གསུམ་ནང་མངམ་སྦེ་འགྱོ་ཞིནམ་ལས་ ང་ཡང་ཧེ་མ་ ཨ་རྒས་ཚུ་ལས་ཞུ་སྟེ་ ད་ལོ་གསུམ་ར་མེན་རུང་ ཁོང་ཨ་རྒས་ཚུ་ལས་ཞུ་སྟེ་ ལས་རིམ་འདི་རྫོགས་རྫོགསཔ་ཨིན།
  • ནོར་བུ་རྒྱལ་མཚན་
    ཨིན་རུང་ར་ འ་ནཱི་ལོ་གཅིག་གཉིས་མ་སྡོད་པ་ལས་ སེམས་མ་བདེ་བར་ ད་ལྟོ་འ་ནཱ་ ལོ་གསུམ་སྦེ་སྡོད་མི་འདི་ ད་ལྟོ་ རང་གིས་ འ་ནཱི་ཆོས་ཟེར་རུང་ ད་ལྟོ་ ད་ལྟོ་གནས་སྐབས་ཀྱི་ཕན་པ་ ག་ཅི་ར་འབད་རུང་བཏུབ་ཨིན་པས།
  • ནོར་བུ་རྒྱལ་མཚན་
    ཕྱི་མ་མཐར་ཐུག་གི་བདེ་བ་ལུ་ལྷོདཔ་ད་ ད་ཆོས་ལུ་ར་བརྟེན་ཏེ་ རང་གི་འ་ནཱི་ཆོས་འདི་ དེ་ལུ་དཀའཝ་སྤྱད་དེ་ར་འབད་མ་ཚུགས་རུང་ ཏེ་མ་ཎི་བཛྲ་གུ་རུ་ཅིག་ རང་གི་སེམས་ལས་བགྱངས་སྟེ་ར་འབད་བ་ཅིན་ ཆོས་ར་ཨིན་མས་ཟེར།
  • ནོར་བུ་རྒྱལ་མཚན་
    འདི་མ་ཚད་ རང་གི་ཧེ་མ་ཡང་སྡོད་ཅི་ ད་ལྟོ་ཡང་དེམ་ཅིག་ དེ་སྦེ་འབད་དགོ་པས་ཟེར་ བླམ་གིས་གསུངས་ཞིནམ་ལས་ ང་ད་ལྟོ་ འ་ནཱ་ ལོ་གསུམ་ཅིག་ཡར་འགྱོ་མི་འདི་ བླ་མའི་བཀྲིན་ཨིན་ཟེར་ཞུ་ནི་ལགས།
  • ནོར་བུ་རྒྱལ་མཚན་
    ཏེ་འ་ནཱ་ལས་ ད་ ལྷ་འདི་དེ་ ལྷ་ཡོད་མི་ཀུན་ལ་མཁས་པ་ མི་རིང་ཕུ་ཟེར་ཞུ་དོ་ཡོདཔ་མས་ལགས་ མི་རིང་ཕུ་ཟེར་ ད་ མི་རུ་བཙན་ ད་ལྟོ་ཁོའི་ས་ཆ་འདི་ མི་རིང་ཕུ་འོག་མ་ཟེར་ཞུཝ་ཨིན་མས་ འདིའི་འོག་ལུ་ འདིའི་འོག་ལུ་ཨིན་ཟེར་ཞུ་ནི་ལགས།
  • ནོར་བུ་རྒྱལ་མཚན་
    ཏེ་འ་ནཱི་གི་ད་སླབ་ཞིནམ་ལས་ ད་ང་བཅས་རའི་ནཱ་གི་འདི་ ཧེ་མ་ ད་ང་བཅས་རའི་ནཱ་ དེ་སྦེ་འབད་དེ་ ད་ ནཱ་གི་འདི་ ནཱ་ ནཱ་ལྷོད་དེ་གི་ ཧེ་མ་དང་ ནཱ་འབདཝ་ད་གནམ་མེད་ས་མེད་ ཆོས་རང་ཨིན་རུང་།
  • ནོར་བུ་རྒྱལ་མཚན་
    ད་ ཕར་གཡུས་ཁར་འབད་འབདཝ་དང་ ནཱ་འབད་འབདཝ་འདི་ གནམ་མེད་ས་མེད་མ་འདྲཝ་ཅིག་ཡོད་ ཕར་ གཡུས་ཁ་འདི་ ཕར་དང་ཚུར་ལས་ འདིའི་ཆོས་ལོག་བཙུགས་་ཟེར་སླབ་ད་ འདི་གི་ འདི་ནང་ཤོག་ཟེར་ཡང་མེད་པར་ རང་གི་གཡུས་ཁར་ ཨ་རྒས་ཚུ་གིས་ གནས་ས་ཅིག་ནང་ སྡོད་དགོཔ་བྱུང་ཡི་ལགས།
  • ནོར་བུ་རྒྱལ་མཚན་
    ནཱ་གི་འདི་ གནམ་མེད་ས་མེད་ ད་ གཞུང་བཀྲིན་ཆེ་སྟེ་ ད་ རྫོང་ཁག་གི་ ནཱ་སྨོན་ལམ་ཆེན་མོ་གནང་དོ་ ཡར་ སྒོམ་སྡེ་གྲྭ་ཚང་ཚུ་ནང་ གྲུབ་ཆེན་གནངམ་ཨིན་ འདི་ནང་ཤོག་ཟེར་སླབ་ད་ རང་ཡང་གནམ་མེད་ས་མེད་ མིག་ཏོག་ལག་གིས་ཡང་མཐོང་མས།
  • ནོར་བུ་རྒྱལ་མཚན་
    འདི་འབདཝ་ལས་ ད་ གཙོ་བོ་ར་ ད་ རང་གི་ཆོས་ཆོས་ཟེར་མི་འདི་ ལེགས་ཤོམ་སྦེ་མ་འབད་བ་ཅིན་ སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཟེར་གསུངས་སྟེ་འདུག་ འདི་བཟུམ་སྦེ་ གནམ་མེད་ས་མེད་ ང་ར་མ་ཤེས་རུང་ ད་ ཁོང་བཟུམ་མ་ཤེས་རུང་ རང་ཤེསཔ་ཅིག་ ཁོང་གཡུས་ཁའི་ ཨང་རྒས་ཨ་རྒས་ཚུ་ལུ་ རང་ལྷོ་ཕྱོགས་འཛམ་བུ་གླིང་ནང་ མི་ལུས་རིན་པོ་ཆེ་ མི་ལུས་རིན་པོ་ཆེ་ཐོབ་མི་འདི་ འཇའ་ཏོང་ཏོ་སྦེ་ཐོབ་ཐོབ་མེན་པས།
  • ནོར་བུ་རྒྱལ་མཚན་
    གནམ་མེད་ས་མེད་ ལཱ་ཁག་རྐྱབ་སྟེ་ཐོབ་ཆེ་ནུག་ འདི་གི་སྦེ་ད་ རང་གིས་འ་ནཱ་མཚམས་ནང་སྡོད་དེ་ ག་ཅི་ཅིག་འབད་དེ་ དཀའཝ་སྤྱད་མ་ཚུགས་རུང་ ད་ འ་ནཱི་མ་ཎི་བཛྲ་གུ་རུ་ཅིག་ ལེགས་ཤོམ་སྦེ་གྱངས་སྦེ་ ཉི་མ་ཐུགས་རྗེ་ཆེན་པོའི་མ་ཎི་གྱངས་ ཕྱི་རུ་འབདན་ གུ་རུ་པདྨ་འབྱུང་གནས་སྒོམ་ཏེ་ བཛྲ་གུ་རུ་གྱངས་སྟེ།
  • ནོར་བུ་རྒྱལ་མཚན་
    དེ་སྦེ་གྱངས་པ་ཅིན་ ད་ལྟ་གནས་སྐབས་ཀྱི་ཕན་པ་ གནམ་མེད་ས་མེད་ཡོདཔ་མ་ཚད་ ཕྱི་མ་མཐར་ཐུག་གི་བདེ་བ་ ད་ལྟོ་སྡོདཔ་ད་ བར་ཆད་བསལ་ཏེ་ ཕྱི་མ་ངན་སོང་ལས་འགྲོལ་ནི་ཅིག་འོང་ནི་མས་ཟེར་ ད་ བར་ན་སྐོར་ལས་ ཡར་ངོ་མར་ངོ་ལུ་ ད་ལྟོ་ལྷ་ཁང་གནམ་མེད་ས་མེད་སྦོམ་ཅིག་ བཞེངས་མ་ཚུགས་ལགས།
  • ནོར་བུ་རྒྱལ་མཚན་
    ཨིན་རུང་ད་ལྟོ་ ཚོགས་ཁང་གཅིག་ཡོད་ལགས་ འ་ནཱི་ཡར་ངོ་མར་ངོ་ལུ་ ཚེས་བཅུ་ཐམ་ བཅོ་ལྔ་ ཉེར་ལྔ་ གནམ་སྒང་ལུ་ འ་ནཱི་ཚོགས་འཁོར་རེ་ ང་བཅས་གུང་པ་བཞི་བཞི་ལྔ་ལྔ་རེ་སྦེ་ གཡུས་ཚན་ལས་ ཁོང་ ཚོགས་པ་ཚུ་གི་སྦེ་ ཚོགས་པ་གིས་སྦེ་འབད་དེ་ བཟོ་་བཞག་ཡོད་ལགས།
  • ནོར་བུ་རྒྱལ་མཚན་
    འ་ནཱི་ཡར་ངོ་མར་ངོ་ལུ་ ཚེས་བཅུ་ཆུང་ཀུ་རེ་འབད་དེ་ འ་ནཱི་ཨ་རྒས་ཚུ་སྟབས་བདེ་བ་ཅིན་ ཨ་རྒས་འདི་ཚུ་ཞུ་ དེ་ལས་ཕྱི་རུ་འདི་ ང་བཅས་ར་ཨ་ཙི་ཅིག་ ཕྱི་རུ་མཇུག་བསྡུ་ཞིནམ་ལས་ ད་ཨ་ཙི་ཅིག་ ཆོས་ཤེས་ཅིག་ཚུ་གིས་ཆོས་གཏམ་སླབ་ དུས་བཟང་ག་ཅི་གི་དུས་བཟང་འབདཝ་ཨིན་རུང་།
  • ནོར་བུ་རྒྱལ་མཚན་
    ད་ཟླ་བ་དང་པ་ ཚེས་གཅིག་ལས་ བཅོ་ལྔ་ཚུན་ཚོད་ ག་ཅི་གི་དུས་ཆེན་ཡོདཔ་ཨིན་ན་ འ་ནཱི་དུས་ཆེན་འདི་ འ་ནཱེ་སྦེ་ཨིན་ ད་ ཟླ་བ་བཞི་པའི་ཚེས་ ༤ ལུ་ ཟླཝ་ལྔ་པའི་སྤྲེལ་ཟླ་འདི་ གུ་རུ་རིན་པོ་ཆེའི་དུས་ཆེན་འདི་ཚུ་ འ་ནཱི་འདི་ཚུ་ རང་གིས་ཤེས་ཤེསཔ་ཅིག་ འ་ནཱི་དུས་ཆེན་འདི་ འ་ནཱེ་སྦེ་ཨིན་ འ་ནཱེ་སྦེ་ཨིན་ཟེར་བཤད་དེ།
  • ནོར་བུ་རྒྱལ་མཚན་
    ཏེ་ད་ཟླ་བ་དྲུག་པའི་ཚེས་ ༤ འདི་ ཆོས་འཁོར་བསྐོར་བའི་དུས་ཆེན་ཟེར་ སླབ་ཨིན་ཟེར་སླབ་སྟེ་ ད་ཟླཝ་བཞི་པ་ས་ག་ཟླ་བ་འདི་ དུས་ཆེན་ལྔའི་དུས་ཆེན་ཡོདཔ་ཨིན་ན་ལགས།
  • ནོར་བུ་རྒྱལ་མཚན་
    འ་ ལྷུམས་སུ་བཞུགས་པ་ སྐུ་བལྟམས་པ་ དེ་ལས་ བདུད་བཏུལ་བ་ སངས་རྒྱས་པ་ མྱ་ངན་ལས་འདས་པ་ འ་ནཱི་གི་དུས་ཆེན་ལྔཔ་འདི་ ག་དེ་ག་དེ་སྦེ་རང་ཡོདཔ་ཨིན་ན་ འ་ནཱི་ཚུ་ རང་གིས་ཤེས་ཤེསཔ་ཅིག་ཞུ་ཕུལ་ཏེ་ ཏེ་འ་ནཱི་ངན་པ་དགུ་འཛོམས་ཟླཝ་བཅུ་གཅིག་པ་ ངན་པ་དགུ་འཛོམས་ཟེར་བརྩི་ནི་ཡོད་ ཏེ་ངན་པ་དགུ་འཛོམས་ ག་དེ་སྦེ་ ག་ཅི་དེ་ཡོདཔ་ཨིན་ན།
  • ནོར་བུ་རྒྱལ་མཚན་
    འ་ནཱི་འདི་ཡང་ ཏེ་ཁོང་གཡུས་ཁའི་ ཨ་རྒས་ཨ་རྒས་ཚུ་གིས་ཡང་ རང་ཤེས་ཤེསཔ་ཅིག་ཉན་ཏེ་ ད་ ཁོང་ཚུ་གིས་དེ་སྦེ་འབད་དེ་ར་ ད་ ལས་ཟེར་མི་འདི་ རང་གི་མི་ཚེ་ མི་གནགཔ་ལུ་ ད་ལྟོ་ཞུ་དོ་ ཧེ་མ་ལུ་ཞུ་དོ་བཟུམ་སྦེ་ ད་ད་ལྟ་གནས་སྐབས་ཀྱི་ཕན་པ་ ག་བཟུམ་ཅིག་ར་འབད་དགོ་རུང་ ཏེ་ད་ལས་བསགས་མི་བཏུབ་ནི་མས།
  • ནོར་བུ་རྒྱལ་མཚན་
    ད་ལྟོ་སྡོདཔ་ད་ རང་བཟའ་དགོ་པས་ འཐུང་དགོཔ་ལས་ ལས་བསག་ནི་མས་ ལས་བསག་རུང་ ད་ལོག་སྟེ་ར་ ཏེ་ཕྱི་རུ་དྲོག་པ་འདི་ ང་ དེ་སྦེ་འབད་ཡར་སོང་ཡི་ཟེར་ རང་གི་སེམས་འདི་ཕྲང་སྟེ་ ད་ མ་ཎི་ མ་ཎི་བཛྲ་གུ་རུ་གྱངས་རུང་ར་ རང་ག་ཅི་གྱངསམ་ཨིན་ན་ གུ་རུ་རིན་པོ་ཆེ་ བཛྲ་གུ་རུ་གྱངས་རུང་ གུ་རུ་རིན་པོ་ཆེ་ར་བསྒོམ་ཏེ།
  • ནོར་བུ་རྒྱལ་མཚན་
    མ་ཎི་གྱངས་པ་ཅིན་ མ་ཎི་རང་བསྒོམ་ཏེ་ སྣང་ཚེ་སྐུ་ གྲགས་ཚེ་གསུང་ དྲན་ཚེ་ཐུགས་སྦེ་ ད་དེ་སྦེ་འབད་དགོ་ཟེར་ ད་ལྟོ་གཡུས་ཁ་ལུ་ ང་གིས་ཤེས་ཤེསཔ་ཅིག་ ཁོང་ཚུ་ལུ་ཞུ་སྟེ་རང་ཡོད་ ཁོང་གིས་ཡང་ སྙན་གསན་ཏེ་ར་ཡོད་ཟེར་ཞུ་ནི་ལགས།