Skip to main content Skip to search
16 Jan 2015
6 min 56 sec
Video Overview
Creators: 
Yeshey Wangchuk

༉  པད་གླིང་གྲུབ་ཆུའི་ལོ་རྒྱུས་ ཁོ་རའི་ཨང་རྒས་ལས་གོ་བའི་ལོ་རྒྱུས་ ཚེ་རིང་རྡོ་རྗེ་གིས་བཤད་མི་ནང་ སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དང་པ་གིས་བཏོན་གནང་བའི་གྲུབ་ཆུ་ཨིན་ཟེར་ གྲུབ་ཆུ་ ཆུ་མོ་ཨ་རྟག་འདྲ་བ་ཟེར་མི་གིས་མ་ཚད་པར་ གཞན་ཡང་ལེ་ཤ་ཡོད་པའི་ལོ་རྒྱུས་བཤད་ནི་འདུག འདི་ཚུ་མང་ཤོས་ཅིག་ ད་ལྟོའི་བར་ན་ཡང་མ་སྐམ་པར་ཡོད་ ཟེར་བཤད་དོ་ཡོདཔ་ད་ པད་གླིང་གྲུབ་ཆུ་དང་འགྲེལ་ཏེ་ པད་མ་གླིང་པའི་སྤྲུལ་སྐུ་ཚུའི་སྐོར་ལས་ཡང་བཤད་ནི་འདུག དེ་ཡང་ སྒང་སྟེང་སྤྲུལ་སྐུ་དེ་ པད་མ་གླིང་པའི་རྣམ་སྤྲུལ་ སྐུ་གསུང་ཐུགས་སྦེ་འཁྲུངས་ཏེ་ཡོད་ས་ལས་ སྐུའི་སྤྲུལ་སྐུ་དེ་ཨིན་པས།

Tshering Dorji gives an account about the local blessed water, said to have been extracted by the first Gangteng Trülku, Gyelsé Pema Trinlé (1564-1642), the body reincarnation of Pema Lingpa. The narrator learned the history from his grandmother.

 

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ ད་ནཱ་ སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དང་པ་སྐུ་འཁྲུངས་དགོཔ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ པད་གླིང་ཞིང་ལུ་ བྱོན་ནུག་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ང་བཅས་ཀྱི་ ཕམ་ཚུ་གིས་འབད་བ་ཅིན་ བཤད་པ་ཅིག་འདུག་ལགས། དང་ཕུའི་ ཕམ་ཚུ་གིས་ ང་བཅས་ལུ་ སླབ་བྱ་ཅིག།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ད་ཁྱོད་ ཨ་ལོ་འདི་ཚུ་གིས་ འ་ནཱེ་སྦེ་ སླབ་དགོ་སྨ་རེད་ཟེར། དེ་ལས་ ང་བཅས་རའི་ པད་གླིང་བཤགསཔ་ད་ བླ་མ་གསུམ་འཁྲུངས་ནུག་ཟེར།
  • ཚེ་རིང་རྡོ་རྗེ་
    Tshering Dorji: བླ་མ་གསུམ་འཁྲུངས་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ སྐུ་སྒང་སྟེང་སྤྲུལ་སྐུ་ཨིན་པས་ཟེར། གསུང་གསུང་སྤྲུལ་ཨིན་པས་ཟེར། ཐུགས་ཐུགས་སྤུལ་ཨིན་པས་ཟེར།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ སྒང་སྟེང་སྤྲུལ་སྐུ་འཁྲུངས་ཏེ་ ཡར་ཀུན་བཟང་བྲག་གི་ཕར་ སྒང་ཏོ་གུ་བཞུགསཔ་ད་ ནཱ་སྦས་ཟུར་(བ་ཟུར་)གྱི་
  • ཚེ་རིང་རྡོ་རྗེ་
    Tshering Dorji: ས་ཆ་ནང་ གྲུབ་ཆུ་ཅིག་འདུག་ཟེར་ཨིན་པས། ཨ་ནཱེ་ གྲུབ་ཆུ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ སྒང་སྟེང་སྤྲུལ་སྐུ་གིས་ དྲོ་པ་ཉི་མའི་རྩེ་དང་འདྲན་འདྲ་སྦེ་ སྐུ་འདི་ ཡར་ཕྱི་ཁར་ཐོན་མས་ཟེར་ ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ ཕྱི་རུ་ཉིམ་འཛུལ་བའི་སྐབས་ ཉིམ་དང་འདྲན་འདྲ་ མར་སའི་ནང་ འཛུལཝ་མས་ཟེར་ ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ དེ་སྦེ་འབད་དེ་ ད་དབའེ་ མར་གྱི་ཆུ་འདི་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིན་པས་སྨ་རེད་ཟེར།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ ད་གསེར་སྐུ་ཨཱ་འབད་མི་ སྤུན་གསུམ་འདུག་ཟེར་ ང་ཁ་སྐོམ་ད་ འ་མི་ཆུ་ལེན་པར་འགྱོ་ཤིག་ཟེར་ དེ་ལས་ སྒང་སྟེང་སྤྲུལ་སྐུ་གིས་
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཡར་ལས་ དགེ་སློང་ཅིག་ ཆུ་ལེན་པར་བཏངམ་ད་ འ་ནཱི་ཆུ་འདི་ བྱཱར་རན་རུང་ སྦོམ་མི་འགྱོ་བས་ཟེར་ཨིན་པས་ལགས། སྦོམ་ཆུང་འ་ནཱེ་ཅིག་འབད་རང་།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དགུན་ཐོན་རུང་ སྐམ་ནི་མིན་འདུག་ཟེར་ ད་འ་མར་གྱི་ ཆུ་འདི་གྲུབ་ཆུ་ཨིན་པས་ཟེར། དེ་ལས་ ཆུ་མོ་ཨ་རྟག་འདྲ་བ་ཟེར་ གྲུབ་ཆུ་ཡོད་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ ཕར་ཁ་ཐུག་ ཁོ་ར་བཞུགས་སའི་ མཇུག་ལས་མར་འབད་བ་ཅིན་ མཆོད་པ་བཤགསཔ་ཅིག་ རྟགས་མཚན་བཏོན་ནུག་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: མཆོདཔ་འ་ནཱེ་སྦེ་ བཤགསཔ་ཅིག་ མཆོད་པ་གིས་ ལམ་ཅིག་ཁར་ རྫིང་ཨ་ནཱེམ་འབད་མི་ཅིག་འཁིལ་ཏེ་ བྱཱར་ཟེར་རུང་ སྦོམ་མ་འགྱོ་བའི།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དགུན་འབད་རུང་ སྐམ་ཏེ་ཡང་མ་འགྱོཝ་ཅིག་ ཐོན་ནུག་ལགས། དེ་ལས་ འ་ནཱེ་ གྲུབ་ཆུ་འདི་ཡང་ གཡུས་ཁ་ཐུག་ལུ་ ཕོག་ནི་ཨིན་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: འདི་གཡོན་ཁ་ཐུག་ཨིན་པས་ལགས། དེ་ལས་ གཡས་ཁ་ཐུག་ལུ་ སྦས་ཟུར་(བ་ཟུར་)འབད་སའི་ རྒྱ་གྲམ་གྱི་སྦུག་ལུ་རང་།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཡར་ལས་ཡོན་ཆབ་ འ་ནཱེ་སྦེ་ བཤགསཔ་ད་ ཡོན་ཆབ་འདི་ ཕྲང་ཕྲང་ནཱ་ ད་ལྟོ་ ཌོག་ཊར་ལས་སྐྱིད་ཀྱི་ ཁྱིམ་གྱི་མཐའ་མར་བཟུམ་ཅིག་ཨིན་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: འཁོར་ལམ་གྱི་སྦུག་ལུ་ མཚམས་ཅིག་ཚུད་དོ་འོང་། ཡངན་སྐམ་འགྱོ་སྟེ་མེད་དོ་འོང་ལགས། ད་ད་ང་ར་གིས་ཡང་ ལོ་ལེ་ཤ་ཅིག་ མཇལ་བར་མ་ལྷོད་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: སྦོ་ལོགས་ཁར་འབད་རུང་ར་ལགས། ད་དད་པ་མེདཔ་བཟུམ་ཡར་སོང་ནུག་སྨོ་ལགས? ནཱ་སློབ་དཔོན་ལུ་ཞུ་བ་ཅིན།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ འ་ནཱེ་གྲུབ་ཆུ་ ཨ་ཕི་འདི་ ན་ཧིང་འགྱོཝ་ད་འདི་ མ་སྐམ་པས་ལགས། ད་འ་ནཱེ་འབད་བ་ཅིན་ གཞན་འདི་ རྡོ་གཞོང་སྒྲིགས་ཏེ་ རྩིགཔ་རྐྱབ་སྟེ་རང་ཡོད་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཡོད་ནི་འདི་ བཙོག་པ་ཁོག་ཁོ་སྦེ་ཡོད་ལགས། དེ་ལས་འཐུངམ་ད་ བསིལ་ཏོང་ཏོ་ བྱཱར་གྱི་རྫིང་མེན་བཟུམ། འ་ནཱེ་སྦེ་ སྒང་སྟེང་སྤྲུལ་སྐུ་གིས་ བྱིན་གྱིས་བརླབས་པའི་ གྲུབ་ཆུ་ ༢ ཡོད་ལགས། དེ་ལས་
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཁོ་ར་གིས་ ངོས་འཛིན་འབད་ཡོད་པའི་ གྲུབ་འབདཝ་ད་ ནཱ་པད་གླིང་གྲུབ་ཆུ་ཟེར་ གྲུབ་ཆུ་འདི་ བརྒྱ་དང་སྟོང་འབད་ཡང་ཡོད་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ད་པདྨ་གླིང་པའི་ སྒང་སྟེང་སྤྲུལ་སྐུ་གི་འབདཝ་ད་ དེ་ལས་ (speaker laughs)
  • ཚེ་རིང་རྡོ་རྗེ་
    Tshering Dorji: ད་མར་ མེ་འབར་མཚོ་གི་སྐོར་ལས་ ཞུ་དགོ་པ་ཅིན་ མེ་འབར་མཚོ་ཡང་ དེ་སྦེ་ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ད་པདྨ་གླིང་པ་ འགོ་དང་པ་ གཏེར་བཞེས་ཏེ་བྱོནམ་ད་ སེངྒེ་ཁྱི་འཛོམས་ཟེར་ སེངྒེ་དང་ རོ་ཁྱི་འཛོམས་འཛོམས་བཟུམ་ཅིག་འདུག་ཟེར་ ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ དབའེ་ ད་ང་ནཱ་ལུ་ གཏེར་བཞེས་པར་འོང་པ་ཅིན་ ནཱ་ལུ་དེ་སྦེ་འདུག་ཟེར་ཏེ་གིས་ སེངྒེ་ཁྱི་འཛོམས་ཟེར་ མིང་ཅིག་བཏགས་ནུག་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ ཤུལ་ལས་གཏེར་བཞེས་ཏེ་ བྱོནམ་ད་ལུནི་ ཟམ་གྱི་ལྟག་ལུ་རང་ བྱག་རིངམོ་ཅིག་ཡོད་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དབའེ་ད་འདི་ དེ་སྦེ་མེན་པས་ཟེར་ ད་ཁོ་ལུ་ཡང་མིང་ཅིག་བཏགས་དགོ་པས་ཟེར་ དེ་ལས་ གླང་པོ་ཆེའི་ལྷ་པ་བཟུམ་འདུག་ཟེར་ཨིན་པས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ སྣ་རིང་བྲག་ཟེར་བཏགས་ནུག་ལགས། འ་ད་དེ་ལས་ ཡ་ཡ་ཟེར་ མཇུག་རང་ གཏེར་བཞེས་པར་བྱོནམ་ད་ ག་དེ་སྦེ་སྨོ་ཟེར་བ་ཅིན།
  • ཚེ་རིང་རྡོ་རྗེ་
    Tshering Dorji: གཏེར་བཞེས་པར་བྱོནམ་དནི་ ཆོས་འཁོར་སྡེཔ་གིས་ བང་ཅན་བཙོང་སྟེ་ གཏེར་བཞེས་བཅུགཔ་ད་
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ ད་ཡ་ཡ་ཟེར་ ཆོས་འཁོར་སྡེཔ་གིས་ པདྨ་གླིང་པ་ལུ་ ག་དེ་སྦེ་གསུངས་ཡི་གོ་ཟེར་བ་ཅིན་ ཁྱོད་ གཏེར་ད་རེས་བཞེས་པ་ཅིན་བཞེས་ཤིག། ད་རེས་ མ་བཞེས་པ་ཅིན་ ཡངན་གཞན་གྱི་ནང་ལས་ འཕྱོག་འབག་འབགཔ་འོང་ཟེར།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཡངན་ཁྱོད་ཀྱིས་ ཨརཝ་བརྐུ་སྟེ་ འབག་འབགཔ་འོང་ཟེར་ ད་རེས་གཏེར་བཞེས་པ་ཅིན་ བཞེསཔ་ཨིན་ཟེར་ ཁྱོད་ར་ གཏེར་བཞེས་ཤིག་ཟེར་ འ་ནཱེ་སྦེ་ བཀའ་གནང་ནུག།
  • ཚེ་རིང་རྡོ་རྗེ་
    Tshering Dorji: འ་འོ་་་ད་འབདན་ཨིན་པས་སྨ་རེད་ཟེར་ ད་རྒྱལ་པོ་གིས་ ཁྲིམས་ཨིན་པས་ ང་ལུ་ཟེར་ དེ་ལས་ ཁོ་ མར་གཏེར་བཞེས་པར་བྱོན་ནུག་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ གཏེར་བཞེས་པར་བྱོནམ་ད་ ད་ང་སྨོ་ཤིག་ ཤི་རུང་ཤི་ཟེར་ མ་གཞི་ ཁོ་ར་ མར་མཚོ་སྨན་རྒྱལ་མོ་གིས་ གཏེར་བཞེས་པར་ ལོ་གཅིག་དང་གཉིས་དེ་ཅིག་ མ་ཤོག་ཟེར་ སླབ་སྟེ་ ཁ་ཚིག་བརྗེ་སོར་འབད་དེ་ འོང་ནུག་ལགས
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་འབདཝ་ད་ ཆོས་འཁོར་སྡེཔ་གིས་ བང་བཙོང་སྟེ་ དེ་ལས་ད་ ང་མཚོ་སྨན་རྒྱལ་མོ་གིས་ གཏེར་བཞེས་པར་ མ་ཤོག་ཟེར་སླབ་མས། ལོ་གཅིག་གཉིས་དེ་ཅིག་གི་ཁ་ཚིག་ཨིན་ཟེརཝ་ད།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་འབད་བ་ཅིན་ ཡངན་མི་འདི་ཚུ་འབད་ས་ལས་ ཨརཝ་བརྐུ་སྟེ་འབག་འོང་འོངམ ཡངན་འཕྱོག་སྟེ་ འབག་འོང་འོངམ་འོང་ཟེར་ སླབ་མས་ཟེར་ མཚོ་སྨན་རྒྱལ་མོ་དང་ གསུང་གྲོས་མཛདཔ་ད་ དེ་ལས་
  • ཚེ་རིང་རྡོ་རྗེ་
    Tshering Dorji: པདྨ་གླིང་པ་ ཁྱོད་མ་ཤོག་ཟེརན་འོང་མས་ཟེརཝ་ད་ ད་ང་ཆོས་འཁོར་སྡེཔ་གིས་ ད་ལྟོ་མིན་ ད་ལྟོ་རང་འབག་ཤོག་ཟེར་ སླབ་མས་ཟེར། ཡངན་ཨརཝ་བརྐུ་སྟེ་འབག་འོངའོངམ་་ ཡངན་འཕྱོག་སྟེ་ འབག་འབག་འོང་འོངམ་འོང་ཟེར་ སླབ་མས་ཟེར།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ད་ད་རེས་ ཨིན་ཅི་མིན་ཅི་ གཏེར་བཞེས་དགོ་ཟེར་ བཀའ་གནངམ་མས་ཟེརཝ་ད་ མཚོ་སྨན་རྒྱལ་མོ་གིས་ དབའེ་དབའེ་ དེ་སྦེ་འབད་བ་ཅིན་འདི་ ཁྱོད་གནམ་མེད་ས་མེད་ཚ་གྱང་ཨིན་པས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཨ་ཕར་ སྦུག་ལུ་རང་ ལྕགས་ཀྱི་སྒྲོམ་ཅིག་ཡོད། འ་ནཱི་འབག་ཡར་སོང་ཟེར་སླབ་ནུག། དེ་ལས་ འ་མི་གཏེར་བཞེས་ཏེ་ ད་ལྟོ་ ས་ཆའི་མིང་ར་ གཏེར་ངལ་གསོ་སྦེ་ཡོད་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ འ་མི་ཁར་ལྷོདཔ་ད་ འ་ད་གཏེར་ཁུག་ཡི་ག་ མ་ཁུག་མ་ཤེས་ལགས་ཟེར། གཏེར་འདི་ ཕུལ་ནུག་ལགས། ཆོས་འཁོར་སྡེཔ་ལུ་ ཆོས་འཁོར་སྡེཔ་ལུ་ཕུལཝ་ད་ ཆོས་འཁོར་སྡེཔ་གིས་ ག་དེ་སྦེ་འབད་ཡི་གོ་ཟེརཝ་ཅིན་
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཨཱ་་་དཔའ་རྟགས་བཏོནམ་ཅིག་ གཏེར་ཁུག་ཡི་མ་ཁུག་བལྟ་གེ་ཟེར་ ལྕགས་ཀྱི་སྒྲོམ་གུ་ བྱུག་བྱིན་ནུག་ལགས། དེ་ལས་ ལྕགས་ཀྱི་སྒྲོམ་གུ་ བླུག་བྱིནམ་ད་ལུ་ དེ་ལས་ སྐུ་གིས་ གསུང་བྱོན་མས་ཟེར་ཨིན་པས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ཨ་ཙའོ་་་་ཆོས་འཁོར་སྡེཔ་ མི་རབས་རྩ་བ་ལས་ཆད་ཟེར། པདྨ་གླིང་པ་སྐུ་ཚེ་འཐུང་འོང་ཟེར་ དེ་ལས་ སྐུ་གཅིག་གིས་ཕུར་ཏེ་ ད་ཕར་ཀུར་སྟོད་ སྐུ་སྲུང་དགོན་པ་ལུ་བྱོན་ཡི་ཟེར་ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ གཅིག་གིས་ཕར་ སྤ་རོ་གདོང་དཀར་ལ་ལུ་ བྱོད་ཡི་ཟེར་ཨིན་པས་ལགས། འ་ནཱེ་ལྕགས་ཀྱི་སྒྲོམ་ནང་ སྐུ་གསུམ་སྡོད་ནུག་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: དེ་ལས་ གཅིག་ད་ལྟོ་ བྱ་དཀར་རྫོང་ནང་ཡོད་པའི་ཟེར་ཨིན་པས། དེ་ལས་ ཀྲོང་གསར་ དགེ་སློང་ཚུ་ ཡར་ཕེབས་མར་ཕེབས་འབདཝ་ད་
  • ཚེ་རིང་རྡོ་རྗེ་
    Tshering Dorji: ནང་རྟེན་ རྟེན་མཇལ་མི་གཙོ་བོ་ར་ འ་ནཱི་ཨིན་ཟེར་ཨིན་ལགས། ད་རྫོང་གི་ཚེས་བཅུ་ལུ་ཡང་ འ་ནཱི་ པདྨ་གླིང་པ་གི་དང་ འ་ནཱི་ག་ཅི་རང་འབད་རུང་
  • ཚེ་རིང་རྡོ་རྗེ་
    Tshering Dorji: འ་ནཱེ་འབད་བྱིན་གྱིས་བརླབས་ཏེ་ ནང་རྟེན་འདི་ཚུ་ པདྨ་གླིང་པའི་ དང་ཕུ་ཕམ་ཚུ་གི་སྐབས་ལུ་མཇལ་ནུག། ད་ང་བཅས་ བུ་གཞི་བསྒང་ལུ་ཡང་ མཇལ་མཇལཝ་བཟུམ་ཅིག་ཨིན་པས། ཏེ་བྱིན་གྱིས་བརླབས་ཏེ་ རྟེན་མཇལ་ནི་དང་ ཕྱག་དབང་ཞུ་ཡོད་མི་འདི་ འ་ནཱེ་འབད་ཨིན་ལགས།
  • ཚེ་རིང་རྡོ་རྗེ་
    Tshering Dorji: ད་གྲུབ་ཆུ་འདི་ཚུ་ འཐུང་ནི་ཡོད་མི་འདི་ཡང་ དེ་སྦེ་ཨིན་ལགས་ ལགས་སོ།