Skip to main content Skip to search
19 Jul 2018
7 min 1 sec
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho has learned about constructing stupas and putting relics in statues for three years in Dehradun, India. These practices have been in our country since olden days, but has become much more sophisticated nowadays. When they put relics inside statues, first a piece of wood is placed vertically inside the stupa. There will also be rosaries for mantras placed inside, placed to correspond with beads at body, speech and mind positions. They made stupas and put relics inside statues to order from customers, collecting revenue to build Zangdopelri in Mongar Dzongkhag.

སྐུ་བཟོ་ནི་འདི་ཁོ་གིས་ རྒྱ་གར་ད་ར་དུན་ལུ་འབད་ ལོ་གསུམ་གྱི་རིན་ལུ་ལྷབ་ནུག། དེ་འབདཝ་ད་ སྐུ་བཞེངས་ནི་དང་ སྐུའི་ནང་རྟེན་བར འབྲུག་རྒྱལ་ཁབ་ནང་ལུ་ དང་ཕུག་ལས་རང་ ཡོདཔ་ཨིན་མས། སྐུ་བཞེངས་ནི་འདི་ ཧེ་མ་དང་ཕྱེདཔ་ད་ ད་རེས་ནང་པ་ གོང་འཕེལ་འགྱོ་དོ་ཡོདཔ་ ཨིན་མས། དུས་ཀྱི་འགྱུར་བ་དང་འཁྲིལཝ་ད་ སྐུ་བཞེངས་ནི་འདི་ཡང་ འཇམ་མས་ཟེར་ཨིན་མས། ཏེ་དང་ཕུག་འབད་བ་ཅིན་ སྐུ་བཞེངས་ནིའི་ཅ་ཆས་འདི་ཚུ་ ཡང་འཐོབ་ནི་ལུ་ ལ་ཁག་ཡོད་པའི་ཁར་ བཞེངས་ནི་འདི་ཡང་ ལ་ཁག་ཡོད་ཟེར་ ཨིན་མས། ནང་རྟེན་བརྩུགས་བའི་སྐབས་ལུ་ དེ་ལས་ སྐུའི་རིལ་བུ་ གསུངས་ཀྱི་རིལ་བུ་ དེ་ལས་ཐུགས་ཀྱི་རིལ་བུ་འབད་ དེ་ལས་ ཨོམ་མ་ནི་ པད་མའི་ཧུ་ཟེར་ སྦྱར་འདི་ ཡོདཔ་ཨིན་མས།ཧེ་མ་རང་ ང་བཅས་སྲོག་ཤིང་ལས་ གོ་བཙུགས་ཏེ་ འ་ནི་འདི་ ཧེ་མ་རང་  སྲོག་ཤིང་འ་ནི་བཟུམ་ བཟོ་དགོཔ་འབད་ ང་བཅས་ཀྱི་ དེ་ལས་འ་ནི་ཧཾ་ཡིག་འདི་ མགུ་ཏོག་མར་འབད་ དེ་ལས་ཨོཾ་ཨ་ཧཱུ་སོ་ཝ་ཧཱ་ཟེར་ཏེ་ འ་ནི་གསྲོག་ཤིང་དམར་བཟོ་དགོཔ་ཨིན་མས། དཔེར་ན་ འཇམ་དབྱངས་ལུ་ སོ་སོ་ཡོདཔ་ཨིནམ་དང་ དེ་ལས་དོ་རུ་ སྐུ་བརྟེན་སོ་སོ་ལུ་ ནང་བརྟེན་སོ་སོ་ཡོདཔ་ཨིན་མས།  སྐུ་འདི་ཚུ་ཡང་མི་འདི་ཚུ་གི་ཁོ་དད་དང་འཁྲིལ་འདི་འབད་  ཁོ་གི་ཡང་ བཞེངས་དོ་ཡོད་པ་མས། ཁོ་གིས་སྐུ་བཞེངས་འདི་ བཙོང་དགོ་མི་ དམིགས་ཡུལ་འདི་ཡང་ མོང་སྒར་བཟང་མདོག་དཔལ་རི་བཞེངས་ནི་དོན་ལུ་དང་ དེ་ལས་མོང་སྒར་བཀའ་རྡམ་ལུ་ སྒོམ་སྡེ་རྒྱུན་སྐྱོང་འབད་ནི་དོན་ལུ་ ཨིན་མས། 

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ལགས་སོ། ད་ཧེ་མ་ར་ ད་ང་བཅས་སྲོག་ཤིང་ལས་འགོ་བཙུགས་གེ་མས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ཧེ་མ་ར་ སྲོག་ཤིང་འ་ནཱི་བཟུམ་སྦེ་ བཟོ་དགོ་འབད་སྦ་ང་བཅས་ཀྱིས་ དེ་ལས་འ་ནཱི་འདི་ ཧཾ་ཡིག་འདི་མགུ་ཏོག་མར་སྦེ་ སྦེ་མར་འ་ནཱེ་སྦེ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ཨོཾ་ཨཱ་ཧཱུཾ་སརྦ་ཧཱ་ཟེར་ ཏེ་འ་ནཱི་སྲོག་ཤིང་དམརཔོ་བཟོ་དགོ་ཧེ་མ་ར་ འ་ནཱི་བཟུམ་སྦེ་ ནང་ན་འདི་དམརཔ་ོབཟོ་དགོ་སྲོག་ཤིང་ ཏེ་འ་ནཱི་ནང་འདི་ ཧཾ་ཡིག་མགུ་ཏོག་མར་བཏང་ཚརཝ་ད་ལུ་ ཨོཾ་འདི་མགུ་ཏོག་ཡར་རང་ཨིན།
  • ་Rinchen Phuntsho ཨོཾ་ཨཱ་ཧཱུཾ་སརྦ་ཧཱ་ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གསེས་ ཏེ་འ་ནཱི་ཨིན། རིན་ཆེན་ཕུན་ཚོགས
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་འ་ནཱི་འདི་ཚུ་ག་ར་ སྲོག་ཤིང་འ་ནཱི་བཟུམ་སྦེ་བཟོ་ དེ་ལས་དམརཔོ་བཟོ་ཚར་སྦེ་ ཏེ་འབྲི་སྦེ་བཞག་དགོ
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་འ་ནཱི་ འ་ནཱི་འདི་ཤར་ ཤར་གྱི་ཁ་གནོན་ ཏེ་འ་ནཱི་ལྷོ་ ཏེ་འ་ནཱི་ནུབ་ བྱང་གསེས་ འ་ནཱེ་སྦེ་ཕྱོགས་བཞི་ལུ་ཡོད།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་ནང་འདི་ ཏེ་ང་བཅས་ཀྱི་ འ་ནཱི་སྐུའི་རིལ་བུ་གསེས་ འ་ནཱི་སྐུའི་རིལ་བུ་དང་ འ་ནཱི་སྐུའི་རིལ་བུ་འདི་ འ་ནཱི་བཟུམ་འོང་སྦ་ ང་བཅས་ཀྱི་སྐུ་ནང་བཙུགས་ནིའི་སྐུའི་རིལ་བུ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ འ་ནཱི་དབུ་གཟུངས་དང་ སྐུའི་རིལ་བུ་གཅིག་ཁར་ར་ ཏེ་འ་ནཱི་ཡར་དབུ་ནང་ཨིན་ག་ར་ འ་ནཱི་བཙུགས་སྦེ ཏེ་འ་ནཱི་ ཏེ་འ་ནཱི་རིལ་བུ་འདི་ ཏེ་འ་ནཱི་ཕར་ཨོཾ་ནང་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཡར་ཨོཾ་ཐོག་ཁར་ལུ་བཞག་དགོ་ འ་ནཱེ་སྦེ་བཏང་ སྐུའི་རིལ་བུ་ དེ་ལས་ དབུ་གཟུངས་འ་ནཱི་གཉིས་འདི་ འ་ནཱི་གཅིག་ཁར་ འ་ནཱི་གདོང་ཁར་ལུ་འ་ནཱི་བཟུམ་སྦེ་ ཏེ་འ་ནཱི་འ་ནཱ་འ་ནཱ་ར་ཨིན་ ཁོང་གཉིས་ཆ་ར་འ་ནཱ་དབུ་གཟུངས་ དེ་ལས་སྐུའི་རིལ་བུ་གཉིས་འདི་འ་ནཱ་ར་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་འ་ནཱི་ནང་ མར་གསུང་གི་རིལ་བུ་འདི་ ཏེ་འ་ནཱི་ནང་ མགྲིན་པ་ནང་ཡིག་གུ་ཨ་ཅིག་ཡོད་སྦ་ ཡིག་གུ་ཨ་ཐོག་ཁར་ལུ་ ཏེ་འ་ནཱི་གསུང་གི་རིལ་བུ་དམརཔོ་འདི་ ཏེ་འ་ནཱི་འ་ནཱེ་འབད་དགོ
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ཐུགས་ཀྱི་རིལ་བུ་གསེས་ད་ ད་གསུང་གི་རིལ་བུ་འདི་ འ་ནཱི་བཟུམ་སྦེ་ཨིན་ དེ་ལས་འ་ནཱི་ཐུགས་ཀྱི་རིལ་བུ་གསེས་ འ་ནཱི་ཧོདམོ་སྦེ་འོང་སྦ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ང་བཅས་ཀྱི་ འ་ནཱི་འདི་ཧཱུཾ་ཡོད་ལགས་ནང་ན་ལྟེ་བ་ནང་ཧཱུཾ་ ཏེ་འ་ནཱ་ཧཱུཾ་ནང་ ཏེ་འ་ནཱེ་སྦེ་བཞག་དགོ་ང་བཅས་ཀྱིས་ དེ་ལས་སྦེ་ དེ་ལས་འ་ནཱི་ མར་བཙུགས་དགོ་སྦེ་ ཧེ་མ་ར་འ་ནཱ་སྐུ་གི་ འ་ནཱི་འདི་དབུ་གཟུངས་གསེས་ཏེ་ འ་ནཱ་དབུ་ལུ་ དེ་ལས་འ་ནཱི་འདི་ མགྲིན་གཟུངས་ཟེར་ཡོད་སྦ་ ཏེ་འ་ནཱི་མགྲིན་གཟུངས་འདི་ འ་ནཱི་དེ་ལས་འ་ནཱི་ཨིན།
  • རིན་ཆེན་ཕུན་ཚོགས Rinchen Phuntsho
    དེ་ལས་འ་ནཱི་འདི་ ཏེ་འ་ནཱི་འདི་ཐུགས་གཟུངས་ ཏེ་འ་ནཱི་ཐུགས་ འ་ནཱ་ཐུགས་ཁར་ནང་ ཏེ་འ་ནཱི་བཟུམ་སྦེ་བཙུགས་དགོ་ ང་བཅས་ཀྱིས་ ཏེ་འ་ནཱི་ཡེ་ཤེས་སེམས་པ་འདི་ ཕར་སྙིང་ནང་ ཏེ་འ་ནཱི་ཕར་ལྟེ་བ་ནང་ཡེ་ཤེས་སེམས་པ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཡེ་ཤེས་སེམས་པ་འདི་ འ་ནཱ་བཙུགས་དགོ་སྦ་ ཏེ་འ་ནཱི་ང་བཅས་འ་ནཱི་བཟུམ་ དེ་ལས་ དེ་ལས་འ་ནཱི་རང་གཟུངས་རེ་རེ་ཡོད་ ང་བཅས་ཀྱི་ ཏེ་གུ་རུ་འབད་བ་ཅིན་ བཛྲ་གུ་རུ་ཨིན་རང་གཟུངས་ སྟོན་པ་འབད་བ་ཅིན་ ཨོཾ་མ་ཧཱ་མུ་ཎི་ཟེར་ཏེ་འདི་ཡོད་ལགས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ ཏེ་རྗེ་བཙུན་སྒྲོལ་མ་འབད་བ་ཅིན་ ཨོཾ་ཏཱ་རེ་ཏུ་ཏཱ་རེ་ རང་གཟུངས་ འཇམ་དཔལ་དབྱངས་འབད་བ་ཅིན་འདི་ འ་ནཱི་འཇམ་དཔལ་དབྱངས་ཀྱི་གཟུངས་ ཨ་ར་པ་ཙ་ན་དྷཱི༔ འདི་ཨིན་ ཏེ་འ་ནཱི་བཟུམ་འབད་ཡོད་ དེ་ལས་རྡོར་སེམས་འབད་བ་ཅིན་ཡིག་བརྒྱ་ གཟུངས་འ་ནཱི་བཟུམ་སྦེ་ཡོད་ ག་རང་སྐུ་རང་གཟུངས་སོ་སོར་རེ་རེ་བཙུགས་དགོ་ ང་བཅས་ཀྱི་འ་ནཱ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ཏེ་ འ་ནཱི་སྐུ་གསུང་ཐུགས་ག་ར་ འ་ནཱེ་སྦེ་འབད་ཚར་ཡི། དེ་ལས་འ་ནཱི་གི་ ཏེ་འ་ནཱི་ག་ཅི་ལོ་ གཟུངས་ཆེན་སྡེ་ལྔ་ཟེར་ ད་རུང་ཁོ་ཡང་ ཧཱུཾ་ཡོད་ས་ལུ་ ཡིག་གུ་ཧཱུཾ་ཡོད་སར་ས་གི་ འ་ནཱ་བཙུགས་དགོ
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་འ་ནཱི་དབུ་གཟུངས་ སྤྱན་གཟུངས་ སྙན་གཟུངས་ བཤང་གཟུངས་ ཏེ་འ་ནཱི་བཟུམ་སྦེ་བཟོ་སྦེ་ དེ་ལས་ཏེ་ཆུང་ཀུ་འབད་བ་ཅིན་ཆུང་ཀུ་བཟོ་ སྦོམ་ཡོད་པ་ཅིན་ སྦོམ་འབད་ར་བཟོ་སྦེ་ ཏེ་འ་ནཱི་བཟུམ་སྦེ་བཙུགས་དགོ་ང་བཅས་ཀྱི་ འ་ནཱི་ནང་།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ ཨ་་་་་འ་ནཱི་མགྲིན་གཟུངས་ སྤུངས་གཟུངས་འ་ནཱི་སྤུང་གཟུངས་ ཏེ་སྐུ་སྟོད་སྐུ་སྨད་ཀྱི་གཟུངས་ དེ་ལས་འ་ནཱི་མར་ པདྨ་ནང་འདི་བཀྲིས་སྨན་ལམ་འདི་ཚུ་ རིག་ཕུར་ཟེར་ཡོད་སྦ་ འ་ནཱི་འདི་སྐུ་ག་ར་ནང་འགྱོ་འོང་ཁོ་འདི་ དེ་ལས་ འ་ནཱི་འདི་ ཁོ་གི་གཟུངས་ ང་བཅས་ཀྱིས་ཕུལཝ་ད་ལུ་ ཏེ་འ་ནཱི་འཁྲུག་འགྱོ་འོང་སྦ་ འ་ནཱི་ཁོ་གི་བཟོ་འོང་སྦ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་ཨིན་ཅི་མིན་ཅི་ར་དགོ་ ཕུལ་དགོ་ང་བཅས་ཀྱི་འ་ནཱ།
  • ་རྟེན་འབྲེལ་བཟང་པོ Tendrel Zangpo
    རིག་པ་ཕུར་རིལ་ཟེར་མི་འདི་ ག་ཏེ་ག་ཏེ་བཙུགས་དགོ་སྨོ་གསུངས་གནང་།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    རིག་པ་ཕུར་རིལ་འབད་བ་ཅིན་ མར་འ་ནཱི་ འ་ནཱི་པདྨ་འདུག་མས་ན་ མེ་ཏོག་འ་ནཱ་སྐུ་གི་འ་ནཱ་ འ་ནཱ་འ་ནཱ་བཙུགས་རུང་བཏུབ་ཁོ་ རིག་པ་ཕུར་རིལ་འདི་ ཡར་དབུ་ལུ་མེན་ མར་ཡང་མེན་ ཁོ་འ་ནང་སྦུག་ལུ་བཙུགས་བཞག་རུང་བཏུབ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ ང་བཅས་ཀྱི་ འ་ནཱ་སྤུངས་གཟུངས་ཟེར་མི་འདི་ ཏེ་འ་ནཱ་བཙུགས་དགོ་སྦ་ འ་ནཱ་སྤུང་གཟུངས་ཟེར་ དེ་ལས་འ་ནཱ་ལྟེ་བ་གི་གཟུངས་ཟེར་མི་འདི་ འ་ནཱ་བཙུགས་དགོ་ ང་བཅས་ར་འ་ནཱ་ དེ་ལས་འ་ནཱི་དཀྱིལ་ཀྲུང་གི་གཟུངས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་འ་ནང་དཔེ་གཟུངས་ཟེར་མི་འདི་བཀྲིས་སྨན་ལམ་འདི་ཚུ་ཨིན། ཆོས་འབྱུངམ་འདི་ཚུ་གི
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ངོ་མ་འདི་ འ་ནཱེ་ཅིག་ར་ཨིན་ཁོ་གི་སྐུ་ དེ་ལས་རང་གཟུངས་སོ་སོར་སོ་སོར་ དེ་ལས་སྐྱབས་གྲོ་སེམས་བསྐྱེད་འདི་ མར་བཀྲིས་སྨན་ལམ་ཚུན་ཚོད་འདི་ ག་ར་ཅོག་ར་གཅིག་སྡོད་འོང་ དེ་ལས་ང་བཅས་ཀྱི་འ་ནཱི་ག་ར་ཕུལ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ ཕར་འ་ནཱི་རླུང་རྟ་གི་ ད་འ་ནཱི་ཡང་བཙུགས་དོ་ ང་བཅས་ཀྱིས་ ཏེ་འ་ནཱི་འདི་ ང་བཅས་ཀྱིས་རྒྱུ་འབྱོར་པ་ཅན་གྱིས་ཏེ་ འ་ནཱི་བཟུམ་སྦེ་སྐུ་བསྒྲུབས་ དགེ་བ་སྒྲུབ་མི་འདི་ཚུ་ལུ་ རང་བསོད་ནམ་བསག་ནི་དོན་ལས་ དེ་ལས་རླུང་རྟ་འོང་ནི་དོན་ལས་ ཏེ་འ་ནཱི་རེ་རེ་ཡང་ བཙུགས་དོ་ང་བཅས་ཀྱིས་ ཚེ་དང་བསོད་ནམས་འཕེལ་ནི་གི་དོན་ལས་རླུང་རྟ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་འདི་རླུང་རྟ་ དེ་ལས་འ་ནཱི་ འ་ནཱི་ཡང་བསོད་ནམས་ ང་བཅས་ཡར་གོང་ནས་གོང་དུ་འཕེལ་ནི་གི་ སྐྱབས་རྫེ་བདུད་འཛོམས་ཀྱིས་མཛད་པའི་ བསོད་ནམས་ལག་འཁོར་གསེས་ ཏེ་འ་ནཱི་ཡང་བཙུགས་དོ་ང་བཅས་ཀྱིས་ དེ་ལས་ དེ་ལས་འ་ནཱི་ག་ར་བཙུགས་ཚརཝ་ད་ལུ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་ འ་ནཱི་ཕོ་འཁོར་ ཏེ་འ་ནཱི་འདི་འ་ནཱི་ཕོ་ཨིན་ འ་ནཱི་ཕོ་ དེ་ལས་འ་ནཱི་མོ་ཨིན་ ཏེ་དངོས་ཅན་ཏེ་ང་བཅས་ ཏེ་དངོས་མེད་ཤི་འདྲེ་གསོན་འདྲེ་ ཏེ་ས་བདག་ཀླུ་ག་ཅི་དོན་ལུ་ར་འབད་རུང་ འ་ནཱི་ཁ་གནོན་ཨིན་ ཏེ་འ་ནཱི་འདི་ ཕོ་འདི་ཡར་ལས་སྟེང་ ཡར་སྟེང་ཟེར་ཡར་ཐོག་ཁ་ལས་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    མོ་འདི་མར་ལས་བཞག་སྦེ་ མར་གཟུངས་ཕུལཝ་ཚརཝ་ད་ལུ་ དེ་ལས་ ང་བཅས་ཀྱིས་ རྡོ་རྗེ་བརྒྱ་དྲམ་ཟེར་ ཏེ་འ་ནཱི་ཕྱི་ཁར་ལས་ ཏེ་འ་ནཱི་མར་ མར་སྦྱར་བཞག་སྦེ་ དེ་ལས་རྫོགས་སོང་ཡི་ སྐུ་གཟུངས་ཀྱི་འདི་འ་ནཱེ་ཅིག་ར་ཨིན། སྐུ་གཟུངས་ཀྱི་སྐོར་ལས་འདི་འ་ནཱེམ་ཅིག་རང་ཨིན།