Video Overview
Peyling Choe was originated from Bumthang and introduced in Khangma village under Pemagatshel District by Peselling Tulku. Chams (mask dance) were brought from Yurung, Chhimung and Kenkhar. The word "Ling" refers to "Peyling" and Ngag stands for it is Norjam which together stands peyling Norjam. From Peyling Norjam, we have "Nub Ter" (the treasure of west).we have a tshechu festival with mask dance twice in a year which falls on 5th and 10th month of the Bhutanese calendar. Before in the time of Guru Tshokey Dorji, 5th month of Bhutanese Calendar was considered as "Truel choe" where Guru transformed into monkey and he prophesied that they need to a perform "Tshechu" The "Truel Choe" which was performed by the Guru on the 5th month of Bhutanese calendar is now performed on the 10th month of Bhutanese Calendar and it was performed starting from the 10th month of day 14 and ends on day 15 of the same month. Here the mask dance of the drummers and the mask dance of Garuda are being performed.
དཔལ་གླིང་ཆོས་རྗེ་འདི་ བུམ་ཐང་ལུ་འབྱུང་ནུག དེལས་པད་ཚལ་གླིང་སྤྲུལ་སྐུ་གིས་ པད་མ་དགའ་ཚལ་རྗོང་ཁག་ གཡུས་ཁང་མ་ལུ་འགོ་བཙུགས་གནང་ནུག། འཆམ་འདི་ཚུ་ཡང་ གཡུ་རུང་ ཅི་མུང་དེ་ལས་དཀེན་ཁར་ལས་འབྱུང་ནུག། གླིང་འདི་དཔལ་གླིང་ལུ་གོ་ནི་དང་ ངག་འདི་ནོར་འཇམ་ལུ་གོཝ་ལས་ དཔལ་གླིང་ནོར་འཇམ་ཟེར་སླབ་ཨིན་མས། དཔལ་གླིང་ནོར་འཇམ་ལས་ ནུབ་གཏེར་འདི་འབྱུང་ནུག ལོ་གཅིག་ནང་ འབྲུག་པའི་ཟླཝ་ལྔ་པ་དང་བཅུ་པའི་ནང་ འཆམ་དང་འབྲེལ་ཚེས་བཅུ་འབདཝ་ཨིན་མས། ཧེ་མ་གུ་རུ་ཚོས་སྐྱིད་རྡེ་རྫེ་སྐབས་ལུ་འབད་བ་ཅིན་ འབྲུག་པའི་ཟླཝ་ལྔ་པ་འདི་ སྤྲུལ་ཆོས་འབད་བརྩིཝ་ཨིན་མས དེ་ཡང་གུ་རུ་མཆོག་སྤྲུལ་ལུ་བསྒྱུར་ཏེ་ ཁོ་གིས་ ཆོས་བཅུ་སྤྲུལ་ཆོས་ཟེར་མི་འདི་ འབྲུག་པའི་ཟླཝ་ལྔ་པའི་ནང་ འབད་དགོ་ཟེར་ལུང་བསྟན་གནང་ནུག། ཨིན་རུང་ད་རེས་ནངས་པར་ ཆོས་བཅུ་འདི་འབྲུག་པའི་ཟླཝ་བཅུ་པ་ཉིནམ་བཅུ་བཞི་ལས་འགོ་བཙུགས་སྟེ་ ཉིནམ་བཅོ་ལྔ་ལུ་མཇུག་བསྡུཝ་ཨིན་མས། དེའི་སྐབས་རྔ་འཆམ་དང་ག་རུ་དྲའི་འཆམ་ཚུ་རྐྱབ་ཨིན་མས།
- Yurung
- Pemagatshel
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཁང་མ་ལས་ཨིན་ ང་མི་ཤི་བླམ་ཨིན། ད་ལྟོ་ ཏེ་ང་བཅས་ཀྱི་པད་གླིང་ཨིན་ དང་པ་ཀུན་བཟང་དབང་འདུས་ཟེར་མི་དེ་གིས་མཛད་གནང་ནུག ཧེ་མ་འགོ་དང་པ་རང་ ཏེ་འ་ནཱི་གི་ཤུལ་ལས་ བསོད་ནམས་སྟོབ་རྒྱས་ཟེར་མི་དེ་གིས་གནང་ནུག ཏེ་ད་ལྟོ་འབད་བ་ཅིན་ ཏེ་ད་ལྟོ་ང་ལྷ་བརྒྱ་དབང་འདུས་ཟེར་མི་གིས་ ཏེ་ད་ལྟོ་ང་བཅས་ཀྱིས་ཕྱག་ཞུ་དོ།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་ ཨ་ནཱི་པད་གླིང་གི་ལས་རིམ་གྱི་ནང་ལས་ ད་ལྟོ་མཚམས་རིམ་འབད་བ་ཅིན་ མཚམས་རིམ་༡༣ཨིན་ལགས། ཏེ་ད་ལོྟོ་རྐང་ཐག་ལས་འབད་བ་ཅིན་ རྐང་ཐག་༡༣ཡོད་ ད་ལྟོ་འ་ནཱི་སྦེ་ཞུ་ནི་ཨིན།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་ད་ལྟོ་ ཨིན་ གླིང་ཟེར་མི་འདི་ པད་གླིང་ཨིན་ཟེར་ དེ་ལས་འ་ནཱ་ལས་ སྔགས་འདི་ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་ ཏེ་པད་གླིང་ནོར་རྒྱམ་ཨིན། པད་གླིང་ནོར་རྒྱམ་ལས་ ཏེ་གཏེར་ག་ཅི་སྨོ་ཟེར་བ་ཅིན་ ནུབ་གཏེར་ཨིན་ཟེར་ ནུབ་གཏེར་ལས་འ་ནཱི་བཟུམ་གྱི་ཆོས་ཀྱི་ནང་ལུ་ ང་བཅས་པད་གླིང་གི་ནང་ན་ དེམ་ཅིག་ཨིན་ཟེར་ཞུ་ནི་ཨིན་ལགས།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཨ་ནཱ་ལས་ དེ་ལས་ད་རུང་ འ་ནཱི་གི་འབད་བ་ཅིན་ ཏེ་ད་ལྟོ་མར་ལུ་ རྒྱ་དྲུང་གི་ཞུ་ནི་ཨིན་པ་ཅིན་ ཏེ་དང་པ་ཁོ་ མར་འབྱོནམ་ད་ལུ་ ཡར་དཔོན་གྱི་ཕྱག་ཞུ་སྟེ་ ཐབ་ཚངཔ་སྦེ་བཞུགས་བཞུགསཔ་ ཐབ་ཚངཔ་སྦེ་བཞུགས་པའི་སྐབས་ལུ་ ལོ་དྲུག་ཕར་བཞུགས་ དཔོན་མ་མཇལ་བར་ དེ་ལས་ཨ་ནཱ་ལས་ ཏེ་ཐབ་ཚངཔ་ལས་ འབོ་ཁྱིད་སྦེ་ ཨ་ནཱ་ལས་དཔོན་གྱི་ཕྱག་ཕྱིད་ཞུ་སྟེ་ ལོ་དྲུག་སྡོད་ཞིནམ་ལས།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་འ་ནཱ་ལས་ མར་རྒྱ་དྲུང་ཟེར་ ཁོ་ཡང་མར་ལྟ་སྟེ་བྱོན་བྱོནམ་མས་ དེ་ལས་ཨ་ནཱ་ལས་ཡར་རྒྱ་གར་ཚུ་འཁྱིད་དེ་ ནཱ་ལུ་འཁྱིད་འོང་སྦེ་ལཱ་བཀོལ་ ཁོ་རྒྱ་དྲུང་འབད་བཞུགསཔ་ད་ལུ་ ལོ་དག་པ་ཅིག་བཞུགས་བཞུགསཔ་མས་ དེ་ལས་ད་རུང་ རྒྱ་གར་བཟངམོ་ཅིག་ ཁོ་གི་ཐབ་ཚངཔ་སྦེ་བཞག་སྟེ་ ད་ལྟོ་མཐོང་ལེགས་བུ་ཆུང་ཟེར་མི་གིས་ ང་དེ་བཟུམ་ཅིག་སྦེ་ གཉེན་རྐྱབ་དགོ་པས་ཟེར་ དེ་སྦེ་ཆགས་འབདཝ་ལས་ དེ་ལས་ཁོ་གིས་བཀྲོངས་བཞག་ནུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་བཀྲོངས་ཞིནམ་ལས་ ད་རུང་ལོག་སྟེ་ ཁོ་གི་བུ་གཉིས་ཀྱིས་ དེ་ལས་ཨའི་བུ་གཉིས་ཀྱིས་ མར་ང་བཅས་ར་ཁང་མ་ཟེར་སའི་མཇུག་ལུ་ ཝའེ་ལམ་དང་རི་འཛོམས་མོ་གི་སྦོ་ལོགས་ཁར་ སྤག་ཤིང་ཅིག་བཙུགས་ཏེ་ སྤག་ཤིང་ཅིག་བཙུགསཔ་ད་ཡང་ སྐྱེས་ཏེ་ ཆད་ན་མ་ཆད་ དར་ན་མ་དར་ ཁང་མ་ཟེར་ དེ་སྦེ་བཙུགས་ཏེ་འདུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་ཕར་སྐྱེངས་མཁར་ལུ་ལྷོདཔ་ད་ཡང་ སྤག་ཤིང་མགུ་འགྱུར་ལོག་སྟེ་བཙུགས་སྦེ་ ང་གི་བསྟན་པ་ཡོད་པ་ཅིན་སྐྱེ་བཅུག་ཟེར་ དེ་སྦེ་བཞགཔ་ད་སྐྱེས་ཏེ་འདུག་ དེ་ལས་འ་ནཱ་ལས་མོ་གི་བུ་གཉིས་ཀྱིས་ མདའ་ར་རྐྱབ་བཅུག་སྟེ་ གདོང་ཁར་སྒོང་རྡོག་བཀལཝ་ད་ སྒོང་རྡོག་ལུ་ཡང་མདའ་གིས་ཕོག་ ཁབ་བཀལཝ་ད་ ཁབ་གུ་ཡང་ཕོག་འབདཝ་ལས་ དེ་ལས་ད་རུང་ལོག་འོང་སྦེ་ ནཱ་ལུ་ཞག་བདུན་བསྐོར་ར་རྐྱབ་སྟེ་ མཇུག་མཇུག་ལུ་རྐྱངམ་ཅིག་ མཐོང་ལེགས་བུ་ཆུང་བསད་ཚུགས་ཚུགསཔ་མས།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་དེ་སྦེ་བསད་ཞིནམ་ལས་ དེ་ལས་ད་རུང་ལོག་སྟེ་ འ་ནཱི་གི་ཁྲག་འདི་ ཨ་ནཱི་རྒྱ་གར་བཟངམོ་གིས་འབག་སྟེ་ ཏེ་འ་ནཱི་དམོད་གནང་ས་ཟེར་ས་ལུ་ དམོད་གནང་ས་ཟེར་ དེ་ནང་སླབ་སླབ་ཨིན་མས། མ་གཞི་ས་གི་མིང་འདི་ བསམ་གྲུབ་རྩེ་ཨིན་ ཏེ་བསམ་གྲུབ་རྩེ་ཟེར་ས་ལུ་མཐའ་འཁོར་ལུ་ དམོད་མོ་བཏབ་སྟེ་ ཁྲག་བླུགས་འབད་ཞིནམ་ལས་ ཟ་མ་བཏུབ་སྦེ་སྡོད་ནུག ཏེ་ཨ་ནཱི་མཆོད་རྟེན་བཞེངས་པའི་སྐབས་ལུ་ཡང་ མཆོད་རྟེད་ལྕགས་རི་འདི་ བམ་རྡོ་ཙང་ཙང་གིས་རྐྱབ་སྟེ་འདུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་རྐྱབ་ཞིནམ་ལས་ བཟོ་བོ་བི་ཤྭ་ཀརྨ་གིས་ ང་བཅའ་སྒྲིག་འདིནི་རྐྱབ་ཅི་ རྡོ་མེད་ཟེར་ རྡོ་མེད་ཞིནམ་ལས་ ག་ཅི་ཅིག་འབད་བ་ཅིག་བཏུབ་ག་ཟེར་ མནོ་བཏང་ཞིནམ་ལས་ དེ་ལས་མཁའ་འགྲོམ་གཉིས་ཀྱིས་ ནུབ་མོ་ཁོ་གི་སྦོ་ལོགས་ཁར་འོང་སྟེ་ ཁྱོད་ཐུགས་མ་བདོག་ཟེར་ ང་བཅས་ཀྱིས་རྐང་རྗེས་བལྟ་སྦེ་ཤོག་ ཏེ་ཕར་རྡོ་གསུམ་བརྩེགས་བཞག་སྟེ་ཡོད་ འ་ནཱི་རྡོ་གསུམ་གྱི་ཐོག་ཁར་ དཀར་མེ་བཟུམ་ཅིག་ཡོད་ ཏེ་བཀྱག་ལྡིང་ལྡིང་སྦེ་སྡོད་འོང་ འ་ནཱི་ལུ་བལྟ་ཤིག་ཟེར་སླབ་ཞིནམ་ལས་ ཏེ་འ་ནཱི་རྡོ་འདི་ ཕར་ལས་བཏོན་གནང་སྟེ་འདུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་གནང་ཞིནམ་ལས་ གནམ་མེད་ས་མེད་སྤུངས་ནུག་སྤུངས་ཞིནམ་ལས་ད་རུང་ འ་ནཱི་བཟོ་བོ་གིས་ ཡ་བླ་མ་མཁྱེན་ མཆོད་རྟེན་གཉིས་ར་བཞེངས་རུང་ལང་འོང་ཟེར་ ཞུ་ཞིནམ་ལས་ དེ་ལས་ཏེ་འ་ནཱི་རྡོ་ཡང་གཏེར་བཀག་བཞག་ནུག ཁོ་གི་གཏེར་ཁ་ཕྱེ་མི་དེ་ཡང་ དེ་ལས་ཨ་ནཱ་ལས་ འབྲོག་ལོ་ལས་བྱ་ལོ་ཚུན་ཚོད་བཞེངས་ནུག དེ་ལས་མཆོད་རྟེན་གྱི་མཐའ་འཁོར་ དེ་སྦེ་འབད་ནུག ཏེ་མཆོད་རྟེན་གྱི་མིང་འདི་ སྒོ་མང་མཆོད་རྟེན་ཨིན་ཟེར་ ཞུ་ནི་ཨིན་ལགས་ ལགས་སོ་ལགས།། །།