Skip to main content Skip to search
23 Aug 2018
10 min 11 sec
Video Overview
Creators: 
Penchela, Namgay L Wangchuk

When Ngangpi Dung continues, then Ngawang Choejee Lhadar and Lhajung are Tshangpi Lama's successors. This has been confirmed through oral transmission and written biography. Ngang Choejee originated from Tsangpi Lama Garwa Hew Dolae. In the past, it was not a blood lineage, but today it is a Bemjee Choejee heriditary lineage. Today there are different heriditary lines, as Ngang Lhakhang Choejey was Lama Namkha Samdrup's heriditary sucessor and more than one is Bemjee Choejee.

 

ངང་པའི་གདུང་འདི་ ང་བཅས་རའི་ཆོས་རྗེ་འདི་ དེ་ལས་ ཡར་ལས་འབད་ ཤར་ཤར་བརྒྱུད་འདི་ འོང་པའི་སྐབས་ མཚམས་པའི་བླ་མ་གྱི་བརྒྱུད་པ་འདི་ ངག་དབང་ཆོས་རྗེ་ལྷ་དར་དང་ ལྷ་འབྱུང་ཟེར་ ཁོང་གཉིས་འབད་ཡོདཔ་ཨིན་མས། ཁོ་གིས་ཡང་ ཁ་རྒྱུན་དང་ གནམ་ཐར་ཚུ་ནང་ལས་མཇལ་ནུག། ངང་ཆོས་རྫེས་འདི་ཡང་ གཙང་པའི་བླམ་གར་བ་ཧིཝ་རྡོེ་ལས་ འབྱུང་ནུག། ཧེ་མ་ བླམ་ཁོ་རང་གི་ མི་རྒྱུད་འདི་མེད་ཟེར་ཨིན་མས་ ད་རེས་ནང་པ་ཡོད་མི་ཆོས་རྫེས་འདི་ བོནམ་སྦྱིས་ཆོས་རྫེས་ལས་ཨིན་མས། ད་རེས་ནང་པ་ བླམ་གྱི་གྲ་པ་འདི་ཚུ་ ཡང་ཁྱིམ་གུང་ཅིག་ལས་མིན་འདུག།  ངང་ལྷ་ཁང་གི་ ཆོས་རྫེས་འདི་ བླམ་གནམ་ཁ་བསམ་སྒྲུབ་ཀྱིས་ བརྒྱུད་པ་འདི་ ་ཡར་སོང་ནི་འདི་གི་ ལྟ་ཏོག་ཡོད་མི་འདི་ བོནམ་སྦྱིས་ཆོས་རྫེས་ཀྱི་ བརྒྱུད་པ་ཨིན་མས།  

 

Transcript search
No results found for this search
0 of 0
  • འཆི་མེད་རྡོ་རྗེ་
    ངང་པའི་གདུང་འདི་ ངང་ཆོས་རྗེ་ ངང་ཆོས་རྗེ་འདི་ མཚམས་པ་བླམ་དགར་བ་ཁྱེའུ་རྡོ་རྗེ་ཡར་ལས་མར་བྱོན་པའི་སྐབས་ ཁོ་རའི་གདུང་སྤེལ་བཏངམ་ད་ མཚམས་པའི་གདུང་ ངང་པའི་གདུང་གཉིས་འགྱོཝ་ད་ ངང་པའི་གདུང་འདི་ ང་བཅས་རའི་ཆོས་རྗེ་འདི།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཡར་ལས་སྦེ་ ཤར་ར་ར་བརྒྱུད་འདི་འོང་བའི་སྐབས་ དེ་ལས་ མཚམས་པ་བླ་མ་གི་བརྒྱུད་པ་འདི་ ངང་ཆོས་རྗེ་ ལྷ་དར་དང་ ལྷ་བྱུང་ཟེར་ ཁོང་གཉིས་དེ་སྦེ་འདུག
  • འཆི་མེད་རྡོ་རྗེ་
    འདི་འབདཝ་ད་ ལྷ་འབྱུང་འདི་ ཨ་ཙི་ཅིག་ ཁ་ཀྲག་ཀྲོག་རྩ་རྒས་བཟུམ་འབད་ནི་འདི་གིས་ མགོ་ཅིག་ཡང་འདྲོངས་མ་ཚུགས་ དེ་ལས་ ལྷ་དར་འདི་ ཐུགས་སྲས་ཟླ་བ་གི་ཕྱག་ཞུ་སྟེ་ མར་བྱོན་ཏེ་ དགའ་སྒར་ལུ་ དགའ་སྒར་ཆོས་རྗེ་ བོན་བརྒྱུད་ཆོས་རྗེ་ཚུ་གིས་ སྦྱིན་བདག་འབད་དེ་ མར་ཆོསཔ་འབད་དེ་ ཆོས་ལུ་བྱོན་ཏེ་ བསྙེན་རྫོགས་འབད་དེ་རང་གཤགས་སོང་ནུག
  • འཆི་མེད་རྡོ་རྗེ་
    གཤགས་ཡང་མར་དགའ་སྒར་ལུ་རང་གཤགས་ནུག་ དེ་ལས་ ད་ལྟོ་དགའ་སྒར་གྱི་ལྟག་ལུ་ ཐུགས་སྲས་ཟླ་བའི་གྲུབ་ཆུ་ དེ་ལས་ མར་ན་ཧིང་ང་མར་བལྟ་བར་འགྱོ་བའི་སྐབས་ ཏེ་ ལོ་རྒྱུས་དང་འཁྲིལ་ག་དེ་སྦེ་ཡོད་ག་ཟེར་ བལྟ་བར་འགྱོ་བའི་སྐབས་ ཡར་གཉིས་ཆ་ར་ཐུགས་སྲས་ཟླ་བ་གི་ཨིན་ གཅིག་ཐུགས་སྲས་སློབ་མ་ཅིག་ཨིན་ཟེར་སླབ་མས།
  • འཆི་མེད་རྡོ་རྗེ་
    ང་བཅས་ནཱ་ཐུགས་སྲས་ཟླ་བ་གི་ བརྩི་དོ་ཟེར་སླབ་མས་ དེ་ལས་ འ་ནཱི་ལོ་རྒྱས་འདི་ ལྷ་བྱུང་གི་ ལྷ་དར་གྱི་ གྲུབ་ཆུ་ཅིག་ཡོདཔ་ཟེར་མི་འདི་ ཨ་ཙི་ཅིག་ ནཱ་སྤོག་ཏོ་གི་རྒྱབ་ཁར་ཨིན་མས་ དེ་ལས་ ཐུགས་སྲས་ཟླ་བ་གྱི་ ཕར་མཁའ་འགྲོ་མའི་ བྷ་ག་ནང་ལས་ཐོན་ཏེ་ ཡིད་ཆེས་ཏོག་ཏོ་འདུག་ ང་མར་རང་འགྱོ་ཡི་ལགས།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཤུལ་ལས་འ་ནཱི་གིས་ འབད་མ་ཚུགས་པར་ ཁོང་རང་ནཱ་ལས་ ཆོས་རྗེ་བསྟན་པ་རྒྱལ་མཚན་ཟེར་ དེ་ལས་ ཨིན་ནི་འདི་ ལྷ་དར་ལྷ་བྱུང་གི་འདི་བཟུམ་སྦེ་ སྤུན་ཆ་བཟུམ་ཅིག་ཨིན་མས་ལགས་ ཁོང་མི་གཅིག་བཟུམ་སྦེ་ཕོག་ནི་ཨིན་མས།
  • འཆི་མེད་རྡོ་རྗེ་
    ཏེ་ ཁོང་ནཱ་གི་གྲྭཔ་འདི་ཚུ་གིས་ཡང་ ཨ་་་བསྟན་པ་རྒྱལ་མཚན་བཙུགས་རུང་བཏུབ་པས་ ད་ ཁོང་གི་འདི་མེད་རུང་ ད་ ལྷ་བྱུང་གིས་འདི་ ཆོས་རྗེ་འབད་མི་ཚུགས་ནི་མས་ཟེར་ དེ་སྦེ་འབདཝ་ད་ དེ་ལས་ འདི་གིས་ཏེ་ ཨ་ནཱི་བསྟན་པ་རྒྱལ་མཚན་གྱིས་ བཏུབ་བཏུབ་ང་གིས་འབད་གེ་ཟེར་ ཁོ་གི་ཨམ་སྲུ་འདི་གྲྭཔ་ཨིན་པས།
  • འཆི་མེད་རྡོ་རྗེ་
    ང་བཅས་རའི་གྲྭ་པ་ནང་ལས་འཚོལ་ཏེ་ ཁོ་གིས་ཨམ་སྲུ་ལས་ ཁོ་ལུ་ཨ་ལོ་བཅུ་གཅིག་འདུག་ ཨ་ལོ་བཅུ་གཅིག་འབདཝ་ད་ དེ་ལས་ ཡུདཔ་ཅིག་ལས་ ཨ་ལུ་གསོ་མ་ཚུགས་པར་ ཏེ་ ནཱ་གི་གྲྭཔ་ཚུ་གིས་ ལྟོ་སྐོར་རྒྱབ་འབད་དེ་ ཁོ་ཡུདཔ་ཅིག་ལས་ ལྟོ་བཟའ་ནི་ཡང་མེད་པར་ དེ་ལས་ཏེ་ ཕར་ཁྱལཔ་ཚུ་གིས་ ཨ་ཙི་རེ་སྦེ་ཁྱལ་པ་ཨིན་མས།
  • འཆི་མེད་རྡོ་རྗེ་
    ཨ་ཙི་རེ་སྦྱིན་དགོ་པས་ཟེརཝ་ད་ དེ་ལས་ ཁྱལ་པ་ཚུ་གིས་ དེ་སྦེ་ཨིན་པ་ཅིན་ འབྲུག་རྒྱལ་དང་པ་ མར་བཞུགས་པའི་སྐབས་ལུ་རང་ཨིན་མས་ དེ་ལས་ འབྲུག་རྒྱལ་དང་པ་ དབང་འདུས་ཆོས་གླིང་ལུ་བཅར་ཏེ་ ང་བཅས་ནཱ་ ག་དེ་འབད་རུང་ ཆོས་རྗེ་ག་ཏེ་ལས་འབད་རུང་འཁྱིད་གེ་ཟེར།
  • འཆི་མེད་རྡོ་རྗེ་
    ནཱ་གི་ཆོས་རྗེ་མ་བྱོན་པ་ཅིན་ ང་བཅས་ཆོས་རྗེ་ག་ཏེ་ལས་འབད་རུང་ འཚོལ་འཁྱིད་འོང་ནི་ཟེརཝ་ད་ དེ་ལས་ འབྲུག་རྒྱལ་དང་པ་ མར་དབང་འདུས་ཆོས་གླིང་ལུ་བཞུགསཔ་ད་ དེ་ལས་ འབྲུག་རྒྱལ་དང་པ་གིས་ ཨ་ཕི་བཀའ་གནང་གནངམ་མས།
  • འཆི་མེད་རྡོ་རྗེ་
    ཨ་ཞེ་ འ་འ་ ཨ་ཞེ་འ་ནཱི་ཨ་ཞེ་པདྨ་གསལ་སྒྲོན་ཟེར་མི་ ཨ་ཞེ་པདྨ་གསལ་སྒྲོན་ལུ་བཀའ་གནངམ་ད་ ཨ་ཞེ་པདྨ་གསལ་སྒྲོན་དེ་གི་རྨགཔ་འདི་ ཕར་ཨུ་ར་ལས་ འ་ནཱི་འཚོལ་ནུག་ སྟང་སི་སྦི་ལས་ སྟང་སི་སྦི་ལས་ དྲགོས་རྣམ་རྒྱལ་ཟེར་མི་འདི་ དེ་ལས་ལྷ་དར་ ཧེ་མའི་གཟི་བྱུ་རུ་ཅིག་ཡོདཔ་མས་ དེ་ལས།
  • འཆི་མེད་རྡོ་རྗེ་
    གཟི་བྱུ་རུ་དང་ཅ་ལ་ལེགས་ཤོམ་ཚུ་ འ་ནཱི་ཨ་ཞེ་དངོས་གྲུབ་དཔལ་མོ་དང་ དྲགོས་རྣམ་རྒྱལ་གྱིས་ ག་ར་བརླག་བཏང་ནུག་ དགོཔ་ག་ར་འབག་འགྱོ་ དེ་ལས་ ཡུདཔ་ཅིག་ལས་ ག་ནི་ཡང་མེད་པར་ དེ་ལས་ ཡུདཔ་ཅིག་ལས་ ད་གདུང་བསྟན་པ་རྒྱལ་མཚན་ལས་ ཨ་ནཱི་ཨ་ཞེ་དངོས་གྲུབ་དཔལ་མོ་སྐྱོཝ་མས་ཟེར།
  • འཆི་མེད་རྡོ་རྗེ་
    ད་དེ་སྦེ་འདི་མེན་པས་ཟེར་ ད་དེ་སྦེ་མེན་པར་ ང་བཅས་རང་ཁྱལ་པ་ཚུ་མར་སོང་སྟེ་ ད་ང་བཅས་རའི་ ཆོས་རྗེ་ལེགས་ཤོམ་སྦེ་ར་ བཟོ་དགོ་པས་ ལེགས་ཤོམ་སྦེ་ འབྲུག་རྒྱལ་དང་པ་འབད་སར་བཅར་འདི་འབད་དགོ་པས།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཀྲོང་གསར་ལུ་ འབྲུག་རྒྱལ་དང་པ་བཞུགས་སར་བཅརཝ་ད་ དེ་ལས་ དྲགོས་རྟ་དཔོན་ དྲགོས་རྟ་དཔོན་གྱི་མཚན་འདི་ད་ དཔྱད་རིག་མི་བཏང་པས་ད་ དེ་ལས་ འ་ནཱི་གིས་ རྒཔོ་བླ་མ་ལ་དང་ ཨང་རྒས་བདེ་ཆེན་བཟང་མོ་ལུ་ བཀའ་གནང་སྟེ་ དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་ ནཱ་འགྱོ་མི་ཚུགས།
  • འཆི་མེད་རྡོ་རྗེ་
    ད་ང་གིས་ཆོས་རྗེ་ ག་དེ་སྦེ་བཟུང་ཚུགས་ནི་ཟེར་ དེ་ལས་ ང་གིས་འགྱོ་མི་ཚུགས་ཟེརཝ་ད་ དེ་ལས་ དྲགོས་རྟ་དཔོན་གྱིས་ དྲགོས་རྟ་དཔོན་འདི་ ཨང་རྒས་བདེ་ཆེན་བཟང་མོའི་ཨ་ཞང་ ཏེ་ ག་ཏེ་འབད་མི་ཚུགས་ནི་ཡར་འགྱོ་གེ་ཟེར་ དེ་ལས་ མར་ལས་རྟ་བརྒྱད་ཀྱི་ཁུར་ཆ་བཀལ་ཏེ་ ཀྲོང་གསར་ལས་རྟ་བརྒྱད་ཀྱི་ཁུར་ཆ་བཀལ་ཏེ་ རྟ་བརྒྱད་ཀྱི་ཁུར་ཆ་འབག་སྟེ་ ནཱ་འོང་འོངམ་མས།
  • འཆི་མེད་རྡོ་རྗེ་
    དེ་ལས་ ནཱ་འོངམ་ད་ ཨང་རྒས་བདེ་ཆེན་བཟང་མོ་ནཱ་འོངམ་ད་ དེ་ལས་ ངང་ཆོས་རྗེའི་ཁྱིམ་ནང་ གཟར་རུ་གཅིག་དང་ཐལཝ་སྤུང་བཞག་བཞགཔ་མ་གཏོགས་ ག་ནི་ཡང་མིན་འདུག་ ཏེ་ གཟར་རུ་གཅིག་མ་གཏོགས་གཞན་ག་ར་བརླག་ཚར་ཏེ་མིན་འདུག
  • འཆི་མེད་རྡོ་རྗེ་
    དེ་ལས་ ཁྱལ་པ་འདི་ཚུ་འོང་སྟེ་ དྲགོས་རྟ་དཔོན་གྱིས་སྦེ་ ཁྱལ་པ་འདི་ཚུ་ནཱ་འཁྱིད་འོང་སྟེ་ དེ་ལས་ ཁྱལ་པ་འདི་ཚུ་གྱིས་ ཨཱ་མི་ཁྱིམ་འདི་འཕྱག་འབད་ དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་ནཱ་འཛུལ་ནུག་ དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་དང་རྒཔོ་བླ་མ་ལ་འདི་ ཏེ་ རྒཔོ་བླ་མ་ལ་ཟེར་མི་འདི་སེམས་མཇུག་རྒཔོ་གི་བུ་ཨིན་ ཨིནམ་འོང་ནི་མས་ སེམས་མཇུག་རྒཔོ་ལགས།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་འདི་ (བང་ལེང་?)ཆོས་རྗེ་ཨིན་མས་ (བང་ལེང་?)ཆོས་རྗེ་ལས་ནཱ་ ད་ལྟོ་ང་བཅས་རྨུག་བཙན་ ནཱ་ལྷ་ཁང་ནང་རྨུག་བཙན་བསྟེན་དགོ་ རྨུག་བཙན་ག་ཅི་སྦེ་བསྟེན་དགོཔ་སྨོ་ཟེར་བ་ཅིན་ སེམས་མཇུག་རྒཔོ་འདི་རྨུག་བཙན་གྱི་འབྲང་ཨིན་མས་ དེ་འབདཝ་ལས་ད་ལྟོ་ནཱ་བརྒྱུད་པ་འདི་ རྨུག་བཙན་གྱི་བརྒྱུད་པ་འབདཝ་ལས་འ་ནེ་སྦེ་བརྩིཝ་ཨིན།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་ནཱ་འོང་སྟེ་ ཏེ་ རྩིས་ལེན་བཏངམ་ད་ དེ་ལས་ ནཱ་ལྷ་ཁང་གི་ཅ་ལ་ཚུ་ཡང་ ཏེ་འ་ནཱི་ཆོས་རྗེ་བསྟན་པ་རྒྱལ་མཚན་གྱིས་ཁོ་བཞག་འབད་ ག་ནི་ཡང་མེདཔ་འབད་ག་ར་རྫོགས་སྦེ་མེད་པ་སྟེ་ ཁོ་འ་ནཱི་ཆོས་རྗེ་བསྟན་པ་རྒྱལ་མཚན་སྐབས་ལུ་རྫོགས་སོངཔ་མས་ མེའི་འཚིགཔ་ད་ མེའི་འཚིགཔ་ད་ག་ར་མེ་གྱིས་འཚིག་སོངམ་ལས་ ག་ནི་ཡང་མེདཔ་སྦེ་སོང་ནུག་ཡུདཔ་ཐེངས་གཅིག་ལུ།
  • འཆི་མེད་རྡོ་རྗེ་
    དེ་ལས་འབདན་ ཨང་རྒས་བདེ་ཆེན་བཟང་མོ་གྱིས་ ཏེ་ ལྷ་ཁང་ཡང་ཁྱིམ་ཐོག་རག་རོ་ཅིག་བཀབ་འབད་ ཁྱལ་པ་ཚུ་གིས་རག་རོ་ཅིག་བཀབ་འབད་ ལྷ་ཁང་ཡང་ཚར་གཅིག་ཉམས་སུ་སྦོམ་འབད་ར་ཤོར་སོང་ནུག་ལགས་ དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་གྱིས་ ནཱ་ལོ་གསུམ་ནཱ་སྡོདཔ་ད་ ལོ་གསུམ་ནཱ་དེ་འབད་སྡོདཔ་ད་ ཁོང་(ཨ་ལུ)་གཉིས་མར་ལས་རང་སྐྱེས་འོང་ནུག་ དེ་ལས་ ཁོང་སྤུན་ཆ་ག་ར་བུ་ཨིན་མས་ཁོང་གི་ཨ་ལུ།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཨང་རྒས་བཀྲིས་སྒྲོལ་མ་ཟེར་ ད་ལྟོ་ཨ་ཞེ་གཡང་མཚོའི་ཨའི་ ཨང་རྒས་བཀྲིས་སྒྲོལ་མ་ ཏེ་ འ་ནཱི་འདི་མ་ཁྱིམ་བཟུང་མི་ཟེར་ དེ་ལས་བུ་འདི་ཚུ་ བུ་རེ་ལུ་ལཱ་རེ་འབད་ ལ་ལུ་གླང་འཚོ་མི་ ལ་ལུ་ནོར་འཚོ་མི་ དེ་ལས་ གཡག་ཕྱུགས་ནོར་ གནམ་མེད་ས་མེད་ཡོད་ཧེ་མ་འདི་ དེ་ལས་ ཡར་(ཨུག་པ་?) ནང་ནོར་འདི་ཚུ་བཙུགས་ཏེ་ ནོར་ཡང་འབྱིམོ་རུ་ཁ་གཉིས་རེ་བཙུགསཔ་ཨིན་ལགས་ དེ་ལས་ མར་མཐའ་ས་ལུ་རྒྱ་ཚམོ་ རྒྱ་ཚ་མར་བཙུགས་ དེ་ལས་ རྟ་འདི་ཚུ་དང་།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཨང་རྒས་བདེ་ཆེན་བཟང་མོའི་སྐབས་ལུ་ དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་གྱིས་ དེ་སྦེ་མེན་པས་ ང་བཅས་ཁྱལ་པ་ཚུ་ག་ར་རུབ་སྟེ་སྦེ་ ང་བཅས་རའི་ལྷ་ཁང་འདི་ ཉམས་གསོ་ཞུ་དགོ་པས་ཟེརཝ་ད་ ང་བཅས་ག་ར་གིས་ རབ་རུབ་འབད་འདི་ དེ་ལས་འབད་ནུག
  • འཆི་མེད་རྡོ་རྗེ་
    དེ་ལས་ འབད་དེ་ལྷ་ཁང་རྐྱབ་ཚར་ཏེ་ ནཱ་གྱི་མི་ཚུ་གིས་འུར་ལཱ་ཐོན་ཏེ་ ལྷ་ཁང་རྐྱབ་ ཤུལ་ལས་ཏེ་ ལྡེབས་རིས་དང་འདི་ཚུ་ ལྡེབས་རིས་ སྐུ་འདི་ཚུ་ག་ར་ ད་ལྟོ་གཏམ་ཞིང་སློབ་དཔོན་ཚེ་བརྟན་ལ་ཟེར་མི་འདི་གི་ཡབ་ ཁོ་གི་ཨཔ་འདི་ ཡབ་འདི་ཡར་ལས་བོད་ལས་འབྱོན་ཏེ་ དེ་ལས་ སྣག་ཚང་ནང་བཞུགས་ཏེ་གླ་ཆ་ཡང་མེདཔ་འབད་ དྲོན་གོང་དང་ཀར་ཕྱེ་ཚུའི་ བཞེས་སྒོ་འ་ནེ་འབད་བྱིན་ཏེ་ ཤུལ་ལས་ལྡེབས་རིས་དང་སྐུ་འདི་ཚུ་ག་ར་ རོགས་སློབ་དཔོན་ཚེ་བརྟན་གྱི་ཡབ་ཀྱིས་བཞེངས་བཞེངསམ་ཨིན།
  • འཆི་མེད་རྡོ་རྗེ་
    འདི་ག་ར་སྒྲུབ་ཚར་ཞིནམ་ལས་ ཤུལ་ལས་ སྐརམ་ཉ་རུ་འཛོམས་ཏེ་རང་ བསྒྲུབས་སྟེ་ དེ་ལས་ ཟླ་བ་བཅུ་པའི་ཚེས་༡༥ ལུ་ སྐརམ་ཉ་རུ་དང་འཁྲིལ་ཏེ་ སྒྲུབ་གནང་སྟེ་ རབ་གནས་གནང་གནངམ་ཨིན་མས་ དེ་ཡང་ ༡༩༧༡ དེ་ཅིག་ཁར་བསྒྲུབས་ནུག་ དེ་ཅིག་ཁར་བསྒྲུབས་ཚར་ཏེ་ ང་གིས་འབྲི་སྟེ་ཡོད་ལགས་ དེ་ལས་ དེ་ཅིག་ཁར་བསྒྲུབས་ཏེ་ ག་ར་ ག་ར་འདི་འབད་ ཏེ་ ལྷ་ཁང་འདི་དེ་ཅིག་ཁར་བཞེངས་ནུག
  • འཆི་མེད་རྡོ་རྗེ་
    ཏེ་ད་ མི་གཞན་མི་ཚུ་གིས་ འ་ནཱི་ལྷ་ཁང་འདི་ གནམ་མེད་ས་མེད་དང་ཕུ་གི་ཨིན་ཟེར་ དང་ཕུ་གི་ངོ་མ་འདི་དེ་བ་ཡང་སྦོམ་མས་ གནམ་མེད་ས་མེད་སྦོམ་འདུག་ ཏེ་ འ་ནཱི་འདི་རམ་འགྱོ་སྟེ་མིན་འདུག་ ཕྱི་སྐོར་ནང་སྐོར་འབད་རང་སྡོད་ནུག་ ཧེ་མ་གི་འདི་ འ་ནཱི་སྦོམ།
  • འཆི་མེད་རྡོ་རྗེ་
    ཕྱི་སྐོར་འདི་ཕི་ ད་ལྟོའི་རྩིགཔ་ཡོད་མི་ནང་ལས་ ཕྱི་ཁ་ལས་ཨིན་མས་ ཏེ་དེ་ལས་ ལྷ་ཁང་འདི་ལེགས་ཤོམ་སྦེ་བཞེངས་འབད་ དེ་ལས་ ཨང་རྒས་བདེ་ཆེན་བཟང་མོ་གིས་ ནཱ་བཟུང་སྡོད་དེ་ ཏེ་ད་ལྟོ་གི་འདི་ད་ བང་ལེང་ཆོས་རྗེ་ རིམ་ཐེངས་གཉིས་ཀྱི་ཨིན་ ཧེ་མ་དངོས་གྲུབ་དཔལ་མོ་འབག་འོང་ ཤུལ་ལས་ ཨང་རྒས་བདེ་ཆེན་བཟང་མོ་འབད་འོང་འབད་ ད་ལྟོ་ཨང་རྒས་བདེ་ཆེན་བཟང་མོ་གི་ བརྒྱུད་པ་གིས་བཟུང་སྟེ་ཡོདཔ་ཨིན།
  • འཆི་མེད་རྡོ་རྗེ་
    དེ་ལས་ད་ ཧེ་མ་མཚམས་པ་བླ་མ་གཤགསཔ་ད་ དེ་ལས་་་་་??? དེ་ལས་མར་ བང་ལེང་?? ཆོས་རྗེ་གི་སྒོའི་གདོང་ཁར་འབད་ རྒྱ་ལུ་འཕུར་འབྱོན་སོངཔ་ཨིན་ཟེར་ དེ་ལས་ ལུང་བསྟན་འདི་ཁྱོད་ཚུ་ཡང་ ངེའི་སྦྱིན་བདག་ཨིན་ ང་ཁྱོད་ཚུ་གི་བླམ་ཨིན་ཟེར་ ང་གིས་ཞུ་མི་འདི་ ཁྱོད་ཚུ་གིས་ང་ལུ་ཆ་རོགས་འབད་དགོ་ཟེར།
  • འཆི་མེད་རྡོ་རྗེ་
    དེ་ལས་ ཆ་རོགས་ག་ཅི་འབད་ནི་ཟེརཝ་ད་ ཤུལ་ལས་མ་འོངས་པ་ལུ་ ངེ་གི་སྣག་ཚང་འདི་ཚར་གསུམ་(འཐོན/སོར་??) ནི་གི་ལུང་བསྟན་ཡོད་ཟེར་ དེ་བསྒང་ཁྱོད་ནཱ་(བང་ལེང་ཆོས་རྗེ་)ལས་འབད་ ཡར་འགྱོ་འབད་བཟུང་ད་ འ་ནཱི་གསུངས་ཏེ་ཡོད་ཟེར་ ཨང་རྒས་བདེ་ཆེན་བཟང་མོ་མར་འོང་དགོ་པའི་དོན་དག་ཡང་འདི་ལས་བརྟེན་ཨིན་མས་བ།
  • འཆི་མེད་རྡོ་རྗེ་
    ཧེ་མ་བླམ་གྱིས་གསུངས་བཞག་པ་ལས་བརྟེན་ཏེ་ཨིན་མས་ ཞལ་ཆེམས་བཟུམ་ཅིག་སྦེ་བཞག་སྟེ་ ཏེ་ འ་ནེ་སྦེ་ཨིན་ཟེར་ འདི་འདུག་ དེ་ལས་འབྱོན་ཏེ་ ཨང་རྒས་བདེ་ཆེན་བཟང་མོའི་ ད་ལྟོ་མི་བརྒྱུད་འ་ནེམ་ཅིག་ལུས་ཡོན་མི་འདི་ རོགས་ཨང་རྒས་བདེ་ཆེན་བཟང་མོའི་ ཨ་ལུ་ཙང་ཙ་ཨིན་མས་ སེམས་མཇུག་རྒཔོ་གི་བུ་ བརྒྱུད་པ་ཨིན་མས་ཁོང་ཚུ་ ད་ལྟོའི་ངང་ཆོས་རྗེ་འདི་ བང་ལེང་ཆོས་རྗེ་དང་སེམས་མཇུག་རྒཔོ་གི་བརྒྱུད་པ་མ་གཏོགས་ ཧེ་མའི་མཚམས་པ་བླ་མའི་ བརྒྱུད་པའདི་རྫོགས་སོང་ཡི་ནུག
  • འཆི་མེད་རྡོ་རྗེ་
    ཏེ་ ད་ལྟོ་ཕར་ལས་ཕར་རྩ་བོ་འབད་ཡོད་མི་ཚུ་ ད་ལྟོ་ཁོང་ར་ཧེ་མ་ཁོང་རང་ཡར་ལས་འོང་མི་ཆ་ཁྱབ་རྐྱངམ་གཅིག་མ་གཏོགས་ ཏེ་ད་ ད་རེས་ནངས་པ་འདི་ གུང་པ་གནམ་མེད་ས་མེད་འཕེལ་ཏེ་ ཁྱིམ་ཡོདཔ་མ་གཏོགས་ ཧེ་མ་འབད་བ་ཅིན་ ཁྱིམ་ཡང་དེ་སྦེ་མེད་ལགས།
  • འཆི་མེད་རྡོ་རྗེ་
    འདི་ཚུ་ག་ར་ ད་ང་བཅས་ཀྱི་གྲྭ་པ་འདི་ཚུ་ག་ར་རམ་ཚར་ཡི་ ད་གྲྭ་པ་གུང་པ་གཅིག་རྐྱངམ་གཅིག་ཡོད་ ཏེ་ད་ ང་བཅས་སོ་སོར་འཐོན་འགྱོ་མི་ཚུ་ག་ར་རང་གི་གདན་ས་ནང་ཨིན་མས་ བླ་མ་འདི་བཟུམ་མའི་ བླ་མ་སྐྱེས་བུ་དམ་པ་བྱིན་རླབས་ཅན་ཨིན་མས་ ད་ང་བཅས་ཀྱི་རམ་བཅུག་ནི་མི་འོང་ འབད་དགོ་ཟེར་ང་བཅས་ག་ར་ཁ༌མཐུན༌ཏེ།
  • འཆི་མེད་རྡོ་རྗེ་
    ཏེ་ད་ ག༌ར༌གིས་ ཁོང༌མི༌འདི༌ཚུ་འདུ་རུག་རུ་འཐོན་ཏེ་རང་ ཏེ་ད་ང་བཅས་ཕྱག་ཞུ་སྟེ་ འབད་མི་འདི་ ཏེ་ད་བཅས་ག་ར་ གཅིགཔོ་འདིན་ནང་འཁོད་ན་ ནང་སྒྲིག་ལས་རྟེན་ལེགས་ཤོམ་འགྱོ་དོ་ ཏེ་ད་མཇུག་མ་འོངས་པ་ནང་ ཏེ་ད་རུང་བུཚུ་འདི་ཚུ་གིས་མ་ལས་ དེ་ལས་ མི་འདི་ཚུ་ཡར་རྒྱས་འགྱོ་བའི་སྐབས་ཕར་ཕར་རྒྱབ་བཤུད་རྐྱབ་འགྱོ་ད་ མི་ཉན་དོ་འོང་ཟེར།
  • འཆི་མེད་རྡོ་རྗེ་
    ད་ད་ལྟོ་ང་བཅས་ར་གི་ སྡོད་པའི་སྐབས་ལུ་ མ་དངུལ་ཅིག་ཡང་བཟོ་སྟེ་ ཤུལ་ལས་ག་དེམ་ཅིག་སྦེ་ ཕྱི་ཁའི་མི་བཟུམ་མ་འཐོབ་འབད་བ་ཅིན་ ཡང་ན་གླ་ཆ་ཨིན་རུང་སྤྲོད་དེ་ བུ་གཞིའི་སྐབས་ལུ་ འ་ནེ་སྦེ་འབད་ནིའི་ཨིན་ཟེར་ ད་མ་དངུལ་འདི་ ང་བཅས་མ་འགྱུར་བརྟན་པ་བཟོ་ནི་ཨིན་ཟེར་ ད་ལྟོ་དངུལ་ཁང་ནང་བཙུགས་ཏེ་ཡོད་ལགས།
  • འཆི་མེད་རྡོ་རྗེ་
    ཏེ་ དངུལ་ཁང་ནང་བཙུགས་ཏེ་ ད་ལྟོ་འདི་འབུམ་མ་གཏོགས་འགྱོ་མ་ཚུགས་ གནམ་མེད་ས་མེད་ཡར་མར་ཨ་ཙི་རེ་འཐོབ་མས་ ཏེ་ན་ཧིང་གི་(་རྡོ་??) ཨ་ཙི་ཅིག་གཞན་འབུམ་ལྔ་དྲུག་དེ་ཅིག་འཐོབ་ཅི།
  • འཆི་མེད་རྡོ་རྗེ་
    ཏེ་ ག་ར་ཐིམ་ཕུག་ལས་ཕར་ལུ་འགྱོ་སྟེ་ ཨ་ཙི་རེ་རང་གྱི་མི་ལས་ ཏེ་ ངོ་ཤེསཔ་དྲགོས་འདི་ཚུ་འབད་སར་བཅར་ཏེ་ ག་ར་འབདཝ་ད་ ཏེ་ ང་བཅས་འཆམ་གོས་གྲུབ་སྟེ་་ ཏེ་འཆམ་གོས་ག་ར་གསརཔ་གྲུབ་སྟེ་ ད་ལྟོ་འཆམ་གོས་ག་ར་ཡར་མར་འབད་དེ་ཡོད་ དེ་བསྒང་གཞན་འབོར་ཆེ་ཏོག་ཏོ་འཐོབ་ཅི་དེ༌ལས༌ མ༌དངུལ༌བཟོ༌མ༌ཚུགས༌ལགས་ དེ༌སྦེ༌ཨིན༌ལགས།