Skip to main content Skip to search
20 Jun 2018
6 min 6 sec
Video Overview
Creators: 
Sonam Chophel, Dawa Tshering

This short video is an account of Phu Lhakhang and religious events conducted in the temple each year. Tenzin from Rimi village in Gasa district, shared that the temple was constructed during the time of Zhabdrung in 17th century. It seems the temple does not have many relics, but does have Zhabdrung's hat and shoe. He also shared some of the important religious events held in the temples. There is a fasting that is conducted on the 8th day of the 7th month of the Bhutanese calendar, and a recitation of a hundred thousand verses of sutras on the 15th day of the 4th month, to prevent natural calamities and other natural hazards.

གློག་བརྙེན་ཐུང་ཀུ་འདི་ ཕུག་ལྷ་ཁང་དང་ ལྷ་ཁང་འདི་ནང་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ དུས་མཆོད་འབུམ་སྡེའི་སྐོར་ལས་ཨིན་པས། མགར་ས་རྫོང་ཁག་ རི་མི་གཡུས་ཚན་ལས་ བསྟན་འཛིན་གྱིས་འབད་བ་ཅིན་ ལྷ་ཁང་འདི་ དུས་རབས་བདུན་པའི་ནང་ ཞབས་དྲུང་རིན་པོ་ཆེའི་སྐབས་ལས་ བཞེངས་ཡོདཔ་སྦེ་ཨིནམ་ད་ ལྷ་ཁང་འདི་ནང་ ཞབས་དྲུང་རིན་པོ་ཆེའི་ དབུ་ཞྭ་དང་ ཞབས་ལྷམ་ཅིག་མ་གཏོགས་ ནང་རྟེན་ལེ་ཤ་ཡོད་པའི་འགྲོས་མིན་འདུག། ད་རུང་ ཁོ་གིས་ འབྱུང་བ་བཞི་དང་ གཞན་ཡང་ རང་བཞིན་གྱི་རྐྱེན་ངན་ཚུ་བཟློག་ཐབས་ལུ་ ལོ་བསྟར་ལྷ་ཁང་འདི་ནང་ ཆོས་འཕྲུལ་ཟླ་བའི་ ཚེས་ ༧ དང་ ༨ ལུ་ བསྙུང་གནས་དང་ རང་ཟླ་ ༤ པའི་ཚེས་ ༡༥ ལུ་ འབུམ་ལྷག་གནང་སྲོལ་ཡོད་པའི་སྐོར་ལས་ཡང་ བཤདཔ་ཨིན་པས།  

Transcript search
No results found for this search
0 of 0
  • བསྟན་འཛིན་
    ཕུ་ལྷ་ཁང་ཟེར་མི་འདི་ ད་ལྷ་ཁང་འདི་ཆགས་པའི་ཆགས་ཚུལ་འདི་ གཅིག་འ་ནཱི་སྦེ་ཨིན་མས། ཞབས་དྲུང་ཁོ་ར་གིས་ ཏེ་རོགས་ཡར་ལས་མར་བྱོན་སྦེ་ ཧེ་མ་རང་ནཱ་ཆགས་ཆགསཔ་ཨིན་ཟེར་ ཏེ་འ་ནཱི་འདི་ང་ཤེས་པས་ལགས།
  • བསྟན་འཛིན་
    ཏེ་ནཱི་རོགས་ ད་ནང་རྟེན་ཡང་ག་དེ་སྦེ་ཨིནམ་ ནང་རྟེན་ཡང་ ཏེ་རྫམ་གཅིག་འདུག དེ་ལས་ ལྷམ་གཅིག་འདུག ཏེ་གཞན་མི་འདི་ ཏེ་འོག་ལས་ཀྱི་འ་ནཱ་ལས་ཕར་ ཁྱིམ་ཅིག་ནང་ལུ་ (མམ་ཅིག་འདུག?) ཏེ་ད་ གཞན་མི་ཚུ་འདི་ ག་ནི་ཡང་ རང་གིས་ཡང་ཧ་མི་གོ་བས་ལགས།
  • བསྟན་འཛིན་
    ཆོས་མི་ཤེས་ ཏེ་ག་ནི་ཡང་མེད་སྦེ་ ཏེ་རང་གིས་ཤེས་ཡང་མི་ཤེས་པས། ཏེ་ད་འབུམ་སྡེ་གི་སྐོར་ལས་སོང་པ་ཅིན་ ད་འབུམ་སྡེ་འདི་ཟླཝ་བརྒྱད་པའི་ཚེས་བརྒྱད་ལུ་་་་་ ཟླཝ་བདུན་པའི་ཚེས་བརྒྱད་ལུ་བསྙུང་གནས་ཅིག་བཟུང་འོང་ལགས།
  • བསྟན་འཛིན་
    དེ་ལས་ ཟླཝ་བཞི་པའི་ཚེས་བཅོ་ལྔ་ལུ་ འབུམ་སྡེ་ཟེར་གཅིག་འདུག་ལགས། འབུམ་སྡེ་ཟེར་མི་འདི་ཆོས་གེ་ར་ འ་ནཱི་ཆོས་ཙང་ཙ་འདུག་བ་ ཆོས་པོ་ཏི་པོ་ཏི་པོ་ཏི་འབད་ འ་ནཱི་ ཏེ་པོ་ཏི་ལྷོདཔ་ཅིག་ བརྒྱ་(ཀ་ཀོ་ཅིག་?)ཡོད་དོ་མས་ལགས། ཏེ་འ་ནཱི་ཟླཝ་བཞི་པའི་ཚེ་བཅོ་ལྔའི་ཚེ་ ཏེ་འ་ནཱི་བཟུང་དགོ་པས་ལགས།
  • བསྟན་འཛིན་
    ཏེ་འ་ནཱི་ཆོ་གོ་གཏང་མི་གིས་བཏང་ ཏེ་ལྷབ་མི་གིས་ལྷབ་སྦེ་ མ་འབད་ཟེར་བ་ཅིན་ ང་བཅས་ནཱ་ སད་དང་སེརཝ་ མུ་གེ་ཐོག་མར་ལས་མར་ གཡུས་སྒོ་ནང་ལས་མར་ ཏེ་སྤའོ་་་་ འབུམ་སྡེ་འདི་མ་བཏངམ་འདྲས་སྨ་རེད་ སེརཝ་ག་འགྱོ་ཡི་སྨ་རེད་ཟེར་ འབུབ་རྐྱབ་དོ་སྨ་རེད་ཟེར་ ཏེ་འ་ནཱི་སྦེ་ ཏེ་འ་ནཱི་འདི་གིས་ཁས་ལེན་ཨིན་ཟེར་ འ་ནཱི་སྦེ་སླབ་ཨིན་མས་ལགས།
  • བསྟན་འཛིན་
    ཏེ་ཟླཝ་བདུན་པའི་ནང་ལུ་ ཏེ་བསྙུང་གནས་ཅིག་འདུག་ལགས། ཏེ་བསྙུང་གནས་འདི་ཡང་ དེ་བསྒང་འབདན་ ནཱ་མཆོད་ཞིང་ལེ་ཤཱ་འདུག མཆོད་ཞིང་ མཆོད་ཞིང་ ནཱ་མར་ དྭངསམ་སྦྱིས་ལས་མར་ མཆོད་ཞིང་ཅིག་ཡང་ཡོད་ དེ་ལས་ནཱ་ཕར་ཚུ་ཡང་སྐམ་ཞིང་ཅིག་ཡང་ཡོད། ཏེ་སྐམ་ཞིང་འདི་ཡང་ག་ར་ ཏེ་ད་ས་འདི་ ཁྲལ་འདི་སྐམ་ཁྲལ་བཏབ་ མི་འདི་དེ་བསྒང་ ཏེ་ཡོད་རུང་མེད་རུང་ འབད་རང་འབད་དགོ་པས།
  • བསྟན་འཛིན་
    ཏེ་དེ་ལས་ ག་ར་སློབ་གྲྭ་ནང་བཙུགས་ དམག་མི་ནང་འགྱོཝ་འབད་བའི་བསྒང་ལས་མི་རང་མེད་པ་ (ད་ཁྱིམ་འདི་འབད་བ་གམ་འབད་བ་?) རང་གི་ས་ཡང་འབད་མ་ཚུགས་པར་ ཨ་ནཱི་སྦེ་སྤང་སྦེ་ལུས་སྦེ་འབད་བའི་བསྒང་ལས་ ཏེ་ཁྱིམ་དང་ས་ཡང་མེད་འབད་སྦེ་ ཏེ་བསྙུང་གནས་འདི་ཡང་ ན་ཧིང་གཞེས་ཧིང་ ཏེ་གཞན་དེ་བསྒང་ལས་ང་བཅས་ར་ མི་སེར་དེ་བསྒང་དེ་བསྒང་ ཏེ་རོགས་མི་སེར་ལས་ (འཆི་མེད་ས་འབད་སྦེ་?) ཏེ་རྒཔོ་བདག་འཛིན་འབད་གསུངས་མས་ལགས།
  • བསྟན་འཛིན་
    ཏེ་ཡུདཔ་ཅིག་ལས་རྒཔོ་གིས་ཡང་ ཏེ་བདག་འཛིན་མ་འབད་བ་ཅིན་ མི་སེར་ཡང་མེད་ ཏེ་མ་དངུལ་ཡང་མེད་ མ་དངུལ་མེད་ཞིནམ་ལས་ རྒཔོ་གིས་ཡང་འབད་མ་ཚུགས་ ཁོང་ར་ལུ་དགོཔ་དངུལ་ཕོགས་ཡང་མིན་འདུག་བ་དེ་བསྒང་ ཏེ་རོགས་འ་ནཱི་སྦེ་འབད་ ཏེ་རྒཔོ་གིས་ཡང་བཟུང་མ་ཚུགས།
  • བསྟན་འཛིན་
    ཏེ་ཤུལ་ལུ་ ལྷ་ཁང་འདི་ཚུ་ཡང་ག་ར་ ང་བཅས་ཁ་སྨད་དམངས་ཁ་ལུ་ ཕར་ལས་ཚུར་བསྡུ་སོང་པ་ ང་བཅས་ཁ་བསྟོད་དམངས་ཁར་ ཡར་(བསམ་ཚེ་དགོན་པའི་ལྷ་ཁང་?)འདི་ ང་བཅས་ཁ་བསྟོད་དམངས་ཁ་ ཏེ་དམངས་ཀྱིས་འབད་ ཏེ་ད་ ནཱི་ནང་ལུ་ དཀོན་གཉེར་སྐོར་རྒྱབ་རྐྱབ་ ཏེ་དཀོན་གཉེར་བཙུགས་ཏེ་གིས་ སྐོར་རྒྱབ་རྐྱབ་ཡང་ ཏེ་མ་དངུལ་བཟའ་ཁ་ཅིག་ཡོད་རུང་ཡང་བསྡུ་ (ཁྱིམ་མའི་བཟའ་ཁ་ཅིག་་་་་ འདི་ཁ་ངན་འདི་ ང་བཅས་ར་ ཏེ་མི་སེར་གྱིས་རྐྱབ་སྟེ་ར་?) ཏེ་དཀོན་གཉེར་སྐོར་རྒྱབ་རྐྱབ་ ཏེ་སྐོར་རྒྱབ་དཀོན་གཉེར་འདི་ཡང་གཞུང་གིས་འབད་ ཏེ་འ་ནཱི་སྦེ་ཡོདཔ་ཨིན་ལགས།
  • བསྟན་འཛིན་
    ཏེ་ཤུལ་ལུ་འགྲོས་ཀྱིས་བཏང་ ཏེ་ནཱི་ལས་ལྷ་ཁང་འདི་ནཱ་ གྲྭ་ཚང་ལུ་ ཏེ་གྲྭ་ཚང་ཆགས་འབད་བའི་བསྒང་ལས་ ཏེ་གྲྭ་ཚང་ལུ་ཕུལ་ ད་ནཱི་ཡང་གྲྭ་ཚང་ལུ་བཞེས་དགོ་པས་ (ཏེ་ནཱ་གཟའ་ཉིམ་ལུ་གྲྭ་ཚང་ཨིན་མས།?) ཏེ་གྲྭ་ཚང་ལུ་ཟེར་ཏེ་ ནཱ་གྲྭ་ཚང་ལུ་ཕུལ། ཏེ་གྲྭ་ཚང་གིས་འབད་ ཏེ་གྲྭ་ཚང་ཡང་ཡུདཔ་ཅིག་ལས་རོགས་ ཏེ་རོགས་ནཱ་ཨ་ལོ་མང་ཧི་རྫོགསཔ་ལུ་འབད་དགོ་པས། ཏེ་མ་དངུལ་མེད་ཞིནམ་ལས་གྲྭ་ཚང་གིས་ཡང་ ཏེ་
    བསྙུང་གནས་འདི་འབད་མ་ཚུགས། ཏེ་འ་ནཱི་སྦེ་ལུས་སྦེ་ ཏེ་བསྙུང་གནས་འདི་ལོ་གསུམ་དེ་ཅིག་ ཏེ་བསྙུང་གནས་འདི་ཡང་ཚར་གཅིག་མེད་པར་ལུས་སོ་ཡི་ལགས།
  • བསྟན་འཛིན་
    ཏེ་ལོགས་སུ་འབད་ ང་ཡ་་་་་ ཏེ་དབའེ་ ད་ང་བཅས་མགར་ས་ལུ་ཡོད་ན་མེད་ན་ ང་བཅས་བུཚུ་ཅིག་འབད་བའི་བསྒང་ལས་ ཏེ་སྤུ་ན་ཁ་བསྙུང་གནས་ཟེར་བའི་བསྒང་ལས་ ཏེ་གནམ་མེད་ས་མེད་རྩ་ཅན་སྦེ་མཐོང་མས་ཟེར་ ད་ང་བཅས་ལུ་ཡོད་ན་མེད་ན་དེ་གཅིག་ཨིནམ་མས། དབའེ་ ཏེ་འདི་ག་དེ་སྦེ་འབདན་ན་ ཟེར་ང་གིས་དམངས་ཁ་ལུ་ལོ་རྒྱུས་རེ་སླབ་སྦེ་འབདཝ་ད་ རོགས་དམངས་ཀྱིས་ཡང་ འདི་ཁ་ལུ་ཁས་ལེན་པའི་ཁ་ལུ་ ཨིན་པས་སྨེ་ ང་བཅས་ཟེར་ཏེ་གིས་འབད་ (གཅིག་བཟུང་མི་ཡང་མིན་ནུག?) ཏེ་མེད་ཞིནམ་ལས་ ཏེ་རང་གིས་ཡང་གནམ་མེད་ས་མེད་སླབ་པ་སླབ་ཡང་མི་ཤེས་པས་ ཏེ་འ་ནཱི་ཅིག་སྦེ་བཞག་སྦེ།
  • བསྟན་འཛིན་
    ཏེ་ང་ར་ བློ་འགྱོད་བསྐྱེད་དེ་ ཨའོ་་་་་དེམ་ད་ (གཡུས་སྒོ་ལུ་ཡོད་ན་མེད་ན་ཅིག་ཨིན་མས།?) ཐོག་ལུ་ཡང་དཀའ་ངལ་ཕོག་ནི་མས། ད་རང་ཡང་ (ཆོག་ཤེས་པས་མནོ་?) འབད་བའི་བསྒང་ལས་ཏེ་འ་ནཱི་སྦེ་ཨིན་མས། ཏེ་ཤུལ་ལུ་ང་ར་གིས་ཡང་ ང་ར་མནོ་བསམ་ཅིག་བཏང་ དབའེ་བསྙུང་གནས་ཅིག་བཙུགས་མི་ཚུགས་ག་སྨོ་ བཙུགས་ཚུགསན་ ཏེ་མནོ་ ད་རིས་ཕར་བླམ་གནས་བརྟན་འདི་ དང་པ་གཉིས་པ་ནང་ལུ་ བླམ་ཕུརཔ་རྡོ་རྗེ་ཟེར་མི་ཅིག་ཡོད་བ།
  • བསྟན་འཛིན་
    ཏེ་འ་ནཱ་ཁོ་ལུ་ དབའེ་ཏེ་ད་བསྙུང་གནས་འདི་ཆད་སོང་ནུག ད་བསྙུང་གནས་ཆད་དེ་ལོ་གསུམ་དེ་ཅིག་ཡར་སོ་ནུག ཏེ་ད་ནེ་སྦེ་ར་བཞག་ན་སྨོ་ ག་དེ་སྦེ་དྲག་ག་ ད་བསྙུང་གནས་ཆདཔ་ད་སེམས་ཡང་མི་དགའ་བས། ཨ་ཙི་ཅིག་ཏེ་ལོ་ཐོག་ལུ་ཡང་གནོད་ག་མི་གནོད་ག་མི་ཤེས་པས། ན་ཚ་རེ་ཕོག་ག་མི་ཕོག་ག་མི་ཤེས་པས། ཏེ་ད་བསྙུང་གནས་འདི་ཆད་སོང་ནུག ད་ག་དེ་སྦེ་དྲག་ག་སྨོ?
  • བསྟན་འཛིན་
    ཏེ་ང་གིས་རྩ་འགེངས་ཏེ་འབདཝ་ད་ ཏི་རུབ་སྟོང་ཕྲག་ཁལ་གཅིག་ ཏེ་ཕུལ་ནི་ཅིག་འབད་ ངེ་གིས་མ་དངུལ་འདི་ ཏི་རུབ་སྟོང་ཕྲག་ཁལ་གཅིག་འབད་ཕུལ་ ཏེ་འདི་ཁ་སྐོང་ཅིག་ནཱ་ལས་ ཏེ་ནཱ་གྲྭ་ཚང་ནང་ལས་ཅིག་འབད་སྦེ་ ཏེ་འབདན་ག་དེ་སྦེ་འདུག་ག་སྨོ? ཏེ་ཚར་ཅིག་བསྟུན་གྲོས་འབད་ཞུ་བ་ཨིན་ཟེར་སླབ་པནི།
  • བསྟན་འཛིན་
    སྤ་་་་་ བླམ་ཕུན་ཚོགས་རྡོ་རྗེ་གིས་ མི་གནགཔ་ཁྱོད་བཟུམ་ཅིག་གིས་ ཏི་རུབ་སྟོང་ཕྲག་ཁལ་གཅིག་ཕུལ་བར་འཐོན་འོངནི་ དབའེ་ད་རིས་གནམ་མེད་ས་མེད་ཀྱི་ཁ་རྗེ་བཟང་ཡི་ཟེར་ ཁོ་ཤེས་ར་མ་ཤེས་ཟེར་ ཏེ་བསྙུང་གནས་ཆདཔ་ཨིན་ན་མ་ཆདཔ་ཨིན་ན་ཡང་མ་ཤེས་ ཏེ་རོགས་ ཏེ་དེ་སྦེ་སླབ་ནི་ཡང་མིན་ནུག ཏེ་དེ་འབད་ཚུགས་པ་ཅིན་ ཁྱོད་ཀྱིས་ལེགས་ཤོམ་བཏང་ནུག་ཟེར་ ཏེ་ཁྱོད་ཁ་སྐོང་འདི་ང་ར་འབད་གེ་ཟེར་ ཏེ་འ་ནཱ་ལས་ཚུར་བཏོན་ནི་མེད་རུང་བཙུགས་ཏེ་རང་ ད་ལྟོའི་བར་ན་ཡང་ཡོད་ལགས།
  • བསྟན་འཛིན་
    དེ་ལས་ང་གིས་ ཕར་སླབ་ ཚུར་སླབ་ ཡར་སླབ་ མར་སླབ་སྦེ་ དེ་ལས་རོགས་ ཨ་ཙི་རེ་ཨ་ཙི་རེ་ཨ་ཙི་རེ་ཨ་ཙི་རེ་འབད་ ད་ཏི་རུབ་འབུམ་ལྷག་སོ་ཡི་ལགས། ཏེ་འ་ནཱི་འབད་དེ་ ཏེ་ད་ཡར་མ་དངུལ་འདི་འ་ནེ་ཅིག་གུ་ལྷོདཔ་སྦེ་ ཏེ་འ་ནཱི་མ་ཆད་པ་ར་ཡོད་ལགས། ཏེ་དེ་ལས་ཟླཝ་བཞི་པའི་ཚེས་བཅོ་ལྔའི་ཚེ་ འབུམ་སྡེ་ཟེར་གཅིག་ཡོད་ དེ་ཡང་རོགས་ ད་ནཱ་གྲྭ་ཚང་གིས་རང་བཟུང་ གྲྭ་ཚང་གིས་འགོ་འདྲེན་བཟུང་སྟེ་སྦེ་ དེ་ཡང་བཟུང་ནི་ཡོད་ལགས། ཏེ་འ་ནཱི་ཅིག་རང་ཨིན། ད་འབུམ་སྡེ་ཟེར་རུང་ འ་ནཱི་གཉིས་རང་ཨིན།
  • བསྟན་འཛིན་
    དེ་ལས་ཚེས་བཅུ་འདི་ ཏེ་ཚེས་བཅུ་ཞག་གསུམ་འདི་ ཏེ་ཚེས་བཅུ་ཞག་གསུམ་འདི་ ཚེས་བཅུ་ཞག་གསུམ་ཆོ་གོ་བཏང་ ཚེས་བཞི་ (ཚེ་རིལ་སྦོམ་གཅིག་བཞེངས་?) དེ་ལས་ཏེ་ཆོ་གོ་བཏང་ ཏེ་ཚེས་བཅུ་འདི་ཡ་འབད་འབད་སྦེ་ ཏེ་འ་ནཱི་སྦེ་(་་་་་་་་་་་་?) དེའི་ནངས་པ་འཛོམས་འདུ་རྐྱབ་སྦེ་ ཏེ་འ་ནཱི་སྦེ་ འདི་ཡང་རོགས་གྲྭ་ཚང་གིས་མཛད་དེ་ར་ཡོད་དེ་ཚུ་ ཏེ་ད་ལྟོ་ དང་ཕུ་ལས་གི་ཡོད་རུང་མེད་རུང་ འ་ནཱི་ཅིག་ཨིན་མས། འདི་ཉམས་ཡང་མ་ཉམས་ བར་ན་སྐོརམ་ཅིག་ཁར་ལོ་གསུམ་དེ་ཅིག་ བསྙུང་གནས་ཚར་གཅིག་ཆད་སོ་ཡི། ཏེ་འདི་ཡང་འ་ནཱི་སྦེ་བཙུགས་སྦེ་ཡོད།། །།