Skip to main content Skip to search
21 Jan 2016
9 min 19 sec
Video Overview
Creators: 
Sherig Dhentshog

A priest regarded as a lama from Norboogang in Pemagatshel district narrates an account of the community temple and its traditions. He says that the temple is built as a religious structure for the four communities surrounding Norboogang. Its annual rituals are performed in the Pema Lingpa tradition. He also shares that, while different communities in the area may have built smaller temples, they still regard the one in Norboogang as the main temple, as well as regard the head monk or lama of Norboogang temple as the chief lama of the area. Finally the narrator talks about how the communities share the different responsibilities during annual religious activities in the temple.

 

༉  གློག་བརྙན་འདི་ནང་ ནོར་བུ་སྒང་གཡུས་ཚན་ལས་ ཆོསཔ་རྒས་ཤོས་ཅིག་ཨིན་མི་ཨྱོན་རྡོ་རྗེ་གིས་ ཁོ་རའི་གཡུས་ཁ་ལུ་ ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་ཚུ་བཤད་མི་ནང་ འབྲུག་རྒྱལ་དང་པའི་སྐབས་ལུ་ཡང་ ས་གནས་དེ་ཁར་སྡོད་མི་ག་ཡང་མེདཔ་ཨིནམ་ད་ ཤུལ་ལས་ ས་གནས་གཞན་ཁའི་མི་ཚུ་ གནས་སྤོ་འོང་སྟེ་ཆུའི་རྐ་འཚོལ་བའི་སྐབས་ གླངམ་ཆེའི་མཆེཝ་ཆ་གཅིག་མཐོང་ཞིནམ་ལས་ ས་གནས་ཀྱི་མིང་ཡང་ ནོར་བུ་སྒང་ཟེར་བཏགས་ཡོདཔ་སྦེ་བཤད་ནི་འདུག དེ་ཡང་ གླངམ་ཆེའི་མཆེཝ་དེ་ ནོརབུ་སྦེ་བརྩི་དོ་ཡོདཔ་བཞིན་དུ་ ནོརབུ་དང་སྒང་གཉིས་བསྡོམས་ཏེ་ ནོར་བུ་སྒང་ཟེར་ བཏགས་བཏགསཔ་ཨིན་པས། དེ་བསྒང་ གཡུས་ཁའི་མི་གཉའ་རྒོད་ཅིག་ཨིན་མི་རྣམ་རྒྱལ་ལ་ཟེར་མི་དེ་ གཡུས་ཁའི་གཙོ་ཅན་ནམ་དྲུང་པ་བཟུམ་ཅིག་སྦེ་སྡོད་པའི་བསྒང་ གསོལཝ་བཏབ་ནིའི་དོན་ལུ་འགོ་ཐོག་དང་པ་ སྐུ་རྟེན་ཚུ་ཡང་ཁོ་གིས་འབད་བཙུགས་བཙུགསཔ་ཨིནམ་ད་ གཡུས་དེ་ཁར་ ཆོས་ལུགས་ཡང་ པདྨ་གླིང་པའི་ཆོས་ལུགས་དར་ཏེ་ཡོད་ས་ལས་ ད་ཚུན་གྱི་བར་ན་ཡང་ རྒྱུན་མ་ཉམས་པར་ཡོདཔ་མ་ཚད་ ཤུལ་ལས་བདུད་འཇོམས་གཏེར་གསར་གྱི་ཆོས་ལུགས་ཡང་དར་ཁྱབ་བྱུང་སྟེ་ ད་རེས་ནངས་པར་ པད་གླིང་དང་གཏེར་གསར་ཟུང་འབྲེལ་སྦེ་གནས་ཏེ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ལགས་སོ་ སྐུ་གཟུགས་བཟང་པོ་ལགས་ ད་ལྟོ་ ངའི་མིང་ ནཱ་ ནོར་བུ་སྒང་ ཨོ་རྒྱན་རྡོ་རྗེ་ཟེར་སླབ་ཨིན་ ད་ལྟོ་ ང་ ལོ་ ད་རེས་ དྲུག་ཅུ་རེ་དགུ་འགྱོ་ཡི།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཨིན་རུང་ ང་ཆོསཔ་གཅིག་ཨིན་ མི་སེར་ནང་ལུ་ ལཱ་འབད་དེ་ བླ་མ་འབད་དེ་ ལོ་ སུམ་ཅུ་སོ་ལྔ་འགྱོ་ཡི་ད་རེས་ འདིའི་ནང་ལས་ཡང་ ང་གིས་ ང་བཅས་ གོ་དང་པ་རང་ ང་བཅས་རའི་ནཱ་ ཆོས་མཆོག་གི་སྐོར་ལས་ ཨ་ཙི་ཅིག་ དོར་སྡུས་ཅིག་ཞུ་ནི།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དང་པ་ མ་པ་འབད་བ་ཅིན་ ང་ ལོ་གསུམ་ཚར་གཉིས་ ལོ་གསུམ་ ཚར་གཉིས་འབད་ཡི་ འདི་ལས་ བླ་མ་འབད་དེ་ དུང་སྲིད་རིན་པོ་ཆེ་ལུ་རྟེན་ཏེ་ ཆོས་ལུང་ག་ར་ འབྱམས་དབྱངས་མཁྱེན་རྩེ་རིན་པོ་ཆེ་ རྫོང་གསར་འབྱམས་དབྱངས་མཁྱེན་རྩེ་རིན་པོ་ཆེ་ལས་ཞུ་སྟེ་ དེ་ལས་ནཱ་ ང་བཅས་རའི་ ཡར་ དཔལ་ལྡན་རིན་པོ་ཆེ་ལས་ཡང་ཞུ་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ནཱ་ མི་སེར་ནང་ལུ་སྦེ་ སྐྱེས་རིམ་དང་རྫོགས་རིམ་འདི་ རྒྱ་ཆེན་པོ་ ག་ཅི་ཡང་མེད་དེ་འབད་རུང་ མི་སེར་ནང་ལུ་ ཕྱག་ཞུ་སྟེ་རྒས་ དེམ་ཅི་འགྱོ་ཡི།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    འདི་ནང་ཨིན་རུང་ དང་པ་རང་ ང་བཅས་རའི་ ཆོས་མཆོག་ནང་ལས་འགྱོ་བ་ཅིན་ དང་ཕུ་འབད་བ་ཅིན་ ནཱ་ལུ་ ནོར་བུ་སྒང་ས་ལུ་ ཆོས་ལུགས་འབད་བ་ཅིན་ པད་གླིང་ཨིན་མས་ པད་གླིང་ཡང་ ད་ལྟོའི་བར་ན་ཡང་ མར་ལྟ་ པད་གླིང་ཡང་ ང་བཅས་རའི་ ལྷ་གསོལ་ལུགས་སྲོལ་འབད་རུང་ པད་གླིང་མ་ཉམས་པར་ཡོད།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་ ང་བཅས་རའི་ མི་སེར་ག་ར་གི་ཡང་ ད་ལྟོ་ པད་གླིང་ དུས་ཤེས་ལུ་ཡང་ པད་གླིང་རང་འབདཝ་ཨིན་ ད་ པད་གླིང་བརྒྱུད་ནི་འདི་ག་ཏེ་ལས་རྒྱུད་ཡི་ཟེར་བ་ཅིན་ པད་མ་དགའ་ཚལ་ ཁ་རི་དགོན་པ་ལས་མར་ལྟ་ རྒྱུད་པའི་ ཧེ་མ་ ཕར་ལུ་ ལྷབ་ནུག་ ཕར་ལས་ལྷབ་སྟེ་ ང་བཅས་རའི་ ཨ་རྒས་ཚུ་ཕར་ལས་འབད་དེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ ད་ལྟོ་ ང་བཅས་ད་རེས་ པད་གླིང་གི་ཆོས་ལུགས་འདི་ ད་རེས་ ཞུག་དག་སྦེ་འབད་མི་ ག་ཏེ་ལས་འབད་ཡི་ཟེར་བ་ཅིན་ སྒྲིས་མི་རྩི་གི་ལུགས་འབད་དེ་ བར་མཚམས་བླ་མ་ལས་ལྷབ་སྟེ་ ད་ལྟོ་ ང་གིས་སྦེ་ ཨ་ཙི་རེ་ པད་གླིང་གི་ཆོ་ག་འདི་ མ་ཉམས་པར་ཙམ་ཅི་སྦེ་ ནཱ་ལུ་འབད་དེ་ ད་ལྟོ་ དར་བའི་སྒང་རང་ཡོད།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་ དེ་མ་ཚད་ གཏེར་གསར་རང་འབད་རུང་ ང་བཅས་རའི་ ད་ལྟོ་ བར་མཚམས་བླ་མ་དང་ གཏེར་གསར་གྱི་བླ་མ་ལེ་ཤཱ་རྟེན་ཏེ་ ད་རེས་ནངས་པ་ གཏེར་གསར་དང་ པད་གླིང་གི་ ཆོས་ལུགས་འདི་ ཡ་དྲལ་ གཉིས་ཆ་རང་ གཞུང་འབྲེལ་འབད་དེ་ གཅིག་ཁར་རང་ ང་བཅས་རའི་ གཡུས་ཁ་ དེ་སྦེ་རང་ཡོད།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ དང་པ་ཆོས་ལུགས་འདི་ དེ་སྦེ་ཨིན་ དང་པ་ ད་ ང་བཅས་རའི་ གཡུས་ཆགས་ས་འདི་ ནོར་བུ་སྒང་ཟེར་ཐོབ་དགོ་མི་ རྒྱུ་མཚན་འདི་ ག་ཅི་ཨིན་ན་ཟེར་བ་ཅིན་ དང་ཕུ་ འབྲུག་རྒྱལ་དང་པ་ ད་ བཞུགས་པའི་སྐབས་ལུ་ ང་བཅས་རའི་ ནཱ་ལུ་ འ་ནི་ ང་བཅས་ནཱ་ ནོར་བུ་སྒང་ལུ་ གོ་དང་པ་རང་ ནཱ་ ནགས་ཚལ་གཙང་པ་ ཧེ་མ་གཡུས་མེདཔ་ཨིན་མས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ལ་ལུ་ ཡར་ པད་མ་དགའ་ཚལ་ ཞོངས་སྒར་ལས་མར་ ལ་ལུ་འོང་ནུག་ ལ་ལུ་གདུང་བསམ་ལས་འོང་ནུག་ དེ་ལས་ མགྱོགས་འོང་སྟེ་ ཕར་ལུ་ཧེ་མ་ ཨ་ཙི་རེ་ ཁྲལ་ཨ་ཙི་རེ་སྦོམ་འདུག་ཟེར་ ནཱ་ལུ་མགྱོགས་འོང་སྟེ་ ནཱ་ ནོར་བུ་སྒང་ས་ལུ་ ས་བཅག་ནུག་ལགས་ བཅག་སྟེ་ ནགས་ཚལ་ནང་ལུ་ བཅགཔ་ད་ལུ་ ནོར་བུ་སྒང་ཟེར།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ས་ འཚོལ་ཏེ་བལྟཝ་ད་ འདི་ནང་བལྟཝ་ད་ ཆུ་མཐོང་ནུག་ ཆུ་མཐོངམ་ཞིནམ་ལས་འདི་ གླང་པོ་ཆེའི་ ཆེ་བ་ཆ་གཅིག་མཐོང་ནུག་ དེ་འབད་ནི་དེ་གིས་ ད་ལྟོ་ ནོར་བུ་སྒང་བརྟག་ནི་ཨིན་ཟེར་ མིང་འ་ནི་བརྟགས་ཞིནམ་ལས་ ནོར་བུ་སྒང་ཟེར་ ཁོང་རྒས་ཚུ་གིས་མིང་བརྟགས་ཞིནམ་ལས་ དེ་ལས་ གོང་པ་བཅུ་གཉིས་དེམ་ཅི་སྡོད་དེ་ དེམ་ཅི་གི་སྦེ་ ཁོང་ནཱ་ལུ་ ནོར་བུ་སྒང་ཟེར་ ཁོང་ཆགས་སྡོད་ནུག་ལགས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཆགས་སྡོད་དེ་ ཁོང་ཚུ་ལུ་ ཡར་ལས་ དཔོན་ཡང་མེད་བཟུམ་ དེ་ལས་ ཡར་ལྟ་ ཁྲལ་དང་ཁྲིས་ཡང་མེད་པར་ ཟུར་བཟུམ་ཅི་སྦེ་སྡོད་སྡོདཔ་ཨིན་མས་ དེ་སྦེ་ནི་འདི་གིས་ ཤུལ་ལས་ དབང་ནིའི་ལྷོདཔ་ད་ ཕར་ ཁེངས་ ཕར་ བྱོ་ཀ་ལས་ བྱོ་ཀ་མཁོ་ཆེ་དང་ ངང་ལ་མཁོ་ཆེ་ཟེར་སྡོད་དེ་ཁེངས་ལུ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་ ནཱ་ལས་ཟམ་པ་བཟོ་སྟེ་ ཕར་ པཱན་འབད་དེ་(གྲུ་འབད་དེ) མར་ལུ་ ཟམ་པ་རབ་ཟེར་ས་ལས་འཛེགས་སྟེ་འོང་སྟེ་ནཱ་ལུ་ ནོར་བུ་སྒང་ས་ལུ་ ཁེངས་པ་དང་ནོར་བུ་སྒང་སླ་བསྲེ་འབད་དེ་སྡོད་སྡོདཔ་མས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་སྦེ་སྡོད་དེ་ ནཱ་ ཨ་ཙི་རེ་ ཨ་ཙི་རེ་ ཁོང་ ཁེངས་པ་ལུགས་སྲོལ་འགྱུརཝ་ལས་ ཁོང་ མཁོ་ཆེ་ཚུ་གིས་ ནཱ་ ནོར་བུ་སྒང་པ་ཚུ་ལུ་ ཨ་ཙི་རེ་ ནཱ་འོང་མི་ཚུ་ལུ་ ཨ་ཙི་རེ་ ཁོང་གི་ལཱ་རེ་བཀོད་རུང་ མཁོ་ཆེ་ཚུ་གིས་ ཨ་ཙི་རེ་ ཐེབ་སྦེ་བཀོད་དེ་ ཨ་ཙི་རེ་ དེ་སྦེ་ཨ་ཙི་རེ་ ཨ་ཙི་རེ་ ཉོག་བཤད་ཨ་ཙི་རེ་འབད་ནུག
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་སྦེ་སྡོད་པའི་བར་ན་རང་ འདིའི་ཤུལ་ལས་ འབྲུག་རྒྱལ་དང་པ་བཞུགས་པའི་སྐབས་ལུ་ རྣམ་རྒྱས་ར་ཟ་ཟེར་ གར་པ་ ཡར་ལུ་ སྒོ་རས་ཁ་ལུ་སྡོདཔ་ལས་ ཁོ་ གཉའ་རྒོད་གཅིག་ཨིནམ་མས་ རྣམ་རྒྱས་ར་ཟ་ཟེར་ ང་བཅས་རའི་ ནཱ་ གཡུས་ཁ་ལས་ཨིནམ་ལས་ ཁོ་ ཡར་ལུ་ སྤྱས་མཁར་ལས་ཨིན་མས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    འ་ནི་ འ་ནི་འདི་ རྣམ་རྒྱས་ར་ཟ་ སྒར་པ་འདི་ དེ་ལས་ ཁོ་ ནཱ་ལུ་ སྒར་པ་འབད་དེ་ ནོར་བུ་སྒང་ས་ལུ་ ནོར་བུ་སྒང་ཟེར་མི་ས་ལུ་ མར་ལུ་འདི་ དེ་ལས་ ཧེ་མ་ རྒྱ་དྲུང་ ཆགས་པའི་ས་གཅིག་ཨིན་ལགས་ རྒྱ་དྲུང་ཡང་ མེདཔ་འགྱོ་ཡི་ ད་ལྟོ་ རྒྱ་གརཔ་ཚུ་ཡོདཔ་ཨིན་མས་ འ་ནི་ས་ལུ་ ཁྱོད་ མར་ དྲུང་པ་སྦེ་འགྱོ་ཟེར་ ཡར་ལས་བཀའ་གནང་སྟེ་ འོང་ཞིནམ་ལས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ ནཱ་ ཁོ་ ནཱ་ལུ་ བཀའ་གནང་སྟེ་ ནཱ་འོང་ཞིནམ་ལས་ ད་ ཁོ་གིས་ དེ་ལས་འདི་ ནཱ་ ནོར་བུ་སྒང་པའི་དྲུང་པ་འབད་དེ་ ནཱ་ ནག་ཚང་ ང་བཅས་རའི་ ནཱ་ གཡུས་ཁར་ ཡར་ཟུར་ལུ་ཡོད་ ད་ལྟོ་ནག་ཚང་འགྱང་ཁོག་ཡང་ཡོད་ འདི་ལུ་ཁྱིམ་ཆགས་སྟེ་ དེ་ལས་ ཁོ་གིས་ ཁོ་ དྲུང་པ་འབད་ ནཱ་བཞུགས་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་ ཁོ་དྲུང་པ་སྡོད་ཞིནམ་ལས་ ཧེ་མ་སྡོད་མི་ ངང་ལ་མཁོ་ཆེ་དང་ བོད་ཀྱི་མཁོ་ཆེ་གཉིས་ངལ་མ་རངས་པར་ ཁོང་གསུམ་ ཕྱད་མདའ་འབད་བའི་ལོ་རྒྱུས་འདུག་ ཕྱད་མདའ་རྐྱབ་སྟེ་ ལ་ལུ་ཅིག་ལུ་ སྟོབས་མདའ་བླུག་སྟེ་ ལ་ལུ་ བརྫམ་བརྫམ་འབད་དེ་ གྱི་གི་འབད་དེ་ དེ་ལས་ ཕྱད་མདའ་འབད་ཞིནམ་ལས་ ཤུལ་ལས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ངང་ལ་མཁོ་ཆེ་དང་ བོད་ཀྱི་མཁོ་ཆེ་འདི་ཚུ་ག་ར་ འཕམ་སྟེ་ ནཱ་ལུ་ ཁེངས་པ་རིགས་སུ་བཅད་པ་ག་ར་ ལོག་སྟེ་ ཕར་ཁེངས་ལུ་བརྡ་འགྱོ་སྟེ་ ནོར་བུ་སྒང་པ་ ནོར་བུ་སྒང་གཙང་པ་འབད་ ནཱ་ལུ་སྡོད་དེ་ དེ་ལས་ ནོར་བུ་སྒང་པ་འདི་ཡང་ ལོག་དྲུང་པ་འབད་དེ་ སྐྱོངས་སྟེ་ དེ་ལས་ འདི་ལས་ ཁོ་ ནཱ་ལུ་ ནོར་བུ་སྒང་ས་ལུ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཁོ་གིས་ ནཱ་ལུ་ དྲུང་པ་སྦེ་བཞུགས་སྟེ་ ཁོ་གིས་ འདི་ལས་མར་ ནཱ་ལུ་ ང་བཅས་རའི་ ནག་ཚང་ཡང་ ཆུང་ཀུ་གཅིག་བཟོ་སྟེ་ དེ་ལས་ ནག་ཚང་ཆུང་ཀུ་གཅིག་བཟོ་སའི་ནང་ལུ་ འདི་ལས་མར་ སྐུ་ཚུ་ཡང་ཞུ་སྟེ་ ད་ ཁོ་གིས་ དེ་སྦེ་སྡོད་པའི་ལོ་རྒྱུས་འདུག་ ང་བཅས་ནཱ་ལུ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་མར་ལྟ་ ཧ་ལམ་ གོང་པ་ ཧ་ལམ་ ལེ་ཤཱ་ལེ་ཤཱ་ འགྱོཝ་ད་ལུ་ འདི་ལས་མར་ མི་ ནཱ་ལས་ ང་བཅས་ཚུ་གིས་ ཆོས་ལུགས་འདི་ ཧེ་མའི་ ཁོང་ པད་གླིང་གི་ ཆོས་ལུགས་རང་འབད་དེ་ འཆམ་པ་ འཆམ་ཟེར་རུང་ ཧེ་མ་གཅིག་ གཏེར་སྟོན་པདྨ་གླིང་པའི་ བུམ་ཐང་གི་ལུགས་སྲོལ་འབད་དེ་ དེ་ལས་ གྱེན་མོ་སྦེ་ མགོ་ལ་ཕུད་དེ་འབད་དེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ལག་ལུ་ འ་ནི་ ང་བཅས་རའི་ ཕོ་མཚན་གཅིག་བཤད་དེ་ འཆབ་རྐྱབས་སྟེ་ པད་གླིང་གི་ འཆམ་འབད་དེ་ འ་ནི་ཚུ་ག་ར་ ཁོ་ ད་ འ་ནི་ ཧེ་མ་ རྣམ་རྒྱས་ར་ཟ་གིས་ མར་ལྟ་བཟོ་མི་ཤུལ་འདི་ ད་ལྟོ་བར་ན་ཡང་ ང་བཅས་ཀྱི་ མ་ཉམས་པར་ཡོད་ འ་ནི་ ཆོས་ལུགས་ཡང་ འདི་རང་འབད་དོ་ འདི་དེ་ འདི་རང་འབད་དོ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལུ་འདི་ ཆོས་ལུགས་འདི་བཟུམ་ ཆོས་ལུགས་ཡང་ ད་ལྟོ་ དེ་སྦེ་ཡང་ཡོད་ དེ་ལས་ ད་ལྟོ་ང་བཅས་རའི་ རྒྱལ་རྒྱུད་ལྷོདཔ་ད་ལུ་ འདི་ལས་མར་ ཁོ་ནཱ་ རྣམ་རྒྱས་ར་ཟ་ཟེར་མི་ ནཱ་ལུ་ བསམ་པའི་མཐོ་ལུ་བཞིངས་ཕེབས་སྟེ་ ནཱ་ལྷོད་དེ་ ཤི་སྟེ་ ཤི་ནུག་ ཤི་སོང་ཞིནམ་ལས་ ཤུལ་ལས་ ང་བཅས་རའི་ ཡར་ རྣམ་རྒྱས་ར་ཟ་ བཤགས་ཚར་ཞིནམ་ལས་མར་ལྟ་ ནཱ་ལུ་དྲུང་པ་ཚུ་གིས་ ནཱ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཁོ་ བཤགས་ཚར་ཞིནམ་ལས་འདི་ ང་བཅས་རའི་ དམ་བླ་མ་ཟེར་མི་དང་ སྒོ་བླ་མ་ཟེར་མི་ ད་ ཕར་ལས་ འ་ནི་ ཕར་ སྒོམ་དར་ཟེར་ས་ལས་ འདི་ལས་མར་ཞུ་སྟེ་ ནཱ་ མཆོད་རྟེན་ཚུ་ཡང་བཞེངས་སྟེ་ མཆོད་རྟེན་ བཀའ་དམ་མཆོད་རྟེན་ དམ་མཆོད་རྟེན་ བཀའ་དམ་མཆོད་རྟེན་ཚུ་ལེ་ཤཱ་ བརྒྱད་ ནཱ་ལུ་ ཁོ་གིས་གནང་སྟེ་ དམ་མཆོད་རྟེན།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ ང་བཅས་རའི་ ནོར་བུ་སྒང་ས་ལུ་ དེ་སྦེ་འབད་ནི་ འབདཝ་ད་ ང་ ཧེ་མ་ ནཱ་ལུ་ཆོས་ལུགས་འདི་ གནམ་མེད་ས་མེད་ དམར་མཆོད་འཕུལ་བའི་ འ་ནི་ཤ་ཁྲག་འཕུལ་བའི་ལུགས་སྲོལ་ཡོདཔ་ལས་ དེ་ལས་ བླ་མ་སྒོ་ཟམ་ཟེར་མི་འབྱོན་ཏེ་ རྣམ་རྒྱས་ར་ཟ་བཤགས་ཞིནམ་ལས་ བླ་མ་སྒོ་ཟབ་ཟེར་མི་ཞུ་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ནཱ་ལུ་ ཤ་ཁྲག་གི་འདི་ བོག་རྒྱུ་(?)དམ་འདི་ཚུ་ག་ར་ བཅད་ཞིནམ་ལས་ ད་ལྟོ་བར་ན་ཡང་ ཤ་ཁྲག་འདི་མེད་ ང་བཅས་རའི་ཆོས་ལུགས་ ལེགས་ཤོམ་སྦེ་འབད་དགོ་པའི་རྒྱུ་མཚན་ཡང་ འདི་ལས་མར་བཅད་དེ་ཨིན་མས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    འདི་ལས་མར་ རིམ་པ་རིམ་པ་འོང་སྟེ་ མཆོད་རྟེན་བཞེངས་སྟེ་ དེ་ལས་ བླ་མ་ཚུ་ཡང་ ལེ་ཤཱ་ལེ་ཤཱ་ ཁོང་ ཤུལ་ལས་ དེ་འབདཝ་ད་ བླ་མ་ལེ་ཤཱ་འབྱོན་ཞིནམ་ལས་མར་ ང་བཅས་རའི་ནཱ་ལུ་ དེ་ལས་འདི་ ཤུལ་ལས་ཟེརཝ་ད་ ཧེ་མ་ཧེ་མ་ ད་ འ་ནི་ ཡོད་མིའི་ཅ་ལག་ཚུ་ཡང་ བླ་མ་ རྣམ་རྒྱས་ར་ཟ་བཤགས་ཞིནམ་ལས་མར་ལྟ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ ནཱ་ ནག་ཚང་གི་ སྐུ་ཚུ་ཡོདཔ་ལས་ ད་ སྐུའི་རིགས་སུ་འབྱོར་པ་ཚུ་ ད་ འདིའི་ ཐང་སྐུ་ཚུ་ཡང་ དང་ཕུའི་ གེ་ཆེན་གྱི་ ཐང་སྐུ་ ལེགས་ཤོམ་གཙང་ཙ་ གསེར་ཡིག་གི་ ཡིག་གེ་གཙང་ཙ་སྡོདཔ་ལས་ ཤུལ་ལས་ཟེརཝ་ད་ བདག་འཛིན་འབད་མི་མེད་པར་ ད་ ནཱ་ལུ་ ང་བཅས་རའི་ ནག་ཚང་ཡང་ ཨ་ཙི་ཅིག་ ཡལ་ ཡལ་འགྱོ་སྟེ་ དེ་ལས་ འ་ནཱ་ལས་ བདག་འཛིན་འབད་མི་མེད་ལས་ འ་ནི་ཚུ་ག་ར་ གསེར་ཡིག་ཚུ་ཡང་ས་ལུ་བུད་དེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    གསེར་གྱི་ ཨོ་རྒྱན་ནོར་ལྷའི་ གསེར་ཡིག་གཅིག་སྡོད་ནུག་ཧེ་མའི་ འདི་ཚུ་ག་ར་ ས་ཁར་བུད་སོང་སྟེ་ ཐང་སྐུ་ཚུ་ཡང་ བུད་ཡི་ ག་ཅི་ཡང་མེདཔ་སོང་ཡི་ འདི་ལས་མར་ ཤུལ་ལས་ཟེརཝ་ད་ ད་ འདི་ལས་མར་ ཁོང་ ནཱ་ ང་བཅས་ཚུ་ ནཱ་ མི་སེར་མང་འཛོམས་སྟེ་ ཁོ་ ཡར་ བར་མཚམས་བླ་མ་གིས་ ནཱ་ འབྱོན་ཏེ་ ཞབས་ཀྱི་བཅག་སྟེ་ ལྷ་ཁང་གཅིག་ བཞེངས་དགོ་ཟེར།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་ ལྷ་ཁང་གཅིག་བཞེངསམ་ཨིན་ཟེར་ ང་བཅས་ མི་སེར་ཡོངས་ཆེན་བཞི་ལུ་ ད་ འཛོམས་སྟེ་ ལྷ་ཁང་གཅིག་ བཞེངས་སྟེ་ ད་ སྐུ་འདི་ ཡར་ ད་ལྟོའི་ སྒོ་གསར་པ་ ཆོས་སློང་སྤྲུལ་གསུམ་གྱི་སྐུ་འདི་ ཡར་ བདེ་ཆེན་གླིང་ལུ་བཞེངས་སྟེ་ ང་བཅས་འ་ནི་མི་སེར་སྒོམ་ཆེན་ ང་བཅས་ལྔ་གིས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཟླཝ་དྲུག་སྡོད་ཞིནམ་ལས་ སྐུ་ཡང་ ནཱ་ལུ་ཞུ་འབག་འོང་སྟེ་ དེ་ལས་ ད་རུང་ ང་བཅས་རའི་ གཡུས་ གཡུས་ཚན་བཞི་གི་ ལྷ་ཁང་ཡང་ མ་ཉམས་པར་སྦེ་ ནཱ་ལུ་བཟོ་སྟེ་ ད་ལྟོ་ནཱ་ལུ་ ད་ལྟོ་ ཡར་སྔོ་ རྟེན་འབྲལ་ཚེས་བཅུ་ཞག་གསུམ་དང་ རྙུང་ནས་ ཟླཝ་དང་པ་ ཆོས་འཕྲུལ་ཟླ་ཝ་ལུ་ ཞག་གསུམ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཟླཝ་བརྒྱད་པ་ལུ་ རྟེན་འབྲལ་ཚེས་བཅུ་ ཟླཝ་བརྒྱད་པའི་ཚེས་བཅུ་ ཞག་གཅིག་སྦེ་མི་ ད་ལྟོ་ མ་ཉམས་པར་སྦེ་འབད་དེ་ ད་ལྟོ་བར་ན་ཡང་ འ་ནི་ག་ར་ ང་བཅས་རའི་ འ་ནཱ་ གཞུང་དང་མི་སེར་གྱི་ བར་ན་ ཞབས་ཏོག་ཞུ་སྟེ་ ང་བཅས་རའི་ དང་ཕུའི་ ལུགས་སྲོལ་ཡང་ མ་ཉམས་པར།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དང་ཕུའི་ལུགས་སྲོལ་ཚུ་ཡང་ ཉམས་འགྱོ་ནི་འབད་མི་ཚུ་ཡང་ མ་ཉམས་པར་སྡོད་དེ་ ད་ལྟོའི་བར་ན་ལྷོདཔ་ད་ ད་རུང་ ང་བཅས་རའི་ ད་ལྟོ་ ནཱ་ལུ་ ད་ གོ་དང་པ་རང་ བར་མཚམས་བླ་མ་འབྱོན་ཏེ་ བླ་མ་རིན་ཆེན་ཟེར་མི་ཡང་ ནཱ་ལུ་ཕེབས་སྟེ་ འབྱོན་ཏེ་འོང་སྟེ་ འདི་ལས་ གཡུས་ ང་བཅས་རའི་ སྐྱབས་རྗེ་དུང་སྲིད་རིན་པོ་ཆེ་ཡང་ ངང་ལམ་ཚུན་ཚེད་འཕེབ་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ ད་རེས་ཟེརཝ་ད་ རྫོང་གསར་མཁྱེན་རྩེ་ འབྱམས་དབྱངས་མཁྱེན་རྩེ་ཡང་ ནཱ་ལུ་ འབྱོན་ཏེ་ ང་བཅས་ཚུ་གིས་ཞུཝ་འབདཝ་ལས་ ད་ ང་བཅས་རའི་ ཆོས་ལུགས་ཡང་ ད་ལྟོ་ གནམ་མེད་ས་མེད་ དར་ཏེ་ ད་ལྟོ་ དགོན་སྡེ་ཡང་བཙུགས་སྟེ་ ད་ལྟོ་བར་ན་ ང་བཅས་རའི་སྒོམ་ཆེན་ བཤད་གྲྭ་ཡང་ ནཱ་ལུ་བཙུགས་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    སྒོམ་ཆེན་སུམ་བཅུ་དེམ་ཅི་བཙུགས་སྟེ་ ད་ལས་ཕར་ ད་ལྟོ་ འབྲུག་མངའ་བདག་རྒྱལ་པོའི་ ཞབས་ཏོག་འདི་ ལེགས་ཤོམ་སྦེ་ཞུ་སྟེ་ སྐུ་ཚེ་བར་ཆད་མི་འོང་ནི་གི་ འབངས་མི་སེར་དང་ ང་བཅས་མི་སེར་ཡོངས་ཀྱི་ མཐའ་དོན་འདི་ ལེགས་ཤོམ་འོང་ནི་གི་ རེ་བ་སྨོན་ལམ་བཏབ་ནི་དང་ ཆོས་མང་ ཁ་ཐོག་ལས་ཡང་ ལེགས་ཤོམ་སྦེ་ ཡབ་ཀྱི་ཡང་ གནམ་མེད་ས་མེད་ སྐྱིད་སྡུག་གཟིགས་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    གཞུང་གི་ཡང་ ལེགས་ཤོམ་སྦེ་གཟིགསཔ་ལས་ འབདཝ་ལས་ ད་ལྟོའི་བར་ན་ ག་ར་ མ་ཉམས་པར་ ང་བཅས་ ནཱ་ སྒྲིང་སྒྲིག་སྦེ་སྡོད་དེ་ཡོད་ཟེར་ཞུ་ནི་ཨིན་ལགས་དེ་སྦེ།