Video Overview
རྩི་རང་རི་གསེར་བུ་ལས་ ལ་ཆུ་མཱན་ཐ་པ་གིས་བཤད་མི་ནང་ ནེ་པ་ལི་གི་ནང་ལུ་ཡང་ རིགས་ལེ་ཤ་འདུག རིགས་ལེ་ཤ་ཡོད་པའི་ནང་ལས་ རའེ་ཟེར་མི་རིགས་ཅིག་འདུག རའེ་འདི་ ཧེ་མ་ ག་དེ་སྦེ་བྱུང་བྱུངམ་ཨིན་ན་ འཛམ་གླིང་ནང་ལུ་ག་དེ་སྦེ་ཆགས་ཆགསཔ་ཨིན་ན་གི་སྐོར་ལས་བཤདཔ་ཨིན་མས། དེ་ཡང་ ཧེ་མ་ བུམོ་གཅིག་སྡོད་སྡོདཔ་མས། བུམོ་འདི་ཚར་ཅིག་ ཨ་ལོ་ཆགས་སྦེ་ ཨ་ལོ་བུམོ་གཅིག་སྐྱེས་ནུག འ་ནི་ཨ་ལོ་བུམོ་འདི་གིས་ཡང་ ཨ་ལོ་ཅིག་དགོ་པས་ ཁྱོད་ཀྱིས་ང་ག་དེ་སྦེ་སྐྱེས་སྐྱེསཝ་སྨོ་ ཟེར་ཨའི་ལུ་དྲིཝ་ད་ ཨའི་གིས་ ང་ཡང་ཨ་ལོ་དགོ་པས་ཟེར་ ཚར་ཅིག་རླུང་མ་བཟེད་སྡོདཔ་ད་ ཨ་ལོ་ཆགས་ནུག ཟེར་སླབ་སྦེ་ བུམོ་གིས་ཡང་ དེ་སྦེ་འབད་འབདཝ་མས། དེ་སྦེ་ ཨའི་གིས་སླབ་དོ་བཟུམ་འབདཝ་ད་ ཨ་ལོ་ཆགས་མ་བཏུབ་ཞིནམ་ལས་ མོ་གི་དོན་ལུ་ རྨགཔ་གནམ་ཁའི་སྐརམ་ཅིག་འཚོལ་བར་བཏང་བཏངམ་མས། རྨགཔ་འཚོལ་བར་བཏངམ་ད་ གནམ་ཁའི་སྐརམ་ བཟོ་ཉེས་སུ་ཅིག་ཡོདཔ་ལས་ མིང་དགོ་ཟེར་ ལོག་བདའ་བཏང་ནུག དེ་ལས་ ཙིགཔ་ཟ་སྟེ་ལོག་འགྱོཝ་སྦེ་ ཉིམ་ཤུགས་འབད་ཤར་ ས་ཆུ་ག་ར་སྐམས་ཏེ་ ཆུ་འཐུང་ནི་མེད་པར་ ཁ་སྐོམ་སྟེ་ཤི་ནི་བཟུམ་འབདཝ་ད་ གནམ་མཁའི་སྐརམ་ཙིགཔ་ཟ་སྟེ་འགྱོ་མི་འདི་གིས་ ཤིང་ཅིག་ལུ་ཆུ་བཏང་བཞག་མི་འདི་མཐོང་སྦེ་ འ་ནི་ཆུ་འདི་བུམོ་འདི་ལུ་བྱིནམ་ཅིག་ བུམོ་འདི་དྲགཔ་མ་ཚད་ ཕོཝ་ནང་ཨ་ལོ་ཆགས་ཏེ་ཟླཝ་ཚངམ་ད་ ཨ་ལོ་སྐྱེས་ཡི་ ཟེར་ཨིན་མས། འ་ནི་འདི་ ད་རེས་ནངས་པའི་ རའེ་འདི་ཨིན་ ཟེར་བཤདཔ་ཨིན་པས།
The Lhotshampa people are an ethnic group of Nepalese ancestry in Bhutan. Their caste system is still intact today, hierarchically classifying several hereditary groups. In this video, Lachuman Tahapa from Riserboo in Tsirang gives an account of the origins of the Rai caste of the Lhotshampa. A woman conceived a baby girl, and gave birth to it. After she grew up, the daughter told her mother that she also wanted a daughter. She asked her mother how to become pregnant, and received instructions. The daughter did as she was told, but it soon became obvious that she would not become pregnant in that way. They went searching for a star to be the husband of the daughter. They met an ugly star, but they did not accept him as a husband. They felt frustrated, and decided to go back. On their way home, they reached a place where everything had been dried up from heat. There was no water to drink, and the daughter was so thirsty that she was on the verge of dying. But then, they saw the place where the ugly star had peed, and the daughter drank the star pee. The moment she drank it, she was back to normal and conceived a baby. With that baby the Rai caste originated.
- ལ་ཆུ་མཱན་ཐཱ་པ Lachuman Thapaམི་ཡང་མིནའདུག་ལོ་ ཏེ་དེ་བསྒང་ བུམོ་ཅིག་སྐྱེས་ནུག་ལོ། འ་ནཱི་དེ་ ད་རེས་ ང་བཅས་ཀྱིས་ རཱའི་ཟེར་སླབ་ཨིན། འདི་ག་དེ་སྦེ་ བྱུང་ག་ཟེར་བ་ཅིན་ གནམ་འདི་ཨཔ་དང་ འཛམ་གླིང་འདི་ཨའི་ཨིན་ལོ། དེ་ལས་ ཉིནམ་ཅིག་ ཁོ་གཉིས་གཅིག་ཁར་ཁ་ཐུག་རྐྱབ་ལས་ བུམོ་འདི་ ཨ་ལོ་སྐྱེས་ནི་འབད་ཆེཔ་མས།There was nobody, during the time a girl was born. Today they are called Rai. The way this happened was with the father Sky and the mother Earth. One day the two met and the earth conceived.
- ལ་ཆུ་མཱན་ཐཱ་པ Lachuman Thapaདེ་ལས་ བུམོ་འདི་ ཟླཝ་ཚངམ་ཅིག་ ཨ་ལོ་སྐྱེས་ནུག། འཛམ་གླིང་འདི་ནང་ མོ་རང་རྐྱངམ་གཅིག་ར་འབད་རུང་ མོ་སྦོམ་ཡར་སོང་ནུག། དེ་ལས་ བུམོ་དེ་གིས་ ང་ལུ་ཡང་ ཨ་ལོ་ཅིག་དགོ་འབད་ཟེར་མནོ་བསམ་བཏང་ནུག། དེ་འབདཝ་ད་ ཨ་ལོ་ག་དེ་སྦེ་བཟོ་ནི་ ཨ་པ་མིན་འདུག་ཟེར་མནོ་བསམ་བཏང་བཏང་མས།When the time came, the child was born. Even though she was the only one in the world she managed to grow big. She thought that maybe it was time for her to have her own child as well. But how would she possibly do so without a man, she thought.
- ལ་ཆུ་མཱན་ཐཱ་པ Lachuman Thapaདེ་ལས་ བུམོ་དེ་གིས་ ཨའི་ལུ་ ང་ག་དེ་འབད་སྐྱེས་ཡི། ཨ་པ་ག་ཏེ་ཡོད་ཟེརཝ་ད། ཨ་པ་རླུང་ཨིན་ཟེརཝ་ད་ རླུང་གིས་ ག་དེ་སྦེ་ ཨ་པ་འབད་ཡི་ཟེར་ སླབ་ནུག། ང་ཉིནམ་ཅིག་ ཟླ་ཁྲག་འོང་སྦེ་ ཨ་ལོ་དགོ་ནི་གི་བསམ་པ་སྦོམ་སྦེ་ཡོདཔ་ལས་། རླུང་འོང་སར་ བགོ་ལ་ཤུབ་འབད་སྡོད་ཅིག། དེ་ལས་ རླུང་འདི་ཕོཝ་ནང་འཛུལ་ཏེ་ ཁྱོད་སྐྱེས་ཡི་ཟེར་ རྐྱངམ་ཅིག་སླབ་ནུག།Then the girl asked her mother, “How was I born and where is my father?” The mother replied, “One day when I was on my period, I wished to have a child so I took off my clothes and stood where the wind blew. The wind entered my stomach and you were born”. That was the only explanation her mother (earth) gave her.
- ལ་ཆུ་མཱན་ཐཱ་པ Lachuman Thapaདེ་ལས་ མོའི་སེམས་ཁར་ ཨའི་གིས་ ང་དེ་སྦེ་སྐྱེས་ནུག། ད་ང་གིས་ ག་དེ་སྦེ་སྐྱེས་ནི་ན་ མནོ་སྦེ་ཨའི་གིས་ སླབ་དོ་བཟུམ་སྦེ་ར་འབད་ནུག། དེ་འབདཝ་ད་ རླུང་འོང་མ་བཏུབ་ལས་ ཨའི་ལུ་ འདྲི་ནུག། རླུང་འདི་ང་འབད་སར་ མི་འོང་འབད་ཟེརཝ་ད། རླུང་འདི་ ཨ་པ་ཨིན། ཁྱོད་དང་ཅིག་ཁར་ ག་དེ་སྦེ་ལུས་འབྲེལ་འབད་ནི་ཟེར་ སླབ་ད་ མོ་སེམས་མ་དགའ་བས། ད་ང་ག་ལུ་ ཨ་ལོའི་ཨ་པ་འབད་བཅུག་ནི་ ཨ་ལོ་འདི་དགོ་ཟེར་མནོ་ནུགThe girl thought about what her mother said and did the same. However, when she tried to do so the wind refused to come to her. She told her mother, “The wind refuses to come towards me”. The mother replied, “The wind is your father, why would he have sex with you”. The girl was not happy to hear that. She was now confused as to who her child’s father should be as she really wanted a child.
- ལ་ཆུ་མཱན་ཐཱ་པ Lachuman Thapaདེ་ལས་ གནམ་ཁ་བལྟཝ་ད་ སྐརམ་ལེགས་ཤོམ་ཅིག་མཐོང་ནུག དེ་ལས་ མོ་གིས་ ཆ་རོགས་བྱ་འདི་ཚུ་ལུ་ སྐརམ་འདི་འབག་ཤོག་ ང་ཁོ་དང་ གཉེན་རྐྱབ་ནི་ཨིན་ཟེར་བཏངམ་ད། ཁོ་ཡང་ མ་ལྷོདཔ་ལས་ སྐརམ་འདི་ ལ་བརྒལ་སོང་ནུག། དེ་ལས་ འདིའི་སྦོ་ལོགས་ཁར་ སྐརམ་སོས་སོ་གཅིག་འོང་ནུག དེ་ལས་ བྱ་ཚུ་གིས་ ང་བཅས་ཁྱོད་འབད་སར་འོང་ཡི། མར་མི་ཡུལ་ལས་ ཁྱོད་འཁྱིད་ཤོག་ལོ་ གཉེན་རྐྱབ་ནིའི་དོན་ལུ་ཟེརཝ་ད།Then when she looked up she saw a good looking star. She called her bird friends and told them “ bring me that star, I want to marry him” and sent them. The star also refused to come and went across the mountains. Then there came another star so the birds told him “we are here to get you to bring you down to the human world for marriage”.
- ལ་ཆུ་མཱན་ཐཱ་པ Lachuman Thapaང་འཇའ་རིམ་མེད། ཨོལ་ལྐོག་ཁར་ལྦཝ་ཡང་ཡོད། མོ་གིས་ ང་ལུ་མི་དགའ་ཟེར་ སླབ་རུང་ བྱ་འདི་ཚུ་གིས་ ད་ག་དེ་སྦེ་རུང་ ང་བཅས་ཀྱིས་ རྒྱུ་ཅ་ལ་ལེན་ཚར་ཡི་ འགྱོ་དགོ་ཟེར་ བཞག་ར་མ་བཏུབ་པ་འཁྱིད་སོང་ནུག དེ་ལས་ བུམོ་དེ་འབད་སར་ལྷོད་ད་ མོ་གིས་བལྟ་བལྟཝ་མས། ཁོ་ལེགས་ཤོམ་མི་འདུ། ལེགས་ཤོམ་འདི་ ག་ཏེ་ཡར་སོང་ཡི་ ང་མི་སྡོད་ལོག་སོང་ཟེར་བཏང་ད་ནུགThe star replied, “I am not good looking. I even have a goiter on my neck”. Even though the star said that the girl would not like him the birds insisted and said “Whatever it is, we have already taken ransom for this work so you have to come with us” the birds were very persistent and the star ended up going with them. When they reached the girl she said “This is not the star I looked at, he is not good looking, where is the good looking star? ”. So she sent back the ugly star.
- ལ་ཆུ་མཱན་ཐཱ་པ Lachuman Thapaདེ་ལས་ ཁོ་རྩིགཔ་བཟའ་སྟེ་ ཡང་སོང་ནུག། མོ་འབོ་ཟེར་མི་མེད་པ་འབོ་ཟེར་མནོ་སྟེ། དེ་ལས་ ཁོ་རྩིགཔ་བཟའ་སྟེ་ ལོག་སང་སྦེ་ མོ་ལུ་ ལན་མཇལ་དགོ་པས་ཟེར་ མནོ་བསམ་བཏང་ནུག། ཏེ་ཁོ་ལུ་ ནུས་སྟོབས་ཡོདཔ་ལས་ ཉིམ་ཤརཝ་ཤར་ས་ ཤིང་ཆུ་གེ་ར་སྐམ་སོང་ནུག། དེ་ལས་ ག་ར་བཟའ་ནི་མ་ཐོབ་པར་ ཁ་སྐོམ་ནི་འགོ་བཙུགས་ནུག། དེ་ལས་ བུམོ་དེ་ དྲན་མེད་ཡར་སོང་ནུག།The ugly star got mad and left immediately. He thought to himself that firstly they called the wrong person and then when he did decide to go he was treated badly. This made the ugly star mad and thought that he should take revenge. Since he had the power to do so he let the sun shine on forever and this made the trees and water dry up. Everyone found nothing to eat and grew thirsty. The girl eventually fainted.
- ལ་ཆུ་མཱན་ཐཱ་པ Lachuman Thapaཏེ་ཁོ་འགྱོཝ་ད་ ལམ་ཁར་ཤིང་གི་དོང་ནང་ ཆུ་བཏང་བཞག་བཞགཔ་མས་ སྐརམ་དེ་གིས། དེ་ལས་ བུམོ་དེ་ཤི་ནི་འབདཝ་ད་ ཁོ་གི་ ཆུ་དེ་མཐོང་སྟེ་ ཆ་རོགས་ཚུ་གིས་ ཤིང་གི་འདབ་མ་ནང་ དབོག་འབག་སྦེ་བྱིནམ་ད་ མོ་དྲག་སོང་ནུག། མོ་ཆུ་དེ་གིས་ ཕན་ཐོབ་ལས་ འ་ནཱི་ ཆུ་དེ་གིས་ ཨ་ལོ་ཆགས་ཆགསཔ་མས།The ugly star peed on the trees face on his way out. Then the girl was about to die. He saw water and her friends took some water on a leaf to her, which made her heal. She healed from the water and also conceived from it.
- ལ་ཆུ་མཱན་ཐཱ་པ Lachuman Thapaདེ་ལས་ ཨ་ལོ་སྐྱེས་ནི་ འགོ་བཙུགས་ནུག། ཁོ་རྩིགཔ་བཟའ་ཡོད་ལས་ ཧེ་མ་ར་གཙང་གི་རིགས་འདི་ཚུ་སྐྱེས། དེ་ལས་ སྤྱ་ དོམ་ གཟིགས་ སེམས་ཅན་དྲུག་དེ་ཅིག་སྐྱེས་བའི་ཤུལ་ལས་ མི་ཅིག་སྐྱེས་ནུག། འ་ནཱེ་ལུ་ རཱའི་ཟེར་ སླབ་ཨིན། དེ་ལས་ ཁོ་གིས་སྦེ་ འཛམ་གླིང་འགོ་བཙུགས་ནུག།Then she started to give birth. The star was angry and firstly, he created a variety of thorns. Then, he created a monkey, a bear, a leopard…about six different animals. After which, a human was born. He was called Rai.and he created the universe.
- ལ་ཆུ་མཱན་ཐཱ་པ Lachuman Thapaཏེ་ད་རེས་ནངས་པ་ཡང་ རཱའི་འདི་ཚུ་གིས་ ཚལ་མ་ནང་མི་འདྲོག། ཁོང་གིས་ ཚལ་མ་ནང་འགྱོ་སྟེ་ ཤ་བདའཝ་ཨིན། ཧེ་མ་རཱའི་འདི་ཚུ་ འ་ནཱེ་སྦེ་བྱུངའི་ལོ་ཟེར་ ང་གིས་ ལོ་རྒྱུས་གོ་མི་འདི་ སླབ་ཨིན།To this day the Rai’s do not fear the jungle. They go to the forest to hunt for meat. This was how the Rai’s came about and I have told you what I have heard.