Skip to main content Skip to search
03 Feb 2016
4 min 25 sec
Video Overview
Creators: 
Duptho, Chimi Wangmo

Naku narrate an account of performing Lingma in Punakha Dzong during the Punakha Dromchö or Drupchö. Lingma is a type of war dance performed with drawn swords and ferocity, invoking the protection of a particular deity. People had to be nominated to perform as Lingma dancers based on their proven skills. Lingma dancers sing the ceremonial folk verses that glorify the village and its deities. 

གནག་ཀུ་གིས་ སྤུན་ན་ཁ་སྒྲོམ་མཆོད་ཀྱི་སྐབས་ གླེང་མ་རྐྱབ་དགོ་པའི་ ལོ་རྒྱུས་སླབ་ཨིནམ་ད་ གླེང་མ་རྐྱབ་པའི་སྐབས་ ལགཔ་ཁར་ཀྲིང་ཀ་བཤེད་དེ་ ཁྲོ་བོའི་སྒོ་ལས་དམག་རྐྱབ་པའི་ཚུལ་སྦེ་ སྲུང་མ་ཚུ་ལུ་ འགྲན་བཤད་ཀྱི་བསྟོད་པ་ཕུལ་ཏེ་རྐྱབ་མས། ཏེ་མི་ངོམ་རང་སོའི་ལྕོགས་གྲུབ་དང་བསྟུན་ གླེང་མ་རྐྱབ་མི་འདི་གིས་ གཡུས་བཙན་དང་སྲུང་མ་ཚུ་ལུ་བསྟོད་པའི་ གཞས་འཐེན་ཏེ་འབད་དགོཔ་ཨིན་མས། 

Transcript search
No results found for this search
0 of 0
  • སྣ་ཀོ།
    ཧེ་མ་ཀ་ཝང་གླེང་མ་རྐྱབ་ཅིག་བ། འ་ནཱི་ཀ་ཝ་གླེང་མ་རྐྱབ་ད་ ཏེ་ཚིག་འདི་ འགོ་དང་པ་ར་ ག་ཅི་སླབ་མོ་ཟེར་བ་ཅིན་ དུས་དང་ཕུའི་ དུས་ལས་ཟེར། དུས་ལེགས་མི་སྐྱོ་དགའ་ཡང་དགའ་ཟེར། དགའ་བ་མི་སྐྱོ་སྐྱིད་ཡང་སྐྱིད་ཟེར། སྤང་གསེར་ཤོ་སྤང་གི་སྦུག་ན་ལུ་ འཛོམས་འཛོམས་རུ་རུ་འབད་དགོ་པས་ཟེར། དེ་ལས་ཏེ་ གཏམ་དགའ་སྐྱིད་ཕུན་སུམ་ཚོགས་པའི་ཚེ་ཟེར། ཡར་མི་དབང་སྡེ་པའི་བཀའ་རྒྱ་གནང།
  • སྣ་ཀོ།
    མི་དབང་སྡེབ་ཟེར་མི་འདི་ རྒྱལ་པོའི་བཀའ་གནང་དོ་ཡོདཔ་མས། སྤུནན་སྒྲུབ་ཆེན་རེ་སྦེ་ མར་ལྷན་རྒྱས་བཞི་པོ་བཀའ་འགྲོས་བསྡུ་ཟེར་ སྐྱ་རལ་མགོ་ཅན་གྱི་ཕོ་མོ་གིས་ཟེར། ད་རེས་ནངས་པར་འབད་བ་ཅིན་ དམངས་གཙོ་ཚོགས་པ་ལོ། སྤྱི་དཔོན་ལོ། འ་ནཱི་ཚུ་གིས་ དཔའ་ཟབ་ཤོག་ཟེར་ བཀྲམ་ནི་གི་ ལོ་རྒྱུས་ཨིན་མས།
  • སྣ་ཀོ།
    དེ་ལས་ སྤང་གསེར་ཤོ་སྤང་གི་སྦུག་ལུ་ཟེར་ འདི་བསྒང་ལས་ དཔའ་མཛངས་ཚུ་ ཕར་སྤང་ནང་ ཨ་ནཱི་ དཔའ་མཛངས་འཛོམས་སའི་སྤང་ནང་ སྤུངས་མས་ལོ། སྤང་གསེར་ཤོ་སྤང་གི་སྦུག་ལུ་ འཛོམས་འཛོམས་རུ་རུ་འབད་དགོ་པས་ཟེར། གཟུགས་གཙང་དང་ཁྲུལ་ལས་ལན་གསུམ་བཏོན་ཟེར་ དེ་ལས་ཡོདཔ་རང་ལས་བཏོན་ ད་ད་རེས་ནངས་པར་འབདན་ཏེ་ ཞྭམོ་ ལྷམ་ ཕྱ་རུ་ དཔའ་རྟགས་ག་ར་ གཞུང་ལས་གནང་མས་སྨོ་ཤིག།
  • སྣ་ཀོ།
    དང་ཕུགས་ ང་བཅས་མཛརཝ་སྦང་ཅུང་འབག་ དགེ་སློང་ལས་ལྷམ་བརྙ་ དེ་ལས་ མི་གནག་པའི་གཡུས་ཁ་ལས་ ཨམ་སྲུ་ལས་སྟོད་བགོ་བརྙ་། ཁ་དམར་བརྙ། དེ་ལས་ ཡར་གཡུས་ཁ་ལས་ སྟོད་བགོ་གནགཔོ་འབག་དགོ། སྟོད་བགོ་གནགཔོ་བརྙ་འབག། འ་ནཱེ་སྦེ་ དེ་ལས་ ཕྱ་རུ་དམརཔོ་འདི་ ཕར་རྫོང་ནང་ལས་ མཛརཝ་སྦང་ཅུང་འབག་ རྫོང་ནང་ ངོ་ཤེསཔ་ཡོད་མི་ཚུ་ལས་ ཕྱ་རུ་དམཔོ་བརྙ། འ་ནཱེ་སྦེ་ གཟུགས་གཙང་དང་ ཁྲུལ་ལས་བཏོན་ཏེ་ ཡོདཔ་རང་ལས་བཏོན་ མེདཔ་མི་ལས་བསྐྱི་སྟེ་གི་ཟེར།
    sss
  • སྣ་ཀོ།
    སྤང་གསེར་ཤོ་སྤང་གི་སྦུག་ལུ་ འཛོམས་འཛོམས་རུ་རུ་འབད་དགོ་པས་ཟེར་ ཡར་ལ་འཕར་འཕར་ལན་གསུམ་འཕར་ འདི་བསྒང་ལས་ ཙན་དན་བསྒྱིར་ཏེ་ ཙན་དན དཔའ་མཛངས་ ཚོགས་གཅིག་གིས་ དཔའ་མཛངས་ ག་ར་སྡེ་ཚན་སྦེ་ ཡར་ལ་འཕར་འཕར་ལན་གསུམ་འཕར་ ལྷ་དབང་པོ་རྒྱལ་མཚན་དགྱེས་དགོ་ཟེར། ལྷ་ཕྲུག་བསྟན་པ་ཞུ་དགོ་ཟེར། འ་ནཱི་ཏེ་ ལྷ་ཕྲུག་བསྟན་པ་ཞུ་དགོ་ཟེར། ལྷ་གི་ ང་བཅས་ར་ ལྷ་གི་ བུ་དང་བུམོ་ ལྷ་གི་གྲོང་ཁྱེར་ནང་གི་མི་ཚུ་ དགའ་དགོ་ཟེར་བའི་ ལོ་རྒྱུས་ཨིན་མས།
  • སྣ་ཀོ།
    ང་བཅས་ཀྱིས་ འ་ནཱེ་སྦེ་ཞུ་དགོ་པས། ཡར་ཁོང་ལུ་ ལྷ་ཕྲུག་བསྟན་པ་ཞུ་དགོ་ཟེར་ ཡར་ལ་འཕར་འཕར་ལན་གསུམ་འཕར་ ལྷ་དབང་པོའི་རྒྱལ་མཚན་དགྱེས་དགོ་ཟེར། ལྷ་ཕྲུག་བསྟན་པ་ཞུ་དགོ་ཟེར། མར་ལ་འཁྱམས་འཁྱམས་ལན་གསུམ་འཁྱམས་ཟེར་ ཀླུ་གཙུག་ན་རིན་ཆེན་དགྱེས་དགོ་ཟེར། མར་འོག་ཀླུ་གི་འདི་ ཏེ་ག་ར་ ཀླུ་གི་བངམ་མས་པ་ཏེ་སྨོ་ཤིག། ས་ཡི་འོག་ལུ་ག་ར་ ཀླུ་ཨིན་མས་པ་ཏེ་ ཀླུ་སྦེ་ རྡོ་སྦོམ་སྦོམ་ཡོད་རུང་ ཆུ་ཡོད་རུང་ ཤིང་དེམ་སྦེ་ཡོད་རུང་ཀླུ་ལོ། ཀླུ་གཙུག་ན་རིན་ཆེན་དགྱེས་དགོ་ཟེར། ཀླུ་གི་བཤད་པ་རྐྱབ་དགོ་པས།
  • སྣ་ཀོ།
    ཀླུ་ཕྲུག་བསྟན་པ་སྐྱོང་དགོ་ཟེར་ དེ་ལསནི་ ཕར་ལས་སྲིད་སྲིད་ལན་གསུམ་སྲིད་ཟེར་ བཙན་དབྱངས་མེད་སྤུན་བདུན་དགྱེས་དགོ་ཟེར་ བར་ན་སྐོར་ལས་ཕར་གྱི་འདི་སྟེ་ བཙན། རྒྱལཔོ། ང་བཅས་རའི་ནང་འབད་བ་ཅིན་ཏེ་ དཔལ་ལྡན་ལྷམོ། མགོནམོ། དེ་ལས་ ཏེ་ཆོས་སྲུང་མེདན་མ་ཤེས་ ཡོད་ཚད་གཅིགཔ་ རྫོང་ནང་གི་ཆོས་སྲུང་ རྡོ་རྗེ་བྲག་བཙན་ལོ། སྒོང་མོ་ལོ། དགེ་བསྙེན་ལོ། འ་ནཱི་དཔལ་ལྡན་ལྷམོ་ལོ། འ་ནཱི་ཚུ་ ཆོས་སྲུང་དགྱེས་དགོ་ ཐུགས་དགྱེས་དགོ་ཟེར་བའི་ ལོ་རྒྱུས་ཨིན་མས།
  • སྣ་ཀོ།
    འ་ནཱི་དགྱེས་སྦེ་ཏེ་ ང་བཅས་ཀྱིས་ཏེ་ ཁོང་ལུ་ བསྟོད་པ་ཕུལ། ཁོང་ལུ་ ལོ་རྒྱུས་ཞུ་བའི་ཚུལ་མས། བར་ལ་གསིག་གསིག་ལན་གསུམ་གསིག། བཙན་དབྱངས་མི་སྤུན་བདུན་དགྱེས་་དགོ་ཟེར། ཏེ་དེ་ལས་ འ་ནཱེ་ དེ་ལས་ཏེ་ དེ་ལས་ འ་ནཱ་ལས་ མཇུག་བསྡུ་རན་མའི་བསྒང་ལས་ ཟླཝ་བཀྲིས་ཟླ་བའི་ཡར་ཚེས་ཟེར། །ལོ་ན་ཧིང་དགའ་དང་དུས་ཅི་སྐྱིད་ཟེར། །སང་ཕོད་སྔ་ཐངས་དགུང་ལས། །ཟླཝ་བཀྲིས་ཟླཝ་གི་ཡར་ཚེས་ཟེར། །ཞལ་ཧ་ཡང་མཇལ་ཅིག་ད་རུང་མཇལ། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཡོད། །
  • སྣ་ཀོ།
    མཛེསཔ་གླེང་མ་ཁམས་ཀྱི་རང་ཚེ། གླེང་མ་ཁ་བཤད་འདྲ་ཟེར གླེང་མ་རྐྱམ་མི་མི་ཚུ་ ཁམས་ཁ་བཤད་ཡོད་མི། ཨ་ནཱི་ཚུ་གིས་མ་གཏོགས་ གཞན་གྱིས་རྐྱབ་མི་ཚུགས་པས་པ་སྨོ་ཤིག ཨ་ནཱི་རྗེ་བཙུན་གླིང་མ་ཁམས་ཀྱི་རང་བཞིན། །བསྟན་པ་ཡུན་གནས་པའི་བཀྲིས་ཤོག །འ་ནཱི་ཏེ་ གླིང་མ་རྐྱབ་མི་མི་འདི་ ཁམས་དོ་ཡོད་མི། ཁ་བཤད་ཡོད་མི། བློ་ཟེ་བསྒྱུར་ཚུགས་མི། སྲུང་བཏང་ཚུགས་མི། ཨ་ནཱི་ཚུ་གིས་མ་གཏོགས་ མི་གཞན་གྱིས་འདི་འབད་མི་ཚུགས་བ་ཏེ། མིའི་སྦུག་ལུ་ལྷོད་པའི་བསྒང་ལས་ ཨ་ནཱི་ སྦྱང་ནག་བཟའ་བཟའཝ་བཟུམ་སྦེ་སྡོད་འོང་སྦེ། འ་ནཱི་ཚུ་དེ་གིས་ སླབ་དགོཔ་ར་ཏེ་ དགྱེས་ཚེ་གླིང་མ་ཁམས་སུ་འདྲ། །བསྟན་པ་ཡུན་རིང་གནས་པའི་བཀྲིས་ཤོག་ཟེར། །ཏེ་དེ་ལས་ མགུ་ཏོ་ཁ་ལས་ ཞྭམོ་ཕུད་སྦེ་ཏེ་ འ་ནཱེ་སྦེ་མཇུག་བསྡུ་ཡི།