Skip to main content Skip to search
23 Aug 2018
4 min 53 sec
Video Overview
Creators: 
Penchela, Namgyel L. Wangchuk
Transcript search
No results found for this search
0 of 0
  • འཆི་མེད་རྡོ་རྗེ་
    ངང་ལྷ་ཁང་གི་ ལོ་རྒྱུས་བཟུམ་ཅིག་ཞུ་བ་ཅིན་ ད་ལོ་རྒྱུས་གསུམ་འབད་ཡོད་ལགས་ གསུམ་འབད་ཡོད་མི་འདི་ཡང་ དང་པ་གུ་རུ་རིན་པོ་ཆེ་ཧེ་མ་བྱོན་པའི་སྐབས་ བྱོན་ཏེ་ སྐུ་རྗེ་ལུ་བྱོན་ཏེ་ ཤེལ་གིང་དཀར་པོ་གདམ་བཏགས་ཏེ་འབདཝ་ད་ གུ་རུ་རིན་པོ་ཆེ་གི་ གཟིམ་སྣང་ལུ་ དེ་ལས་ ཏོག་ཚང་ལས་ཡར་བྱ་ངང་པ་བདུན་ སྤུན་བདུན་ཟེར་ ཁོང་བདུན་ཡར་འཕུར་འབྱོན་ས་མཐོང་སྟེ་ དེ་གིས་སྦེ་ ངང་པ་ཡར་འཕུར་འབྱོནམ་ལས་ངང་པ།
  • འཆི་མེད་རྡོ་རྗེ་
    སྤྱིར་བཏང་ལུ་ ཏོག་ཏོ་ལ་ཟམ་ཡར་བཅད་འབྲོག་ ངང་འབྲོག་ཟེར་སླབ་ཨིན་ ངང་འབྲོག་ཟེར་སླབ་དགོ་པའི་དོན་དག་ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་གུ་རུ་རིན་པོ་ཆེའི་གཟིམ་སྣང་ལུ་ ངང་པ་སྤུན་བདུན་ཡར་འབྱོན་པ་ལས་བརྟེན་ ཏོག་ཏོ་ཟམ་པ་ཡར་ལྟབ་འབྲོག་པ་ཟེར་རང་ ངང་པའི་སླབ་དགོ་པ་ཅིན།
  • འཆི་མེད་རྡོ་རྗེ་
    དེ་ལས་ གཅིག་ལུ་ ཏེ་ད་ང་བཅས་ནཱ་ ངང་ལྷ་ཁང་ཟེར་སླབ་དགོ་པའི་ དོན་དག་ག་ཅི་སྨོ་ཟེར་བ་ཅིན་ ཏེ་ཧེ་མ་ བླམ་ནམ་མཁའ་བསམ་གྲུབ་ དུས་རབས་ ༡༥ པའི་ནང་ བླམ་ནམ་མཁའ་བསམ་གྲུབ་ནཱ་ལུ་འབྱོན་ཏེ་ དེ་ལས་ ཕར་ཁོ་རའི་ སྐུ་ཕྲེང་གོང་མའི་ ཏེ་ལྷ་ཁང་འདི་ ཕར་ཁྲས་ཕའི་ལུ་ ཕར་ཁྲས་ཕའི་ལུ་བཞེངས་ཏེ་ ཧེ་མ་ཕར་ཡོད་ཟེར་མས།
  • འཆི་མེད་རྡོ་རྗེ་
    ཏེ་ད་ ཨ་ཕི་གདན་ས་ལུ་འབྱོན་ཏེ་ ཁོ་ཕར་ལས་ཏེ་ འདི་འབདཝ་ད་ ཏེ་ཕར་རྩ་ལས་ ཕར་སྟབས་ཅིག་མ་བདེ་བར་ ཏེ་ ཕར་འཕྲལ་ཕུགས་ལྷ་ཁང་ཅིག་བཞེངས་ཏེ་ མིང་ཡང་འཕྲལ་ཕུགས་ལྷ་ཁང་ཟེར་སླབ་མས་ ད་ད་རེས་ནངས་པ་གནམ་མེད་ས་མེད་ཅིག་ ཡར་རྒྱས་སོང་སྟེ་འདུག་ ཏེ་ཧེ་མ་འབད་བ་ཅིན་ ཆུང་ཀུ་ཅིག་ལས་བརྒལ་མེདཔ་མས་ ཏེ་ ཆུང་ཀུ་འདི་ ཁོ་ཕར་ལས་ ད་ང་གིས་ལྷ་ཁང་འདི་ གདན་ས་འདི་ ང་དེ་ཁར་ར་བཅག་ནི་ཨིན་ན་སྨོ་ ག་དེ་སྦེ་དྲག་ག་ཟེར་ ལུང་བསྟན་གཟིགསཔ་ད་ གཟིམ་སྣང་ནང་བྱ་ངང་པ་གཅིག་འཕུར་ཏེ་ ཡར་རང་བརྟན་ཟེར་ས་ལུ་ ངང་ལྷ་ཁང་ལུ་ ཡ་རང་བརྟན་ཟེར་ས་ལུ་འབྱོན་ནུག
  • འཆི་མེད་རྡོ་རྗེ་
    དེ་བསྒང་ ནཱ་གི་སའི་མིང་ངང་ལྷ་ཁང་མེན་པར་ ཡ་རང་བརྟན་ཟེར་ ཏེ་ ཡར་ཡ་རང་བརྟན་ལུ་སྡོདཔ་ད་ ད་ལྟོ་དེ་ཁར་ ས་དོག་དྲགས་ དེ་ལས་ ཨ་ཙི་ཅིག་སྟབས་མ་བདེ་བར་ པོག་ཏོ་འབད་སྟབས་མ་བདེ་བར་ ཏེ་ ཤུལ་ལས་ཚུར་ཁ་ཐུག་ལུ་བཤུད་དེ་ དེ་ཁར་ལྷ་ཁང་ འདི་ཅིག་བཞེངས་བཞག་ནུག་ མཆོད་རྟེན་གཅིག་བཞེངས་སྟེ་ ད་ལྟོ་ཡང་མཆོད་རྟེན་རྙིངམ་འབད་རང་ཡོད་ལགས་ ཏེ་ད་ལྟོ་ང་བཅས་ཀྱིས་ ཨ་ཙི་ཅིག་ཉམས་གསོ་ཞུ་སྟེ་ ཕྱི་ཁ་ལས་རྩི་ས་བཏང་སྟེ་ རྩིགཔ་རྐྱབ་སྟེ་ཡོད།
  • འཆི་མེད་རྡོ་རྗེ་
    ཏེ་དེ་ཁར་སྟབས་མ་བདེ་བར་ དུམ་གྲ་ཅིག་ནཱ་ཁ་ཐུག་ལུ་ ཐང་འདུག་ཟེར་ ཚུར་བཤུཔ་ད་ལུ་ ད་ལྟོ་ལྷ་ཁང་བཞེངས་སའི་ ས་ཁོངས་ནང་བཤུདཔ་ད་ ཏེ་དེ་ཁར་ཧེ་མ་མ་ཤེས་པའི་ ཏེ་ཧེ་མ་མ་མཁྱེན་པས་ ཏེ་ནཱ་ཐང་འདུག་ཟེར་ ནཱ་གདན་ས་བཅག་ནི་འབད་ ས་བཅད་ཚརཝ་ད།
  • འཆི་མེད་རྡོ་རྗེ་
    ཏེ་ནཱ་གྱི་གཡིབ་མཚོ་གཅིག་ཡོད་ འ་ནཱ་གཡིབ་མཚོ་ནང་ལས་བདུད་གཅིག་གིས་ མི་སྒྱེན་མོ་འབད་འཐོན་འོངམ་ལས་ ཏེ་ནཱ་གྱི་ངང་ལྷ་ཁང་གི་གདན་ས་ཆགས་མ་ཚུགས་པར་ ཏེ་གནམ་མེད་ས་མེད་ ཏེ་ཁོ་འདི་འབད་དེ་ འ་ནཱི་བདུད་དེ་གིས་ ཏེ་ ཚར་གཅིག་གནམ་མེད་ས་མེད་ གཡིབ་མཚོ་ནང་ལས་ རླངསམ་འཐོན་འོངམ་ད་ ཁོ་བླ་མ་ཡང་ཚར་གཅིག་དྲན་པ་མེདཔ་བཟོ་བཏང་སྟེ།
  • འཆི་མེད་རྡོ་རྗེ་
    ཏེ་ཤུལ་ལས་ ད་ལྟོ་ཀྲོང་འབད་ ད་ལྟོ་གཟིགས་གནང་ས་ཅིག་ཡོད་ དེ་ཁར་ཁོ་གིས་ད་ལྟོ་ཕྱག་པར་དང་ཞབས་པར་ཚུ་ དེ་ཁར་ཡོད་ཟེར་ཞུ་ནི་ཨིན་ དེ་འབདཝ་ད་ རྩིགཔ་རྐྱབ་འབད་ ད་ལྟོ་མཇལ་ཁ་མེདཔ་འབད་ ཧེ་མ་ལས་རང་བླམ་ཁོ་རང་གིས་ བཟོ་སྟེ་ཡོད།
  • འཆི་མེད་རྡོ་རྗེ་
    ཏེ་དེ་འབདཝ་ལས་ ནཱ་ཁ་ཐུག་སྤོ་འབད་ ད་བྱ་ངང་པ་འཕུར་འབྱོནམ་ལས་བརྟེན་ སའི་མིང་ཡང་ངང་པ་ཟེར་ ཏེ་ གུ་རུ་རིན་པོ་ཆེ་གི་གཅིག་ཡོད་པའི་གུ་ འ་ནཱི་ཁོང་རའི་ས་འདི་གཉིད་ལམ་ནང་ ཏེ་ ཤུལ་ལས་ལྷ་ཁང་ཡང་བཞེངས་འབད་ ཏེ་ བླམ་ཁོ་རང་གིས་ ངང་པའི་ལྷ་ཁང་ཟེར་བཏགས་བཞག་ནུག་ ཁོ་རང་གིས་ བླམ་ཁོ་རང་གིས་རང་ངང་པའི་ལྷ་ཁང་།
  • འཆི་མེད་རྡོ་རྗེ་
    ཏེ་ འ་ནཱི་ངང་པའི་ལྷ་ཁང་ ཧེ་མ་འགོ་དང་པ་ལུ་ འ་ནཱི་མཚམས་པའི་བླམ་སྐུ་ཕྲེང་དང་པ་མགར་བ་ཁྱེའུ་རྡོ་རྗེ་ཟེར་མི་ ཡར་བོད་ལས་བྱོན་པའི་སྐབས་ ཡར་ལས་བོད་པའི་གི་ ཉེཝ་འཁོར་དང་བཅས་པ་གཅིག་ཁར་འཁྱིད་འབག་འོང་ ནཱ་བྱོན་པའི་སྐབས།
  • འཆི་མེད་རྡོ་རྗེ་
    ནཱ་ཧེ་མ་ཡོད་རུང་མེད་རུང་ ངང་པའི་གདུང་ཟེར་ ངང་པའི་གདུང་འདི་ ག་ཏེ་ལས་འགྱོ་ཡི་ཟེར་བ་ཅིན་ མགར་བ་ཁྱེའུ་རྡོ་རྗེ་ལས་ སྤེལ་འགྱོ་ནུག་ ཏེ་འ་ནཱི་འབད་ནི་འདི་གིས་ ངང་པའི་གདུང་ ཏེ་ངང་པའི་གདུང་ ངང་ལྷ་ཁང་ཆོས་རྗེ་ལུ་ལྷོདཔ་ད་ གཅིག་ལས་ངང་པ་འདི་ ཨ་ནཱི་གིས་ཡང་ ངང་པའི་གདུང་ ངང་པའི་ཆོས་རྗེ་ཟེར་ འབྲོག་པའི་ཆོས་རྗེ་ཟེར་ ངང་པའི་ཆོས་རྗེ་ཟེར་སླབ་ཨིན།
  • འཆི་མེད་རྡོ་རྗེ་
    ཏེ་ ནཱ་ཆུ་ཕར་ཁ་གྲྭཔ་གུང་པ་བརྒྱད་ ཏེ་ འ་ནཱི་འདི་ཚུ་ཁོ་རའི་ དགེ་སློང་འབད་ ནཱ་ཕྱག་ཞུ་སྟེ་ ཏེ་ནཱ་ངང་ལྷ་ཁང་གཡུས་ཚན་ནང་འབད་བཅགས་ཏེ་ འ་ནཱི་ལྷ་ཁང་གཡས་གཡོན་ག་ར་བཅགས་ནུག
  • འཆི་མེད་རྡོ་རྗེ་
    དེ་ལས་ ངང་པའི་གདུང་ངོ་མ་འདི་ ངང་ལྷ་ཁང་ཆོས་རྗེ་ཟེར་ད་ལྟོ་ ཧེ་མ་ ཧེ་མའི་ཆོས་རྗེ་མ་ཉམས་ཅིག་ཁར་ ཁོ་ངང་པའི་ཆོས་རྗེ་ཟེར་ ནཱ་ངང་པའི་བརྒྱུད་པ་ཨིན་པས་ ཏེ་ཆུ་ཕར་ཁ་ང་བཅས་རའི་ ཏེ་ཁྱལ་པ་བརྒྱད་ ཁྱལ་པ་བརྒྱད་འདི་ འ་ནཱི་བརྒྱད་མ་གཏོགས་ ཧེ་མ་ཁྱིམ་མེདཔ་མས་ ནཱ་ཁྱིམ་དང་འདི་ཚུ་མེདཔ་མས་ འ་ནཱི་ཚུ་ག་ར་ཡར་ལས་བརྒྱུད་དེ་འོང་འོངམ་ཨིན་ བརྒྱུད་འདི་འབད་འོངམ་ཨིན་ ཏེ་ འ་ནཱི་མིང་འདི་ཐོབ་མི་འ་ནཱི་གསུམ་འདི་ ངང་པའི་འ་ནཱི་འབད་ནི་འདི་གིས་ ཏེ་ འ་ནཱེ་སྦེ་ཨིན་ ཤུལ་ལས་ལྷ་ཁང་ཡང་བཞེངས་ཏེ་ ངང་ལྷ་ཁང་ཟེར།