Video Overview
Dasho Ugyen Rigzin shared about the Ugyencholing Lhakhang, including rules of the naktshang, and the establishment of the guesthouse. Dasho Ugyen Rigzin said that Ugyencholing was the residence of Kuenkhen Longchen Rabjam. When Longchen Rabjam went searching for a residence, he reached Ugyencholing and decided that the site would be an excellent place to stay. Today we can still see Longchen Rabjam's meditation place. It later became Dorji Lingpa’s residence. Before the death of his father, he said there were many workers under him. Later, when he realized the naktshang was locked and no one was allowed to visit, they decided to establish a museum. Today many people visit Ugyencholing.
དྲགོས་ཨོ་རྒྱན་རིན་འཛིན་གྱིས་ ཨོ་རྒྱན་ཆོས་གླིང་འདི་ འགོ་དང་པ་ག་གིས་ གདན་ས་ཨིན་ནའི་ལོ་རྒྱུས་དང་ དེ་ལས་ ཁོ་ར་གིས་ཚོར་བའི་སྐབས་ ནག་ཚང་ནང་ལུ་ ལམ་ལུགས་ཚུ་ག་དེ་སྦེ་ར་སྡོད་ནུག་ག་དང་ ནག་ཚང་གི་ཤག་སྐོར་དང་ དབུ་རྩེ་ལ་སོགས་པ་ཚུ་ ག་དེ་སྦེ་ སྤྱོད་དེ་སྡོད་ནུག་ག་དང་ དེ་ལས་ འགྲེམས་སྟོན་ཁང་བཙུགས་ཡོད་པའི་ ལོ་རྒྱུས་ཚུ་གི་སྐོར་ལས་ ཤེས་ནུག། དྲགོས་ཨོ་རྒྱན་རིན་འཛིན་གྱི་ ལོ་རྒྱུས་དང་འཁྲིལཝ་ད་ ཨོ་རྒྱན་ཆོས་གླིང་འདི་ འགོ་དང་པ་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ གདན་ས་ཨིནམ་སྦེ་ བཤདཔ་ཨིནམ་ད་ དེ་ཡང་ ཀློང་ཆེན་པ་ཁོ་རའི་ གདན་ས་འཚོལ་བྱོན་ཏེ་ ཨོ་རྒྱན་ཆོས་གླིང་ལུ་འཕེབས་ཏེ་ དེ་ཁར་དྲག་ནི་མས་ཟེར་ ཐུགས་བཞེད་གནང་སྟེ་ གདན་ས་དེ་ཁར་ཆགས་ གནང་ནུག་ཟེར་ཨིན་པས། དེ་འབདཝ་ལས་ ད་ལྟོའི་བར་ན་ ཀློང་ཆེན་པའི་གྲུབ་ཕུག་དང་ ཆོས་གནང་སའི་དབང་ཁང་ཚུ་ མཇལ་ནི་ཡོདཔ་ཨིན་མས། དེ་མ་ཚད་ ཤུལ་ལས་རྡོ་རྗེ་གླིང་པ་གིས་ གདན་ས་ཕྱག་བཏབ་མཛད་པའི་ཤུལ་ལས་ ཆོས་རྗེ་དང་ གདུང་བརྒྱུད་ཚུ་ རིམ་པ་བཞིན་དུ་བྱོན་ཏེ་ ཨོ་རྒྱན་ཆོས་གླིང་ཕོ་བྲང་ཟེར་ ག་ནི་བ་གཟི་བརྗིད་ཆེ་ཏོག་ཏོ་དང་ ཡོངས་གྲགས་ཅན་ཅིག་སྦེ་ སྡོད་ཡོད་པའི་ལོ་རྒྱུས་ཡོདཔ་ཨིན་མས། དེ་མ་ཚད་ དྲགོས་ཁོང་རའི་ ཡབ་མ་བཤགས་ཚུན་ཚོད་ཀྱི་རིང་ལུ་ འོག་ལས་མར་ ཕྱག་ཞུ་མི་ཚུ་ཡང་ བརྒྱ་ལས་བཅད་དེ་ཡོད་པའི་ལོ་རྒྱུས་དང་ དེ་མ་ཚད་ ཁོ་ར་གིས་ཚོར་བའི་སྐབས་ལུ་ འབད་བ་ཅིན་ ནག་ཚང་གི་ནང་ན་ དཔོན་གྱི་གཟིམ་ཅུང་འདི་ ལྡེ་མིག་རྐྱབ་བཞག་སྟེ་ ག་ཡང་ ནང་ན་ར་འཛུལ་མི་བཅུག་པས་ཟེར་ ཨིན་པས། ཨིན་རུང་ད་རེས་ནངས་པ་ ཁོང་ར་སྤུན་ཆ་ཚུ་ བསྟུན་གྲོས་ཀྱི་ཐོག་ལས་ གཞི་ཚོགས་ཅིག་བཟོ་སྟེ་ གཞི་ཚོགས་ཀྱིས་སྦེ་ བདག་འཛིན་གནང་ནི་སྦེ་ བཟོ་ཞིནམ་ལས་ ནག་ཚང་དང་ ལྷ་ཁང་ཚུ་ཡང་ ཕྱིའི་བལྟ་བཤཔ་དང་ གནས་སྐོརཔ་ཚུ་གིས་མཇལ་ནིའི་དོན་ལུ་ ནག་ཚང་འདི་ འགྲེམས་སྟོན་ཁང་ཅིག་སྦེ་ བཟོ་གནང་སྟེ་ཡོདཔ་ཨིན་མས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinང་རའི་མིང་ཨོ་རྒྱན་རིན་འཛིན་ཟེར་ སླབ་ཨིན་ལགས་ དེ་ལས་ ང་ར་ལོ་འབད་བ་ཅིན་ ལོ་ ༥༣ ནང་ཨིན་ལགས་ ལོ་བྱི་བ་ ༥༣ ནང་།
- བསམ་གཏན་ཡེ་ཤེས་ Samten Yeshiདགུང་ལོ་ཆུང་ཀུ་བསྒང་ལས་རང་ད་ སྐུ་འཁྲུངས་ཡང་ནཱ་ར་འཁྲུངས་སྦེ་ ད་ལྟོ་ཚུན་ཚོད་ནཱ་ར་བཞུགས་བཞུགསཔ་ཨིན་ན་ ག་དེ་སྦེ་སྨོ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་མེན་ལགས་ ཨ་་་འདི་འབད་སྦེ་ ཧ་ལམ་རང་གི་ཚོར་བའི་བར་ན་ ཆུང་ཀུ་ཅིག་འབད་བའི་བསྒང་ལས་ མར་རྒྱ་སློབ་གྲྭ་ནང་འབག་ཡི་ལགས་ང་བཅས་ དཔེ་ཆ་ལྷབ་པར་སོང་ཡི་ལགས་ མར་རྒྱ་ལུ་ལགས་ ཨིན་ཌི་ཡ་(རྒྱ་གར་)ལུ་ དཔེ་ཆ་ལྷབ་སྦེ་ ཤུལ་ལས་རྐྱངམ་གཅིག་ནཱ་ལྷོད་ལྷོདཔ་ཨིན་ལོག་སྟེ་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinརྒྱ་ལུ་དཔེ་ཆ་ལྷབ་སྟེ་ ག་དེམ་ཅི་བཞུགས་ཡི་ག་སྨོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་་ལོ་བཞི་ལྔ་དེ་ཅིག་སྡོད་སྡོདཔ་འོང་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiའེང་་་ལགས་སོ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཧེ་མ་མར་དར་ཇི་གླིང་ལུ་ སྡོད་སྡོདཔ་ཨིན་ལགས་ དཔེ་ཆ་ལྷབ་སྟེ་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདར་ཇ་གླིང་དེ་ལས་ཤུལ་ལས་ནཱ་ ཀ་ལི་ཕུ་ལུ་ སིན་ཊར་ག་སིལ་སློབ་གྲྭ་ནང་ལུ།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ་ དེ་ལས་ ལོག་སྟེ་གཡུས་ཁར་ལུ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨིན་ལགས་ དེ་ལས་ ང་ར་དུམ་གྲ་ཅིག་བདེ་ཏོག་ཏོ་ཅིག་ཡང་མེད་སྦེ་ དེམ་འབདཝ་མས་ཟེར་ ནཱ་ལོག་འོང་སྦེ་ ནཱ་ང་རའི་ཨ་ཁུ་བླམ་གནས་བརྟན་ཞུ་མི་ཅིག་ཡོདཔ་ཨིན་ འདི་གི་འོག་ལུ་ སློབ་མ་སྦེ་སྡོད་སྡོདཔ་ཨིན་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདཔེ་ཆ་རེ་ལྷབ་སྦེ་ ང་བཅས་རའི་ནང་པའི་ཆོས་གཅིག་ལྷབ་སྦེ།
- བསམ་གཏན་ཡེ་ཤེས་ Samten Yeshiདེ་ལས་ ནང་པའི་སྐུ་ཡོན་ཚུ་ག་ར་ ཏེ་ ཨ་ཁུ་བླམ་གནས་བརྟན་ལས་སྦེ་ ཨ་ནཱི་བཞེས་བཞེསཔ་འོང་ནི་མས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨིན་ལགས་ དེ་ལས་ ནཱ་ཨ་ཁུ་བླམ་ལས་ ཞུ་ཞུཝ་ཨིན་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ་ ད་ནཱ་གིས་མདོར་བསྡུས་ཅིག་སྦེ་ ཨོ་རྒྱན་ཆོས་གླིང་གི་ ཨ་་་ད་ལོ་རྒྱུས་ ཨ་་་གདན་རབས་འདྲཝ་ཅིག་ ནཱ་གི་ག་ཅི་མཁྱེནམ་ཅིག་ གསུང་གནང་ད་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinའེང་ལགས་སོ་ གནམ་མེད་ས་མེད་རོགས་བཟུམ་སྦེ་ རྒྱས་ཤིང་རྒྱས་པ་སྦེ་ ང་ར་གིས་ཡང་མི་ཤེས་པས་ ཏེ་ད་རོགས་ཀྱིས་ཧེ་མ་མི་སྦོམ་ཤོས་ཚུ་གིས་ སླབ་པའི་རྣ་རྒྱུན་སྦེ་ འདི་གཅིག་མ་གཏོགས་ང་ར་གིས་ལོགས་སུ་སྦེ་ གཞན་མི་ཤེས་པས་ ཨ་ནཱི་ཨོ་རྒྱན་ཆོས་གླིང་གི་གདན་ས་ཆགས་དགོ་མི་འདི།
- ཨོ་རྒྱན་རིན་འཛིན་ Ugyen Rinzinངོ་མ་རང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་ཨིན་པས་བ་ལགས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་འདི་ ཡར་ལས་བྱོན་ཏེ་ ནཱ་བྱོན་ དེ་ལས་ ནཱ་ལས་འབད་དེ་ ད་གདན་ས་ག་ཏེ་དྲག་ག་ཟེར་འབདཝ་ད་ ནཱ་ཨོ་རྒྱན་ཆོས་གླིང་དྲག་པས་ཟེར།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ནཱ་བཞུགས་འབད་ དེ་ལས་ ཨ་ཡར་ལུ་ ད་ལྟོ་ང་བཅས་ནཱ་ གནས་པོའི་ཚལ་མ་ཟེར་ སླབ་ཨིན་ལགས་ འ་ཡར་ལུ་ ཁོ་རའི་གྲུབ་ཁང་དང་ དེ་ལས་ ཁོ་ར་གིས་ཆོས་གནང་སའི་ ཨ་ནཱི་ཆོས་ར་འདི་ཚུ་འདུག་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ཧེ་མ་འབད་བ་ཅིན་རོགས་ ཨ་ནཱི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ བཞུགས་ཁྲི་ལོ་ དེ་ལས་ ཅོག་སྒྲོམ་ལོ་ཟེར་ སྡོད་ནུག་བ་ལགས་ དེ་ལས་ ཤུལ་ལས་བར་སྐབས་ཅིག་ཁར་ ཡར་ལས་ཡར་ ཞིང་ཅིག་ཡང་བཟོ་འབད་བ་ལས་ དེ་ལས་ མི་འདི་ཚུ་གིས་ ཞིང་རྨོཝ་ད་མི་བདེ་བས་ཟེར།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ བཞུགས་ཁྲི་དང་ ནེམ་ཚུ་ག་ར་མེདཔ་བཏང་སྟེ་མིན་འདུག་ཁོང་ཆ་ཁྱབ་ཀྱིས་ ད་ལྟོ་ཁོ་རའི་གྲུབ་ཕུག་དང་ ཆོས་ར་འདི་ཚུ་འདི་ཡོད་བ་ལགས་ ང་བཅས་རའི་ཨ་རིང་བཅད་དོ་བཟུམ་སྦེ་རང་བཟོ་སྟེ་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ འདི་གི་འོག་ལུ་ཙམ་ཅིག་ལུ་ ཨ་ནཱི་སྒྲུབ་ཆུ་གཅིག་ཡང་ཡོད་ལགས་ ད་ལྟོ་ང་བཅས་རའི་ཆུ་གི་རྐ་འདི་ སྒྲུབ་ཆུ་ཨིན་བ་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ་ ལགས་སོ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ འདི་གི་ཤུལ་ལས་ འདི་འབད་ཞིནམ་ལས་ འདི་གི་རྗེས་འཇུག་ལུ་ལྷོདཔ་ད་ དེ་ལས་ རྡོ་རྗེ་གླིང་པ་གིས་ ཕྱག་བཏབ་སྟེ་ མཛད་ནུག་ལགས་ དེ་ལས་ རྡོ་རྗེ་གླིང་པ་གིས་མཛད་དེ་ དེ་ལས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཚུར་སྦེ་ བརྒྱུད་རབས་འདི་ དེ་སྦེ་ཐོན་ཐོནམ་མས་ལགས་ ནཱ་ལས་མར།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ་ ལགས་སོ་ད་ ནཱ་བུ་གི་ཡབ་འདི་ཚུ་བཞུགས་པའི་སྐབས་ལུ་ ནཱ་ལུ་ ད་ནག་ཚང་ནང་ལུ་ བཞུགས་པའི་སྐབས་ལུ་ ནཱ་གི་ཨ་་་ད་ ཨ་་་ལམ་ལུགས་འདི་ཚུ་ ག་དེ་སྦེ་རང་སྡོད་སྡོདཔ་ཨིན་ན་སྨོ་ ནཱ་ཆུང་ཀུ་ཅིག་སྦེ་བཞུགསཔ་ད་ ག་དེ་སྦེ་ར་འདུག་གོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་བསྒང་ང་བཅས་འདི་ ཆུང་ཀུ་འབད་ནི་དེ་གིས་ ང་བཅས་ཀྱིས་མི་ཚོར་བས་ལགས་ དེ་བསྒང་འདི་ཏེ་ གནམ་མེད་ས་མེད་ཕྱག་ཞུ་མི་དང་ གཡོག་རྐྱབ་མི་ ཐགས་འཐག་མི་འདི་ཚུ་ ལེ་ཤ་ཅིག་འདུག་ལགས་རོགས་ དེ་ལས་ ཨ་དྲུང་ལོ་ དེ་ལས་ ཕྱག་ཞུ་མི་ལོ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinའདི་ཚུ་གནམ་མེད་ས་མེད་འདུག་བ་ལགས་ དེ་ལས་ དེ་དང་གཅིག་ཁར་དལ་ཤོག་འདི་ཚུ་ཡང་ བླུགས་ཏེ་འདུག་བ་ལགས་ནཱ་ ང་བཅས་རའི་འབྲུག་པའི་ཤོག་ཀུ་བླུགས་ནི་གི་འདི་ཚུ་ ཏེ་ད་ལྟོ་ཀ་ཕུང་ཟེར་སླབ་ཨིན་ལགས་ང་བཅས་ཀྱིས་ ད་ལྟོ་ཡར་དགྲ་སྡེ་པོང་(?) འདི་ཚུ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinག་ར་ཤོག་ཀུ་བླུགས་ས་ཨིན་པས་བ་ དེ་ལས་ ལོགས་གཅིག་ཁར་རོགས་ཐགས་འཐག་ས་ འཐག་མའི་འདི་ཨིན་ཟེར་ འདུག་ལགས་ འདི་ཅིག་བཟོ་སྟེ་འདུག་ལགས་ དེ་ལས་ མར་འགྱོ་སྦེ་ མར་ལོག་འོངམ་ད་ ཏེ་ཤུལ་ལས་ ཨ་པ་གྱོང་མི་དང་འདི་ཚུ་ག་ར་གྱོང་འབད་ཞིནམ་ལས་ དེ་ལས་ ནཱ་ལྷོད་ལྷོདཔ་ཨིན་ལགས་ ལོག་སྟེ་རང་།
- བསམ་གཏན་ཡེ་ཤེས་ Samten Yeshiཧེ་མ་གི་སྐབས་ལུ་ ཨ་ནཱི་ཞབས་རྗེས་(?)རྒྱུག་མི་གི་ནང་འཁོད་ལུ་ དཔེར་ན་རང་རང་སོ་སོའི་འགན་ཁུར་སོ་སོ་ག་ཅི་ར་འདུག་གོ་ལགས་ ད་གཡུས་ནང་འཁོད་བཟུམ་ཅིག་འབད་བ་ཅིན་ད་ དཔེར་ན་ ནོར་བདག་འཛིན་འབད་མི་ རྟ་བདག་འཛིན་འབད་མི་ ཞིང་ཁར་འབད་མི་ འདི་བཟུམ་མའི་རིམ་པ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinའེང་འདུག་ལགས་ འདི་ཡང་སྡོད་ནུག་ལགས་ འ་་་ཞིང་བདག་འཛིན་འབད་མི་འབད་བ་ཅིན་ ཞིང་གཉེར་པ་ཟེར་ གཅིག་འདུག་ལགས་ རྟག་བུ་ན་བུ་ཁོ་ཞིང་འདི་ཚུ་གི་ ཞིང་རེ་རེའི་ནང་སོན་ག་དེ་རེ་འགྱོ་དོ་ག་ དེ་ལས་མར་གྱི་ཚུ་གིས་ ག་དེ་སྦེ་འབད་དོ་ག
- ཨོ་རྒྱན་རིན་འཛིན་ Ugyen Rinzinབསྡུ་སྟེ་ནཱ་བླུགསཔ་ད་བལྟ་མི་ དེ་ལས་ རྟ་འཚོ་མི་ཟེར་སོ་སོ་ བྲས་པ་(?)སོ་སོ་ ཨ་དྲུང་ཟེར་སོ་སོ་ དེ་ལས་ ཕྱག་ཞུ་མི་ཟེར་སོ་སོ་ དེ་ལས་ ནོར་འཚོ་མི་ཨིན་པ་ཅིན་ འདི་གི་སྐབས་ལུ་འདི་ ནོར་རུ་ཁག་གཉིས་འདུག་བ་ རྒྱ་ཚམོ་གི་རུ་ཁག་གཅིག་ དེ་ལས་ ཁྲ་བམོ་གི་རུ་ཁག་གཅིག་སྦེ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinའདི་གཉིས་ འདི་གུ་ཡར་ ཨ་་་གཡག་གི་རུ་ཁག་གཅིག་ དེ་ལས་ འབྱིམོ་འཚོ་མི་གི་རུ་ཁག་གཅིག་སྦེ་ སྡོད་ནུག་ལགས་དེ་བསྒང་ དེ་བསྒང་གནམ་མེད་ས་མེད་ང་བཅས་ར་ལོ་བསྟར་བཞིན་དུ་ སྤུ་གཡུག་(?)རྐྱབ་ནི་ཟེར་འདུག་ལགས་ མོ་རིགས་ཞོ་རྩིས་རྐྱབ་ནི་ཟེར།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཞོ་རྩིས་འབད་བ་ཅིན་ ནོར་རེ་རེ་ལས་མར་སྲང་འ་ནེ་ཅིག་ཟེར་ ཨ་་་འབྱིམོ་འབད་བ་ཅིན་ ཕྱུར་གོ་འ་ནེ་ཅིག་ཟེར་ ད་དཔེར་ན་ང་བཅས་རའི་ཕྱུགས་ནོར་བཟུམ་ཅིག་འབད་བ་ཅིན་ ད་ནོར་རེ་རེ་ལས་ མར་སྲང་འ་ནེ་རེ་ཟེར་ དེ་ལས་ དར་ཚིལ་འ་ནེ་རེ་ཟེར།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེའི་སྐབས་ལུ་འདི་ དར་ཚིལ་ཀོག་ཏོ་སྦེ་མེན་པས་ལགས་ པག་ཅུ་སྦེ་རང་འདུག་ལགས་ པག་ཅུ་སྦེ་བཙེམས་ཏེ་ལགས་ ང་བཅས་ར་མར་པག་ཅུ་བཟོ་དོ་བཟུམ་སྦེ་རང་ལགས་ དེ་ལས་ པར་གཅིག་རང་འདུག་ དེ་ལས་ བར་སྐབས་ཅིག་ཚུན་ཚོད་རང་འདི་སྡོད་ཅི་ལགས། དེ་ལས་ ཤུལ་ལས་བར་སྐབས་ཅིག་ལས།
- བསམ་གཏན་ཡེ་ཤེས་ Samten Yeshiཔར་སྦེ་རང་?
- ཨོ་རྒྱན་རིན་འཛིན་ Ugyen Rinzinའདུག་ལགས་རོགས་ ཨ་ནཱི་ཝ་ཝ་ཟེར་ ང་བཅས་ར་གིས་ ཝ་ཝ་ཟེར་ སླབ་མས་སྨོ་ འ་ནཱི་གི་བཟོ་སྟེ་འདུག་སྦ་བཟོ་སྟེ་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiའེང་་་ད་ནང་གི་གཡོག་རྐྱབ་མི་གི་ནང་འཁོད་ལུ་ དབྱེ་བ་ག་དེ་སྦེ་འདུག་གོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་ནང་ན་ད་ ཁོང་ར་རྟག་བུ་ན་བུ་ ནང་ན་ལུ་ད་ དཔེར་ན་ད་རེས་ནངས་པ་འགོ་དཔོན་བཟུམ་ཅིག་ དེ་སྦེ་རྟག་བུ་ན་བུ་ཕྱག་ཞུ་སྟེ་སྡོད་མི་གཅིག་ ཕར་ཚུར་ག་ཏེ་བྱོན་བྱོན་ཕྱག་ཞུ་སྟེ་སྡོད་མི་གཅིག་ ཧེ་མ་སོང་ཞིན་ན་ད་འདི་བཟུམ་ཅིག་བྱོན་དོ་ཟེར་ ཏེ་འ་ནཱི་ཅིག་བྱོནམ་ཨིན་ཟེར་ བཅའ་སྒྲིག་འ་ནཱི་བཟུམ་ཅིག་རྐྱབ་ནི་ཨིན་ཟེར་ ཧེ་མ་འགྱོ་ཞིན་ན་གོ་བརྡ་འབད་མི་ཅིག་ཡང་འདུག་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཕྱག་ཞུ་མི་ ད་ང་བཅས་ཀྱི་ཨའི་གྱོང་མི་ལུ་འབད་བ་ཅིན་ ཨར་མོ་ཟེར་ དེ་ལས་ ཨར་མོ་ཚུ་ ད་ལ་ལུ་ཅིག་ཐགས་འཐག་མི་ ལ་ལུ་ཅིག་རྟག་བུ་ན་བུ་མོ་ར་དང་གཅིག་ཁར་ ཕྱག་ཞུ་སྟེ་ དེ་ལས་ གཟིམ་ཅུང་ནང་ ཕྱུ་རུ་གཟིམ་པའི་སྐབས་ དེ་ལས་ རྟག་བུ་ན་བུ་ཕྱག་ཞུ་སྟེ་ ཉལ་མི།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ང་བཅས་ཚུ་བལྟ་མི་ དེ་ལས་ གཡུས་ཁ་ལས་ ཨའི་སྐལ་བཟང་དབང་ཕྱུག་ཟེར་ སླབ་མི་གཅིག་ཡོདཔ་ཨིན་ལགས་ འ་ནཱི་ཨིན་ལགས་ ང་བཅས་བལྟ་མི་ འ་ནཱ་ལུ་གཅིག་མོ་ཨིན་པས་བ་ ང་བཅས་ཚུ་བལྟ་སྟེ་ འདི་ཚུ་འབད་བྱིན་མི།
- བསམ་གཏན་ཡེ་ཤེས་ Samten Yeshiལགས་སོ་ དེ་ལས་ དེའི་སྐབས་ལུ་ ད་དྲོ་པ་ལས་མར་སྦེ་ ཉིནམ་གཅིག་གི་ད་རིམ་པ་ཚུ་ ག་དེ་སྦེ་རང་འགོ་བཙུགས་ཏེ་ འབད་སྡོད་ནུག་གོ་ དྲོ་པ་བཞེངས་ཏེ་ དེ་ལས་ ཕྱག་ལཱ་ག་ཅི་རང་གནང་མས་གོ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་དྲོ་པ་ད་ ཧེ་མ་ད་ལཱ་འབད་རུང་ ང་བཅས་འདི་དེ་བསྒང་ཆུང་ཀུ་འབད་ནི་དེ་གིས་ ང་བཅས་ཀྱིས་འདི་ ལཱ་འབད་མི་ཚུགས་པས་ ག་ནི་ཡང་འབད་མི་ཚུགས་པས་ དེ་འབད་རུང་ཏེ་ ད་དྲོ་པ་ལོངམ་ཅིག་ ང་བཅས་བལྟ་མི་ ད་རུང་མེ་མེ་ལྷ་མོ་ལ་ཟེར་ སླབ་མི་གཅིག་ཡོདཔ་ཨིན་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinང་བཅས་བལྟ་མི་ལགས་ ཏེ་ ཁོ་གིས་དྲོ་པ་ལྷོང་ ལྷོང་ཞིནམ་ལས་ དེ་ལས་ དྲོ་པའི་བཞེས་ཐུག་ཡང་འོང་ལགས་ བཞེས་ཐུག་དུས་ཚོད་བཞེས་པ་ཡང་འོང་ལགས་ དྲོ་པ་རྟག་བུ་ན་བུ་རང་འོང་ལགས།
- བསམ་གཏན་ཡེ་ཤེས་ Samten Yeshiབཞེས་ཐུག་ལས་མར?
- ཨོ་རྒྱན་རིན་འཛིན་ Ugyen Rinzinའོང་ལགས་ བཞེས་ཐུག་ལས་ གསོལ་ཇ་ལས་ དེ་ལས་ ཕྱི་རུ་ཁམས་ གསོལཝ་དང་ ཚོགས་ཀྱི་བར་ན་ལགས་ ད་རུང་ ཨ་་་དྲོ་མཛར་ཟེར་ ཆུང་ཀུ་ཅིག་འོང་མས་བ་ལགས་ ཨ་ནཱི།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ རེ་ཚེ་སྐབས་ ཁུ་ལི་རེ་བཟོ་ རེ་ཚེ་སྐབས་ ཨེ་མ་དར་ཚིལ་རེ་བཟོ་ ཁུ་ལི་རེ་བཟོ་ དེ་ལས་ རེ་ཚེ་སྐབས་ང་བཅས་རའི་ཨ་ནཱི་ ག་ཅི་ལོ་ལགས་ ཨ་ནཱི་བ་རྩི་མར་ཁུ་ལོ་ འ་ནཱི་རེ་བཟོ་ འདི་ཚུ་བཟོ་སྟེ་ བར་ན་འདུག་ལགས་ བཞེས་ནི་ཨ་ཙི་རེ།
- བསམ་གཏན་ཡེ་ཤེས་ Samten Yeshiའེང་་་ལགས་སོ་ དེ་ལས་ ནཱ་གི་ད་ལྟོ་གི་ནག་ཚང་གི་འདི་གི་ནང་ལུ་ ད་ཁྱིམ་ཚུ་ ལྷ་ཁང་སོ་སོ་སྦེ་ཡོད་པའི་ནང་ལས་ ལྷ་ཁང་དང་ ནཱ་ཤག་སྐོར་དང་ དེ་ལས་ དབུ་རྩེ་འདི་ཚུ་གི་ནང་ལུ་ ག་ཅི་དང་ག་ཅི་ར་སྡོད་སྡོདཔ་ཨིན་ན་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་དེ་བསྒང་ང་བཅས་ཀྱིས་ ཚོར་བའི་སྐབས་འདི་ ཡར་ནག་ཚང་ནང་ལུ་འདི་ རོགས་དང་ཕུའི་དཔོན་གྱི་གཟིམ་ཅུང་སྦེ་ ཕར་འགྱོ་ནི་རང་མེད་ལགས་ ཕར་ནང་ན་རང་འཛུལ་མི་བཅུག་ལགས་ རོགས་ཀྱིས་ ལྡེ་མིག་རྐྱབ་བཞག་སྟེ་འོང་ལགས་ དེ་ལས་ ཤག་སྐོར་ནང་ལས་ཕར་འདི་ ལོགས་གཅིག་ཁར་མཆོད་བཤམ་སྦེ་ མཆོད་བཤམ་ཅིག་འདུག་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ལོགས་གཅིག་ཁར་གཟིམ་ཁང་ གཟིམ་ཅུང་ གཟིམ་ཅུང་ཟེར་མི་དེ་ཁར་ ད་ལྟོ་བཟུམ་འབད་བ་ཅིན་ (sitting room) སྡོད་ཁང་བཟུམ་ཅིག་ཨིན་པས་བ་ལགས་ ང་བཅས་རའི་མགྱོནམ་དང་ མཇལ་ཕྲད་མཛད་ནི་དང་ གསོལ་ཚོགས་ཚུ་བཞེས་ས་ཟེར་ སྡོད་ནུག་སྦ་ལགས་ འ་ནཱ་ལུ།
- བསམ་གཏན་ཡེ་ཤེས་ Samten Yeshiདེ་ལས་ ད་འདི་ལས་མར་འབད་ད་ ཨ་་་འོག་ལུ་ཕྱག་ཞུ་མི་ཚུ་ཡོད་མི་ཚུ་ ནམ་ལས་མཇུག་བསྡུ་ཡི་ ག་དེ་སྦེ་རིམ་པ་བཞིན་དུ་སྦེ་ མཇུག་བསྡུ་ཡར་སོང་ཡི་ག་གསུང་གནང་ད་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ནཱ་ང་བཅས་ཀྱི་ཨ་པ་གྱོངས་མི་ལས་ ཨ་པ་གྱོངས་མི་ཚུ་ཡོད་པའི་དུས་ཚོད་ལུ་འདི་འདུག་ལགས་ རོགས་རང་འཇགས་འབད་དེ་རང་སྡོད་ནུག་སྦ་ལགས་ དེ་ལས་ ཤུལ་ལས་བར་སྐབས་ཅིག་ཁར་ལྷོདཔ་ད་ ཏེ་ནཱ་ ང་བཅས་ཀྱི་ཨ་པ་འདི་གྱོངས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཨའི་གྱོངས་མི་ཡང་གྱོངས་སྦེ་ དེ་ལས་ ལ་ལུ་ཅིག་ཁོང་ར་ ཨམ་སྲུ་ཕྱི་ཁར་འཚོལ་འགྱོ་ ཕར་འགྱོ་ཚུར་འགྱོ་ ལ་ལུ་ཅིག་ཨ་ལོ་གི་རྟིང་བདའ་སོང་སྦེ་ དེ་གིས་མཇུག་བསྡུ་ནུག་མེན་ན་དཔོན་ཡང་ དེ་ལས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཤུལ་ལས་བར་སྐབས་ཅིག་ཁར་ལུ་ ང་བཅས་ཀྱིས་ཚོརཝ་ད་ཡང་ རོགས་ཆིབས་པ་དང་ འདི་ཚུ་འདི་འདུག་ལགས་ དེ་ལས་ ད་རུང་ཨ་ནཱི་ རོ་ཁྱི་གསོ་མི་ཡང་འདུག་ལགས་ རོ་ཁྱི་བལྟ་ནི་གི་ལགས་ རོ་ཁྱི་བལྟ་མི་ཡང་འདུག་ རོ་ཁྱི་ཚུ་གི་ཡང་ ཁོང་རའི་ལས་རིམ་སོ་སོ་བཟོ་སྟེ་འདུག་སྦ་ལགས་ ད་མི་རེ་ལུ་འགན་ཁུར་རེ་རེ་བཀལ་ཏེ་འདུག་ལགས་རོགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནཱ་ ད་ནག་ཚང་དང་ ལྷ་ཁང་ཤག་སྐོར་དང་བཅས་པ་ཚུ་ ཚོགས་པ་འབད་དེ་ མ་འོངས་ཡུན་བརྟན་སྦེ་བཞག་ནིའི་ དེ་བཟུམ་མའི་ཐུགས་བཞེད་འདི་ ནཱ་དང་ ཨ་ཞེ་གིས་འགོ་བཙུགས་ནུག་ འདི་ག་དེ་སྦེ་བྱུང་བྱུངམ་སྨོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་འདི་ཡང་དེ་སྦེ་ཨིན་ལགས་ ད་ང་བཅས་ར་གིསནི་ ད་རེས་ནངས་པ་རྐྱབ་ཟེར་བ་ཅིན་ ཁྱིམ་ཆུང་ཀུ་ཅིག་ཡང་ སྦ་སྒོར་ཆུང་ཀུ་ཅིག་ཡང་རྐྱབ་མི་ཚུགས་པས་ ཏེ་དང་ཕུ་རོགས་ང་བཅས་རའི་ཕམ་བཟང་པོ་ཚུ་གིས་ད་ གནམ་མེད་ས་མེད་ཁོང་ར་གིས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ དེ་སྦེ་དཀའཝ་སྤྱད་དེ་མཛད་ཡོད་པའི་འདི་ལུ་ལྷོདཔ་ད་ འདི་མི་ཉམས་ནིའི་དོན་དག་ལུ་སྦེ་ དུམ་གྲ་ཅིག་རང་གིས་ རབ་རུབ་འབད་དེ་ ཨ་ནཱི་དུམ་གྲ་ཨ་ནཱི་ ང་བཅས་ར་ནཱ་ ཚོགས་པ་གཞི་ཚོགས་བཟུམ་ཅིག་བཟོ་བཟོཝ་ཨིན་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoད་འདི་ནམ་འགོ་བཙུགས་ཅི་གོ? ལོ་ག་དེམ་ཅི་འགོར་ཡི་གོ? ཕྱག་ལཱ་ག་དེ་སྦེ་ ག་གིས་ག་དེ་སྦེ་མཛད་ཡི་གོ་འདི?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ད་ འདི་ཡང་ ཏེ་ད་གཙོ་བོ་ར་ ཏེ་ནཱ་ཨ་ཞེ་དང་ ང་དང་ དེ་ལས་ ང་བཅས་རའི་སྤུན་ཆ་ཚུ་ག་ར་བསྟུན་གྲོས་འབད་དེ་ ང་བཅས་ར་གིས་སྦེ་ དང་པ་རང་ཡར་ museum (འགྲེམས་སྟོན་ཁང་)ཅིག་འགོ་བཙུགས་ཡི་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinའགོ་བཙུགས་ཏེ་ ཏེ་དེ་ལས་ མིཝ་ཛིམ་(འགྲེམས་སྟོན་ཁང་)ཡོད་པའི་ཅ་ལ་ཚུ་ག་ར་འདི་ཁར་བཏོན་ དེ་ལས་ ཡར་ཅ་ལ་ཚུ་དེ་སྦེ་བཞག་བཞག་གིས་ མ་པ་ལས་དོན་དག་ཅིག་ག་ནི་ཡང་མིན་འདུག་ལགས་ དེ་ལས་ ལྕགས་ཀྱི་ཅ་ལ་ཅིག་འབད་བ་ཅིན་ ས་ཆགས་ནི་གཞི་ཅིག་ཨིན་པས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཨ་ནཱི་ཁ་ཤ་གི་ཅ་ལ་ཅིག་འབད་བ་ཅིན་ འདི་འབུཔ་གིས་ཟ་ནི་ཅིག་མ་གཏོགས་ ཁོ་མཇུག་ལུ་ག་ནི་ཡང་མིན་འདུག་ འདི་འདི་ཁོ་ ཨ་ནཱི་ང་བཅས་ར་ཕྱི་ཁར་ལུ་ display (འགྲེམས་སྟོན་) འབད་དེ་ རོགས་ལུ་ བལྟ་ནི་ཡོདཔ་སྦེ་བཟོ་ དེ་ལས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདུམ་གྲ་ཅིག་ནེམ་འབད་བ་ཅིན་ ཨ་ནཱི་ དུམ་གྲ་རེ་ income(འོང་འབབ) ཅིག་ཡང་འོང་ནི་མས་ཟེར་ འདི་གིས་སྦེ་ ནེམ་འབད་འབདཝ་ཨིན་(འགོ་བཙུགས་བཙུགསཔ་ཨིན་)ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཕྱག་ལཱ་ལོ་ནམ་ལས་འགོ་བཙུགས་ཡི་གོ་ལགས་འདི?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་ད་ འདི་དེ་ གནམ་ལོ་གཉིས་སྟོང་ ག་དེ་ཅིག་ཁར་ཨིན་ན་ གསུམ་ཨིན་ན་ཅིག་ཁར་ལུ་འགོ་བཙུགས་ཡི་ལགས་འདི་དེ་ ཨ་་་གསུམ་ལས་ཟེར་རུང་ ༢༠༠༢ དེ་ཅིག་ལས་རང་འགོ་བཙུགས་བཙུགསཔ་འོང་ནི་མས་ལགས་ཧ་ལམ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཡར་གྱི་ཚུ་ room(ཁང་མིག་) ཚུ་བཟོ་བའི་ཟེར་ ཅ་ལ་འདི་ཚུ་འཚོལ་ཏེ་ བཙུགས་པའི་ལོ་ཟེར་ ཏེ་ཡར་ལུ་ maintenance (བཅོ་ཁ) དུམ་གྲ་རེ་རྐྱབ་ཨིན་ལོ་ཟེར་ དེ་སྦེ་འབདཝ་ད་འདི་གི་ འདི་གི་དུམ་གྲ་ཅིག་འགོར་སོང་ཡི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoད་ཡར་ museum (འགྲེམས་སྟོན་ཁང་) བཙུགས་ཞིནམ་ལས་ ད་ལས་ཕར་ཕྱག་ལཱ་དང་ དམིགས་ཡུལ་ག་དེ་སྦེ་རང་ཡོད་གོ་ལགས་ཨ་ནཱི?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་ད་ཨ་ནཱི་དམིགས་ཡུལ་འབད་རུང་ད་ ཡར་ལུ་ང་བཅས་རའི་མ་འོངས་པ་བཟུམ་ཅིག་ མནོ་བསམ་ཅིག་བཏང་སྟེ་འབད་བ་ཅིན་ ཏེ་ཡར་ལུ་ ག་དེ་ཅི་སྦེ་ ཧྲམ་སྟེ་དེ་བཟུམ་ཅིག་འབད་བ་ཅིན་ ཏེ་ད་དཔེར་ན་ང་བཅས་རའི་ བླམ་པ་རྫོང་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ད་ཕར་མིང་ར་མེདཔ་ཡར་སོང་ཡི་ལགས་ ཏེ་ད་ཧེ་མ་འབད་བ་ཅིན་ ཏེ་ནཱ་བུམ་ཐང་སྡེ་བཞི་ནང་ལུ་ ནཱ་ཨོ་རྒྱན་ཆོས་གླིང་ལོ་ བླམ་པ་རྫོང་ལོ་ དབང་འདུས་ཆོས་གླིང་ལོ་ཟེར་མི་ཚུ་འདུག་བ་ལགས་ སྐད་ཅན་མིང་ཅན།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ཡོདཔ་ད་ལུ་ ད་བླམ་པ་རྫོང་འདི་ རོགས་རང་བཞིན་གྱིས་རང་ ག་ཅི་གུ་ཅི་ཅིག་མེད་པ་རང་ ཧྲམ་སྟེ་ཡར་སོང་ཡི་ལགས་ཕར་ ཏེ་འ་ནཱི་གིས་སྦེ་ དུམ་གྲ་ཅིག་སེམས་ཡང་ཕམ་སུ་ཅིག་ཨིན་པས་ ཏེ་ད་དབང་འདུས་ཆོས་གླིང་ཡང་ རོགས་ཀྱི་ནེམ་འབད་དེ་ ད་རེས་ནངས་པ་ museum (འགྲེམས་སྟོན་ཁང་) བཙུགས་ནི་གི་ལོ་རྒྱུས་ཅིག་ཡང་ དེ་སྦེ་གོཝ་མས་ལགས་ང་བཅས་ཀྱིས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ད་ འ་ནཱི་སྦེ་འབད་དེ་འབད་བ་ཅིན་ཏེ་ ཁོ་ར་གི་ཟད་འགྲོ་ ཁོ་ར་ལས་ཐོན་ནི་ཡོདཔ་སྦེ་བཟུམ་ཅིག་ དེ་གིས་སྦེ་ ལོག་སྟེ་ང་བཅས་ཀྱིས་ དེ་སྦེ་འབད་འབདཝ་ཨིན་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདུམ་གྲ་ཅིག་འབད་བ་ཅིན་ དེ་ལས་ ག་ཅི་སྦེ་ཟེར་བ་ཅིན་རོགས་བལྟ་བཤལ་པ་ཚུ་ཡང་ ཏེ་དེ་སྦེ་འོང་འབདཝ་ད་ དུམ་གྲ་ཅིག་ རོགས་བལྟ་ནི་ཡང་འདུག་ ཏེ་ ང་བཅས་ར་ལུ་ཡང་ དུམ་གྲ་རེ་འོང་འབབ་འདི་གི་ དུམ་གྲ་ཅིག་འོང་ནི་མས་ཟེར་ འདི་གིས་སྦེ་འབད་ཡི།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནཱ་ནག་ཚང་དང་ གཡུས་ཀྱི་བར་ན་ལུ་ ཧེ་མ་འབྲེལ་བ་ག་དེ་སྦེ་སྡོད་ཅི་གོ་ལགས? ཏེ་ད་རེས་ནངས་པ་འབྲེལ་བ་ག་དེ་སྦེ་ཡོད་གོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་འབྲེལ་བ་འདི་ད་ ལོགས་སུ་གནམ་མེད་ས་མེད་ ཡོད་མེད་ཟེར་ཡང་མེད་ལགས་ ཧེ་མ་བཟུམ་སྦེ་རང་ཨིན་ལགས་ དེ་ལས་ ཧེ་མ་འབད་བ་ཅིན་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་དྲོ་པ་རོགས་ལཱ་རྒྱབ་ཀྱིས་ བྱི་སི་འཕུཝ་ད་ དེ་ལས་ ལཱ་སར་ཐོན་དགོ་ལགས་ག་ར་ དེ་ལས་ནཱ་ དེ་ལས་ ང་བཅས་ཀྱི་ཨ་པ་གྱོངས་མི་མེད་པའི་ཤུལ་ལུ་ཨ་ནཱི་ལམ་ལུགས་འདི་ མེདཔ་འགྱོ་ནུག་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinད་ཁོང་རའི་རེ་འདོད་ག་དེ་སྦེ་འབད་རུང་བཏུབ་ ཏེ་དེམ་འབད་སྦེ་ ད་ཨ་ནཱི་ཞིང་གི་ཐད་ལུ་ལྷོདཔ་ད་འབད་བ་ཅིན་ ཁོང་གིས་རང་སྤྱོད་དོ་ད་ལྟོའི་བར་ན་ཡང་ ཐུན་མོང་འབདཝ་ད་ཏེ་ ད་རུང་ཨ་ནཱི་ཡང་ དེ་སྦེ་ཡོདཔ་ཨིན་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinང་བཅས་ཀྱི་ཧེ་མ་འབད་བ་ཅིན་ མར་ཞིང་ཁར་ལུ་ ཀེ་བ་མི་བཙུགས་ལགས་ ཏེ་ཞིང་ཁར་ལུ་ ཨ་་་ཀར་ཅིག་ ནག་ཅིག་ དེ་ལས་ ཡུངས་ཀར་ཅིག་ འ་ནེ་ཅིག་རྐྱངམ་གཅིག་བཙུགསཔ་མས་སྦ་ ཏེ་ཤུལ་ལས་རོགས་ཀྱིས་ མི་འདི་ཚུ་གིས་ སླབ་ཅི་སླབ་ཅི་འབདཝ་ད་ ཨ་ནཱི་ཀེ་བ་བཙུགས་པ་ཅིན་ ང་བཅས་རའི་ཞིང་འདི་ མེདཔ་མི་འགྱོ་བས་ཟེར་ སླབ་མས་སྦ་རོགས་ཀྱིས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinང་བཅས་རའི་ག་ཅི་ལོ་ལགས་ ཨ་ནཱི་རྩྭ་འོང་མས་སྦ་ རྩྭ་ཅིག་ཞིང་མེདཔ་བཟོ་མི་ རྩྭ་ཅིག་ན་སུར་མ་ཟེར་སླབ་ནི་ཡོད་ང་བཅས་ཀྱིས་ ཏེ་འ་ནཱི་སྐྱེཝ་མས་ འ་ནཱི་མི་སྐྱེ་ནིའི་དོན་དག་ལུ་ ཏེ་འ་ནཱི་སྐྱེ་བ་ཅིན་ ལོ་གཅིག་དང་གཉིས་ཀྱི་ནང་འཁོད་ནང་ར་ ཞིང་འདི་ཚུ་སྤྱོད་མ་བཏུབ་སྦེ་བཟོང་བཏང་མས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་འ་ནཱི་མི་ཐོན་ནི་གི་དོན་དག་ལུ་ ཀེ་བ་བཙུགས་ཏེ་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཏེ་འ་ནཱ་ལས་ ང་བཅས་ཀྱིས་ ཀེ་བ་བཙུགས་ནི་གི་ ལམ་ལུགས་ཅིག་འདི་ལས་ འགྱོ་འགྱོཝ་ཨིན་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནཱ་ནག་ཚང་དང་ གཡུས་ཀྱི་བར་ན་ ད་རེས་ནངས་པ་འབད་བ་ཅིན་ འབྲེལ་བ་ག་དེ་སྦེ་ཡོད་གོ་ཕར་དང་ཚུར་ མི་གིས་ལཱ་འབད་ནི་དང་ འདི་ཚུ་གི་ཐད་ལུ་ལྷོདཔ་ད་ ནག་ཚང་ནང་ད་ འགྲེམས་སྟོན་ཁང་བཙུགས་བཞག་ནི་དེ་གིས་ གཡུས་ཁའི་མི་ཚུ་ འདི་ནང་ག་དེ་སྦེ་བཅའ་མར་གཏོགས་དོ་གོ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinད་འདི་གི་ཐད་ལུ་ལྷོདཔ་ད་ ད་འགྲེམས་སྟོན་ཁང་ཅིག་བཙུགས་ཏེ་ ད་ད་རེས་ནངས་པ་འབད་བ་ཅིན་ ཧེ་མ་འབད་བ་ཅིན་ དེ་བཟུམ་མའི་ལམ་ལུགས་ཡོད་ཡང་མིན་འདུག་ ཧེ་མ་འདི་ཡང་མིན་འདུག་ ཏེ་ད་རེས་ནངས་པ་འབད་བ་ཅིན་ དུམ་གྲ་ཅིག་ཡར་འགྲེམས་སྟོན་ཁང་ཅིག་བཙུགས་ བལྟ་བཤལ་པ་ཚུ་འོངམ་ད་ དེ་ལས་ གཡུས་ཁའི་མི་ཚུ་གིས་ ཚོང་ཕྱམ་ཕྱིམ་རེ་བཏོན་འབད།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཁོང་གི་ད་འོང་འབབ་འདྲཝ་ཅིག་སྦེ་ འདི་རང་འབདཝ་མས་སྦ་ལགས་ ལ་ལུ་ཅིག་གིས་ ཨོལ་ལྐོག་གུ་དཀྱི་ནི་རེ་བཙོང་མས་ ལ་ལུ་ཅིག་གིས་ ཙག་ཙིག་རེ་བཙོང་མས་ འ་ནཱི་གི་དུམ་གྲ་ཅིག་ཁོང་ལུ་ འདི་གི་གཅིག་ཡོད་ལགས་ བར་ན་ལུ་ ང་བཅས་ཀྱི་འབྲེལ་བ།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoད་ཚོང་བཙོང་ནི་གི་གཅིག་ ད་རུང་ནཱ་ དཔེ་ཆ་ལྷབ་ནི་དང་ ཨ་ལོ་ཚུ་ལུ་ དེ་སྦེ་ཤེས་ཡོན་བྱིན་ནི་གི་ དེ་བཟུམ་མའི་ལས་རིམ་ཡང་འདུག་མེན་ན?
- ཨོ་རྒྱན་རིན་འཛིན་ Ugyen Rinzinའེང་་་འདི་ཡང་འདུག་ལགས་ འདི་ཡང་བཟོ་ཡི་ལགས་ ཨ་་་ག་ཅི་སྨོ་ཟེར་བ་ཅིན་ every Monday (གཟའ་དམིག་མར་རྟག་བུ་རང་) ཏེ་ཨ་ལོ་འདི་ཚུ་ གཡུས་ཁའི་ཨ་ལོ་ཆུང་ཀུ་ཚུ་ག་ར་དཔེ་ཆ་ལྷབ་ནི་ཅིག་གནང་སྟེ་ ཏེ་ནཱ་ཨ་ཞེ་གིས་སྦེ་ མོ་གིས་འདི་ཅིག་བཟོ་སྟེ་ཡོད་ལགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinའ་ནཱི་ཁོང་ར་ ད་རེས་ ཨ་་་གཟའ་དམིག་མར་ཨ་རྟག་ར་ཐོན་འོང་ལགས་ཨ་ལོ་ཚུ་གིས་ རྟག་བུ་ན་བུ་ཁོང་ར་ནཱ་འོང་སྟེ་ ཨ་ནཱི་དཔེ་ཆ་ཚུ་ལྷབ་སྦེ་ དེ་སྦེ་འབདཝ་མས་ལགས་ ད་འདི་གིས་ཡང་ ཨ་ལོ་ཚུ་ལུ་ གནམ་མེད་ས་མེད་ཕན་ཐོགས་བྱུང་མས་ལགས་ ལ་ལུ་ཅིག་ཕར་སློབ་གྲྭ་ནང་ དཔེ་ཆ་གནམ་མེད་ས་མེད་མིན་འདུག་སྦ་ལགས་ ལྷབ་ནི་དང་ སླབ་ནི་ཚུ་གནམ་མེད་ས་མེད་མེད་མི་ཚུ་ལུ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ནཱ་དུམ་གྲ་རེ་ཨ་ཞེ་གིས་སྟོན་འབདཝ་ད་ དུམ་གྲ་རེ་ཤེས་ཡང་ཤེས་ ཁོང་ར་ཡང་ དེ་སྦེ་འབད་དེ་ལེགས་ཤོམ་འགྱོཝ་མས་ལགས་ཁོང་ཡང་།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoདེ་ལས་ ད་རུང་ཨ་ལོ་ཉམ་ཆུང་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཡོད་སྨོ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་རྒྱབ་སྐྱོར་འབད་ནི་ཡོད་ལགས་ རོགས་རམ་གྱི་ཏི་རུ་དུམ་གྲ་རེ་འདུག་ལགས་འདི་ཡང་།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoདེ་ལས་ ད་སྤྱིར་བཏང་གི་ ནཱ་ལུང་པར་ལུ་ ད་རེས་ཆུང་ཀུ་བསྒང་ལས་རང་ ནཱ་ར་བཞུགས་བཞུགསཔ་ཨིན་པས་སྨོ་ལགས་ ལོ་ག་དེ་ཅི་བཞུགས་ཡི་ག་གཅིག་དང་ དེ་ལས་ འདི་གི་དུས་ཚོད་ནང་ལུ་ བསྒྱུར་བ་ག་དེ་སྦེ་ར་སོང་ཡི་གོ་ལགས་ད་རེས་ཀྱི་བར་ན?
- ཨོ་རྒྱན་རིན་འཛིན་ Ugyen Rinzinད་བསྒྱུར་བ་འབད་དེ་ བསྒྱུར་བ་འདི་ཧེ་མ་དང་ཕྱདཔ་ད་འདི་ གནམ་མེད་ས་མེད་རང་བསྒྱུར་ཡི་ལགས་ ཧེ་མ་འབད་བ་ཅིན་ ད་དཔེར་ན་ཏེ་ད་ ཟ་དགོ་པ་ཅིན་ ཏེ་ ག་ནི་ཡང་མིན་འདུག་ ཏེ་ གནམ་མེད་ས་མེད་ཀུར་སྟོད་ལུ་འགྱོ་དགོ
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་འདི་ཡང་ལམ་འགྱོ་སྟེ་ དེ་ལས་ ཞག་ལས་ཞག་མཐུད་དེ་མར་སོང་སྟེ་ དེ་ལས་ གནམ་མེད་ས་མེད་ལྟོ་རྩིས་རྐྱབ་སྟེ་ འདི་རྒྱབ་ཁར་འབག་སྟེ་ སྐྱ་རེ་རེ་ལས་ རྔུལ་ནག་རེ་རེ་འཐོན་ཏེ་ ནཱ་ལྷོད་དེ་ འདི་གི་དུས་ཚོད་ལུ་འདི།
- ཨོ་རྒྱན་རིན་འཛིན་ Ugyen Rinzinམི་ཚུ་གི་ ང་ར་གིས་འདི་ ཤེས་ཡང་མི་ཤེས་ རོགས་མི་རྒན་ཤོས་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ཏེ་ང་བཅས་རའི་ཚོད་མའི་ནང་ ཚྭ་ཡང་བླུག་ནི་མེད་པའི་ཟེར་ ཚྭ་ཡང་ནང་གི་ཨམ་ཀྱི་ སྐེད་པ་ལུ་བཏགས་བཞག་སྟེ་ དེ་ཡང་ དུམ་གྲ་ཅིག་མ་གཏོགས་མི་འོང་ཟེར།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ད་ འདི་བཟུམ་ཅིག་འབད་བ་ཅིན་ ཏ་ད་ད་རེས་ནངས་པ་ རོགས་གཞུང་གི་སྐུ་དང་དྲི་མ་ལས་བརྟེན་ཏེ་ གཱ་རི་ལམ་མེད་སར་གཱ་རི་ལམ་བཏོན་ ཟམ་མེད་སར་ཟམ་བཙུགས་ ཏེ་ གནམ་མེད་ས་མེད་ད་ འདི་དེ་གནམ་མེད་ས་མེད་ཡར་རྒྱས་སོང་ཡི་ལགས་ ཨ་ནཱི་འདི།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཧེ་མ་དང་ཕྱདཔ་ད་ ཟ་ནི་འབད་རུང་ལོག་ལྟབ་གསུམ་ལྟབ་ གྱོན་ནི་ཡང་གནམ་མེད་ས་མེད་རོགས་ གནམ་མེད་ས་མེད་མར་ རྒྱ་གར་གྱི་བཀའ་དྲིན་ལས་འབད་དེ་ གནམ་མེད་ས་མེད་ཡོད་ལགས་ གྱོན་ནི་གི་གོ་ལ་ཚུ་ཡང་།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཏེ་ སྤྱིར་བཏང་མི་གི་ འབད་བཞག་བཅའ་བཞག་མནོ་བསམ་བཏང་ཐངས་ ལུང་པའི་སོ་ནམ་ལཱ་འབད་ཐངས་ འདི་ཚུ་གི་བསྒྱུར་བ་ག་དེ་སྦེ་འདུག་གོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་མནོ་བསམ་བཏང་ཐངས་ཡང་ ཧེ་མ་དང་ཕྱདཔ་ད་འདི་ རོགས་ག་དེ་སྦེ་འབད་རུང་ ད་རེས་ནངས་པ་རོགས་ཏེ་ སློབ་གྲྭ་ན་ལུ་ཅིག་འགྱོ་ དཔེ་ཆ་ཅིག་བལྟ་ འབད་ནི་དེ་གིས་ དུམ་གྲ་ཅིག་ མནོ་བསམ་བཏང་ཐངས་ཡང་ རོགས་ཧེ་མ་དང་ཕྱདཔ་ད་འདི་ དུམ་གྲ་ཅིག་དྲགས་སུ་ཅིག་སྦེ་ བཏང་མས་ལགས་ ད་འདི་རོགས་ཀྱིས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ཏེ་ སོ་ནམ་གྱི་ལཱ་གི་ཐད་ལུ་ལྷོདཔ་ད་འདི་ཏེ་ ཧེ་མ་མི་གྲངས་གནམ་མེད་ས་མེད་ ཏོག་ཙེ་དང་ སྟག་རེ་ དཔའ་རྟགས་འདི་ཚུ་བཤེད་དེ་ ཏེ་བཏང་དགོ་ལགས་ལཱ་ ད་ད་རེས་ནངས་པ་ག་ཅི་སྨོ་ཟེར་བ་ཅིན་ རོགས་པའུ་ཊི་ལར་ (power tiller) འདུག་ དེ་ལས་ འཕྲུལ་གླང་འདི་ཚུ་ཡོད་ནི་དེ་གིས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinད་ལོག་ལྟབ་འདི་གིས་ འཇམ་མས་ལགས་ དེ་ལས་ ད་ཤིང་གི་ཐོག་ལས་རྐྱབ་དགོ་པ་ཅིན་ཏེ་རོགས་ པ་ཝར་ཅེན་སོ་ (power chainsaw) པ་ཝར་ཅེན་སོ་གིས་སྦེ་ གནམ་མེད་ས་མེད་ལོག་ལྟབ་འབད་དེ་ ད་དྲག་སུ་ཅིག་སོང་ཡི་ཟེར་ཞུ་གེ་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཨ་ནཱི་ ནཱ་ཨོ་རྒྱན་ཆོས་གླིང་ནག་ཚང་དང་འབྲེལ་བ་ཡོད་པའི་ གཡུས་ཚན་ག་དང་ག་ར་ཡོདཔ་ཨིན་ན་ལགས་ དེ་ལས་ འདི་ཚུའི་ནང་ ནཱ་ཨོ་རྒྱན་ཆོས་གླིང་ལས་ ལོ་བསྟར་འབད་དགོ་པའི་ག་ཅི་ཡོད་གོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་ད་ང་བཅས་ནཱ་ འབྲེལ་བ་ཡོད་པའི་འབད་བ་ཅིན་ ནཱ་ལས་མར་འགྱོ་བ་ཅིན་ ཏེ་མར་འགམ་གླིང་ཡོད་ འགམ་གླིང་ཁང་རབས་ མདའ་ཟུར་ འདི་ལས་འགྱོ་བ་ཅིན་ གསར་སྨད་ གཞིས་བྲག་ ན་རུད་འདི་ དེ་ལས་ སྐྱོ་བྱམས་འདི་ཚུ་ཡོད་ དེ་ལས་ད་ ཧེ་མ་འབད་བ་ཅིན་ ག་ར་ང་བཅས་ཀྱི་ དགུ་པ་ཚེས་བཅུ་ནང་ལུ་འོང་དགོ་ལགས་ཁོ་ཆ་ཁྱབ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཁོང་ར་གིས་ཤོག་ཟེརཝ་ད་ དེ་ལས་ ཨ་ནཱི་དར་ཤིང་ཅིག་འཕྱར་ནི་ཡོདཔ་ཨིན་ལགས་ ཨ་ནཱི་དར་ཤིང་ལྷོངམ་ད་ ཨིན་ཅི་མིན་ཅི་ ད་ཡར་ཆུ་སྟོད་མན་ཆད་ སྦྱི་རང་(?)ཡན་ཆད་འོང་དགོ་ལགས་ག་ར།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཤུལ་ལས་བར་སྐབས་ཅིག་ལས་ འདི་ཡང་མི་དགོ་པས་ཟེར་སླབ་ཞིནམ་ལས་ཁོང་ར་གིས་ དེ་ལས་ ང་བཅས་ཀྱི་ཨ་པ་གྱོངས་མི་དང་ འདི་ཚུ་གིས་ འདི་དགོཔ་མིན་འདུག་ཟེར་ འདི་ཡང་འདི་ཚུ་མ་འབོ་བར་ ད་ནཱ་ང་བཅས་ར་ནང་འཁོད་ལས་འབད་དེ་ དེ་ལས་ བར་སྐབས་ཅིག་ལས་ འགམ་གླིང་ གསར་སྨད་ གཞིས་བྲག་འདི་ཚུ་ལས་ ཏེ་ དུམ་གྲ་རེ་འོང་ཡི།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ད་ཤུལ་ལས་ བར་སྐབས་ཅིག་ལས་ འདི་ཡང་མི་དགོ་པས་ ད་ང་བཅས་ར་ཟེར་ འདི་ཡང་ད་ང་བཅས་རའི་གཡུས་ནང་འཁོད་ཀྱི་ཙང་ཙ་གིས་སྦེ་འབདཝ་ཨིན་ལགས་ད་ དུམ་གྲ་ཅིག
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoདར་ཤིང་འཕྱརཝ་ད་གིས་མ་དོ་བར་གཞན་ག་ཅི་རང་ཡོད་གོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་དར་ཤིང་འཕྱར་ནི་དང་ ཨ་ནཱི་དགུ་པ་ཚེས་བཅུའི་ནང་ དར་ཤིང་འཕྱར་ནི་གཅིག་དང་ རྟེན་འཛུགས་སྐོར་ནི་ཅིག་ཡོདཔ་ཨིན་ལགས་ ཏེ་ དེ་ལས་ གསུང་ཆོག་འདི་འབད་བ་ཅིན་ཉིནམ་གསུམ་རང་ བླམ་དཀོན་མཆོག་རང་(?)གནང་དགོ་ལགས་ གསུང་ཆོག་འདི།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoའདི་ནང་ཁོང་ཆ་ཁྱབ་ག་དེ་སྦེ་བཅའ་མར་གཏོགས་དགོཔ་སྨོ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཨ་་་།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoད་རུང་རབ་གནས་ནང་བྱོན་དགོ་པའི་ལུགས་སྲོལ་ག་དེ་སྦེ་ཡོདཔ་སྨོ?
- ཨོ་རྒྱན་རིན་འཛིན་ Ugyen Rinzinཧེ་མ་འབད་བ་ཅིན་ རབ་གནས་ཀྱི་ཐད་ལུ་ལྷོདཔ་ད་འབད་བ་ཅིན་ ཏེ་ད་ཧེ་མ་རོགས་ཀྱི་ ཧེ་མ་ཨ་ནཱི་ གཞོནམ་ཚུ་འོང་དོ་མས་ལགས་ དཔའ་མཛངསཔ་ལོ་ཟེར་ ཐོན་ཏེ་འོང་ནི་འདུག་སྦ་ལགས་ ཁོང་གིས་དྲོ་པ་ཧ་སག་འོང་སྟེ་ ནེམ་འབད་ དེ་ལས་ དེ་སྦེ་འབདཝ་ད་ ཧེ་མ་ཁོང་ར་ངོ་མ་འབད་དེ་འདི་ བྱོན་ནི་འདི་མིན་འདུག་ལགས་ དེ་ལས་ ཁོང་རའི་སྐུ་ཚབ་སྦེ་ ཏེ་སྐུ་ཚབ་ཨིན་ཟེར་ གཅིག་འགྱོ་སྟེ་ཨིན་པས་སྦ་ཡར་ལས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་འ་ནཱི་ཡར་ གྲལ་གོང་ལུ་ ང་བཅས་རའི་སྐུ་མགྲོན་གཙོ་བོ་བཟུམ་ཅིག་སྦེ་ ཡར་བཞག་སྟེ་ དེ་ལས་ ཁོ་ཡར་འོང་སྟེ་ གསོལ་རས་ཚུ་ཡང་ ཁོ་གིས་བྱིན་ཏེ་ འ་ནི་ཅིག་འདུག་ལགས་ཧེ་མ།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཤུལ་ལས་བར་སྐབས་ཅིག་ལས་འབད་བ་ཅིན་ ནཱ་ང་བཅས་ཀྱི་ ངེའི་སྐབས་ལས་འབད་བ་ཅིན་ཏེ་ ད་དུམ་གྲ་ཅིག་དེ་སྦེ་མེན་པས་ ད་ནཱ་ལས་ རོགས་ལཱ་ཁག་སྦེ་ ནཱ་ཚུན་ཚོད་ནཱ་འོང་སྟེ་ ད་རུང་མ་འགྱོ་བ་ཅིན་ ད་རུང་ཁོང་ཡང་།
- ཨོ་རྒྱན་རིན་འཛིན་ Ugyen Rinzinཏེ་ནཱ་ཚུན་འོང་སྟེ་རང་ དཀའཝ་སྤྱད་གནམ་མེད་ས་མེད་འུ་སྡུག་ དེ་ལས་ གནམ་དགུན་འབད་བ་ཅིན་ ཏེ་བ་མོ་གི་ནང་ལུ་ གནམ་མེད་ས་མེད་དཀའཝ་སྤྱད་དེ་འོང་འབདཝ་ད་ ཏེ་ ང་བཅས་ར་རང་འགྱོ་བ་ཅིན་ དུམ་གྲ་ཅིག་དྲག་ནི་མས་ཟེར་ བར་སྐབས་ཅིག་ཚུན་ཚོད་འདི་ ང་ར་རང་འགྱོ་སྟེ་སྡོད་ཅི་ལགས་ དེ་ལས་ མ་འགྱོ་བར་ལོ་ གཉིས་གསུམ་དེ་ཅིག་སོང་ཡི་ལགས་ད་རུང་འགྱོ་མ་ཚུགས་པར།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནཱ་ཨོ་རྒྱན་ཆོས་གླིང་གི་སྐོར་ལས་ འབད་དགོཔ་དང་ དེ་ལས་ ཤུལ་ལས་ དེ་སྦེ་འོང་འོང་གོ་པས་ཟེར་བའི་ ནཱ་གི་ཐུགས་བཞེད་ག་ཅི་ཡོད་གོ་ལགས?
- ཨོ་རྒྱན་རིན་འཛིན་ Ugyen Rinzinད་ཏེ་ འདི་རང་འདི་ ལོགས་སུ་སྦེ་གནམ་མེད་ས་མེད་མིན་འདུག་མེན་ན་ ད་གཙོ་བོ་ར་ད་ང་བཅས་རའི་ ཨ་ནཱི་ foundation (གཞི་ཚོགས་) གཅིག་གིས་ འདི་གཅིག་འབད་བ་ཅིན་ འ་ནཱི་ལེགས་ཤོམ་འདུག་ལགས་ ང་ར་གིས་བལྟ་སྟེ་འབད་བ་ཅིན་ འ་ནཱི་ཕཱ་འུན་ཌི་ཤཱན་འདི་གི་ ལེགས་ཤོམ་ཅིག་འོང་ནི་མས་ལགས་ ང་བཅས་རའི་འབྲུག་པའི་ཁ་སྐད་ལས་འབད་བ་ཅིན་གཞི་ཚོགས།
- ཨོ་རྒྱན་རིན་འཛིན་ Ugyen Rinzinདེ་ལས་ ཨིན་རྒྱུ་ཨིང་ལིཤ་ལས་འབད་བ་ཅིན་ ཕཱ་འུན་ཌི་ཤཱན་ཟེར་སླབ་མས་ ཏེ་འདི་གི་མ་འོངས་པའི་ནང་ ཁོ་ལེགས་ཤོམ་ཅིག་འོང་ནི་གི་བསམ་འཆར་གཅིག
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoལགས་སོ།