24 Aug 2018
14 min 45 sec
- ཚེ་དབང་ Tshewangང་བཅས་མཚོ་ཆེན་ལུ་ད་ འ་ནཱི་དཔོན་སློབ་གསུམ་འདུག་པ་དཀར་སྦྱིས་དཔོན་སློབ་སྟོད་པའི་དཔོན་སློབ་སྦྱིས་པའི་དཔོན་སློབ་ཟེར་ང་བཅས་མཚོ་ཆེན་ནང་ལུ་ དཔོན་སློབ་གསུམ་འདུགཏེ་ དྲུངཔ་འདི་ཏེ་ བར་བའི་དྲུངཔ་ལོ་ ནུབ་རི་དྲུངཔ་མར་ལས་མར་དགེ་བསྙེན་དྲུངཔ་ལོ་ཏེ་ འ་ནེ་སྦེ་བརྩི་ནི་འདུག
- ཚེ་དབང་ Tshewangད་ལྟོ་འ་ནཱི་ཕར་དེ་བསྒང་སྤུ་ན་སྒྲོམ་མཆོད་རྐྱབ་ད་ལུ་ཡང་འ་ནེ་སྦེ་འདུག་བ་ཏེ་ལགས་དཔོན་སློབ་ཆ་ཁྱབ་འདི་དཔོན་སློབ་འབད་འཐོན་ཏེ་ དེ་བསྒང་ཡུདཔ་ཅིག་ཁར་ལས་སྒྲོམ་མཆོད་རྐྱབ་ ད་ འ་ནེ་འབད་འཐོན་དཔོན་སློབ་མེད་མི་ཚུ་ཏེ་ ཡ་ལུ་ ཏེ་རྒཔོ་འདི་ཚུ་གི་འོང་ དེ་བསྒང་དེ་བསྒང་ ཏེ་ རྒཔོ་ཡང་ རྟར་གཞོན་ནི་མིན་འདུག་རོགས་དཔོན་སློབ་འབད་མི་ཚུ་རྟར་གཞོན་ཏེ་ གཟིམ་དཔོན་འདི་ཚུ་རྟ་ད་ གཟིམ་དཔོན་ཚུ་ ཏེ་དེ་བསྒང་ང་བཅས་ཀྱིས་ ཤེས་པའི་བསྒང་ལས་ང་གིས་གཟིམ་དཔོན་འདི་སྤུ་ན་ཁའི་སྒྲོམ་མཆོད་འདི་ལོ་སུམ་ཅུ་སོ་གཅིག་རྐྱབ་ཅི།
- ཚེ་དབང་ Tshewangའ་ནཱི་ཁར་ལུ་རྐྱབ་ད་དེ་བསྒང་ལས་ ཏེ་གཟིམ་དཔོན་ཚུ་ཡང་རྟར་གཞོན་དཔའ་མཛངསཔ་རྐྱངམ་གཅིག་མས་ད་ འ་ནཱ་གི་ཏེ་ ན་ཧིང་ང་ཚར་གཅིག་འགྱོ་ནི་འབད་ཡི་ན་ཧིང་མར་སྨད་ཝང་རྒཔོ་པ་ལུ་ དབའི་སྲོལ་འདི་ཉམས་དེས་ ད་ད་སྒྲོམ་མཆོད་གི་དེ་ཡང་མཚོ་ཆེན་བརྒྱད་པའི་གི་ སྲོལ་འདི་ཝང་མཚོ་ཆེན་བརྒྱད་ལུ་ཆོས་སྐྱོང་བརྒྱད་ཟེར་ཆོས་སྐྱོང་འོང་ མཚོ་ཆེན་བརྒྱད་ལུ་ བཙན་བདག་བརྒྱད་ཨིན་མས་བཙན་བདག་བརྒྱད་ལུ་ཆོས་སྐྱོང་བརྒྱད་ཟེར།
- ཚེ་དབང་ Tshewangཏེ་ བཙན་བདག་བརྒྱད་འབད་དགོ་མི་འདི་ དཀར་སྦྱིསཔ་མས་ཀ་ཝང་ཨིན་མས་ལྕང་ གསུམ་ དེ་ལས་སྟོདཔ་བཞི་བརཔ་ལྔ་དེ་ལས་ སྨད་ཝང་དྲུག་སྟོད་ཝང་བདུན་སྦྱིས་མི་བརྒྱད་བཙན་བདག་བརྒྱདཔ་འདི་ འ་ནེ་སྦེ་འདུག་ལགས་མཚོ་ཆེན་བརྒྱད་མིང་འཐོན་དགོ་མི་འདི་ འ་ནཱི་ཨིན་མས་ དེ་བསྒང་ཏེ་ གཞན་མཚོ་ཆེན་བརྒྱད་ཟེར་མིན་འདུག་བ་ འ་ནཱི་མཚོ་ཆེན་བརྒྱད་བརྩི་དགོ་མི་ཁུངས་འདི་ར་ཏེ་ འ་ནཱི་སྤུ་ན་སྒྲོམ་མཆོད་འདི་གིས་སྦེ་ འཐོན་དགོཔ་མས།
- ཚེ་དབང་ Tshewangསྤུ་ན་སྒྲོམ་མཆོད་དེ་ཡང་ཏེ་ མཚོ་བཞི་སྒོ་འོགམ་ལས་དང་ མཚོ་བཞི་སྒོ་གོངམ་ལས་སྦེ་འོང་རུང་འོང་ཡར་ལས་སོར་སྡེབ་ར་མེད་པར་འགྱོ་མི་འདི་ དཀར་སྦྱིས་པ་གི་གཅིག་ལྕང་གི་སྦྱིས་མི་པ་གི་གཉིས་ལྕང་གི་གསུམ་དེ་ལསན་ ཨ་་་་སྟོད་ཝང་སྨད་ཝང་སྐོར་རྒྱབ་ བཞི་ཡར་ལས་འཐོན་འོང་ལགས་བཞིཔ་འདི་མར་ལས་སོར་སྡེབ་རང་མེད་མི་འདི་ སྟོད་པ་གི་གཅིག་བརཔ་པ་གི་གཉིས་དཀར་ཝང་གི་གསུམ་སྟོད་ཝང་སྨད་ཝང་འདི་སྐོར་རྐྱབ་ལོ་གཅིག་ཡར་ལས།
- ཚེ་དབང་ Tshewangདོང་དཀར་བཙན་འདི་ལུ་ བཙན་བདག་གཉིས་འདུག་བ་ལགས་འ་ནཱི་འབད་ནི་འདི་གིས་ལོ་གཅིག་གཅིག་ཡར་ལས་འགྱོ་བ་ཅིན་ཏེ་ སྟོད་ཝང་སྨད་ཝང་འདི་འ་ནཱི་མས་ལོ་གཅིག་ཡར་ལས་འགྱོ་བ་ཅིན་ལོ་གཅིག་གཅིག་མར་ལས་འགྱོ་འབད་སྦེ་འ་ནེ་སྦེ་སྐོར་རྒྱབ་འབད་སྦེ་དང་ཕུ་ ཏེ་ལུགས་སྲོལ་འདི་ འ་ནཱི་མས་འ་ནཱ་ལུ་ང་གིས་ ཏེ་ལོ་སུམ་ཅུ་སོ་གཅིག་དེ་ཅིག་ཏེ་ སྒྲོམ་མཆོད་རྐྱབ་ནུག་ཟེར་ ཞུ་ནི་ཨིན་འ་ནཱ་ལུ།
- ཚེ་དབང་ Tshewangཏེ་ མཚོ་ཆེན་མཚོ་ཆེན་ཟེར་མཚོ་ཆེན་བརྒྱད་མིང་འཐོན་དགོ་མི་འདི་ཏེ་ རོགས་ཀྱིས་སླབ་དོ་བཟུམ་སྦེ་འབད་བ་ཅིན་ཏེ་ མཚོ་ཆེན་རྐྱབ་ཨ་་སྒྲོམ་མཆོད་རྐྱབ་དགོ་མི་འདི་ཡང་ཏེ་ ང་བཅས་ཀྱི་ ཞབས་དྲུང་བོད་ལས་འབྱོནམ་ད་ཏེ་ ཡར་ལས་མར་ལུ་སྡེཔ་གཙང་མ་གིས་ ཁོ་ལུང་བསྟན་འདི་ འབྲུག་ལུ་ཨིན་ཟེར་ཏེ་ འབྲུག་ལུ་འབྱོན་ནི་ཟེར་འབདཝ་ད་སྡེཔ་གཙང་མ་གིས་ཁྱོད་འབྲུག་ལུ་འབྱོན་དགོཔ་མེད་བོ་ཟེར་འ་ནེ་སྦེ་ ཏེ་བཀག་སྟེ་གིས་སྦེ་བཞག་པའི་གི་སྲོལ་འདུག
- ཚེ་དབང་ Tshewangའ་ནཱི་ལོ་རྒྱུས་སླབ་ད་ཏེ་ ཁོ་ཨིན་རུང་མེན་རུང་ལུང་བསྟན་འབྲུག་ལུ་ཨིན་ཟེར་ འབྲུག་ལུ་འགྱོ་ཏེ་ ཁྱོད་ར་མར་འབྱོན་རུང་བྱོན་ཏེ་ མར་འབྱོན་པ་ཅིན་ཁྱོད་རང་བྱུང་ཁ་སར་པ་ཎི་འདི་ ཁྱོད་ཀྱིས་ མར་ལུ་འབག་ནི་མེད་ཟེར་ཏེ་ ཡར་ལས་སྡེཔ་གཙང་མ་གིས་ ཁོ་ལག་པ་བཤེད་བཏང་མ་བཏུབ་འདྲས་བོ་ལགས།
- ཚེ་དབང་ Tshewangརང་བྱུང་ཁ་སར་པ་ཎི་འདི་ ནཱ་ལུ་བཞག་དགོ་ཏེ་ ཁྱོད་རའི་ཐད་ཁར་འདི་ ག་ཏེ་འགྱོ་རུང་འགྱོ་ཟེར་ འབདཝ་ད་ཁོ་ ལྷོ་ལུང་པའི་ངག་དབང་རྣམ་རྒྱལ་ཨིན་ཟེརཝ་མ་གཏོགས་ཏེ་ འདི་ཁོ་གི་ཁོ་ཁ་ཐུག་ལས་ལྷོ་ལུང་པའི་ངག་དབང་རྣམ་རྒྱལ་ཨིན་ཟེར་མ་གཏོགས་བོད་ལུང་པའི་ ངག་དབང་རྣམ་རྒྱལ་མེན་ཁོ་ཨིན་རུང་མེན་རུང་ཁོ་ལུང་བསྟན་འབྲུག་ལུ་ཨིན་ཁོ་འབྲུག་ལུ་འགྱོ་ནི་ཨིན་ཟེར་འབདཝ་ད་ཏེ་ ཁྱོད་ར་འགྱོ་རུ་འགྱོ་ཁྱོད་རང་བྱུང་ཁ་སར་པ་ཎི་འདི་ འབག་ནི་མེད་ཟེར་ འབདཝ་ད།
- ཚེ་དབང་ Tshewangཏེ་ ཁོ་གིས་ཏེ་ ཁོ་མི་འབག་ཟེར་འབདཝ་ད་ཏེ་ འདིན་ཁྱོད་ཀྱི་མནའ་འབོ་དགོ་ཟེར་ཏེ་ སྡེཔ་གཙང་མ་གིས་ ཞབས་དྲུང་ལུ་མནའ་བཀལ་བཀལཝ་ཨིན་ཟེར་མས་ལགས་ཞབས་དྲུང་ལུ་མནའ་བཀལཝ་ད་ཏེ་ འ་ནཱི་ཞབས་དྲུང་གིས་ཏེ་ ཁོ་མཐུ་ཆེན་ངག་དབང་རྣམ་རྒྱལ་ཟེར་ཁོ་ཐུགས་འདི་མཁས་དྲག་ཡོད་ནི་དེ་གིས་ད་ལྟོ་ང་བཅས་ག་ར་ལག་རྒྱན་བསློགས་བཞེས་དགོ་མི་འདི་ཞབས་དྲུང་གིས་འབད་ སྟོན་སྟོནམ་ཨིན་ཟེརཝ་མས་བ་ལགས།
- ཚེ་དབང་ Tshewangརང་བྱུང་ཁ་སར་པ་ཎི་འདི་ ཁོ་གིས་ འ་ནཱི་ནང་ལུ་བཙུགས་འབད་སྦེ་ངོ་མ་འདི་ནཱ་བཙུགས་རྫུན་མ་འདི་ སྤར་རི་སྦུག་བཅམ་འབད་སྦེ་ཏེ་ ཁོ་འབག་དགོཔ་མེད་ཟེར་ཏེ་ རང་བྱུང་ཁ་སར་པ་ཎི་ང་གིས་ འབག་དགོཔ་མེད་བོ་ཟེར་འབདཝ་ད་ཏེ་ འབག་དགོཔ་མེད་པ་ཅིན་ཁྱོད་ར་མནའ་འབོ་ཟེར་འབདཝ་ད་ཏེ་ ཁོ་གི་རྫུན་པ་འདི་སྤར་རི་སྦུག་བཙུགས་འབད་སྦེ་ངོ་མ་འདི་གོའི་ལག་རྒྱན་ནང་བཙུགས་འབད་སྦེ་ཏེ་ མནའ་འདི་འ་ནེ་སྦེ་འབོ་འབོཝ་ཨིན་ཟེར་མས།
- ཚེ་དབང་ Tshewangཡ་ རང་བྱུང་ཁ་སར་པ་ཎི་ ཨ་ནཱ་མེད་པ་ཅིན་ང་ ངག་དབང་རྣམ་རྒྱལ་མནའ་ཟ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མནའ་ཟ་ཟེར་འབདཝ་ད་འ་ནཱ་ཡང་ཡོདཔ་འ་ནཱ་ཡང་ཡོདཔ་སྦེ་ ཁོ་གི་འ་ནེ་སྦེ་བཏོན་ད་ནུག་བ་ལགས་འ་ནཱ་མེདན་མནའ་ཟ་ཟེར་འབདཝ་ད་ཏེ་ བཏོན་ཟེར་འབདཝ་ད་ཁོ་གིས་བཏོནམ་ད་ནཱ་གི་འདི་རྫུན་པ་འདི་སྦེ་ཡར་སོང་སྟེ་ཏེ་ རྫུན་པ་འདི་འབད་བ་ཅིན་འབག་ཆི་ཁྱོད་ར་ཟེར།
- ཚེ་དབང་ Tshewangཏེ་ རྫུན་པ་འབག་སྟེ་གིས་སྦེ་ཏེ་ རྫུན་པ་འདི་འབག་བཏང་ནུག་རྫུན་པ་འབདཝ་ད་ངོ་མ་འདི་ནཱ་འདུག་ངོ་མ་ར་འབག་ཆི་ནུག་བ་ཏེ་ལགས་ངོ་མ་འབག་སྟེ་གིས་སྦེ་ ད་ལྟོ་སྤུ་ན་སྒྲོམ་མཆོད་རྐྱབ་དགོ་མི་འདི་ཁུངས་འདི་འ་ནཱི་ཨིན་མས་ལགས་ཏེ་ ནཱ་འབགཔ་ཤེས་འབད་ཞིནམ་ལས་ཏེ་ ཡར་ལས་མར་ལུ་ཏེ་ བོད་ཀྱི་ཏེ་ སྡེཔ་གཙང་མ་གིས་ འབྲུག་དང་དམག་རྐྱབ་དགོ་ཟེར་འབདཝ་ད་ད་ལྟོ་འ་ནཱི་མཚོ་ཆེན་བརྒྱད་ལུ་ ཆོས་སྐྱོང་བརྒྱད་འབད་དགོ་མི་འདི་ཏེ་ སྤུ་ན་སྒྲོམ་མཆོད་རྐྱབ་དགོ་མི་ཁུངས་འདི་འ་ནཱི་ལས་བརྟན་འགྱོ་སྟེ་གིས་སྦེ་ཏེ་ད་ལྟོ།
- ཚེ་དབང་ Tshewangཏེ་ བོད་ཀྱིས་ སླབ་ནུག་བ་ཏེ་ལགས་ཡར་ལས་མར་ལུ་ཁོང་བྱི་ལི་སྒང་ལས་ཏེ་ མི་གིས་དེ་སྦེ་སླབ་མས་བྱི་ལི་སྒང་ལས་སྡོད་དེ་སྦེ་ཏེ་ནེ་སྦེ་བཏོན་ཏེ་ ད་ལྟོ་ང་བཅས་སྤུ་ན་ཁའི་རྫོང་འདི་ ཏེ་ད་གཞན་ཁ་གི་རྫོང་དང་མི་འདྲ་སྒོ་གཉིས་ཆ་ར་བྱང་ཨིན་ལགས་མར་འོགམ་འདི་སྒོ་འོགམ་འདི་ཡང་ ཁ་བྱང་ཨིན་ལྟག་གི་འདི་ཡང་བྱང་ཨིན་འ་ནཱི་བཏོནམ་ད་ བྱི་ལི་སྒང་ཀྱི་ཧོངས་ བཏོན་ཏེ་སྦེ་ཡོད།
- ཚེ་དབང་ Tshewangའ་ནཱི་བཏོནམ་ད་ཏེ་ མཚོ་ཆེན་བརྒྱདཔ་འདི་གི་ཕྱི་རུ་ཚེས་དྲུག་གི་ ཚེས་འོང་ཚེས་ལྔ་གི་ཨ་་་དྲུག་ལུ་རང་མས་ཚེས་དྲུག་ལུ་ མར་གུར་སྤུབས་མར་སྡོད་ཏེ་ ཚེས་ཟླཝ་བཅུ་པའི་ནང་ལས་ཏེ་ སྒྲུབ་ཆེན་གནང་དགོ་པས་ད་ལྟོ་ང་བཅས་ཀྱི་དགེ་འདུན་པ་གིས་ཏེ་ འ་ནཱི་ཅིག་ཏེ་ དགེ་འདུན་པའི་ སྒྲུབ་མཆོདའདི་ ཏེ་ ག་དེམ་ཅིག་གནང་དགོ་མི་དགོ་འདི་ད་ཏེ་ང་བཅས་ཀྱི་ཞུ་མ་ཞུ་མེད་ནཱ་མཁྱེན་པས་བ་ཏེ་མཁྱེན་་་་མཁྱེན་མི་འོང་ད་ གཞུང་གཡོག་ནང་སྡོད་མི་གིས་ མ་མཁྱེནམ་ག་ནི་ཡང་མེད།
- ཚེ་དབང་ Tshewangཟླཝ་ ཨ་་་བཅུཔ་བཅུ་གཅིགཔ་བཅུ་གཉིསཔ་འདི་ཚུན་ཚོད་ལུ་ཏེ་ མར་ལུ་སྒྲུབ་ཆེན་གནང་སྒྲུབ་ཆེན་གྱི་ཕྱི་རུ་ཨ་་་ཆུ་ཚོད་ང་བཅས་ནཱ་འབད་བ་ཅིན་ཏེ་ ད་ ཕྱི་རུ་ཞག་མ་ཉལཝ་ལས་ ཆུ་ཚོད་བཅུ་ཐམ་བཅུ་གཅིག་ལས་ཁོང་བཞེངས་བརྡ་ཕུལ་ཏེ་ ནུབམོ་ང་བཅས་ ཏེ་འ་ནེ་སྦེ་སྒྲུབ་ཆེན་གནང་ཏེ་ ད་ལྟོ་སྒྲོམ་མཆོད་རྐྱབ་དགོ་མི་འདི་ཡང་ འ་ནཱི་མགོན་མའི་གཏང་རག་ཟེར་ཁོང་གི་མར་གྱི་སྒྲུབ་ཆེན་འདི་ ཏེ་ཟླཝ་འ་ནེ་ཅིག་གནང་ཁོང་ར།
- ཚེ་དབང་ Tshewangཏེ་ ཟླཝ་དང་པའི་ ཚེས་དྲུག་ལུ་གུར་སྤུབ་བདུན་གྱི་ཚེ་ལས་ཏེ་ ནེམ་འབད་དཔའ་མཛངསཔ་འདི་ཚུ་ སྤུང་དགོ་མི་འདི་འ་ནཱི་མགོན་པོའི་གཏང་རག་ཟེར་མི་འདི་ འ་ནཱི་ཨིན་མས་ལགས་མར་ལུ་ཁོང་གི་ཏེ་ད་ སྒྲོམ་མཆོད་རྐྱབ་དགོ་མི་ཁུངས་འདི་ར་ འ་ནཱི་ཏེ་མགོན་པོའི་གཏང་རག་སྦེ་ཏེ་ འ་ནི་བསྒང་ལས་ ང་བཅས་ལོ་གཅིག་འབད་བ་ཅིན་ད་རེས་བཟུམ་ཅིག་འབད་བ་ཅིན་ཏེ་ད་ ཨ་་་ལྕང་གླིང་མའི་ཐང་གི་ཏེ་ དགའ་སྟོན་འབད་ཞིནམ་ན་ ཕྱི་རུ་བཀྲ་ཤིས་ལེགས་པས་སྒོར་ནི་ཡོད་བུ་ལགས།
- ཚེ་དབང་ Tshewangའ་ནཱི་བཟུམ་སྦེ་ ཏེ་ བཀྲ་ཤིས་འདི་ཏེ་ མཚོ་ཆེན་བརྒྱད་པ་གིས་སྦེ་ཕབ་ཕྱི་རུ་ཏེ་ཚེས་དྲུག་གི་ ཚེ་ལས་མར་སྤུང་དེའི་ཚེ་ལས་ བུམོ་བཀྲ་ཤིས་བཀལཝ་ཟེར་ཏེ་ དཔའ་མཛངསཔ་འདི་ཚུ་གུར་སྤུབ་དེ་ཚེའི་ཕྱི་རུ་ལས་ ཞབས་ཁྲ་རྐྱབ་ཏེ་ ལྷ་དགའ་ཀླུ་དགའ་སྦེ་ཏེ་ དེ་ཚེ་དེའི་ནངས་པ་ཡར་ལས་བཀའ་ཉན་རང་རང་ས་རང་ཕྱོགས་་་ཕྱོགས་གནས་ལུ་ཏེ་ མཚོ་བརྒྱད་མཚོ་བརྒྱད་ལུ་ མཚམས་བཞི་ཕྱོགས་བཞི་ཤར་ལྷོ་དཀར་སྦྱིས་པ་གི་ ནུབ་ཁ་ཐུག་གི་བྱང་།
- ཚེ་དབང་ Tshewangདེ་ལསནི་ ལ་ལས་ལུ་ནུབ་ནུབ་ཁ་ཐུག་གི་བྱང་སྦྱིས་མི་པ་གིས་ ཤར་ཁ་ཐུག་གི་བྱང་ཤར་ཁ་ཐུག་ཤར་ལྷོ་འདི་སྟོད་ཝང་དང་སྨད་ཝང་ནཱ་ལས་མར་ལུ་ལྷོ་འདི་སྟོདཔ་བརཔ་ནུབ་ཁ་ཐུག་གི་འདི་སྟོདཔ་དེ་ལསནི་ ནཱ་ལས་ནུབ་བྱང་ཕུག་འདི་ ཏེ་ ཀ་ཝང་འ་ནེ་སྦེ་ མཚམས་བཞི་དང་ཕྱོགས་བཞིཔ་འདི་ཏེ་ མཚོ་བརྒྱདཔ་འདི་མཚམས་བཞི་ཕྱོགས་བཞིཔ་འདི་གུ་ མཚོ་བརྒྱདཔ་འདི་ འ་ནེ་སྦེ་བཀྲམ་འབད་སྦེ་ཏེ་ རང་སར་སྡེ་ཚན་བཟོ་སྟེ་འགྱོ།
- ཚེ་དབང་ Tshewangད་ཏེ་ སྐད་རྐྱབ་མས་མི་གིས་ད་རུང་འ་ནཱི་སྦེ་འགྱོ་འབད་སྦེ་ ཡར་ལས་ལོག་པའི་བསྒང་ལས་དང་ཕུ་ནཱ་ལས་བཀའ་ཉན་རྗེ་གིས་བཀའ་གནང་ནཱ་ལས་ཕྱོགས་སྒོར་མར་ལས་ཕྱྭ་དང་ཧུ་རྐྱབ་ཡར་འགྱོ་ཡར་རྦད་རྐྱབ་ཡར་ལས་ལོག་པའི་བསྒང་ལས་ཏེ་ མར་ཁུ་སིམ་སི་སྦེ་འོང་དགོ་དནི་ཏེ་ཡར་ལས་མར་ཡང་ ཕྱྭ་དང་ཧུ་རྐྱབ་འོང་མས་དེ་བསྒང་ཡར་ལས་འོང་མར་འོང་མར་སྒར་ནང་སྡོད།
- ཚེ་དབང་ Tshewangསྒར་ནང་ལས་ ཕར་ལས་ཕར་བཤལ་འགྱོ་རུང་ཡང་རོགས་རྫོང་ཁག་ལས་མཐོང་པ་ཅིན་ཆད་བཀལ་འོང་ལགས་ཕར་ལས་ཕར་འགྱོ་རུང་ཡང་དནི་ཏེ་ དཔའ་རྟགས་ཡང་བཏགས་ཕྱ་རིང་ཡང་དཀྱི་ད་འདི་ཏེ་ འ་ནེ་སྦེ་འགྱོཝ་མས་ཏེ་ སྒྲོམ་མཆོད་འདི་གྲོལ་འ་ནཱི་ཏེ་ མར་ལུ་སྒྲོམ་མཆོད་གྲོལ་གྲོལ་འདི་སྒྲོམ་མཆོད་ ཨ་་་དམག་འཆམ་ཟུར་འཆམ་རྒྱསཔ་ཟུར་འཆམ་རྒྱས་པའི་ཚེ་གི་འདི་ དྲོ་པ་ཏེ་ ཧ་སག་ནཱ་ལས་ཡར་ལུ་སྦལ་པའི་སྒང་གུ་རང་ར་སར་གྱི།
- ཚེ་དབང་ Tshewangས་གོ་གུ་ལུ་ སྦལ་ཉ་སྦུལ་ཉ་རྩེཝ་ཟེར་ ང་བཅས་འདྲཝ་ཅིག་འབད་བ་ཅིན་དྲོ་པ་ནམ་མ་ལངམ་ཅིག་ལས་ཏེ་ དགྲ་འདི་ཚུ་གཉིད་མ་ཚོརཝ་ལས་འགྱོ་བའི་ཚུལ་འདྲས་བུ་ལགས་རང་རང་སའི་ས་གོ་ནང་རྦད་རྐྱབ་པར་འགྱོ་དགོ་ས་གོ་ནང་རྦད་རྐྱབ་པར་འགྱོ་མཚོ་བཞི་གི་ཕོ་ཆུ་དུང་རེ་ལྟག་ལུ་མཚོ་བཞི་མཚོ་བཞི་འོག་ལུ་འབད་འ་ནཱ་ལུ་ཏེ་ གླེམ་མ་(?)རྐྱབ་མི་བཞི་གླེམ་མ་རྐྱབ་མི་ཨ་་་བརྒྱད་འོང་གཟིམ་དཔོན་བརྒྱད་འོང་།
- ཚེ་དབང་ Tshewangམར་ལུ་ཡང་ ཧེ་མ་གླེམ་མ་རྐྱབ་གླེམ་མ་འདི་ ང་བཅས་བཟུམ་ཅིག་འབད་བ་ཅིན་བློ་ཟེ་བསྒྱུར་མི་ཨིན་མས་བ་ ཁོང་གིས་བློ་ཟེ་བསྒྱུར་ དགྲ་འདི་ཚུ་ཡེངས་བཅུག་དེ་ཚུ་གཟིམ་དཔོན་ཚུ་གིས་རྐྱབ་འབད་སྦེ་ འབད་དགོ་མི་སྲོལ་འདི་འ་ནཱི་དགྲ་བསད་པའི་ཚུལ་འབད་ཞིན་ན་ཏེ་ ཞབས་དྲུང་གིས་ འ་ནཱི་ཚུན་ཚོད་བརྩམས་འ་ནཱི་སྦེ་ ང་བཅས་ལུ་ ད་ལྟོ་སྒྲོམ་མཆོད་རྐྱབ་དགོ་མི་ཁུངས་འདི་འ་ནཱི་ཨིན་མས།
- ཚེ་དབང་ Tshewangམར་ལས་ལུ་ ང་སེར་སྦྲེང་བྱོནམ་ད་ཡང་ འ་ནི་ཨིན་མས་བ་ལགས་ནཱ་ལས་རྫོང་ནང་ལུ་ཡར་ འདི་ཚེ་སེར་སྦྲེང་གི་ཚེ་ཡར་རྫོང་ནང་ལས་ཡར་བྱོན་པའི་བསྒང་ལས་ཡར་དྲོཔ་ཆུ་ཚོད་བཀག་འོང་མར་ལས་དྲོ་པ་བཀབ་དགོན་ནང་(?) དྲུངཔ་བཞིཔོ་འདི་ བཅར་འོང་ལགས་དྲུངཔ་བཞིཔོ་འདི་ འ་ནཱ་ཡོད་བ་ལགས་ད་གཟིམ་དཔོན་བཞིཔོ་འདི་གིས་འདི་མེདཔ་མམ་དྲུངཔ་བཞིཔོ་འདི་གིས་ ཡར་རྐྱབ་པའི་བསྒང་ལས་ཡར་ལས་ རྗེ་ལས་བཀའ་ཉན།
- ཚེ་དབང་ Tshewangཡར་རྐྱབ་ཚརཝ་ཅིག་ཏེ་ ནཱ་ལས་གྱལ་བཙར་ཏེ་ སྒོ་འོགམ་ལས་ ཐོན་འགྱོ་མི་གིས་འགྱོ་གོངམ་ལས་ཐོན་འགྱོ་མི་གིས་འགྱོ་ནེ་སྦེ་འབད་བའི་བསྒང་ལས་ཏེ་ དེ་བསྒང་ལས་ཡར་སྒོ་གོངམ་ལས་ རྦད་རྐྱབ་འགྱོ་མི་འདི་གིས་ཏེ་ བཙར་མ་ཚུགས་སེར་སྦྲེང་ནང་ལས་དུང་ཁ་མ་པ་ཚུན་ཚོད་སྡོད་འོང་ལགས་ཏེ་ སེར་སྦྲེང་དུང་ཁ་དཔག་པའི་བསྒང་ལས་ གཉིས་གཉིས་གསུམ་གསུམ་སྦེ་བཏང་འོང་ཏེ་ སེར་སྦྲེང་འདི་འཐོན་ནཱ་ལས་འབད་བའི་བསྒང་ལས་ཏེ་ ཡར་ད་ལྟོ་ནོརབུ་ཆུ་བཤགས་སར་ཟེར་དགོ་མི་འདི་ འ་ནཱི་ཨིན་པས།
- ཚེ་དབང་ Tshewangཏེ་ ང་བཅས་ཀྱི་འབད་ཚེ་ཚལ་ལུ་སྦེ་ཡར་སོངཔ་ཨིན་ཏེ་ མཐུ་ཆེན་ངག་དབང་རྣམ་རྒྱལ་གྱིས་ ཁོ་གིས་མཐུ་རྐྱབ་ད་ཚལ་ལུ་འདི་ ནོརབུ་སྦེ་བཟོ་སྟེ་ཏེ་ རང་བྱུང་ཁ་སར་པ་ཎི་འདི་ཆུ་བཤགས་པའི་ཚུལ་ཨིན་པས་བ་ལགས་དེ་ཚེ་འ་ནཱ་ལས་ ནོརབུ་ཆུ་བཤགས་ས་ལས་ ཆུ་ཧུབ་གཅིག་ར་དབོག་འཐུང་ཚུགས་རུང་དགའ་ལོ་ཚེ་ལོ་འདི་དེ་ལོས་ད་ནོརབུ་སྦེ་བཏང་མས་ཏེ་ འ་ནཱི་བོད་པ་སླབ་ཨིན་ལོ་ཏེ་འབྲུགཔ་འདི་ཚུ་ལུང་བསྟན་ཡོད་ཞུ་བ་དོན་དག་མིན་ནུག
- ཚེ་དབང་ Tshewangའབྲུག་པའི་མི་ལུ་སྦྱིན་འབྲས་མིན་འདུག་ནོརབུ་ཆུ་བཤགས་ད་ཡི་ཟེར་ནོརབུ་ཆུ་བཤགས་དགོ་མི་འདི་འ་ནཱ་མར་ཨིན་པས་འ་ནཱི་འདི་ཚེ་གི་མར་གྱི་བཞིཔོ་འདི་འ་ནཱི་གིས་ རྐྱབ་དགོ་ལགས་དྲོ་པ་གི་འདི་ཏེ་ སེར་སྦྲེང་གི་ཚེ་བཞིཔོ་འདི་སེར་སྦྲེང་ལས་ལོག་པའི་བསྒང་ལས་གཟིམ་དཔོན་ཟེར་ འ་ནཱི་ར་ཞྭ་ཟེར་ཞྭམོ་དམརཔོ་བཙུགས་མི་འདུག་བུ་ལགས་འ་ནཱི་ཆ་ཁྱབ་པ་གིས་ དེང་ཡེངས་སྦུག་(རྡོ་གཅལ་སྦུག་)རྐྱབ་འོང་ཟངས་ཆེན་གྱི་རྩ་བ་དེ་ཡང་ རྗེ་བཞུགས་འོང་།
- ཚེ་དབང་ Tshewangཟངས་ཆེན་གྱི་རྩ་བ་ཡར་ལས་མར་ལུ་ཧེ་མ་གླེམ་མ་རྐྱབ་ དབྱངས་དཔོན་ཆ་ཁྱབ་པ་གིས་དབྱངས་ཕབ་ཁོ་ཏེ་འ་ནི་གླེམ་མ་འདི་ ཧེ་མ་རྐྱབ་ད་ར་མམ་དེའི་ཚེ་ལས་ཏེ་ཁོ་གིས་ དབྱངས་ཕབ་ཁོང་ར་ཏེ་འ་ནཱ་ལས་ཏེ་གཟིམ་དཔོན་ཆ་ཁྱབ་པ་གིས་ནེམ་རྐྱབ་ཏེ་ བདུད་རྩི་ཆང་འདི་ཏེ་འ་ནཱ་ལས་འདི་ ཏེ་དེའི་ཚེ་བྱིན་རླབས་འབད་དགོ་མི་འདི་འ་ནཱི་ཨིན་མས་ལགས་བདུད་རྩི་ཆང་འདི་ དེ་ནང་ལས་ཏེ་ད་ང་བཅས་ར་ལྟ་བ་ཅིན་རོགས་ཀྱིས་ལྟ་བ་ཅིན་ ཆང་འདི་སྐྱ་རི་སྐྱུར་རི་ཅིག་འབད།
- ཚེ་དབང་ Tshewangག་ཅི་འབད་ནི་ཟེར་མནོ་སྡོད་འོང་དེ་ནང་ལུ་ཏེ་ གནམ་མེད་ས་མེད་ཀྱི་ བྱིན་རླབས་འབད་དགོ་མི་འདི་འ་ནཱ་ལུ་ཏེ་ད་ ཕྱི་གི་མཚོ་ཆེན་གྱི་ཟངས་ཆེན་འདི་འ་ནི་ཁྲོ་འདི་གི་འོག་ལུ་ལུང་འདུག་བ་ལགས་མཚོ་བརྒྱདཔོ་འདི་གུ་ལུང་བརྒྱད་འ་ནཱི་ཁར་ལུ་དར་ཁ་དར་བཏགས་ཏེ་ ཕར་ལས་ཚུར་དེ་བསྒང་ཕར་སྐབས་ཀྱི་འ་ནཱི་དབུ་རྩེ་འོག་ཐོག་ལུ་མས་དབུ་རྩེ་འོག་ཐོག་ལུ་ དཔའ་མཛངསཔ་མ་གཏོགས་གཞན་གྱིས་ ཞུ་མ་ཚུགས་པར་ཏེ་ཕར་ལས་ཚུར་ཤོག་བརྡ་རྐྱབ་ཞུ་ཚུར་དེང་ཡངས་སྦུག་བསྐྱལ་འ་ནཱ་ལུ་བདུད་རྩི་ཆང་བཀང་།
- ཚེ་དབང་ Tshewangཏེ་ དེ་ལསནི་ཏེ་ཐེམ་ཐད་ཁ་ལས་ཕར་ཏེ་ རོགས་བདུད་རྩེ་ཆང་འདི་ ཏེ་འ་ནཱ་ལུ་ཏེ་ད་ དེ་ནང་ལུ་ག་ཅི་བླུགས་ནི་ཡོད་དགོ་ཟེར་བ་ཅིན་ཏེ་བྱིན་རླབས་འདི་ ད་ལྟོ་ཐིམ་ཕུག་ལུ་འབད་རུང་འདི་མས་ཏེ་ད་ སྤུ་ན་ཁ་གི་འདི་ཡང་ དེ་སྦེ་རང་འོང་ཏེ་ལྷ་ ལྕམ་པདྨ་གསལ་སྒྲོན་དབུ་ཐོད་ནང་ལས་ཏེ་ འ་ནཱ་ལུ་ཕྱི་དངུལ་གྱི་སྦེ་བརྡུངས་ནང་ན་གསེར་གྱི་འབད་ཞིནམ་ན་ ཏེ་འ་ནཱ་ལུ་ཐུརམ་གང་བླུག་ནི་ཡོད་ཟེར་མི་བྱིན་རླབས་འདི་འ་ནི་ཨིན།
- ཚེ་དབང་ Tshewangཏེ་ བདུད་རྩི་ཆང་བདུད་རྩི་ཆང་ཟེར་ཏེ་ རྫོང་བདག་ཨིན་རུང་ཨིན་ཁྲིམས་དཔོན་ཨིན་རུང་ཨིན་ཏེ་ དེ་ཚེ་འ་ནི་ཚེ་ཏེ་སྒྲོམ་མཆོད་གྲོལ་གྲོལ་འདི་ཏེ་དཔའ་མཛངསཔ་ཚུ་གིས་གནམ་མེད་ས་མེད་ ཏེ་ཁོང་ལུ་ཏེ་ ཧད་བཏགས་འཚོལ་འོང་ཏེ་ལགས་ལྟོ་འབག་ཤོག་ལོ་ཆང་འབག་ཤོག་ལོ་ཇ་འབག་ཤོག་ལོ་ཏེ་ འདི་འབག་ནི་ཡོདན་ཨིན་འབག་ནི་མེད་པ་ཅིན་ཏེ་ ཨམ་འཁྱིད་ཤོག་ཟེར་གནམ་མེད་ས་མེད་ཧད་བཏགས་འཚོལ་ཏེ་ འབད་རུང་ཏེ་ཙང་བཏང་སྡོད་དགོ་པས་ཏེ་དེ་བསྒང་ལས།
- ཚེ་དབང་ Tshewangཏེ་འ་ནཱི་ ཏེ་ ག་ཅི་སྨོ་ཟེར་བ་ཅིན་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་རྗེ་བྱིན་རླབས་ཀྱིས་འབད་དང་ཕུ་རོགས་དམག་ལཱ་མཁས་གསུམ་ཟེར་ཏེ་ད་རང་ས་ར་མིག་གིས་མཐོང་མི་གིས་ ད་ལྟོ་ཀྲོབ་བདའ་འབག་རྐྱབ་དགོ་མི་གིས་ངོ་མ་འདི་ ཨ་ཡར་དམག་མི་འདུག་དབའི་རོགས་དགྲ་མཐོང་ནུག་ཟེར་འབདཝ་ད་དམག་མི་གིས་འབག་འགྱོ་སྟེ་གིས་སྦེ་ ཀྲོབ་བདའ་འབག་འགྱོཝ་མས་མིག་གིས་མ་མཐོང་མི་གིས་ མཇལ་ཁ་སྦོམ་འདི་ཚུ་ང་བཅས་ར་ཆ་མཉམ་ད་ལྟོ་མཚོ་ཆེན་བརྒྱད་པ་གིས་སྦེ་འ་ནཱི་བློ་བདེ་དགོ་མི་ཁུངས་འདི་ འ་ནཱི་མས་ལགས་སྒྲོམ་མཆོད་འདི་རྐྱབ་དགོ་མི་འདི་ཁུངས་འདི།
- ཚེ་དབང་ Tshewangཏེ་ ང་བཅས་མཚོ་ཆེན་མཚོ་ཆེན་ཟེར་ སླབ་དགོ་མི་འདི་མཚོ་ཆེན་ད་ལྟོ་ད་ཅི་ཞུ་དོ་བཟུམ་སྦེ་དགུན་སུ་ཕར་ཡར་མྱོང་འོང་བྱཱར་སུ་ནཱ་ཨིན་འ་མར་སྲིནམོ་དྭངས་ལོཔ་ཚུ་ཡང་པུ་ར་(ག་ར་) ང་བཅས་ནཱ་གི་ཨིན་ཏེ་ འ་ནཱི་སྒྲོམ་མཆོད་འདི་ཚུ་དང་ང་བཅས་མཚོ་ཆེན་གྱིས་ རྐྱབ་དགོ་མི་ཁུངས་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་ཨིན་ལགས་ངེའི་ཁ་ཐུག་ལས།