Skip to main content Skip to search
23 Aug 2018
10 min 53 sec
Video Overview
Creators: 
Penchela, Namgay L. Wangchuk

Rabney was named as ngang consecration, or ngang Rabney, as ngang was the lineage of our ngagpa. They held a Tsechu in order to subdue demons. Demons used to disturb people while they were working, so the ritual and consecration was establish to subdue the demons of that place. This information was shared by elder people of the villages. Ngang Lhakhang consecration was held by Lama Namkha Samdrup. This consecration is a continuing practice. Ngang Lhakhang Rabney was held on the 16th day of the 10th month of the Bhutanese calendar. During that time there were many program items, including mask dances and other dances performed by villagers.

 

 

 

Transcript search
No results found for this search
0 of 0
  • འཆི་མེད་རྡོ་རྗེ་
    ཏེ་ད་ ནཱ་གྱི་ཚེས་བཅུ་བཟུམ་ཅིག་ཞུ་བ་ཅིན་ ད་ངང་པའི་རབ་གནས་ཟེར་སླབ་ཨིན་ ངང་པའི་རབ་གནས་ཟེར་ ག་ཅི་སྦེ་ཟེར་བ་ཅིན་ ངང་པའི་རབ་གནས་ ངང་པ་འདི་དེ་ ངང་པའི་བརྒྱུད་པ་ལགས་ དེ་ལས་ཡང་ནཱ་ ནཱ་གི་ས་གནས་ཀྱི་མིང་བཟུམ་ཅིག་འབད་བ་ཅིན་ ངང་པའི་བརྒྱུད་པ་ཟེར་ ངང་པའི་རབ་གནས་ཟེར་སླབ་འོང་།
  • འཆི་མེད་རྡོ་རྗེ་
    ཏེ་ ནཱ་གི་ཚེས་བཅུ་འདི་ ག་དེ་འབད་མཛད་དགོཔ་འབྱུང་ཡི་ཟེར་བ་ཅིན་ འ་ནཱི་བདུད་འདི་ བདུད་མི་སྒྱེན་མོ་འདི་ རྩ་ལས་བཏུལ་མ་ཚུགས་པར་ དེ་ལས་ ཐག་ཆོད་རྦད་ཆད་དམ་བཅའ་གནང་མ་ཚུགས་པར་ ཏེ་ཁོ་རང་ས་བཅགས་གནམ་བཅགས་འབད་ཚར་ཏེ་ ག་ཅི་འབད་ཚར་རུང་ ཏེ་ དམག་འཆམ་ནང་འབྱོན་ཏེ་ ཞྭ་ནག་བཞེས་ཏེ་ ཏེ་ཚར་རེ་དེ་ཁར་འབྱོནམ་ད་ ཚར་རེ་བཀུགཔ་ད་ཚར་རེ་ ད་ཚར་རེ་ནཱ་འཛུལ་ ད་རུང་ཁོ་གིས་ ལོག་བྱོག་འགྱོ་འབད་ག་དེ་འབད་རུང་ འབད་མ་ཚུགས་པར་ ཤུལ་ལས་ད་དབུགས་བགམས་ཏེ་ ག་དེ་འབད་རུང་སྐྱབས་མ་ཚུགས་པར།
  • འཆི་མེད་རྡོ་རྗེ་
    ང་བཅས་ལཱ་འབད་བ་ཅིན་ ལཱ་འབད་མ་བཅུག་པར་མི་འདི་ཚུ་འཐེན་བཏང་ ལགཔ་ཨེ་ཙི་འོག་བཙུགས་ཏེ་བགའ་བཅུག་ སྒལ་ཏོ་གུ་ལས་ཕར་འཛེག་པར་འོང་ ཁུར་ཆ་འདི་ཚུ་འཐེན་བཏང་ ཅ་ལ་ག་ཅི་འབད་རུང་འཐེན་བཏང་ ཐག་ཆོད་རྦད་ཆོད་འབད་མ་ཚུགས་པར་ དེ་ལས་ བླམ་ཐུགས་ཕམ་ཏེ་ ད་ག་དེ་སྦེ་འབད་བ་ཅིན་དྲག་ག་ཟེར་ ཐུགས་ཕམ་ཏེ་ ཡར་གཟིམ་ཅུང་ནང་འབྱོན་ཏེ་ དེ་སྦེ་བཞུགསཔ་ད།
  • འཆི་མེད་རྡོ་རྗེ་
    ཏེ་ཁོ་གིས་གཟིམ་སྣང་ལུ་སྦེ་ ཏེ་ད་ལྟོ་གི་གྲི་གིང་འདི་ ཏེ་ཁོ་གི་གཟིམ་སྣང་ནང་སྦེ་ འབག་འོང་འོངམ་ཨིན་ཟེར་བའི་ལོ་རྒྱུས་འདུག་ལགས།
  • འཆི་མེད་རྡོ་རྗེ་
    ཏེ་འདི་ཚུ་ཧེ་མ་ལོ་རྒྱུས་འདི་ཚུ་ འཆམ་པ་བགྲེསཔ་ཨ་རྒས་པདྨ་ཚེ་རིང་ཟེར་མི་ཅིག་ཡོདཔ་ཨིན་ ཁོ་གིས་ལེགས་ཤོམ་སྦེ་བཤད་ནི་འདུག་ དེ་ལས་ ཨ་རྒས་རིན་ཆེན་རྡོ་རྗེ་ཟེར་མི་ཅིག་ཡོདཔ་ཨིན་དབུ་མཛད་བགྲེསཔ་ ཁོ་ཤུལ་ལས་གཞིས་གསར་ལུ་འབྱོན་འབད་ དེ་ཡང་ཚེ་ལས་འདས་སོང་ཡི།
  • འཆི་མེད་རྡོ་རྗེ་
    ཏེ་ཧེ་མ་ངེ་གི་ ཨ་པའི་སྤུན་ཆ་གསང་སྔགས་རིག་འཛིན་ཟེར་ ཁོ་གི་ཕྱག་ཞུ་ནུག་ ཏེ་ད་ལྟོ་གི་ཕྱག་རྒྱུན་ཡོད་མི་ཚུ་ གསང་སྔག་རིག་འཛིན་ཁོ་གི་ཁ་ལས་ཞལ་རྒྱུན་ཅིག་བཟོ་བཟོཝ་མ་གཏོགས་པ་ ཧེ་མ་གི་འཆམ་ཡིག་ངོ་མ་འདི་ མེ་ཤོང་སོངམ་ལས་ གཞན་འདི་ནང་ (བ་མེན་སྤང་ལེབ་) ཡོད་ཟེར་བའི་ ལོ་རྒྱུས་འདུག་ འདི་མེ་ལུ་ཤོར་སོངམ་ལས་ ཏེ་ད་མེདཔ་ཨིན།
  • འཆི་མེད་རྡོ་རྗེ་
    ཏེ་དེ་ལས་ གནས་ཡིག་འདི་ཚུ་ཡང་ ལྷ་ཁང་མེ་ཤོརཝ་ད་ ཆོས་རྗེ་བསྟན་པ་རྒྱལ་མཚན་ཟེར་མི་ལྷོདཔ་ད་ ཆོས་རྗེ་བསྟན་པ་རྒྱལ་མཚན་དེ་གིས་ ག་དེ་སྦེ་ཤོར་ཡི་ག་མ་ཤེས་པར་ལྷ་ཁང་མེ་ཤོར་འབད་ དེ་ལས་ ཤུལ་ལས་ཞབས་ཏོག་ཞུ་མ་ཚུགས་པར་ ང་བཅས་ཁྱལ་པ་གུང་པ་བརྒྱདཔོ་དེ་གིས་ ཏེ་ད་ནཱ་གྲྭཔ་འདི་ཚུ་དང་གཅིག་ཁར་བསྟུན་གྲོས་འབད་དེ་ ང་བཅས་ར་ལྷ་ཁང་འདི་ ལོག་བཞེངས་དགོ་པས་ཟེར་ ཏེ་ལྷ་ཁང་འདི་ཡང་ དེ་ལས་ ལོག་སྟེ་བཞེངས་གནང་།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཚེས་བཅུ་འདི་ད་ འདི་གི་ཧེ་མ་ལྷ་ཁང་རྙིངམ་ཡོདཔ་པའི་སྐབས་ལུ་རང་བཙུགས་གནང་ནུག་ དེ་ལས་ འ་ནཱི་གཞས་ཀྱི་ ཚིག་འདི་ཚུ་ཡང་ག་ར་ ཡར་བསམ་ཡས་ལྷ་ཁང་བཞེངས་བའི་སྐབས་ ཧེ་མ་གུ་རུ་རིན་པོ་ཆེ་གིས་ མཛད་མི་འདི་ཚུ་ཨིན་ཟེར་མ་གཏོགས་ ད་ལྟོ་གཞས་ཀྱི་ གཏན་གཏན་འདི་ཨིན་ཟེར་ ཞུ་མི་ཚུགས་པས།
  • འཆི་མེད་རྡོ་རྗེ་
    ཏེ་ད་འཆམ་གྱི་འབད་བ་ཅིན་ བདག་འཛིན་འབད་དེ་ ད་ཨ་ནཱི་གཟིམ་སྣང་ནང་ འ་ནེ་སྦེ་ཨིན་ཟེར་ ད་གཏན་གཏན་རང་ཁ་སྐོང་བཙུགས་ཡི་ལགས།
  • འཆི་མེད་རྡོ་རྗེ་
    ཏེ་ འ་ནཱི་ཤུལ་ལས་བཏུལ་བ་ཐག་ཆོད་རྦད་ཆོད་སྔགས་འཆང་ནང་སྤྲུལ་ཏེ་འབྱོན་ཏེ་ དེ་ལས་ དགོངས་འདུས་ཀྱི་ ཚོགས་འཆམ་འདི་ཚུ་རྐྱབ་སྟེ་ དགོངས་འདུས་ཀྱི་ ལྷ་ཚོགས་ག་ར་ཞུ་སྟེ་ འདི་འབད་དེ་ ཆོས་སྐྱོང་སྲུང་མ་ཚུ་ཡོངས་རྫོགས་ཞུ་སྟེ་རང་འདི་འབད་རུང་ ཏེ་ ཐག་ཆོད་རྦད་ཆོད་དམ་བཅའ་གནང་མ་ཚུགས་པར་ ཏེ་ཤུལ་ལས་ འ་ནཱི་གྲི་གིང་གིས་སྦེ་ མིང་གྲི་གིང་ཟེར་སླབ་མ་གཏོགས་ འདི་ནང་འཆམ་ག་ར་ཚངམ་སྦེ་ཡོད་ རྒྱུག་གིང་ གྲི་གིང་ རྔ༌གིང༌གསུམ་ཆ་ར༌ཚངམ༌ཡོདཔ༌ཨིན༌ཟེར༌ ཏེ་འདི་བཟུམ་འདུག་ཟེར།
  • འཆི་མེད་རྡོ་རྗེ་
    འ་ནཱི་ཡར་ རྒྱུག་གིང་དེ་རྫོགསཔ་ཅིག་ གྲི་གིང་གུར་ལྷོདཔ་ཅིག་ ཨ་ནཱི་གྲི་གིང་འདི་ ཁོ་གཟིམ་སྣང་ནང་ དཔའ་བོ་མཁའ་འགྲོ་ ཟངས་མདོག་དཔལ་རི་ལས་ དཔའ་བོ་མཁའ་འགྲོ་འདི་ཚུ་གིས་སྟོན་ཏེ་ ང་འབད་སར་སྟོན་མི་འཆམ་འདི་ འ་ནཱི་ཨིན་སྨོ་ཟེར་ ཁོ་ཁོ་རང་གིས་ ལོག་སྟེ་རྐྱབ་ཞིནམ་ལས་ འཐོན་འཆམ་ལས་ ལོག་སྟེ་སྟོན་ཏེ་ གྲི་གིང་གུ་ལྷོདཔ་ད་ ཏེ་ཁོ་ར་དེ་སྦེ་ སྟོན་པའི་བར་ན་ ད་རུང་ལོག་སྟེ་ ཁོ་ར་ཨ་ཙི་ཅིག་ ཐུགས་ཕམ་ཏེ་བཞུགསཔ་ད་ དེ་ལས་ ཁོ་ར་ད་རུང་ལོག་སྟེ་ ཨ་ཙི་ཅིག་ལོག་སྟེ་ མནལ་གཟིམ་དོ་བཟུམ་ཅིག་དེ་སྦེ་འགྱོཝ་ད།
  • འཆི་མེད་རྡོ་རྗེ་
    དཔལ་ཡེ་ཤེས་མགོན་པོ་གིས་ ཧ་ཟེར་གསུངས་གསུངསམ་ཨིན་ཟེར་ ཡར་གྲི་གིང་གུ་ལྷོདཔ་ད་ གཞན་ཧ་་་མེད་ ཏེ་ གྲི་གིང་གུ་ལྷོདཔ་ད་ ཧ་ཟེར་འཆམ་མཇུག་གིས་ཧ་འབད་དགོ་ ཧ་འབདཝ་ད་འཆམ་མཇུག་འི་ དཔལ་ཡེཤེས་མགོན་པོ་ཁོ་ར་གིས་འབད་ གསུངས་འབྱོན་འབྱོནམ་ཨིན་ཟེར་ དེ་འབད་བཤད་ནི་འདུག
  • འཆི་མེད་རྡོ་རྗེ་
    དེ་ལས་ ཧ་འབད་ཚརཝ་ཅིག་ ཁོང་ཚུ་ཡང་འཆམ་འདི་ཡང་ ཨ་ཙི་ཅིག་ཁྲོ༌བོ་ཙམ་ཅིག༌འབད༌དེ་ ད་ཕར་གྱི་མི༌འདི༌ དམ༌བཅའ༌གནང༌ཚུགས༌ནི༌མས༌ཟེར༌ ཐུགས༌དགྱེས༌ཏེ་ ཏེ༌གནམ༌མེད༌ས༌མེད༌ཀྱི༌འཆམ༌ འ་ནཱི་དཔའ་བོ་མཁའ་འགྲོ་འདི་ཚུ་གི་ ཧེ་མ་ཡར་ལས་མར་རྐྱབ་གནང་མི་ག་ར་ཁོ་རང་གིས་ ལོག་སྟེ་ཨ་རྟག་ཧ་ལུགས་རྐྱབ་འབད།
  • དེ་ལས་ཏེ་ འ་ནཱི་ ད་ལྟོ་ཞཝ་ལི་འཆམ་(ཉུ་ལས་མ་དེ་ཡང་) ཕྲང་ཕྲང་འགྱོཝ་ཅིག་བཟུང་ནི་མེད་ ག་ཅི་སྦེ་ཟེར་བ་ཅིན་ ཧེ་མ་ཁོ་གིས་ ཨེ་ཙི་བརྐུ་ ལཱ་འབད་མ་བཅུག་པའི་ཚུལ་འདི་ཚུ་ག་ར་སྟོན་ ཁོ་གི་རྩེདམོ་འདི་ཚུ་ག་ར་རྫོགས་འབད་ དེ་ལས་ ཁོ་མཐའ་མཇུག་ལུ་ ཁོ་བདའ་འབག་འོངམ་ཨིན་ བདའ་འབག་སྟེ་ ཧེ་མ་མི་གི་སྦུག་ལུ་བཙུགས་ཏེ་ གྱི་ཅུ་རྐྱབ་སྟེ་ འ་ནཱི་འབདཝ་ད་ལོ་གསུམ་རེ་ནང་ མི་རེ་ཤིཝམས་ ཏེ་མི་ཤི་ཡང་ཤི་ནུག
  • འཆི་མེད་རྡོ་རྗེ་
    ཏེ་དེ་སྦེ་ ཏེ་ན་ཧིང་ཞེ་ཧིང་འདི་ ཧེ་མ་སྒྱེན་མོ་འབད་ སྒལ་ཏོ་གུ་གྱི་ཅུ་རྐྱབ་མི་གཅིག་ ཕར་ཁྲས་པའི་ལུ་ཡོད་ ཁོ་གི་ལོ་གཉིས་འཐོན་ཡི་ལོ་ ལོ་གསུམ་འཐོན་པ་ཅིན་ ཤི་འོང་ལོ་ཟེར་ ཏེ་ ཁོ་མ་འཐོན་ཟེར་ ཁྲས་པའི་དཀོན་གཉེར་འབད་སྡོད་ཡི་ ཏེ་ཁོ་ཡང་ ན་ཧིང་ཤི་སོང་ཡི་ ཏེ་ཁོ་འདི་ངོ་མ་འཐོན་འཐོནམ་ཨིན་ཟེར།
  • འཆི་མེད་རྡོ་རྗེ་
    ཏེ་ད་ ད་རེས་ནངས་པ་ དྲགོས་ཧེ་མ་ཞིབ་དཔྱད་ལྷན་ཁག་ནང་བཞུགས་ དྲགོས་ཀོ་ལ་བླམ་རང་ཟེར་ ད་མཚན་ང་གིས་ སེམས་ཁར་མི་དྲན་པས་ དྲགོས་ཀོ་ལ་བླམ་ དྲགོས་ཀོ་ལ་བླམ་ཞིབ་དཔྱད་ལྷན་ཁག་ནང་བཞུགས་ཏེ་ ཕར་དང་ཚུར་འབྱོན་ཏེ་ དེ་གིས་དེ་བཟུམ་གྱི་ མི་ཉི་མ་སྒྱེན་མོ་འབད་བའི་འཆམ་འདི་ རྩ་ལས་རང་སྟབས་མི་བདེ་བས་ཟེར།
  • འཆི་མེད་རྡོ་རྗེ་
    ཏེ་ད་ང་བཅས་ར་གིས་ བསྒྱུར་བཅོས་ཨ་ཙི་ཅིག་འབད་དགོ་པས་ཟེར་ བསྟུན་གྲོས་གནང་སྟེ་ དེ་ལས་ འཆམ་པ་ཚུ་དང་ཡར་མར་ འཆམ་དཔོན་འཆམ་མཇུག་ དེ་ལས་ འཆམ་གཉེར་དོ་དམ་པ་ཚུ་དང་བསྟུན་གྲོས་གནངམ་ད།
  • འཆི་མེད་རྡོ་རྗེ་
    ཏེ་ད་ག་དེ་སྦེ་འབད་བ་ཅིན་ དྲག་ནི་མས་ཟེརཝ་ད་ དྲགོས་ཀོ་ལ་བླ་མ་གིས་ ཨ་ནཱི་དོརམ་རྐངམ་ཐུང་ཀུ་ཅིག་བཙུགས་ནི་གི་ དོརམ་རྐངམ་ཐུང་ཀུ་འདི་བཙུགསཔ་ད་ ཆས་འདི་ཚངམ་འབད་ གདོང་ཁར་ཁོ་རའི་ཕོ་མཚན་འདི་ཡོདཔ་སྦོ་ རྒྱབ་ཁར་ཁོ་རའི་འདི་ འདི་ཚུ་ཡོདཔ་འབད་བཟོ་སྟེ་ ད་ལྟོ་དོརམ་རྐངམ་ཐུང་ཀུ་འདི་ཡང་ཡོད་ལགས།
  • འཆི་མེད་རྡོ་རྗེ་
    དེ་ལས་ད་ ཧེ་མ་ཧེ་མ་གི་རྙིངམ་ཁ་ཤ་ལེགས་ཤོམ་ཅིག་འདུག་ འ་ནཱི་ཧྲལ་འགྱོ་སྟེ་ མི་གི་གདོང་ཁར་མི་འཇའ་བས་ཟེར་ ང་གིས་ན་ཧིང་གསརཔ་ཅིག་བཙེམས་ཏེ་ འདི་ཡང་ ཧེ་མ་གྱི་ཚུལ་ལྟར་དུ་སྦེ་རང་ ཚངམ་འབད་རང་བཟོ་སྟེ་ཡོད།
  • འཆི་མེད་རྡོ་རྗེ་
    དེ་ལས་ཏེ་ མི་ཡང་དེ་སྦེ་སྦུག་ལུ་བཙུགས་མས་ དེ་སྦེ་འདི་མི་ཚུགས་པས་ མི་ཤིཝ་མས་ཟེརཝ་ད་ ཏེ་ད་པགས་ཀོ་གུ་ལུ་བཞག་གེ་ཟེར་ དེ་ཡང་དྲགོས་ཀོ་ལ་བླ་མ་གྱིས་བཟོ་བཟོཝ་ཨིན་ ད་ལྟོ་པགས་ཀོ་གུར་བཞག་སྟེ།
  • འཆི་མེད་རྡོ་རྗེ་
    པགས་ཀོ་འདི་ སྦུག་ལུ་འབག་ཧྲལ་བཀོ་འབད་ གཞན་ཉུ་ལས་མ་འདི་ ལོ་གསུམ་ལུ་ག་དེ་འབད་རུང་དགོངས་ཞུ་འབད་དགོཔ་ཨིན་ ལོ་གཉིས་དང་གསུམ་མ་གཏོགས་འཐོན་ དེ་ལས་ ཤ་ར་ར་མི་གིས་མི་འབད་མ་ཚུགས་པར་ ཏེ་ ལཱ་ཁག་འདུག་ཟེར་ ད་པགས་ཀོ་གུ་བཀལ་ཏེ་ ད་ལོ་བཅུ་གཉིས་འབད་མི་ཡོད་ དེ་ལས་ ཏེ་འདི་ཚུ་ག་ཅི་ཡང་མ་འབད་ཟེར་ཞུ་ནི་ཨིན།
  • འཆི་མེད་རྡོ་རྗེ་
    དེ་ལས་ དེ་ལས་འ་ནཱི་ མཇུག་བསྡུཝ་ད་ དེ་ལས་ གྱི་ཅུ་འདི་ཡར་ཕུལ་ཞིནམ་ལས་ ལོག་སྟེ་ལགཔ་གིས་ ཕྱག་ལན་འབད་དེ་ ལགཔ་འདི་ཚུ་འཁྱུ་སྟེ་ ལེའུ་ནང་རང་ལགཔ་འདི་ཚུ་འཁྱུ་སྟེ་ ལགཔ་འདི་ཚུ་ཡར་འཛེག་སྟེ་ འཁྱུ་སྟེ་ དེ་ལས་ ལོག་སྟེ་འཆམ་མཇུག་ཕུལཝ་ཨིན་ཟེར།
  • འཆི་མེད་རྡོ་རྗེ་
    དེ་ལས་ མཚམས་བཅད་འདི་ ཚིག་ནང་ག་ར་མཚམས་བཅད་འབད་གནང་སྟེ་ དེ་ལས་ འ་ནེ་སྦེ་ བདུད་འདི་དེ་སྦེ་བཏུལ་འབད་ དེ་ལས་གདན་ས་འདི་ཆགས་ཚུགས་ཏེ་ དེ་ལས་ གདན་ས་འདི་ ལེགས་ཤོམ་སྦེ་ནེམ་འབད་དེ།
  • འཆི་མེད་རྡོ་རྗེ་
    ད་ལྟོ་ཡང་ ལྷ་ཁང་འོག་ཐོག་ལས་ གནམ་བྱཱར་ལུ་ཆུ་ཡར་ལྟ་རྩི་ས་གུ་འཐོན་འོང་ ཨེན་ཏ་འབད་བ་ཅིན་ ཤ་ར་ར་རུལ་ཏེ་ རྩ་ལས་འབད་མ་ཚུགས་པར་ ད་ལྟོ་འདི་ཨེན་ཏ་ཐིང་སྟེ་ཡོད་ དེ་ལས་ ཡར་ལས་དཔའ་བོ་མཁའ་འགྲོ་འདི་ཚུ་དངོས་སུ་སྦེ་ ནཱ་འབྱོན་བའི་ལོ་རྒྱུས་ཡང་འདུག་ཏེ།
  • འཆི་མེད་རྡོ་རྗེ་
    ཏེ་ དངོས་སུ་སྦེ་འབྱོན་ཏེ་ དེ་ལས་ མཇུག་མཐའ་མཇུག་ལུ་ ཏེ་ད་ ད་ང་བཅས་ཚུ་ ཁྱོད་གདན་ས་ཆགས་ནི་དེ་ཅིག་ཡར་སོང་ཡི་ ད་ཁྱོད་ཀྱིས་གདན་ས་ཆགས་ཚུགས་ ད་ནཱ་ལས་ཕར་བདུད་དེ་ ལོག་མི་འཐོན་ཟེར་ ཏེ་ད་མཁའ་འགྲོ་འདི་ཚུ་ལོག་བྱོན་ནི་ཟེརཝ་ད་ དཔའ་བོ་མཁའ་འགྲོ་འདི་ཚུ་ ལོག་འབྱོན་ནི་ཟེརཝ་ད་ ཏེ་ཕྱི་རུ་ང་བཅས་མཁའ་འགྲོ་མའི་འཆམ་ མཁའ་འགྲོ་མའི་འཆམ་ཟེར་མི་འདི་ གནམ་མེད་ས་མེད་བྱིན་རླབས་ཅན་གཏེར་འཆམ་ཨིན་ཟེར་ དེ་སྦེ་གསུངས་མས་ལགས།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཁོ་འདི་དེ་སྦེ་འབད་དེ་ དཔའ་བོའི་ཆས་འབད་ རིགས་ལྔ་གུ་རྣམ་ཅོ་འདི་ཚུ་བཀལ་ཏེ་ཧེ་མ་ལས་ དེ་ལས་ བར་སྐབས་ཅིག་ལས་ཉམས་སོང་སྟེ་ རྣམ་ཅོ་འདི་ཚུ་བཟོ་མ་ཚུགས་ དེ་ལས་ འ་ནཱི་ལ་ལུ་བཟོ་རུང་ཚངམ་སྦེ་མེད་ དེ་ལས་ ག་ལྷོད་ལྷོད་བཟོ་ ཤོག་གུ་རས་བཀལ་ དེ་ལས་ ཞེ་ཧིང་ ད་ལོ་གཉིས་གསུམ་ཡར་སོང་ཡི་ ང་གིས་ ཧ་ལམ་འབྲུག་ཤོག་གི་བཟོ་སྟེ་ དེ་སྦེ་ལུས་སོང་ཡི་ དཔའ་བོ་གི་ཚུལ་སྦེ་བཟོ་སྟེ།
  • འཆི་མེད་རྡོ་རྗེ་
    དེ་ལས་ མཁའ་འགྲོ་མའི་རིགས་ལྔ་བཞེས་འབད་ མཁའ་འགྲོའི་ཚུལ་འབད་ དེ་ལས་ མཇུག་མཐའ་མཇུག་ལུ་ ཏེ་འ་ནཱི་བདུད་དེ་ཡེངས་བཅུག་ནིའི་ཕྱིར་དུ་ཏེ་ ཕར་གྱི་རྩ་བོ་ཚུ་ག་ར་འབག་སྟེ་ ཏེ་ རང་སོའི་ཕྱོགས་ལུ་བཟུང་སྟེ་ བླམ་ཁོ་ར་གིས་དེ་སྦེ་བཟོ་སྟེ་ བདུད་དེ་ཡེངས་བཅུག་ནི་ཕྱིར་དུ།
  • འཆི་མེད་རྡོ་རྗེ་
    ཁོང་སྦྱིན་བདག་ཚུ་ སྦུག་ལུ་བཙུགས་ཏེ་ དེ་ལས་ གནམ་མེད་ས་མེད་ཀྱི་ དད་པ་ཡོདཔ་བཟུམ་བཟོ་ཞིན་ན་ལྷུ་སྟེ་ ཁོ་ཏེ་ དེ་སྦེ་ཨམ་འདི་ཚུ་གིས་ འ་ནཱི་སྦེ་འབདཝ་མས།
  • འཆི་མེད་རྡོ་རྗེ་
    ད་ད་རེས་ནངས་པ་ཡང་ ཁོ་གི་བཞེས་སྒོ་འདི་ མི་སྒྱེན་མོའི་བཞེས་སྒོ་འདི་ འདི་ཟ་སྟེ་སྡོད་ནུག་ ཤིག་དང་ ང་བཅས་རའི་དྲེག་པ་འ་ནཱི་ཚུ་ཟ་སྟེ་ དེ་ལས་ ང་བཅས་རང་ མཇུག་མཐའ་མཇུག་ལུ་ ཁོ་གིས་ཏེ་ ཤིག་འདི་ཚུ་ དེ་ལས་ ང་བཅས་རའི་སྦྱིན་བདག་འདི་ཚུ་ཁོ་ལུ་དད་པ་འདུག་ཟེར།
  • འཆི་མེད་རྡོ་རྗེ་
    ཁོ་གི་དངོས་གྲུབ་བཟུམ་ཅིག་ ཤིག་དང་ དྲེག་པ་འདི་ཚུ་བསྡུ་སྟེ་ སྦྱིན་བདག་འདི་ཚུ་ལུ་ བྱིན་བྱིནམ་ཨིན་ཟེར་ ད་ད་རེས་ནངས་པ་ཚུལ་འདི་བྱཱོ་བརྔོ་བརྔོཝ་བའི་ཚུལ་ དེ་སྦེ་བཟོ་སྟེ་འབད་དོ།
  • འཆི་མེད་རྡོ་རྗེ་
    དེ་ལས་ མཇུག་མཐའ་མཇུག་ལུ་ མཁའ་འགྲོ་འདི་ཚུ་འབྱོན་ནི་ཨིན་ཟེརཝ་ད་ དེ་ལས་ བླ་མ་གིས་ ད་ཨ་ཙི་ཅིག་བཞུགས་དགོ་ ངེའི་གདན་ས་མ་སྒྲུབ་ཚོན་ཚད་ཁྱོད་ཚུ་བཞུགས་དགོ་ དེ་ལས་ དཔའ་བོ་མཁའ་འགྲོ་འདི་ཚུ་ ད་ ང་བཅས་དེ་སྦེ་སྡོད་ནི་མེད་ ལོག་ཟངས་མདོག་དཔལ་རི་ལུ་ བྱོན་དགོ་ཟེརཝ་ད།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཏེ་དེ་སྦེ་ཨིན་པ་ཅིན་ ངེ་གི་ཨ་ནཱི་ སྦྱིན་བདག་འདི་ཚུ་ལུ་ཡང་ བྱིན་རླབས་དང་དངོས་གྲུབ་ཞུ་དགོ་ ཏེ་ད་བྱིན་རླབས་དང་དངོས་གྲུབ་གློ་བུར་གྱི་རྐྱེན་འདི་ ཏེ་ད་གློ་བུར་གྱི་རྐྱེན་གསོན་འདྲེ་གཤིན་འདྲེ་ དེ་ལས་ ང་བཅས་རའི་བཙན་བདུད་འདི་ཚུ་གིས།
  • འཆི་མེད་རྡོ་རྗེ་
    ཚར་གཅིག་གུ་སྲོག་བཅད་ནི་མེདཔ་ ཚེ་མ་རྫོགསཔ་ལས་ འ་ནཱི་འདི་ཚུ་ཉིནམ་་་་་་ཕྱིར་དུ་ ལོ་གཅིག་ནང་ དུས་ཅིག་མཇུག་བསྡུ་སྟེ་ སང་ཕོད་རན་རནམ་ལུ་ གློ་བུར་གྱི་རྐྱེན་འདི་ མ་པ་ལས་རང་མི་འོང་ འ་ནཱི་གྱིས་ རྒྱ་ནག་ལྕགས་རི་ནང་འཛུལ་དགོ་ཟེར་ ང་བཅས་ཁང་མིག་ག་ར་བསྐོར་ཏེ་ ཕྱི་ཁ་ལས་འགྱོཝ་ཨིན་འཆམ་པ།
  • འཆི་མེད་རྡོ་རྗེ་
    འཆམ་པ་དེ་ ཕྱི་ཁ་ལས་འབྱོན་མི་འདི་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ རྒྱ་ནག་ལྕགས་རི་སྐོརཝ༌ཨིན་ཟེར་ དེ་ལས་ རྒྱ་ནག་ལྕགས་རི་བསྐོར་ཏེ་ དེ་ལས་ ཕར་ལས་སྦྱིན་བདག་འདི་ཚུ་ག་ར་ནང་ན་བཙུགས་ཏེ་ དེ་ལས་ རྒྱ་ནག་ལྕགས་རི་བསྐོར་ཏེ་ དེ་ལས་ བླ་མའི་སྐུ་མདུན་ལུ་ཕྱག་དབང་ནང་ འ་ནཱི་བླམ་དེ་ཁར་ ཡར་གྱི་ཀྲོང་གི་གདོང་ཁར་འགྱོ་དགོ་མི་འདི་ བླ་མའི་ཧེ་མ་ཁོ་རའི་ཞབས་རྗེ་ཕྱག་གི་པར་འདི་ཚུ་ ག་ར་ཡར་ནང་ན་ཡོད་ རྟེན་ཡང་ཡར་ཞུ་ དེ་ལས་ བླ་མའི་གདོང་ཁར་འགྱོ་སྟེ་རང་ ད་ང་བཅས་ལོག་ཡར་བྱོན་ནི་ཨིན་ཟེར་ དགོངས་སྐོར་ཞུ་སྟེ་རང་འབྱོནམ་ཨིན་ དེའི་སྐབས་དབང་ཞུ་ དེ་ལས།
  • འཆི་མེད་རྡོ་རྗེ་
    ངང་པའི་རབ་གནས་འདི་མཇལ་ཏེ་ དེ་ལས་ འ་ནཱི་མཇུག་བསྡུ་ལུ་ མཁའ་འགྲོ་མའི་འཆམ་མ་གཏོགས་ རྒྱ་ནག་ལྕགས་རི་ནང་ན་མ་འཛུལ་བའི་ ཏེ་བར་སྐབས༌ཅིག༌ལས༌ འགྱོ་དགོ་པས་ཟེར་དད་པ་མེདཔ་བཟུམ་ཅིག་ཨིན་ཟེར་ ཞུ་ནི་ཨིན་ལགས་ དེ་ལས།
  • འཆི་མེད་རྡོ་རྗེ་
    ག་ཅི་སྨོ་ཟེར་བ་ཅིན་ རྒྱ་ནག་ལྕགས་རི་མ་བསྐོར་བར་ནང་ན་མ་འཛུལ་བ་ཅིན་ ཏེ་བར་ན་ལས་མཇལ་རུང་མ་མཇལ་རུང་ ཏེ་དད་པ་མེདཔ་བཟུམ་ཅིག་བརྩིཝ་མས་ ཏེ་འ་ནཱི་ཨིན་ཅི་མིན་ཅི་རྒྱ་ནག་ལྕགས་རི་གི་ ནང་ན་འཛུལ་དགོ
  • འཆི་མེད་རྡོ་རྗེ་
    རྒྱ་ནག་ལྕགས་རི་བསྐོར་ཏེ་ མཁའ་འགྲོ་མ་ཚུ་ལོག་འབྱོནམ་ཅིག་ དེ་ལས་ ཁོང་གཞས་དཔོན་གྱིས་ཡང་ ཤར་རྡོེ་རིགས་ཀྱི་མཁའ་འགྲོ་མ་ ལྷོ་རིན་ཆེན་མཁའ་འགྲོ་མ་ཟེར་ ཁོང་གི་ཚིག་ཡང་ དེ་སྦེ་འཐེན་ཏེ་ དེ་ལས་ མཁའ་འགྲོའི་གླིང་དུ་འབྱོནམ་ཨིན་ཟེར་ ཚིག་ནང་ཡང་དེ་སྦེ་ཡོད།
  • འཆི་མེད་རྡོ་རྗེ་
    དེ་ལས་ དེ་ཡང་ ད་ཁྱོད་ཀྱི་འཆམ་དང་ ང་བཅས་ཀྱི་ཚིག་འདི་ གནམ་མེད་ས་མེད་འདྲ་བས་ཟེར་ གཞས་དཔོན་དང་གཅིག་ཁར་སླབ་ད་ ཏེ་ད་ང་བཅས་གཉིས་གཅིག་ཁར་སྦེ་ དེ་སྦེ་བཟོ་གེ་ཟེར་ ཁོ་གིས་བསྟུན་གྲོས་རྐྱབ་པར་འོངམ་མས་ འོངམ་ད་ ད་གཅིག་ཁར་སྦེ་བཟོ་བ་ཅིན་ དུས་ཡུན་ཧ་ལམ་འགོར་ནི་མས་ཟེར་ དེ་ལས་ ང༌གིས་ ད་ལྟོ་འཆམ་གི་འདི་རང་བསྡུ་ལེན་འབད་འདི་རང་ཡོད་ལགས།
  • འཆི་མེད་རྡོ་རྗེ་
    དེ་ལས་ རབ་གནས་ཀྱི་འབད་བ་ཅིན་ ་་་་་་་ཨིན།