Video Overview
The history of Ngag lhakhang was shared by village elders and written biography. During the Ngang Lhakhang festival, masked dance continues to be performed. However, today there are also new dances performed, such as pacham dance. The consecration masked dance was also performed differently, as compared to other villages. At Ngag Lhakhang, several masked dances are performed in order to subdue all of the demons, so that villagers will not be disturbed by them. Masked dances performed at Ngang Lhakhang include zhana chokcham, shinjae yapyum, and pacham.
ངང་ལྷ་ཁང་གི་ལོ་རྒྱུས་འདི་ གཡུས་ཀྱི་མི་རྒས་ཤོས་དང་ གནས་ཡིག་ཚུ་ནང་ལས་ འབད་ལྷབ་ཅིག་ཟེར་ཨིན་མས། འཆམ་འདི་ཚུ་ ཧེ་མ་བཟུམ་འབད་རང་ རྐྱབ་སྲོལ་ཡོདཔ་ཨིན་མས། ཏེ་ད་རེས་ནང་པ་མ་འདྲཝ་འདི་རང་ དཔའ་འཆམ་འདི་ཨིན་མས། རབས་གནས་ཀྱི ་འཆམ་འདི་ཚུ་ཡང་ གཞན་ཁར་ཡོདཔའི་ འཆམ་དང་མ་འདྲཝ་འབད་འདུག་ ཟེར་ཨིན་མས། འཆམ་འདི་ཚུ་ ངང་ལྷ་ཁང་བཞེངསམ་ད་ འདུད་ཀྱི་བཞེངས་མ་ཏེ་ཝ་ འདི་གི་བླ་མ་ཁོ་རང་གི་ འཆམ་རྐྱབ་འདི་བཏུལ་ནི་འདི་གི་ འཆམ་འདི་ཚུ་ཡང་ ག་ཏེ་ཡང་མེད་ཟེར་ཨིན་མས། འཆམ་རྔ་འཆམ་འདི་ གཞན་ཁ་ག་ཏེ་ཡང་འབག་འགྱོ་ མི་བཏུབ་ཟེར་སླབ་མས། འཆམ་འདི་ཚུ་ཡང་ ཤིང་རྫེས་ཡབ་ཡུམ་ རྔ་འཆམ་ ཞ་གནག་ཆོགས་འཆམ་དང་ གཞན་ཡང་ཉིམ་གསུམ་གི་རིང་ལུ་ རྐྱབ་སྲོལ་འདུག། ཤིང་རྫེད་ཡབ་ཡུམ་འདི་ཡང་ བཟོ་དང་བཟོམོ་ཟེར་ཡང་ སླབ་ནི་འདུག་ དེ་ཤུས་ལས་བབ་འདི་ གཉམ་སྲོལ་ཤོར་འདི་ ད་ལྟོ་ཡོད་པའི་གླང་བབ་འདི་ རྐྱབ་དོ་ཡོདཔ་ཨིན་མས། དེ་ལས་ ཉིམ་མཇུག་ལུ་ ཨ་ཙར་གི་ཆོ་གུ་ ཁྱིམ་སྒོ་ཤལ་བཏང་སྲོལ་ཅིག་ཡང་ ཡོདཔ་ཨིན་མས།
- འཆི་མེད་རྡོ་རྗེ་ཚེས་བཅུའི་འཆམ་འདི་ ཏེ་ཟླཝ་ འ་ནཱི་ ༡༥ ལུ་འབད་རུང་ ༡༦ ལུ་འབད་རུང་ ང་བཅས་ར་ཡར་གྱི་སྐར་མ་ཉ་རུ་དང་འཁྲིལ་ཏེ་འབད་ ད་སྐར་མ་ཉ་རུ་འཛོམས་ཅིག་ ཁོང་ཕར་གྱི་རྩབོ་གུང་པ་བརྒྱད་འབད་མི་གིས་ ཁྱལ་པ་གུང་པ་བརྒྱདཔོ་འདི་གིས་ གཟའ་སྐར་བལྟ་སྟེ་ དེ་ལས་ སྐར་མ་ཉ་རུ་ག་དེ་འབད་འཛོམས་ཨིན་ན་གུ་དེ་སྦེ་འཛོམས་ཨིན་ན་ཁོང་གིས་མཐོང་དགོཔ་ལས་ ནཱ་གྲ་པ་འདི་ཚུ་ལུ་ ལན་གསལ་འབད་དགོ
- འཆི་མེད་རྡོ་རྗེ་དེ་ལས་ ཁོང་གིས་ ལན་གསལ་འབད་དེ་ ནཱ་འོང་སྟེ་ ངང་ཆོས་རྗེ་དང་བསམ་ཐང་གདུང་ཨ་མར་སྦ་ལེབ་ཐིང་འབད་ སྦ་ལེབ་གུར་བཞུགས་ཏེ་ དེ་ལས་ ངང་ཆོས་རྗེ་གིས་ ལྷ་ཁང་གི་ནང་ལས་ གསེར་སྐྱེམས་ཀྱི་ཅ་ལ་འདི་ཚུ་འབག་འོང་སྟེ་ གསེར་སྐྱེམས་ཕུལ་ཏེ་ ཧེ་མ་རང་ངང་ཆོས་རྗེ་གིས་ གསེར་སྐྱེམས་ཕུལ་ཏེ་ དེ་ལས་ རབ་ཏུ་འབྱུང་པ་ཅིན་ ཧེ་མ་འདི་ ཆོས་སྲུང་ཡོངས་རྗོགས་ལུ་ གསེར་སྐྱེམས་ཕུལ་ ཕུལ་ཏེ་རང་ཨིན་ད།
- འཆི་མེད་རྡོ་རྗེ་ཏེ་ད་ དརེས་ནངས་པ་མི་འདི་ཚུ་གིས་ རེ་ཅིག་སྐབས་མི་ལེ་ཤ་མེད་འབད་ དེ་སྦེ་དྲོ་པ་ཧ་སག་སྟེ་ གྱང་ནི་འདི་གིས་ བསྡུ་འབགཔ་ད་བདེ་གཤེགས་གསེར་སྐྱེམས་ཅིག་བཏང་འབད་ དེ་ལས་ཏེ་ བསམ་ཐང་གདུང་གིས་འབད་གཏམ་ ང་བཅས་རའི་ཧེ་མའི་གཏམ་གྱི་དཔེ་ཆ་གཅིག་འདུག
- འཆི་མེད་རྡོ་རྗེ་དེ་ལས་ འ་ནཱི་གཏམ་འདི་བཤད་དེ་ དེ་ལས་ འ་ནཱི་གཏམ་འདི་ ག་ར་འཆམ་པ་ཡོངས་རྫོགས་ཉན་དགོ་ ད་ད་རེས་ནངས་པ་ ཏེ་འཆམ་པ་འདི་ཚུ་གིས་ ད་ང་བཅས་ཉན་རུང་མ་ཉན་རུང་ཁུངས་རང་མེད་ཟེར་ ཏེ་ ཁོང་རྩབོ་ཕར་གྱི་གུང་པ་བརྒྱདཔོ་དེ་ ཁོང་སྐོར་རྐྱབ་འབད་དེ་འགྱོ་དགོ་ ཁོང་རྩ་བོ་གླིང་ཚན་གསུམ་སྐོར་རྐྱབ་འབད་དེ་འགྱོ་དགོ་ལགས་ ཏེ་ འ་ནཱཱི་འབདཝ་ད་ ཁོང་ཚེ་ཕར་ལས་ ནག་བརྔོ་བརྔོཝ་ དེ་ལས་ ང་བཅས་རའི་ཚོགས་ དེ་ལས་གསེར་སྐྱེམས་ མར་ཆང་ཁོང་གིས་འབད་འབག་འོང་།
- འཆི་མེད་རྡོ་རྗེ་དེ་ལས་ འ་ནཱི་གཏམ་འདི་ལྷག་འབད་ འདི་ཚུ་མཇུག་བསྡུཝ་ཅིག་ ང་བཅས་ངང་པ་རབ་གནས་འགོ་བཙུགས་ འགོ་བཙུགསཔ་ད་ ཧེ་མ་རང་འཆམ་མཇུག་གི་ཉིནམ་ལུ་ དེ་ལས་ གཤིན་རྗེ་ཡབ་ཡུམ་ ད་ག་ཏེ་འབད་རུང་གཤིན་རྗེ་ཡབ་ཡུམ་ཟེར་འཐོན་དེས་ ཏེ་ང་བཅས་ནཱ་གི་ མཛོ་ཡབ་ཡུམ་ཟེར་ མཛོ་དང་མཛོ་མོ་ཟེར་རང་ འ་ནེ་སྦེ་རང་འཐོན་དོ་ དེ་ལས།
- འཆི་མེད་རྡོ་རྗེ་མཛོ་དང་མཛོ་མོ་འདི་ ཞལ་འབགཔ་ཡང་ཡར་མཚམས་པ་ཐང་ནང་འབད་ ནམ་མཁའ་བསམ་གྲུབ་ཁོ་རང་གིས་འབད་མཚམས་པ་ཐང་ན་འབད་བརྐོ་བརྐོཝ་ཨིན་ཟེར་ ཚོགས་འཆམ་གྱི་ཞལ་འབགཔ་གཅིག་ དེ་ལས་ ཉུ་ལས་མ་(ཞཱུ་ལི་)འཆམ་ཡོད་ དེ་ལས་ ཁོ་རང་གྲི་གིང་ཡོད་ སེང་གེ་འབད་བཞེས་བྱོན་མི་གཅིག་ དེ་ལས་ འ་ནཱི་མཛོ་དང་མཛོ་མོའི་གཅིག་ དེ་ཅིག་འདི་ ཁོ་རའི་ཕྱག་བཟོ་ཨིན་ཟེརཝ་མས།
- འཆི་མེད་རྡོ་རྗེ་དརེས་ནངས་པའི་ མི་འདི་ཚུ་གིས་གཏེར་འབགཔ་ཟེར་སླབ་མས་ ཡོངས་གྲགས་ལུ་གཏེར་འབགཔ་ཟེར་སླབ་མས་ གཏེར་འབགཔ་ལས་གཏེར་བཞེས་བཞེསཔ་མེན་པར་ ཁོ་རའི་ཕྱག་གིས་བཞེངས་གནང་གནངམ་ཨིན་མས།
- འཆི་མེད་རྡོ་རྗེ་ཏེ་འ་ནི་ མཛོ་ཡབ་ཡུམ་འདི་ཡང་ འགོ་དང་པ་ཁོ་ར་དེ་ཁར་ས་བཅག་པའི་སྐབས་རང་ མཛོ་ཡབ་ཡུམ་འདི་འཐོན་མས་ ཏེ་ མཛོ་ཡབ་ཡུམ་དེ་ ཉིནམ་ཨ་རྟག་ར་འཐོན་ཏེ་ ད་རྙིངམ་ཐལ་སོང་ནུག་ ད་གནམ་མེད་ས་མེད་ཅིག་ ཞབས་ཏོག་ཞུ་ནི་ལྷོད་རུང་ ཞབས་ཏོག་ཞུ་མ་ཚུགསཔ་ ག་དེ་འབད་རུང་དཔེ་མ་འཐོབ་ དཔེ་མ་འཐོབ་ནི་འདི་གིས་ད་ཞབས་ཏོག་ཞུ་མ་ཚུགས་ དེ་སྦེ་རང་ཡོད།
- འཆི་མེད་རྡོ་རྗེ་འ་ནཱི་རྔ་འཆམ་དེ་ ད་དགོངས་འདུས་ཀྱི་འདི་ཚུ་ ལྷ་ཚོགས་འདི་ཚུ་ཞུ་སྟེ་ ཏེ་འདི་ཚུ་འབད་ཚར་ཏེ་ ད་ང་བཅས་རའི་ ཨ་ནཱི་གདན་ས་འདི་བཅག་ཆོག་ཆོ་ཨིན་ ད་ལེགས་ཤོམ་ཡར་སོང་ཡི་ ད་ཏེ་མཚམས་བཅད་བཟུམ་སྦེ་ རྔ་གིང་ འ་ནཱི་རྔ་གིང་དེ་ འ་ནཱི་རྔ་གིང་འདི་ཡང་ ཁོ་ར་ཕྱི་རུ་གཟིམ་པའི་ནང་ལུ་ ཏེ་ ལྷབ་ལྷབ་ཨིན་ཟེར་ལེའུ་འ་ནཱི་རྔ་གིང་དང་ གྲི་གིང་ཅོག་གཅིག་ཙམ་ཅིག་ཨིན་ ཁོང་གཉིས་ཨ་ཙི་ཅིག་ ཏེ་གཟིམ་སྣང་ལས་ འབག་འོང་འོངམ་ཨིན་ཟེར།
- འཆི་མེད་རྡོ་རྗེ་འ་ནཱཱི་རྔ༌གིང་འདི་ ཕར་དང་ཚུར་འབག་ནི་མི་འོང་སྨ་རེ་ཟེར་ ཏེ་དེ་འབདཝ་ད་ ན་ཧིང་ཞེ་ཧིང་དྲགོས་བསྟན་རྒྱ??་གིས་ དྲགོས་བསྟན་རྒྱ་ཕར་ཞིབ་དཔྱད་ལྷན་ཁག་ནང་དྲུང་ཆེན་འབད་བཞུགསཔ་ད་ དྲགོས་ཀྱིས་ཨ་འ་ཁྱོད་འབྲོག་པའི་འཆམ་ག་ཅི་འོང་ནི་ཟེར་ རྔ་གིང་འདི་འབག་སྟེ་ ཁྱེད་ཀྱི་བྱིན་རླབས་ཨིན་ན་མེན་ན་བལྟ་གེ་ཟེར་ ང་སྤུ་ན་ཁ་ལུ་འབག་དགོ་པས་ཟེར་ ཁོ་གིས་ འ་ནཱ་ལས་ལྷབ་སྟེ་ འཆམ་པ་ཚུ་གིས་སྟོན་བྱིན་ཏེ་ དེ་ལས་ སྟོན་མི་བྱིན་གེ་ཟེར་བ་ཅིན་ ཁོ་དྲགོས་ཅིག་འབད་ནི་འདི་གིས་མ་བཏུབ་ དེ་ལས་ གཡུས་ཁའི་ཨཔ་ཚུ་གིས་རུབ་སྟེ་སྟོན་བྱིན་ནུག
- འཆི་མེད་རྡོ་རྗེ་སྟོན་བྱིན་ཏེ་ ནངས་པ་འགྱོ་ནི་ཟེརཝ་ད་ ཁོ་ད་རེས་རང་རྐངམ་བཅག་ བཅག་འབད་ དེ་ལས་ ཁོ་གིས་ད་འབདན་ཁྱོད་འབྲོག་པའི་འཆམ་ང་མི་དགོ་སྨ་རེ་ཟེར་ ཁོ་རྐངམ་བཅག་སྟེ་ ནཱ་གི་མི་ཚུ་གིས་ ཆ་རོགས་ཡང་མ་འབད་བར་ བཀོ་བཞག་ནི་བཟུམ་སྦེ་འབད་ནུག
- འཆི་མེད་རྡོ་རྗེ་དེ་ལས་ ཁོ་དང་གཅིག་ཁར་ད་རུང་དྲུང་ཡིག་གཉིས་དེ་ཅིག་སྡོད་སྡོདཔ་མས་ ཁོང་ཚུ་ཡང་ ཆབ་གསང་བཤལ་ཏེ་ གནམ་མེད་ས་མེད་ཆབ་གསང་བཤལ་ཏེ་ དེ་ལས་ ཤུལ་ལས་ནཱ་ལས་འགྱོཝ་ད་ ག་ར་ནདཔ་འབད་ཡར་སོངམ་ལས་ འདི་ལས་ འཆམ་འདི་ཕར་དང་ཚུར་ག་ཏེ་ཡང་མ་འབག་འབགཔ་ཨིན་ཟེར།
- འཆི་མེད་རྡོ་རྗེ་ད་ལྟོ་འཆམ་དཔོན་མངའ་བདག་དང་ དེ་ལས་འ་ནཱི་ཚུ་ འཆམ་དཔོན་གསང་ངག་རིག་འཛིན་འབདཝད་ད་ འ་ནཱི་འཆམ་འདི་ སྟོན་བྱིན་བྱིནམ་མས་ འཆམ་དཔོན་མངའ་བདག་དང་ཡེ་ཤེས་དངོས་གྲུབ་ཚུ་གིས་ ང་བཅས་ལུ་བཤད་མས་ལགས་ འ་ནཱི་ལོ་རྒྱུས།
- འཆི་མེད་རྡོ་རྗེ་དེ་ལས་ འ་ནཱི་གིས་མཇུག་བསྡུ་ནི་ཨིན་ དེ་འབདཝ་ད་ ད་རེས་ནངས་པ་ ད་ང་རང་གིས་འབད་ ནཱ་གིས་རླུང་རྟ་ཡར་འཕེལ་འགྱོ་ནིའི་ཕྱིར་དུ་ད་ ང་བཅས་རའི་ ཀླུ་ས་བདག་ཟློག་ཐབས་བཟུམ་ཅིགསྦེ་ ད་སྟག་སེང་ཁྱུང་འབྲུག་ཅིག་བཙུགས་ཏེ་ཡོད་ འདི་ཡང་རྔ་འཆམ་གྱི་ཧེ་མ་རྐྱབ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ རྔ་འཆམ་འདི་ཁོང་མཚམས་བཅད་ཟེར་ ཡར་གནང་མི་ཚུ་ ཁོ་གི་ཤུལ་ལས་ དུམ་གྲ་ཅིག་མི་བཏུབ་ནི་མས་ཟེར་ ཏེ་ ཁོ་སྟག་སེང་ཁྱུང་འབྲུག་གི།
- འཆི་མེད་རྡོ་རྗེ་ཏེ་ད་ སྟག་སེང་ཁྱུང་འབྲུག་ཤ་ར་ར་ནཱ་གི་མི་ཚུ་གིས་ སྤྲོ་བ་བསྐྱེད་དེ་ ཁོ་ལེགས་ཤོམ་འདུག་ཟེར་ ནཱ་གི་མི་ཚུ་གིས་སྟོན་ཏེ་ ད་ལྟོ་ཤ་ར་ར་རྐྱབ་སྟེ་རང་ཡོད་ལགས།
- འཆི་མེད་རྡོ་རྗེ་དེ་ལས་ དེའི་ཤུལ་མའི་ཉིནམ་འདི་ནང་ འགོ་དང་པ་རང་ང་བཅས་དྲོ་པ་ཡར་ལྷ་ཁང་ནང་ ཞིང་གཤེགས་དཔལ་མོ་དང་འདི་ཚུ་ ཡར་ལྷ་ཁང་ནང་རྐྱབ་ནི་མ་གཏོགས་པ་ མར་ཐང་ནང་ག་ནི་ཡང་མེད་ལགས།
- འཆི་མེད་རྡོ་རྗེ་དེ་ལས་ ནཱ་ལས་འབད་དགེ་བསྙེན་ཞུ་བར་འགྱོ་སྟེ་ དེ་ལས་ ཆོསཔ་འདི་ཚུ་ཕར་འགྱོ་འབད་ དགེ་བསྙེན་སྐུ་མདུན་ལས་ ཕར་ལས་ དགེ་བསྙེན་ཞུ་འབག་སྟེ་ དེ་ལས་ ལོག་སྟེ་ དེ་ལས་ འ་ནཱི་གཤིན་རྗེ་ཡབ་ཡུམ་མེན་པར་ མཛོ་ཡབ་ཡུམ་ མཛོ་དང་མཛོ་མོ་སྟོན་དགོཔ་ཨིན་མས་བ་ ཧེ་མ་འབད་བ་ཅིན།
- འཆི་མེད་རྡོ་རྗེ་ད་ད་རེས་ནངས་པ་ཏེ་ མཛོ་དང་མཛོ་མོའི་ཞལ་འབགཔ་མེདཔ་འགྱོ་བ་ལས་ དྲགོས་ཀོ་ལེ་བླ་མ་གྱིས་ ད་ལྟོ་གླང་གདོང་གླང་གི་འབགཔ་འདི་ ཁོ་དྲགོས་ཀོ་ལེ་བླ་མ་གིས་མཛད་ནུག་ དྲགོས་ཀོ་ལེ་བླ་མ་གིས་ དེ་ལས་ འ་ནཱི་ད་ལྟོ་གི་གླང་གདོང་གཉིས་ཆ་ར་ཁོ་གིས་འབད་མཛད་གནང་གནངམ་ཨིན་ ད་དྲགོས་ཀོ་ལེ་བླ་མ་ཁོ་ར་ཕར་དྲགོས་འབད་བཞུགསཔ་ད་ ཕར་ལས་འབག་འབགཔ་ཨིན་པས།
- འཆི་མེད་རྡོ་རྗེ་ཏེ་འདི་གིས་སྦེ་ ད་གཤིན་རྗེ་ཡབ་ཡུམ་འདི་ མ་འཐོན་པའི་བར་ན་ ཨ་ཙ་ར་ཡང་འཐོན་མི་བཏུབ་ཟེར་ ག་ནི་ཡང་འཐོན་མི་བཏུབ་ཟེར་ ཧེ་མ་དེ་སླབ་འོང་ལགས་ དེ་ལས་ད་ ད་རེས་ནངས་པ་ ན་ཧིང་ཞེ་ཧིང་བར་སྐབས་ཅིག་ལས་ ད་ངེ་གི་ཕོ་རྒནམ་རྫོང་ཁ་སློབ་དཔོན་གཅིག་ཡོདཔ་ཨིན་ ཕོ་རྒནམ་རྫོང་ཁ་སློབ་དཔོན་དང་ ནཱ་ཨ་རྒས་རིན་འཛིན་ཆོས་རྗེ་རིན་འཛིན་ད་ལྟོ་ནཱ་བཞུགས་མི་ ཆོས་རྗེ་རིན་འཛིན་ཁོང་གཉིས་འབད་ ཏེ་ད་དེ་འབད་མེན་པས་ དྲོ་པ་རྟེན་ཞུཝ་ད་ག་ཏེ་འབད་རུང་དཔའ་འཆམ་ཅིག་ ལེགས་ཤོམ་འོང་མས་ ད་དཔའ་འཆམ་ཅིག་རང་མེད་པའི་ ང་བཅས་རང་གི་ དེ་སྦེ་ཨིན་མས་ཟེར།
- འཆི་མེད་རྡོ་རྗེ་ད་ཧེ་མ་རང་དཔའ་འཆམ་ཅིག་བཙུགས་འབད་ ད་ག་ཅི་སྨོ་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་ ཡར་རྒྱས་དང་བསྟུན་ཏེ་ ང་བཅས་ཡང་ཨ་ཙི་རེ་ འ་ནཱི་སྟབས་བདེ་མི་དང་ ལེགས་ཤོམ་མཐོང་བའི་ ད་ང་བཅས་ཀྱིས་ཡར་གནས་ཚུལ་ཕུལ་ཏེ་ མགོན་ཁང་ནང་གསེར་སྐྱེམས་ཕུལ་ཏེ་རང་ འགོ་དང་པ་བཙུགསཔ་ད་ གསེར་སྐྱེམས་ཕུལ་ཏེ་རང་བཙུགས་དགོ
- འཆི་མེད་རྡོ་རྗེ་དེ་ལས་ ཧེ་མ་གསེར་སྐྱེམས་མ་ཕུལ་བར་བཙུགས་པ་ཅིན་ ཧེ་མ་མར་ཐང་སྦིས་ལས་ འཆམ་ཅིག་འབག་སྟེ་ ནཱ་སྟོན་ཏེ་ ཤུལ་ལས་འཛུལ་འགྱོཝ་ད་ མར་ཐང་མཇུག་ལས་འཛུལ་འགྱོ་འབད་ ལྷ་ཁང་ནང་འཛུལ་ས་མ་མཐོང་པར་ ཡུདཔ་ཅིག་ལས་ལམ་བཀག་སྟེ་མིན་འདུག་ ཏེ་ འ་ནཱི་འབད་དེ་ སྟོན་མ་བཅུག་པར་ འཆམ་གསརཔ་འདི་ཚུ་སྟོན་མ་བཅུག་པའི་ལོ་རྒྱུས་འདུག
- འཆི་མེད་རྡོ་རྗེ་ཏེ་ད་ འཆམ་གསརཔ་ང་བཅས་ལྷབ་ད་ར་རང་ ང་བཅས་ཀྱིས་ གསེར་སྐྱེམས་འདི་ཚུ་ཕུལ་ཏེ་ གནས་ཚུལ་(?)འདི་ཚུ་ཕུལ་ཏེ་རང་ ཆོས་སྐྱོང་སྲུང་མ་འདི་ཚུ་ལུ་ གསོལཝ་བཏབ་སྟེ་རང་ ཏེ་ འ་ནཱི་འབད་ནི་འདི་གིས་ ད་དཔའ་འཆམ་འདི་ ཏེ་ད་ལོ་གཅིག་བ་ལོ་གཅིག་ཡར་ཡར་གོང་འཕེལ་གོང་འཕེལ་གོང་འཕེལ་ཨ་ཙི་རེ་ ལེའུ་ཡར་ཡར་སེང་འབད།
- འཆི་མེད་རྡོ་རྗེ་དེ་ལས་ འདི་གི་ཤུལ་ལས་ རྟེན་འདི་ཚུ་ཞུ་ཚར་ཞིནམ་ལས་ དེ་ལས་ རྟེན་འདི་ཨིན་ཅི་མིན་ཅི་ནཱ་ཞུ་དགོ་ ནཱ་ཞུ་དགོ་མི་འདི་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ ཧེ་མ་ཁོ་ར་ཨ་མི་བདུད་དེ་གིས་ གནམ་མེད་ས་མེད་ས་སྨུག་སྤུབས་འོང་སྟེ་ ཁོ་བླམ་འདི་ དེ་སྦེ་སྤུབས་འབག་འོངམ་ད་ ཏེ་རྡོ་གུ་ལས་འབད་ཡར་ལོངས་ལོངསམ་ཨིན་ཟེར་ ཁོ་གི་ཕྱག་པར་འདི་ཚུ་དེ་ཁར་ཡོད་ ཕྱག་པར་ཞབས་པར་འདི་ཚུ་ ཨིན་ཅི་མིན་ཅི་ནཱ་བཞུགས་ཏེ་རང་ ཏེ་ད་འབད་དགོཔ་ཨིན།
- འཆི་མེད་རྡོ་རྗེ་དེ་ལས་ འ་ནཱི་གིས་ རྟེན་ཚུ་ཞུ་ཚརཝ་ཅིག་གཤིན་རྗེ་དེ་ འ་ནཱི་གཤིན་རྗེ་མཛོ་དང་ མཛོ་མོ་འདི་རང་འཐོན་ཏེ་ ས་བཅད་དེ་ ལོག་སྟེ་ཨ་རྟག་བཟུམ་འབད་རང་ ཤུལ་མ་གྱི་ལོ་དེ་ཁར་ལོག་སྟེ་ ཨ་རྟག་བཟུམ་འབད་རང དེ་ལས་ གདན་ས་བཅགསཔ་ད་ ཁོ་རའི་སྔགས་འཆང་ནང་སྤྲུལ་ཏེ་ ཞྭ་ནག་ནེམ་འ་ནཱི་སྦེ་འབདཝ་ཨིན་ཟེར་ ཏེ་འ་ནཱི་ཞྭ་ནག་འདི་ ཉིནམ་གཉིས་པའི་ཉིནམ་ལུ་ཨིན་ལགས།
- འཆི་མེད་རྡོ་རྗེ་དེ་ལས་ ཞྭ་ནག་གི་ཤུལ་ལས་ དོ་རུང་དགོངས་འདུས་ཀྱི་ཚོགས་འཆམ་འདི་ལོག་ཕུལ་དགོ་ དགོངས་འདུས་ཀྱི་ཚོགས་འཆམ་ལོག་ཕུལ་དགོ་མི་འདི་ཡང་ ཞྭ་ནག་གིས་ལོག་སྟེ་དགྲ་བོ་བསྒྲལ་ཏེ་ སྔགས་འཆང་ནང་སྤྲུལ་ཏེ་ དགྲ་བོ་བསྒྲལ་ཏེ་འབད་རུང་ ཏེ་ ཁོ་མི་བདུད་དེ་གིས་འོང་མ་བཏུབ་པར་མ་པ་ལས་ དེ་ལས་ (བདེན་པ་རེ་རེ་ཁྱུཝ་ད་??) ཚར་རེ་འོང་ ད་རུང་ལོག་བྱོག་འགྱོ་ (བདེན་པ་རེ་རེ་ཁྱུཝ་ད་??) ཚར་རེ་འོང་ འ་ནེ་སྦེ་འབད་མ་ཚུགས་པར་ ཤུལ་མའི་ཉིནམ་ལུ་ དགོངས་འདུས་ཀྱི་ཚོགས་འཆམ་ལོག་སྟེ་རང་གནང་དགོཔ་འབྱུང་ཡི་ དེ་ལས་ གནང་བཞིན་པ་ ཤུལ་མའི་ཉིནམ་ལུ་ཡང་ ཞལ་འབགཔ་འདི་རང་ཨིན།
- འཆི་མེད་རྡོ་རྗེ་དེ་ལས་ དེ་གི་ཤུལ་ལས་རྔ་གིང་ དེ་ལས་ རྔ་གིང་ནང་ཡང་ འ་ནཱི་སེང་གེའི་གདོང་ གྲི་གིང་ནང་བཞེས་མི་རྔ་གིང་ནང་ཡང་བཞེསཔ་ཨིན་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ འཆམ་དཔོན་གྱིས་བཞེས་ཏེ་ ཁོ་ཏེ་བླ་མའི་བྱིན་རླབས་མི་ཉམས་པར་འོང་ཟེར་ ད་འཆམ་དཔོན་ལུ་ནུས་པ་མེད་རུང་ ཁོ་རའི་འདི་གིས་བྱིན་རླབས་ཀྱིས་འབད་ འདི་འབད་སྦེ་ ཏེ་ ཁོ་བཞེས་ནི་རང་ ཏེ་ རྔ་གིང་འདི་རྐྱབ༌དགོ༌ལགས།
- འཆི་མེད་རྡོ་རྗེ་དེ༌ལས༌ རྔ༌གིང་འདི་རྐྱབ་ཚརཝ་ཅིག་ དེ་ལས་ དེ་གི་ཉིནམ་ལུ་ ཏེ་མཇུག་བསྡུ་འབད་ དེ་ལས་ ཤུལ་མའི་ཉིནམ་ལུ་ དྲོ་པ་གཤིན་རྗེ་ལས་རང་ལོག་འགོ་བཙུགས་དགོ་ འགོ་བཙུགས་ཏེ་ དེ་ལས་ ས་བཅགསཔ་ཨིན་ཟེར་ ཁོ་རང་ དེ་ལས་ གྲི་གིང་འདི་ ཤུལ་མའི་ཉིནམ་ལུ་ ཁོང་མི་ངོ་མ་འབད་བཟུང་འབག་སྟེ་ དེ་ཁར་དམ་བཅའ་གནང་གནངམ་ཨིན་མས་གྲི་གིང་འདི།
- འཆི་མེད་རྡོ་རྗེ་དེ་ལས་ཏེ་ མཇུག་མཐའ་མཇུག་ལུ་རང་ ཨ་རྒས་ཨང་རྒས་ཟེར་མི་ ཨ་རྒས་ཨང་རྒས་ ཨ་རྒས་ཨང་རྒས་བུ་ཟེར་གསུམ་ཡོདཔ་ཨིན་ གསུམ་ཡོདཔ་ད་ ད་ག་དེ་འབད་རྩིསཝ་སྨོ་ཟེར་བ་ཅིན་ མགར་ཁྱེའུ་རྡོ་རྗེ་ཡར་ལས་བྱོག་འབྱོནམ་ད་ འགོ་དང་པ་བོད་ལས་མར་འབྱོནམ་ད་ ཏེ་ ཡར་ལས་མར་ཆོས་སྐྱོང་སྲུང་མ་འདི་ཚུ་ལུ་ གསོལཝ་བཏབ་ད་ འ་ནཱི་གསུམ་གྱིས་འབད་ ཡར་ལས་འབད་ནཱ་ མཚམས་པ་ཚུན་ཚོད་བཏོན་བཏོནམ་ཨིན་ཟེར་ དེ་ལས་ ཡེ་ཤེས་མགོན་པོ་ཧེ་མ་འབད་ དཔལ་ལྡན་ལྷ་མོ་ཤུལ་ལས་འབད་ སྨྱོང་ཁ་(?)གིས་ བླམ་འབད་མ་ཚུགསཔ་ད་ བླམ་འབག་སྟེ་ཡང་འོང་འོངམ་ཨིན་ཟེར་བའི་ལོ་རྒྱུས་ཡང་འདུག
- འཆི་མེད་རྡོ་རྗེ་ཏེ་དེ་སྦེ་ ཡར་ལས་ཞུ་ཞུཝ་ཨིན་ཟེར་ ཁོང་ད་ལྟོ་ཁཝ་གིས་ མིག་ཏོ་མེདཔ་བཏང་བཏངམ་ཨིན་ཟེར་ ཁོང་ད་ལྟོ་ མིག་ཏོ་འདི་ཚུ་དམརཔོ་ཨིན་ མིག་ཏོ་འདི་ཚུ་དམརཔོ་འབད་ དེ་ལས་ མར་འཐོནམ་ད་ལུ་ཡང་ ཁོང་ཆ་ཁྱབ་ཁཝ་ནང་ ང་བཅས་དཀའཝ་སྤྱད་ཡི་ཟེར་འཐོནམ་ཨིན་ དེ་ལས་ དེ་སྦེ་འཐོན་འབད་ ཁོ་རའི་ཆོས་སྐྱོང་སྲུང་མའི་ཚུལ་འབད་ ཁོང་གསུམ་པོ་ལུ་ འདི་འབད་སྦེ་ དེ་ལས་ ཕོ་ལེགས་མོ་ལེགས་འདི་ རྒྱལ་པོ་ནོར་བཟང་གི་ རྣམ་ཐར་རང་འཇགས་མས།
- འཆི་མེད་རྡོ་རྗེ་འདི་རང་ཨིན་ དེ་ལས་ དེ་ཁར་ལས་ཁོང་དམག་རྐྱབ་སྟེ་ དེ་ལས་ འདི་ཚུ་ག་ར་རྫོགསཔ་ཅིག་ ཁོང་ནང་ན་འཛུལ་འབད་ ཏེ་ ཧེ་མ་འབད་བ་ཅིན་ བཙོད་དོ་གཅིག་བསྐྱེལ་འབད་ དེ་ལས་ སང་ཕོད་ཀྱི་མ་རྩ་ཞུ་བར་འགྱོཝ་ཨིན་ཟེར་ དོ་རུང་ཡར་ཨ་ཞེ་འབད་སར་ མ་རྩ་ཞུ་བར་འགྱོ་སྟེ་ དེ་ལས་ བཙོད་འདི་ཚུ་འབག་འབགཔ་གཞོང་སྒར་ལུང་པར་ བཙོད་བཏོན་པར་འགྱོཝ་ཨིན་ཟེར་བའི་ལོ་རྒྱུས་ཡོད།
- འཆི་མེད་རྡོ་རྗེ་དེ་ལས་ གཞོང་སྒར་ལུང་པར་འགྱོཝ་ཨིན་ཟེར་ ཁོང་བཙོད་འདི་ཚུ་ཨ་ཞེ་འབད་སར་ཡར་བསྐྱལ་འབད་ ཨ་ཞེ་ལས་མ་རྩ་ཞུཝ་ཨིན་ཟེར་མ་རྩ་འདི་ཚུ་ཞུ་ཏེ་རང་འབག་དགོ་ ཏེ་དེ་སྦེ་འབད་འགྱོ་འབད་ དེ་ལས་ མཇུག་བསྡུ་བཞགཔ་ཨིན་མས་གཞན་ ཧེ་མ་འབད་བ་ཅིན་ དེ་ལས་ འ་ནེམ་ཅིག་ལས་བཙོད་འབག་འབད་མཇུག་བསྡུ་ མཁའ་འགྲོ་མའི་འཆམ་མཇུག་བསྡུ་ཞིནམ་ལས་ ངང་པའི་རབ་གནས་མཇུག་བསྡུཝ་ཨིན།
- འཆི་མེད་རྡོ་རྗེ་ད་ཤུལ་ལས་ཏེ་ འབྲུག་པ་ཀུན་ལེགས་ལོག་སྟེ་ ཡར་ལས་འབྲུག་པ་ཀུན་ལེགས་ནཱ་འབྱོན་ཏེ་ མཚམས་པའི་བྲག་སྲིན་དམ་བཅའ་གནང་བར་ཞུ་སྟེ་ ཏེ་འབྲུག་པ་ཀུན་ལེགས་ནཱ་འབྱོན་ཏེ་ དམ་བཅའ་གནང་སྟེ་ དེ་ལས་ནཱ་འབྱོན་ཏེ་ པདྨ་གླིང་པ་དང་ཁོ་མཇལ་ནི་ཅིག་ཡོད་ཟེར་ དེ་ལས་ ནཱ་ལས་འབད་མར་སྐུ་རྗེས་ མར་གཏམ་ཞིང་ལས་མར་རང་འབྱོན་པའི་ལོ་རྒྱུས་འདུག་ལགས།
- འཆི་མེད་རྡོ་རྗེ་དེ་ལས་ ལོག་མར་ལས་ཡར་འབྱོན་ པདྨ་གླིང་པ་དང་ཁོ་འབྱོན་ཏེ་ པདྨ་གླིང་པ་འདི་ གནམ་མཁའ་བསམ་གྲུབ་ཀྱིས་ ཨའུ་ད་ ངེའི་ལྷ་ཁང་ནང་ ལྷ་ཁང་ཕྱི་དེ་ཅིག་བཟོ་རུང་ ནང་ན་རྟེན་ག་ནི་ཡང་མེད་ཟེར་ ཏེ་ད་ ངེའི་ལྷ་ཁང་ནང་ན་རྟེན་ཅིག་ད་ པདྨ་གླིང་པ་ཁྱོད་ཀྱིས་ ད་ཁྱོད་སྤྲོས་བརྐོ་ཤེས་པས་ཟེར་ ད་ཁྱོད་ཀྱིས་ ངེའི་ལྷ་ཁང་ནང་རྟེན་ཅིག་ཁྱོད་ཀྱིས་ འབད་དགོ་པས་ཟེར།
- འཆི་མེད་རྡོ་རྗེ་ཏེ་ ཨ་ཡར་མགར་ཚང་འབད་དེ་ ད་ལྟོ་ཡར་ ང་བཅས་ངང་ལྷ་ཁང་གི་ལྟག་ལུ་ མགར་ཚང་ཟེར་ཡོད་ འ་ཡར་མགར་ཚང་ནང་མགར་བཅགས་ཏེ་ དེ་ལས་ གཏེར་བཏོན་པདྨ་གླིང་པ་དེ་ཁར་བདུན་ཕྲག་ ཉིནམ་ ༡༥ བཞུགས་བཞུགསཔ་མས་ ཉིནམ་ ༡༥ བཞུགས་ཏེ་ དེ་ལས་ཡར་ལུ་མགར་འདི་ཚུ་ག་ར་བརྡུངས་ཏེ་ ད་ལྟོ་ནཱ་ནང་རྟེན་ངོ་མ་རང་གུ་རུའི་སྐུ་གཅིག་ཡོད་ གུ་རུའི་སྐུ་འདི་ གཏེར་བཏོན་པདྨ་གླིང་པ་ཁོ་རའི་ ཕྱག་གིས་རང་བརྡུངས་བརྡུངསམ་ཨིན་མས།
- འཆི་མེད་རྡོ་རྗེ་ཏེ་ད་ལྟོ་ཕར་ལྷ་ཁང་ནང་གུ་རུའི་སྐུ་འདི་ ནང་རྟེན་སྦེ་ཡོད་ ཏེ་ད་རེས་ནངས་པ་ཨ་ཙི་ཅིག་ ནཱ་ཆོས་རྗེ་གིས་འབད་ཉམས་གསོ་ཞུ་ནུག་ གཞན་རྨ་བྱའི་མདོངས་སྒྲོ་མེདཔ་ཨིན་ དེ་ལས་ ཁ་ཀྲམ་(?)འདི་ཚུ་མེདཔ་ཨིན་ འ་ནཱི་གཏེར་བཏོན་པདྨ་གླིང་པ་ཁོ་ར་གིས་ ཏེ་ད་རེས་ནངས་པ་ ཁ་ཀྲམ་ཅིག་ཡང་བཙུགས་མདོངས་སྒྲོ་ཅིག་བཙུགས་འབདཝ་ད་ ཏེ་ན་ཧིང་འགྲེམས་སྟོན་ཁང་ནང་འབག་འགྱོཝ་ད་ སོ་སོ་གིས་འབད་བ་ཅིན་ གཏེར་མ་མེན་པས་ གཏེར་མ་འདི་ ཁ་ཀྲམ་དང་མདོངས་སྒྲོ་མི་འོང་ཟེར་སླབ་མས་ ཏེ་མདོངས་སྒྲོ་འདི་ཡང་ ཤུལ་ལས་བཟོ་བཟོཝ་ཨིན་ཟེར་སླབ་ཅི།
- འཆི་མེད་རྡོ་རྗེ་དེ་ལས་ གོ་གླང་(ཁུ་ལེ་བཟོ་ནིའི་) གཅིག་ཡོད་ལགས་ དེ་ལས་ དཔའ་རྟགས་གཅིག་ཡོད་ ཏེ་འདི་མ་གཏོགས་གཞན་མི་འདི་ཚུ་ བླམ་གནམ་མཁའ་བསམ་གྲུབ་ཀྱིས་ ཨའོ་ད་ ཁྱོད་མར་ག་ར་འབག་པ་ཅིན་ བྱིན་རླབས་ཞུ་མི་ཚུགས་ནི་མས་ཟེར་ ཏེ་དེ་ཁར་རང་ ཐང་ན་གཏོར་བཏང་འབད་ གཏེར་ལུ་བཞག་ནུག་ཟེར་ཨིན་པས།
- འཆི་མེད་རྡོ་རྗེ་ཏེ་ད་རེས་ནངས་པ་ཕགཔ་གིས་སློངསམ་ད་འཐོན་ནི་གི་ལུང་བསྟན་ཡོདཔ་ཨིན་ཟེར་ ད་ལྟོ་དེ་ཁར་འདི་སྦེ་ ཏེ་ན་ཧིང་ཞེ་ཧིང་ང་གིས་ སྐུ་རྗེས་གཅིག་འཐོབ་ཅི་ སྐུ་རྗེས་དེ་འབད་ལྟཝ་བ་ཅིག་རྡོ་ཅིག་ཨིན་མས་ དེ་འབདཝ་ད་སྤྱི་ཏོག་འདི་ཨ་ཙི་ཅིག་ དཀརཔོ་ནང་ལས་དམརཔོ་འཐོན་ དེ་ལས་ ར་ཏོ་འདི་གནགཔ་སྦེ་འདུག་ འ་ནཱི་བཟུམ་ཅིག་འཐོབ་སྟེ་ ངེའི་ནང་རྟེན་བཟུམ་ཅིག་སྦེ་ ངེའི་ཁྱིམ་ནང་དེ་སྦེ་ཡོད་ལགས།
- འཆི་མེད་རྡོ་རྗེ་ཏེ་ཡར་ལས་འཐོནམ་ཨིན་ཟེར་ མི་འདི་ཚུ་བལྟ་བར་ཤ་ར་ར་འགྱོཝ་མས་ དེ་འབདཝ་ད་ཕགཔ་གིས་ ག་མནོ་ས་བརྐོ་ནི་མེད་ བརྐོཝ་ད་ག་ཅི་ཅིག་འཐོན་རང་འཐོནམ་ཨིན་ ལྕགས་དང་དེ་བཟུམ་འདྲཝ།
- འཆི་མེད་རྡོ་རྗེ་ཏེ་ འ་ནེ་སྦེ་ པདྨ་གླིང་པ་ཡང་ ནཱ་འབྱོན་ཏེ་ ཤུལ་ལས་རབ་གནས་ནང་འབྱོནམ་ད་ དེ་ལས་ ཤུལ་ལས་འབྲུག་པ་ཀུན་ལེགས་དང་ག་ར་འབྱོན་ཚརཝ་ད་ འབྲུག་པ་ཀུན་ལེགས་ཀྱིས་ ཨའོ་ཁྱོད་ཀྱི་ངང་པའི་རབ་གནས་ནང་ གནམ་མེད་ས་མེད་ལེགས་ཤོམ་ཡར་སོང་ནུག་ ལེགས་ཤོམ་འདུག་ དེ་འབད་རུང་ཁྱོད་ཀྱི་ རབ་གནས་ལེགས་ཤོམ་ཅིག་མ་འགྱོ་བས་ རབ་གནས་ང་གིས་འབད་གེ་ཟེར་ ཕྱི་རུ་ཆོ་ག་རིམ་གྲོ་ འབྲུག་པ་ཀུན་ལེགས་ཁོ་རང་གིས་མཛད་དེ་ ཏེ་ཤུལ་ལས་འདི་གནང་།
- འཆི་མེད་རྡོ་རྗེ་ད་ཧེ་མ་ཚར་གཅིག་འདི་ ཚིག་ཡང་ཉམས་ དེ་ལས་དེ་སྦེ་རང་བཞག་ ཞུ་མི་སྦྱིན་བདག་ཡང་གནམ་མེད་ས་མེད་མ་འཐོན་ ཏེ་དེ་ལས་ སྣག་ཚང་ཆོས་རྗེ་འབད་སར་རྐྱབ་ ཆང་མ་འབད་སར་རྐྱབ་ གདུང་འབད་སར་རྐྱབ་འབད་ དེ་ལས་ཉལ་སྡོད་དོ་མས།
- འཆི་མེད་རྡོ་རྗེ་ཏེ་ད་རེས་ནངས་པ་ འ་ནཱི་འཆམ་དཔོན་རིན་ཆེན་རྡོ་རྗེ་མ་རྫོགསཔ་ལས་རང་ འཆམ་དཔོན་རིན་ཆེན་རྡོ་རྗེ་དང་མངའ་བདག་ལས་ ཚིག་འདི་ཚུ་ཁོང་གིས་ ཁ་ལས་སླབ་ང་གིས་འབྲིས་ཏེ་ དེ་ལས་ ག་ར་ད་དཔེ་ཆ་བཟོ་སྟེ་ ད་ཁོང་གཞན་མི་ཚུ་གིས་ དཔེ་ཆ་ལྷབ་ཚུ་མི་འདི་ཚུ་གིས་ དཔེ་ཆ་བལྟ་སྟེ་སླབ་ དཔེ་ཆ་འདི་བལྟ་བཅུག་ནི་མེད་ ག་ར་ཁོང་ནང་ཚུད་བཅུགཔ་ཨིན་ ག་ཅི་འབད་སྨོ་ཟེར་བ་ཅིན་ དཔེ་ཆ་བལྟ་སྟེ་ ཚར་གཅིག་བཏང་ ཚར་གཉིས་བཏང་ ཨའོ་དཔེ་ཆ་བལྟ་སྟེ་བཏུབ་པས་ཟེར་ ཤུལ་ལས་ཉམས་ཏེ་ འགྱོ་ནི་གི་ཉེན་ཁ་འདུག་ཟེར་ ཏེ་ཨིན་ཅི་མིན་ཅི་ཁོང་ནང་ལས་རང་བཏང་དོ།
- འཆི་མེད་རྡོ་རྗེ་ཏེ་ད་ལེགས་ཤོམ་འགྱོ་འབད་ གནམ་མེད་ས་མེད་སྦྱིན་བདག་ ལོ་གཅིག་བ་ལོ་གཅིག་མང་སུ་འཐོན་དོ་ ཕར་ལས་ཕར་བསམ་ཐང་ལས་ཕར་ཡང་ཞུ་མི་ལེ་ཤ་ཡོད་ ཏེ་དེ་འབད་ཞུ༌ དེ་ལས་ ཡུདཔ་ཅིག་ལས་དྲོ་པ་ནམ་ལངས་ཏེ་འོང་ འཆམ་པ་ཚུ་ཞག་གཅིག་དེ་སྦེ་སྡོད་དགོ་པས།
- འཆི་མེད་རྡོ་རྗེ་ཏེ་མ་འགྱོ་བ་ཅིན་ ཁོང་འདད་པ་ཡོདཔ་ལས་ ཞུ་ཞུཝ་མས་ ཨིན་ཅི་མིན་ཅི་འགྱོ་དགོ་ཟེར་ ཏེ་དེ་སྦེ་འགྱོཝ་ད་ནམ་ལངས་ལངས་རང་ལུས་མས་ ཏེ་དེ་འབདཝ་ལས་ དེ་འབད་ཚརཝ་ཅིག་ ཤུལ་མའི་ཉིནམ་ལུ་ཁོ་ ནཱ་འབྱོན་ཏེ་ དེ་ལས་ འཛུལ་འཆམ་ཅིག་གནང་འབད་ ཏེ་དེ་ལས་ ངང་པའི་རབ་གནས་མཇུག་བསྡུཝ་ཨིན་ དེ་ལས་ འདི་ལུང་པ་དམངས་འབད་རང་བཏང་དགོ་ལགས།
- འཆི་མེད་རྡོ་རྗེ་ལུང་པ་དམངས་ད་ང་བཅས་རའི་རྩ་བོ་ཕར་ རྩ་བོ་གླིང་ཚན་ ༣ ཁོང་གུང་པ་ ༨ པོ་དེ་ ང་བཅས་ནཱ་གི་ གྲྭ་པ་གུང་པ་ ༨ ག་ར་འཐོན་ཏེ་རང་བཏང་དགོ་ ཏེ་ ག་ར་འཛོམས་ཏེ་ ཏེ་མ་པ་ཤུགས་ཙམ་ཅིག་ ངོ་མ་འདི་ཆོས་རྗེ་གུ་རང་ཕོགཔ་ཨིན།