Skip to main content Skip to search
21 Jun 2018
1 min 28 sec
Video Overview
Creators: 
Sonam Chophel, Duptho

Tshering Dorji from Tongling village in Radhi, Trashigang narrates an account of people in his village. He says it is widely believed that ancestors of Tongling village migrated from Kheng areas of Zhemgang. They were driven there by heavy taxation and settled in a new area, Radhi. 

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ སྟོང་གླིང་གཡུས་ཚན་ལས་ ཚེ་རིང་རྡོ་རྗེ་གིས་ སྟོང་གླིང་གཡུས་ཀྱི་སྐོར་ལས་ བཤད་པ་རྐྱབ་མས། ཏེ་ཁོ་གིས་འབད་བ་ཅིན་ སྟོང་གླིང་གི་ མི་སེར་ཚུ་ དེ་བསྒང་ གཞལམ་སྒང་རྫོང་ཁག་ ཁེངས་ཀྱི་གཡུས་ཁ་ལས་ དང་ཕུ་ཁྲལ་དང་འུར་ལཱ་གི་ འབད་མ་ཚུགས་པར་འབྱོག་སྟེ་ སྟོང་ལུ་ག ཞི་ཆགས་ཆགསཔ་ཨིནམ་སྦེ་སླབ་མས། ཏེ་དང་ཕུ་ང་བཅས་རའི་ རྒྱལ་ཁབ་ནང་ ཁྲལ་དང་འུར་ལཱ་གནམ་མེད་ས་མེད་ཕོག་མི་ལུ་བརྟེན་ མི་ཚུ་འབྱོག་སྟེ་ས་ཟུར་ཁ་ལས་ཕར་ གཞི་ཆགས་ཏེ་གཡིག་སྡོད་མི་ཚུ་ ཤུལ་ལས་གཡུས་ངོ་མ་ལུ་གྱུར་གྱུརཝ་ལེ་ཤ་འདུག། 

 

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་ Tshering Dorji
    ང་གི་མིང་འདི་ ཚེ་རིང་རྡོ་རྗེ་ཨིན་ལགས། ནཱ་སྟོང་གླིང་ཆགས་ཐང་འདི་ ག་དེ་སྦེ་ཆགས་ཅི་ [ཁེངས་ལས་?] ར་ཁུངས་ག་དེ་སྦེ་འོང་ཡི་ཟེར་བ་ཅིན།
  • ཚེ་རིང་རྡོ་རྗེ་ Tshering Dorji
    ཕར་ ཨ་ཙི་སྟབས་བདེ་ཏོག་ཏོ་མེདཔ་མས་དང་ཕུ་ནཱ་ལུ་ སྟབས་མ་བདེཝ་སྦེ་སྡོདཔ་ད་ལུ་ ཕར་ལས་བྱོག་འོང་ནུག་ཚུར་ ཕར་ལས་བྱོག་འོང་སྦེ་ ནཱ་སྟོང་གླིང་སྤམ་ཆགས་མི་འདི་ ནཱ་ལུ་ཚལ་མ་འདུག་ལོ་ལགས།
  • ཚེ་རིང་རྡོ་རྗེ་ Tshering Dorji
    ང་བཅས་ཨ་པ་གིས་སླབ་ད་ལུ་ ཨ་རྒས་ཀྱིས་སླབ་ད། དེ་ལས་རྩེ་རི་བརྫམ་ ཏེ་འ་ནཱི་སྦེ་རྩེ་རི་བརྫམ་ ༼གཡུས་སྐད་ལས་ ར་ཤུ་༽ ཤིང་བརྫམ་སྦེ་ དེ་ལས་ཧེ་མ་རང་ སྤམ་ཟེར་ཆགས་ནུག་ལགས་ ང་བཅས་ནཱ་སྤམ་ སྤམ་སྦེ།
  • ཚེ་རིང་རྡོ་རྗེ་ Tshering Dorji
    [དེ་ལས་ཨ་ནཱ་ལས་?] སྤམ་པ་སྟོང་གླིང་པ་ཟེར་འབོ་འོང་ སྤམ་སྟོང་གླིང་ཟེར་ནཱ་ལུ་ སྤམ་སྟོང་གླིང་ཟེར་ ཧེ་མ་སྤམ་ཆགས་ཞིནམ་ལས་སྟོང་གླིང་ཟེར་ ད་ལྟོ་ང་བཅས་ཀྱི་མི་རྒྱུད་ཡང་ ཁེངས་ལུ་ཡོད་ལགས།། །།