Skip to main content Skip to search
20 Jun 2018
1 min 45 sec
Video Overview
Creators: 
Sonam Chophel, Dawa Tshering

The custom of performing a purification ritual is widely practiced all over Bhutan. The ritual aims to cleanse all defilements during child birth; since there is a large amount of blood released from the body, the blood, considered defilement, is thought to have a great impact on self and community. Though the traditions associated with gifts differ from region to region, the purification ritual is similar all over the country since Bhutanese were bound with same religion. According to Tenzin, they had a tradition of taking the new born child out of house for the first time when people gather for the baby shower.  

ཨ་ལུ་སྐྱེས་བའི་སྐབས་སུ་དང་ གྲིབ་ག་ཅི་འབད་རུང་ དག་ནིའི་དོན་ལུ་ ལྷ་བསངས་བཏང་ནིའི་ལམ་་སྲོལ་འདི རྒྱལ་ཁབ་ནང་འཁོད་ལུ་ གནམ་མེད་ས་མེད་ རྒྱ་ཆེ་ཏོག་ཏོ་སྦེ་ར་བརྩིཝ་ཨིན། ཏེ་གཟུགས་ཁར་ལས་ ཁྲག་ལེ་ཤ་ཐོན་མི་འདི་ གྲིབ་ཨིནམ་དསྦེ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ གྲིབ་འདི་ལས་བརྟེན་ སྤྱི་བཏང་གཡུས་སྒོ་དང་ རང་ལུ་གནོད་པ་ཕོག་དོ་ཡོདཔ་ལས་ ལྷ་བསངས་བཏང་དགོཔ་ཨིན་པས། སྤྱི་བཏང་འཕྱོགམ་འབག་སྲོལ་འདི་ ལུང་ཕྱོགས་དང་ལུང་ཕྱོགས་ལུ་ རག་ལས་ནི་ཨིན་རུང་ ཆོས་ལུགས་འདི་ ག་ར་ཅོག་འཐད་ནི་འདི་གིས་ ལྷ་བསངས་བཏང་སྲོལ་འདི་ཡང་ ག་ར་ཅོག་ར་འཐདཔ་ཨིན། བསྟན་འཛིན་དང་འཁྲིལ་བ་ཅིན་ མི་ཚུ་གིས་ ཨ་ལུ་གསར་སྐྱེས་ལྟ་བ་འོངམ་ད་ ཁོང་གིས་ ཁྱིམ་ནང་ལས་ཕྱི་ཁར་བཏོན་པའི་ ལུགས་སྲོལ་ཅིག་ཡོད་ཟེར་མས། 

Transcript search
No results found for this search
0 of 0
  • བསྟན་འཛིན་
    འུམ་་་་ དེ་ལས་ང་བཅས་ར་གི་ནཱ་གཡུས་ཚན་ནང་ལུ་ང་བཅས་ར་གི་ཨ་ལོ་སྐྱེས་མི་འདི་ཚུ་རྨགཔ་ཡོད་དེ་སྦེ་འབད་དེ་འབད་བ་ཅིན་ ང་བཅས་ར་གི་ཁྱིམ་ནཱ་ ཨ་ལོ་དེ་ཡང་ལེགས་ཤོམ་སྦེ་ར་སྐྱེས་འ་ནི་བཟུམ་འབད་བ་ཅིན་འདི་
  • བསྟན་འཛིན་
    ང་བཅས་ར་གི་ཏེ་ལུགས་སྲོལ་འདི་ག་ཁྱབ་ཟེར་བ་ཅིན་ཨ་ལོ་འདི་ཡང་ལེགས་ཤོམ་སྦེ་སྐྱེས་དེ་ལས་ཞག་གསུམ་ལང་དོ་སྨ་རེད་ཟེར་བའི་བསྒང་ལས་ང་བཅས་ར་ ཏེ་གཟུགས་ཁ་ལས་ཁྲག་འཐོན་ནི་ཡོད་ནི་འདི་གིས་སྦེ་ དེ་གི་སྒྲིབ་ཡོདཔ་ལས་བརྟེན་ཏེ་གིས་གཟུགས་འཁྱུ།
  • བསྟན་འཛིན་
    ཞག་གསུམ་གྱི་ནང་ན་ལུ་དུམ་གྲ་ཅིག་དྲག་ཟེར་ཨ་ཙི་ཅིག་ཆད་ནི་ཡོད་ཟེར་ཏེ་གིས་སྦེ་རོགས་དེ་སྦེ་བརྩམས་ཏེ་གིས་འབད་བཞིན་ན་ལས་དེ་ལས་ང་བཅས་ར་གིས་དང་པ་ར་ལྷ་བསང་ཟེར་མི་འདི་བཏང་དེ་ལས་ང་བཅས་ར་ཁྲུས་གསོལ་ཟེར་མི་འདི་འབད་དེ་ལས་དེ་ནང་ལུ་གནས་བདག་གཞི་བདག་ལུ་གསེར་སྐྱེམས་ཅིག་ཕུལ།
  • བསྟན་འཛིན་
    ཏེ་དེ་འབད་འདི་གིས་སྦེ་དེ་ལས་ང་བཅས་ར་གི་ཨ་ལོ་འདི་ཡང་ཕྱི་ཁར་བཏོན་དགོ་པ་ཅིན་ང་བཅས་ར་ (ཕྱི་མ་ཁམས་གསུམ་?)འབག་སྟེ་སྦེ་དངམ་རྡོག་མ་འབག་གཉིས་པ་(ཕྱི་མ་ཁམས་གསུམ་?)འབག་དེའི་ཤུལ་ལས་ཨ་ལོ་འདི་འབག་
  • བསྟན་འཛིན་
    ཁོང་ཕུན་སུམ་ཚོགསཔ་སྟེ་གིས་ ཕར་ཕྱི་ཁར་ལས་ཕར་བཏོན་ང་བཅས་ཕྱི་ཁར་ཡང་བཏོན་ནི་ཡོད་མི་ཡང་འོང་ནི་ཡོད་འ་ནཱ་ལས་འགོ་བཙུགས་ཏེ་གིས་ཨའོ་ད་རིས་བསང་གཏང་དེས་སྨ་རེད་ང་བཅས་ར་ཨ་ལོ་འདི་ཡང་མི་ལུས་རིན་པོ་ཆེ་ཐོབ་ད་ནུག
  • བསྟན་འཛིན་
    ལེགས་པའི་གྲངས་སུ་ཨིན་རུང་ཟོག་པའི་གྲངས་སུ་ཨིན་རུང་ ང་བཅས་ཡང་འདི་ ཨ་ལོ་ཚར་གཅིག་བལྟ་བ་འགྱོ་གེ་མནོ་མི་ལུས་རིན་པོ་ཆེ་ཐོབ་པ་མི་ཡར་སོང་ཡར་ར་འགྱོ་ནི་ཨིན་ཟེར་ཏེ་གིས་སྦེ་ང་བཅས་ཁ་ལ་ཁར་ཁོང་ཚུ་ཡང་ཏེ་མར་དང་ཅོག་ར་གཅིག་པའི་གི་ལཱ་འདི་ནཱ་ལུ་ཡང་ཡོད་ཟེར་ཏེ་གིས་སྦེ་ ཞུ་ནི་ཨིན་ལགས།། །།