Skip to main content Skip to search
28 Aug 2018
6 min 1 sec
Video Overview
Creators: 
Sonam Chophel, Dawa Tshering

༉  པ་གཞི་ལྷ་ཁང་གི་ལོ་རྒྱུས་འདི་ མགར་ས་རྫོང་ཁག་ལ་ཡག་རྒེད་འོག་ པ་གཞི་གཡུས་ཚན་ལས་ ཚེ་རིང་གིས་བཤདཔ་ཨིནམ་ད་ ལྷ་ཁང་འདི་ཡང་ བོད་ཀྱི་ས་གནས་སྟོད་མངའ་རི་ལས་ཨིན་མི་ གྲུབ་ཐོབ་ཀུན་དགའ་རས་པའི་གདན་ས་ཨིནམ་སྦེ་བཤདཔ་མས། མ་གཞི་གྲུབ་ཐོབ་ཀྱི་གདན་ས་འདི་ པ་གཞི་ལུ་ཨིན་རུང་ འོག་མའི་ནང་གི་མཚོ་ནང་གནས་པའི་བདུད་འདི་ཚུ་གིས་ གཡུས་ཁའི་མི་ལུ་གནོད་པ་བཀལ་མི་འདི་བཏུལ་ནི་གི་དོན་ལུ་ མཚོའི་མཐའ་མར་བཞུགས་ཡོདཔ་ད་ ཤུལ་ལས་ས་གནས་དེ་ཁར་ ལྷ་ཁང་ཅིག་བཞེངས་ཏེ་ ལྷ་ཁང་གི་མཚན་ འོག་རྫོང་ཟེར་བཏགས་ཏེ་ པ་གཞི་ལྷ་ཁང་ནང་ཡོད་མི་ནང་རྟེན་ཚུ་འོག་རྫོང་ནང་གདན་འདྲེན་ཞུ་ཞུཝ་མས། པ་གཞིའི་ལྷ་ཁང་འདི་ མི་ཚུ་གིས་བདག་འཛིན་མ་འཐབ་པར་ ཚར་གཅིག་གྱང་ཁོག་སྦེ་ལུས་པའི་སྐབས་ གཡུས་ཁ་ལུ་བྱ་སྟབས་མ་བདེཝ་ལེ་ཤ་ཅིག་ཐོན་ཞིནམ་ལས་ ཁོང་ར་གིས་ ལྷ་ཁང་བདག་འཛིན་མ་འབདཝ་ལས་བརྟེན་ཨིནམ་ཧ་གོ་སྟེ་ ཉམས་བཅོས་ཞུ་སྟེ་བདག་འཛིན་འཐབ་འཐབ་ཨིན་མས།

An account of Pazhi temple was narrated by Tshering from Pazhi village in Laya Gewog (county) in Gasa Dzongkhag (district). It is said that the temple was the residence of Drupthob Kuenga Ralpa from Toe Nga in Tibet. His residence was at Pazhi after coming to Bhutan yet he had to relocate to a lake called Ongmi Nang in order to subdue a devil roaming around that area, taking the lives of many villagers. Later a Dzong was built there and named Yongdzog Lhakhang, which contains relics transferred from Pazhi temple, which was then also called Dzonglue Lhakhang ("leave Dzong", because the Dzong at Pazhi was abandoned). The temple had once been left to ruin after which many misfortunes occurred in the village, as people had never taken care of the temple. Later the villagers realized the cause for their misfortunes and rectified their mistake.

Transcript search
No results found for this search
0 of 0
  • ཚེ་རིང་། Tshering སྐུ་བཟང་པོ་ སློབ་དཔོན། ང་གིས་ ད་ལ་ཡག་གི་སྐོར་ལས་སྦེ་ ཏེ་ད་རེས་ སློབ་དཔོན་གཉིས་ལུ་ ཏེ་ང་བཅས་ཀྱི་ནཱ་གྱི་སྤ་གཞི་ལྷ་ཁང་གི་སྐོར་ལས་སྦེ་ ང་གསལ་བཤད་ཅིག་ཞུ་གེ། ང་བཅས་ དང་པ་ར་ང་ར་གི་མིང་འདི་ སྤྱི་མི་བགྲེསཔ་ ཚེ་རིང་ཟེར་སླབ་ཨིན།
  • ཚེ་རིང་། Tshering ཏེ་ང་གི་ལོ་འདི་ བདུན་ཅུ་དོན་གཅིག་ཡར་སོ་ཡི། ཏེ་ང་བཅས་ཀྱི་ནཱ་ལྷ་ཁང་གི་ཆགས་ཐངས་འདིའི་སྐོར་ལས་ ནཱ་ཏེ་ སློབ་དཔོན་གཉིས་ལུ་ ཞུ་བ་ཅིན། ང་བཅས་ཀྱི་ལྷ་ཁང་འདི་གི་ མ་པ་ཁོ་ར་གི་མིང་འདི་ ཏེ་གྲུབ་ཐོབ་ཀུན་དགའ་རས་པ་གི་གདན་ས་ཅིག་ཨིན་མས།
  • ཚེ་རིང་། Tshering ཏེ་གྲུབ་ཐོབ་ཀུན་དགའ་རས་པ་འདི་ ཁོ་ནཱ་ལུ་གཡུས་པ་གཞི་ཟེར་མི་འདི་ གྲུབ་ཐོབ་ཀུན་དགའ་རས་པ་གི་ ཆོས་ཞིང་ཅིག་ཨིན་མས་ ཆོས་ཞིང་། ཏེ་ཁོ་ནཱ་ལུ་བཞུགསཔ་ད་ དེ་ལས་ཡར་འོ་མའི་ནང་གི་མཚོ་བདུད་ཟེར་མི་འདི་གིས་འབད་ཏེ་ ཡར་གྱི་གཡུས་ ལྟག་ལས་ལྟོ་བསྐོར་ཟེར་མི་འདི་ནང་ དེ་ལས་མི་བསྐོར་རྒྱབ་བསྐོར་རྒྱབ་སྦེ་ ཟ་སྦེ་སྡོདཔ་ད།
  • ཚེ་རིང་། Tshering ད་ཡར་གཡུས་ལྟོ་བསྐོར་འདི་མིང་ གཡུས་འདི་གི་མིང་ལུ་ ཏེ་ལྟོ་བསྐོར་ཟེར་སླབ་སླབ་ནི་ཨིན་ ཏེ་བདུད་ཀྱི་ལྟོ་བསྐོར་རྒྱབ་སྦེ་ཡར་སོ་ནུག་ཟེར་ གྲུབ་ཐོབ་ཀུན་དགའ་རས་པ་གིས་ དེ་སྦེ་བཀའ་གནང་གནངམ་མས།
  • ཚེ་རིང་། Tshering དེ་འབདཝ་ད་ ང་གི་མི་སེར་འདི་ཚུ་ག་ར་ཟ་ཚར་ནི་མས་ཟེར་ ང་ཡར་གྱི་འོ་མའི་ནང་གི་མཚོ་བདུད་འདི་ ང་ཨིན་ཅིག་མིན་ཅིག་ར་ བཏུལ་ཚུགསཔ་ཅིག་འབད་དགོ་པས་ཟེར་ ཏེ་ཁོ་ནཱ་ལས་ཡར་བྱོནམ་སྦེ།
  • ཚེ་རིང་། Tshering ཏེ་ཡར་ཡོན་རྫོགས་ཟེར་མི་དེ་ནང་ལྷོདཔ་ད་ ཏེ་ཨ་ནཱི་བདུད་འདི་གི་གདོང་ཁ་ལུ་ཐོནམ་ད་ ཏེ་ཁོ་ཨ་ཙི་ཅིག་འདྲོག་སུ་ཅིག་སྦེ་ ད་ང་ལོ་གསུམ་དོ་རུང་ལོག་སྟེ་ར་ མཚམས་གཅད་དགོ་པས་ཟེར་ ཡར་བྱག་ནང་ལུ་འཛུལ་སྦེ།
  • ཚེ་རིང་། Tshering ཏེ་ཆུ་ཐིག་པ་ཐིག་པ་ཅིག་ཡང་ ཁོ་ར་གིས་འབད་ ཏེ་མཚམས་བཅད་ ལོ་གསུམ་མཚམས་གཅདཔ་ད་ ཐིག་པ་གཅིག་ཡང་ཁོ་ར་གི་སྤྲུལ་པ་འབད་ ཏེ་སྟོནམ་སྦེ་ ཏེ་ལོ་གསུམ་མཚམས་བཅད་སྦེ་བཞུགས་སྦེ།
  • ཚེ་རིང་། Tshering དེ་ལས་ཏེ་ མར་བདུད་གདོང་ཁར་ཐོནམ་ཅིག་ བདུད་འདི་གིས་ཕྲང་ཕྲང་རང་ ཁོ་ཟ་སྟེ་འབདཝ་ཅིག་ ཁོ་གིས་རྫུ་འཕྲུལ་འབད་ ཁོག་པའི་ནང་ན་འཛུལ་ཏེ་གིས་ ཏེ་འོ་མའི་ནང་གི་མཚོ་བདུད་འདི་ ལྕེ་འདི་ཚུ་འབལ་ཏེ་ བྱག་གུ་ལུ་ ད་ལྟོ་འབྲུ་ལྷམ་ལྷམ་སྦེ་ར་ ཏེ་ག་གིས་ཡང་མཇལ་ས་ ལམ་ཁར་ར་མཇལ་ས་ཡོད།
  • ཚེ་རིང་། Tshering དེ་ལས་ དོན་ཧིང་འདི་ཚུ་ཡང་ བྱག་གུ་ལུ་ འོ་མའི་ནང་གི་མཚོ་བདུད་ཀྱི་རྫུ་འཕྲུལ་སྦེ་ འབལ་སྦེ་དོན་ཧིང་འདི་ཚུ་ ཁྲ་ལྷམ་ལྷམ་སྦེ་རང་ ཡར་བྱག་ནང་ལུ་ ད་ལྟོ་ལམ་ཁར་ག་གི་རང་མཇལ་རུང་མཇལ་ས་ཡོད།
  • ཚེ་རིང་། Tshering དེ་ལས་ དེ་གིས་ཡང་མ་ཚད་པར་ བདུད་འདི་ལུ་ ཏེ་རྡོ་འདི་སྒོང་རྡོག་བཟུམ་སྦེ་སྤུརཝ་ད་ བདུད་གུ་ལུ་ བདུད་འདི་བཏུལ་རནམ་ད་ ད་འབདན་ང་གིས་སྐུ་ཆེ་གསུང་ཆེ་ ང་གིས་ཕྱག་འཚལ་གེ། ཏེ་ང་གིས་ ད་མི་མ་ཟ་བའི་དམ་བཅའ་ལེན་རང་ལེན་གེ་ཟེར་ ཏེ་གྲུབ་ཐོབ་ལུ་ གྲུབ་ཐོབ་ཀུན་དགའ་རས་པ་ལུ་ཞུ་ཞིནམ་ལས་ ཏེ་གྲུབ་ཐོབ་ཀུན་དགའ་རས་པ་གིས་ཡང་བཏུབ་ དེ་འབད་བ་ཅིན་ ཁྱོད་མི་མ་ཟ་བ་ཅིན་ ང་གིས་བཞག་གེ་ཟེར་བཀའ་གནང་སྦེ།
  • ཚེ་རིང་། Tshering ཏེ་བདུད་འདི་གིས་ ད་ང་གིས་དམ་བཅའ་ལེན་གེ་ དེ་འབདཝ་ད་ ཁྱོད་ར་ཡར་བཞུགས་དགོ་ཟེར་ གྲུབ་ཐོབ་ལུ་ཞུཝ་ད་ བཏུབ་ང་ཡར་ཁྱོད་ཀྱིས་ཁས་ལེན་འབད་ མི་མ་ཟ་བའི་ཁས་ལེན་འབད་ ང་ཡར་བཞུགས་གེ་ཟེར་ཏེ་གིས་སྦེ། དེ་ལས་ཏེ་ བཏུབ་ཟེར་ དེ་ལས་ནཱ་ལས་ཡར་ ལྷ་ཁང་ནང་རྟེན་འདི་ཚུ་ཡང་ཡ་ཞུ་ ཡར་ལྷ་ཁང་གཅིག་ཁོ་ར་གིས་བཞེངས་སྦེ་ ད་འ་ནཱི་ལྷ་ཁང་འདི་གི་མིང་ ཡོན་རྫོགས་ལྷ་ཁང་ཟེར་སླབ་སྟེ་ཡོད།
  • ཚེ་རིང་། Tshering ཏེ་འདི་ནང་ལུ་ ད་གནམ་མེད་ས་མེད་ ང་བཅས་ལ་ཡག་གི་མི་སེར་དེ་ཚུ་ ཏེ་ཟླཝ་རེའི་བར་ན་ ཚར་རེ་ལྷོད་མ་ཚུགས་པ་ཅིན་ ཡངན་མི་རང་ན་ ཡངན་ནོར་རང་ ནོར་སེམས་ཅན་ལུ་གནོད་པ་རྐྱབ་སྦེ། ཏེ་ཟླཝ་རེ་བར་ན་ ཚར་རེ་ཚར་རེ་འདི་ མི་གུང་པ་ག་ར་འགྱོཝ་ཨིནམ་མ་ཚད་ ཏེ་དེ་ནང་ལས་མི་ ཐག་རིང་ས་ ཐིམ་ཕུག་ལས་མར་ སྤ་རོ་ལས་ཕར་ མགར་ས་ལས་མར་ ཡར་སོངཔ་འབད་བ་ཅིན་ ཏེ་ལོ་རེ་བར་ན་ ཡར་དཀོན་མཆོག་མཆོད་པར་འོང་རང་འོང་དགོ།
  • ཚེ་རིང་། Tshering ཁོ་གནམ་མེད་ས་མེད་བཀའ་སྲུང་ གནམ་མེད་ས་མེད་ཤུགས་ཆེ་དྲག་སྦེ་ཡོད། ཏེ་མར་འ་ནཱི་འབད་ནི་འདི་གིས་ ཁོ་ཡར་བཞུགས་དགོ་ནི་འདི་གིས་ དེ་ལས་ནཱ་ ནཱ་གི་པ་གཞི་ལྷ་ཁང་ཟེར་མི་འདི་ འདི་ནང་ལུ་ ངེའི་རྫོང་ མར་ལུས་སོ་ཡི་ཟེར་ ལྷ་ཁང་ལུ་དང་ཕུ་རྫོང་ཟེར་སླབ་དོ་ཡོདཔ་མས། ངེའི་རྫོང་ལུས་ རྫོང་མར་ལུས་སོ་ཡི་ཟེར་ ཏེ་ད་རིས་ མ་པ་ལྷ་ཁང་འདི་ རྫོང་ལུས་ལྷ་ཁང་ཟེར་སླབ་ཨིན། ཏེ་ད་ ཏེ་མི་རྒྱུས་མེད་མི་གིས་འབད་བ་ཅིན་ པ་གཞི་ལྷ་ཁང་པ་གཞི་ལྷ་ཁང་ཟེར་སླབ་ཨིན།
  • ཚེ་རིང་། Tshering ཏེ་རྒྱུ་ཡོད་མི་གིས་འབད་བ་ཅིན་ ནཱ་གི་མི་དེ་ཚུ་གིས་རྫོང་ལུས་ལྷ་ཁང་ཟེར་སླབ་ཨིན། ཏེ་འདི་ནང་ལུ་ ཏེ་གྲུབ་ཐོབ་ཀུན་དགའ་རས་པ་འདི་ ང་ཀུན་དགའ་རས་པ་མེན་ ང་ཁོག་པའི་རས་པ་ཨིན་ཟེར་ བདུད་ཀྱི་ཁོག་པའི་ནང་ལུ་འཛུལ་འཛུལཝ་ཨིན་ ང་ཁོག་པའི་རས་པ་ཨིན་ཟེར་ གསུངས་གསུངས་མས།
  • ཚེ་རིང་། Tshering ཏེ་ཁོ་ཁོག་པའི་རས་པ་འདི་ ཨིན་ནི་འདི་ བོད་ལས་བྱོན་འདུག བོད་ལས་བྱོནམ་ད་ ཕར་བོད་ཀྱི་འདི་ནང་ ཨ་ནཱི་སྟོད་གངས་རི་ཟེར་མི་དེ་ནང་ལས་བྱོན་འདུག སྟོད་གངས་རི་ཟེར་མི་ནང་ལས་བྱོནམ་སྦེ་ ཏེ་ནཱ་ལ་ཡག་གི་གཡུས་ཚན་འདི་ནང་ལུ་བཞུགས་སྦེ་ ཏེ་ད་ ནཱ་ལུ་གནམ་མེད་ས་མེད་ཀྱི་ བདུད་འདི་ཚུ་བཏུལ་ ཏེ་ཁོ་གིས་ནཱ་ལེགས་ཤོམ་སྦེ་བཞུགས་སྦེ་ ཏེ་ནཱ་ལུ་ཁོ་ར་བཞུགས་ས་འདི་ མཐའ་བསྐོར་འདི་ཚུ་ག་ར་ པ་ཞིང་ཟེར་མི་བསྒང་ལས་ ཁོ་གི་ཆོས་ཞིང་སྦེ་བརྩིས།
  • ཚེ་རིང་། Tshering ཏེ་འདི་ནང་ལུ་བཞུགས་སྦེ་ཨིན་མས། ཏེ་བར་སྐབས་ཅིག་ལས་ ང་བཅས་མི་དེ་ཚུ་ མཆོད་རྟེན་འུར་ལཱ་གྲྭ་ཚང་ གནམ་མེད་ས་མེད་དཀའ་སྡུག་བྱུང་སྦེ་ ཏེ་ལྷ་ཁང་འདི་ཚར་གཅིག་ ཡུདཔ་ཅིག་ཉམས་རང་ཉམས་སོ་ནུག ཏེ་ཉམས་སོང་རུང་ ཏེ་བར་སྐབས་ཅིག་ལས་ གྱང་ཁོག་འཚམས་སྦེ་ཡར་སྦེ་ དེ་ལས་ང་བཅས་ཀྱི་ནཱ་ལུ་ལོ་ཐོག་འདི་ཚུ་འབུཔ་གིས་ཟ་ དེ་ལས་མི་དེ་ཚུ་ ནཝ་ཚཝ་ཕོག་ འ་ནཱི་འབད་ཞིནམ་ལས་ དེ་ལས་ཏེ་ ལོག་སྟེ་ར་ཉམས་གསོ་འབད་ཞིན་ན་ལས་ ཏེ་ད་ ད་རིས་ནངས་པ་ དུམ་གྲ་ཅིག་ཡ་ལྷོང་སྟེ་ཡོད།། །།