Skip to main content Skip to search
18 Jan 2016
3 min 57 sec
Video Overview
Creators: 
Sherig Dhentshog

Norbu Lhamo sings an appreciation song dedicated to parents, teachers and masters who provide immense knowledge and wisdom to their children and students. The lyrics laud the parents as the ones who give birth to and feed their children until they can stand on their own feet, and the teachers as educators who guide and explore their students' modern and traditional education to make them full-fledged members of society. Lastly the master provides employment opportunities and turns people into productive human beings.

 

༉  པདྨ་དགའ་ཚལ་རྫོང་ཁག་སྐྱེ་རུང་ལས་ པདྨ་རིན་འཛིན་གྱིས་ ཁོ་རའི་མི་རྒྱུད་ཚུ་གི་སྐོར་ལས་ མ་འོངས་བུ་གཞིས་ཚུ་གི་དོན་ལས་བཤད་དོ་ཡོད་མི་ནང་ ཁོ་ར་གི་ཕ་རྒྱུད་འབད་བ་ཅིན་ མེས་མེས་བོད་པ་ཟེར་མི་དེའི་བུ་ ལུང་བསྟན་ནོར་བུ་ དེའི་བུ་གཉིས་ལས་སྦོམ་ཤོས་འདི་ བོ་སྒར་དང་ ཆུང་ཤོས་འདི་ ཀུར་སྟོད་རིན་པོ་ཆེའི་སློབ་མ་ ལོ་གསུམ་པ་ཟེར་ཡོད་ས་ལས་ ལོ་གསུམ་པ་འདི་ ཆོས་འཁོར་གླིང་ལུ་དང་ བོ་སྒར་འདི་ སྐྱེ་རུང་ལུ་གཞིས་ཆགས་སྡོད་སྡོདཔ་ཨིན་མས། དེ་ལས་ བོ་སྒར་གྱི་བུ་མཆོད་རྟེན་འདི་ རྩིས་བལྟ་ཤེས་མི་ཅིག་འབདཝ་ད་ ཚར་ཅིག་ དེ་ནང་གི་ཕོ་རྒྱ་ཚུ་ག་ར་དམག་རྐྱབ་པར་འགྱོཝ་ད་ ཨང་རྒས་ཉེ་ར་གིས་ ཕོ་རྒྱ་ཚུ་ག་ར་ཤི་ནི་ཨིན་མས་ ཨམ་སྲུ་ཆ་ཁྱབ་འདི་ག་ར་རུལ་བཅུག་ནི་ཡ? ཟེར་ ཁོ་འདི་བཞག་གནང་ཟེར་སླབ་སྟེ་ བོ་སྒར་གྱི་བུ་མཆོད་རྟེན་འདི་ལུས་ལུསཔ་ཨིནམ་ད་ མཆོད་རྟེན་གྱི་བུ་དེ་ འཇིགས་མེད་རྣམ་རྒྱལ་དང་ པདྨ་རིན་འཛིན་ཁོ་ར་འདི་ འཇིགས་མེད་རྣམ་རྒྱལ་གྱི་བུ་ཨིན་པས།

Transcript search
No results found for this search
0 of 0
  • པདྨ་རིན་འཛིན་
    ལགས་སོ། ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ མ་འོངས་པའི་ནང་ ཨ་ལུ་ཚུ་གིས་ ཕ་བརྒྱུད་བུ་བརྒྱུད་ཚུའི་དོན་ལས་ ག་བཟུམ་ཨིན་ན་ མི་ཤེས་ནི་ཨིན་པས།
  • པདྨ་རིན་འཛིན་
    འདི་སྦེ་ནི་དེ་གིས་ ང་གིས་ ཤེས་མི་ཚུ་ ཞུ་ནི་ཨིན་ཟེར་ཞུ་དོ། ད་ལྟོ་གི་ ག་དེ་སྨོ་ཟེར་བ་ཅིན་ ད་ལྟོ་གི་འདི་ ག་ཏེ་ལས་འོངམ་ཨིན་ན་ ཡར་ལས་འོངམ་ཨིན་ན་འདི་མི་ཤེས་པས་ ངའི་ཨ་རྒས་གཉིས་ཨིན།
  • པདྨ་རིན་འཛིན་
    གཅིགཔ་འདི་ ངེའི་ དང་ཕུའི་ ཨ་རྒས་ཀྱི་ལོ་རྒྱུས་ ཨ་རྒས་ཚུ་གིས་ གསུངས་དེས་ལགས།
  • པདྨ་རིན་འཛིན་
    ངའི་ཨ་རྒས་འདི་ བོདཔ་ཨིན་ཟེར་ སླབ་དེས། བོད་པའི་བུ་འདི་ ལུང་བསྟན་ནོར་བུ་ཟེར་ སླབ་དེས།
  • པདྨ་རིན་འཛིན་
    དེ་ལས་ ལུང་བསྟན་ནོར་བུའི་ བུ་གཉིསཔ་འདི་ གཅིག་ཕོ་རྒནམ་སྦོམ་ཤོས་འདི་ བོ་གར་ཟེར་ སླབ་ཨིན་ལགས།
  • པདྨ་རིན་འཛིན་
    དེ་སྦེ་ བོ་གར་ཟེར་ སླབ་དེས་ དེ་ལས་ གཞན་གཅིགཔ་འདི་ ལོ་གསུམ་པ་ཟེར་ སླབ་དེས། ལོ་གསུམ་པ་འདི་ དགེ་སློང་ཨིན། ཀུར་སྟོད་རིན་པོ་ཆེའི་སློབ་མ་ཨིན་ལགས་ ཧེ་མ་དེ།
  • པདྨ་རིན་འཛིན་
    དེ་ལས་འདི་ ཡར་འདི་ མར་འོངམ་ད་འདི་ ལོ་གསུམ་པ་ཨིན། བླ་མ་གིས་ མིང་བློ་བཟང་ཆོས་དར་ཟེར་ གསུངས་ནུག་ མེ་མེ་ལོ་གསུམ་པ་ལུ།
  • པདྨ་རིན་འཛིན་
    དེ་ལས་ ཁོ་ཆགས་ནི་འདི་ ག་ཏེ་ཆགས་ནུག་ཟེར་བ་ཅིན་ མ་པ་ག་ཅིམ་ཟེར་བ་ཅིན་ འ་ནཱི་ ཆོས་འཁོར་གླིང་ དགོན་པ་ལུ་ཨིན་ལགས། གཡུས་དགོན་པ་ལུ་ ཆགས་ནུག་ཧེ་མ་ ངའི་མེ་མེ་བར་མ་འདི།
  • པདྨ་རིན་འཛིན་
    དེ་ལས་ ཕོ་རྒནམ་འདི་ ནཱ་ སྐྱེས་རུང་ལུ་ ཧེ་མ་བོ་གར་ཟེར་མི་ སྐྱེས་རུང་ལུ་ཆགས་ནུག།
  • པདྨ་རིན་འཛིན་
    དེ་ལས་འདི་ ག་ཅིམ་ཟེར་བ་ཅིན་ ངའི་མེ་མེ་ བོ་གར་གྱིས་ཡང་ཨ་ཙི་ཅིག་ཤེས་ནུག་ཧེ་མ་ དཔེ་ཆ་ཨ་ཙི་རེ་འདུག་ ག་ཅིམ་ཟེར་བ་ཅིན་ སློབ་དཔོན་འབད་དེས།
  • པདྨ་རིན་འཛིན་
    དེ་ལས་འདི་ ད་ལྟོ་ གནམ་ལོ་ག་ཅི་ནང་ཨིན་ན་ འ་ནཱི་ ངེའི་མེ་མེ་འདི་ མི་ཤི་བླམ་ཨིན། བོ་གར་གྱི་བུ་ མི་ཤི་བླ་མ་ མཆོད་བརྟེན་ཟེར་ སླབ་ཨིན།
  • པདྨ་རིན་འཛིན་
    མཆོད་བརྟེན་ཟེརཝ་ད་ ཧེ་མ་ འ་ནཱི་ རྒྱ་ནག་གི་ཧེ་མ་ འདི་བསྒང་གི་ དཔྱད་རིག་ག་ཅི་ཡང་མིན་འདུག་ ཨ་ལོ་ཨིན་པས།
  • པདྨ་རིན་འཛིན་
    ཡར་ལུ་ ཡུ་རི་ཟེར་ རྒྱ་ནག་ལས་མར་བལྟ་ དམག་འོང་དོ་ཟེར་ སོང་ནུག། དམག་ནང་ དམག་ནང་སོངམ་ད་ སྐྱེས་རུང་གཡུས་ལས་ག་ར་ ཨ་རྒས་ཨང་རྒས་ཚུ་སོང་ནུག་ལགས།
  • པདྨ་རིན་འཛིན་
    འདི་ནང་སོངམ་ད་ ཨང་རྒས་བདེ་སྐྱིད་ཟེར་ སླབ་ཨིན། ཨང་རྒས་ཉེ་ར་སླབ་ཨིན་ལགས། ཀམོ་གིས་འདི་ མོ་འདི་ ངེའི་ཨ་རྒས་ མི་ཤི་བླ་མ་མེན་ཧེ་མ།
  • པདྨ་རིན་འཛིན་
    ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ རྩིས་ཨ་ཙི་རེ་ ཤེས་དོ་ཡོདཔ་མས། རྩིས་ཨ་ཙི་ཅིག་ཤེསཔ་ད་ལུ་ ཨེ་ ཕོ་རྒས་ག་ར་ ཤི་ནི་ཨིན་པས།
  • པདྨ་རིན་འཛིན་
    ད་ ཨམ་སྲུ་ཆ་ཁྱབ་འདི་ རུལ་བཅུག་ནི་ཨིན་ན་ཟེར་ དེ་བསྒང་ ཨང་རྒས་ཉེ་ར་གྱིས་ ཞུ་ནུག། ཁོ་རྐྱངམ་ཅིག་བཞག་ཟེར་ ཞུ་ནུག་ལགས།
  • པདྨ་རིན་འཛིན་
    དེ་ལས་ ཞུ་ཞིནམ་ལས་ མོ་ནཱ་ལུ་ ལུས་སོང་ནུག། དེ་ལས་ལུས་ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་ ཁོ་ བོ་གར་གྱི་བུ་ མེ་མེ་ མཆོད་བརྟན།
  • པདྨ་རིན་འཛིན་
    མཆོད་བརྟེན་གྱི་བུ་ འཇིགས་མེད་རྣམ་རྒྱལ་ཟེར་ སླབ་ཨིན། འཇིགས་མེད་རྣམ་རྒྱལ་ཡང་གྱོང་སོང་ཡི། འཇིགས་མེད་རྣམ་རྒྱལ་གྱི་བུ་དེ་ པདྨ་རིན་འཛིན་ཟེར་ སླབ་ཨིན་ལགས།
  • པདྨ་རིན་འཛིན་
    དེ་ལས་ པདྨ་རིན་འཛིན་གྱི་བུ་དེ་ འཇིགས་མེད་རིན་ཆེན་ཟེར་ སླབ་ཨིན། པ་མ་ལོ་རྒྱུས་ག་ཅི་སྨོ་ཟེར་བ་ཅིན་ སྤུན་ཆ་འདི་ ལེ་ཤ་ཡོད། ཡོད་རུང་ར་མ་པ།
  • པདྨ་རིན་འཛིན་
    ང་གིས་ ངགིས་ ང་ར་ལས་ གཅིག་རྟ་དྲངས་ཏེ་ ཞུཝ་མ་གཏོགས་ ད་ལྟོ་ ཕར་ཚུར་ལེ་ཤ་འབདཝ་ད་ མགུ་འཁོར་མས་ཟེར་ ཞུ་ནི་ལགས། དེམ་ཅི་ར་ཨིན་ལགས་ ག་ཅི་སྨོ་ཟེར་བ་ཅིན།