Skip to main content Skip to search
21 Jan 2016
6 min 4 sec
Video Overview
Creators: 
Sherig Dhentshog

An monk from Norboogang village shares an account of Buddhism in his village. He says that the place was uninhabited until the time of the first king of Bhutan. Later on people from nearby places migrated to what was to become Norboogang. As they looked for a water source, the settles came across a pair of elephant tusks and named the place 'Norboogang', meaning 'valley of Jewels'. The monk narrates how a local strong man named Namgayla became a Drungpa, a local chieftain, and he was the first person in the village to have put a shrine room with statues for Buddhist worship in his house. During his time the Pema Lingpa tradition of Buddhism arrived in the village, still continuing to this day. Though later the Tersar tradition of Dudjom Rinpoche took root in the village, existing alongside the Pema Lingpa tradition. The monk also briefly mentions who first stopped the pre-Buddhist traditions of animal sacrifices and the one responsible for the construction of the first chorten stupa in the village.

 

༉  གློག་བརྙན་འདི་ནང་ པདྨ་དགའ་ཚལ་རྫོང་ཁག་ གཡུས་ནོར་བུ་སྒང་ལས་ གཡུས་ཁའི་ཆོསཔ་རྒས་ཤོས་ཅིག་ཨིན་མི་འབྱམས་བྷ་གིས་ ཁོ་རའི་གཡུས་དང་ཉེ་འདབས་ཀྱི་གཡུས་ཚན་གསུམ་གྱི་མིང་བཏགས་ཚུལ་གྱི་སྐོར་ལས་འགྲེལ་བཤད་རྐྱབ་ཨིན་པས། ཁོ་གིས་འབད་བ་ཅིན་ ནོར་བུ་སྒང་ཟེར་མི་འདི་ ཧེ་མའི་ཕམ་ཆ་ཁྱབ་ གཏན་འཇགས་ཀྱི་སྡོད་གནས་འཚོལ་འོང་པའི་སྐབས་ལུ་ ས་གནས་དེ་ཁར་གླངམ་ཆེ་གི་མཆེཝ་ཅིག་མཐོང་ཞིནམ་ལས་ ནོར་བུ་ཐོབ་ཅི་ཟེར་ ཤར་ཕྱོགས་ཁ་ནང་ གཤོང་ལུ་ཝང་ཟེར་སླབ་དོ་ཡོདཔ་ལས་ ནོརབུ་དང་ཝང་གཉིས་བསྡོམས་ཏེ་ ས་གནས་ཀྱི་མིང་དེ་ ནོར་བུ་ཝང་ ཟེར་བཏགས་བཏགསཔ་ཨིན་པས། ཧེ་མ་ནོར་བུ་ཝང་ ཟེར་སླབ་དོ་ཡོདཔ་ཨིན་རུང་ ཝང་གི་ཟུར་ཉམས་ཏེ་ ད་རེས་ནངས་པར་ནོར་བུ་སྒང་ ཟེར་དར་ཁྱབ་འགྱོ་སྟེ་ཡོདཔ་ད་ གཡུས་ཚན་གཞན་མི་གསུམ་དེ་ཡང་ ཤིང་གིས་ཁྱབ་ཚད་དང་འཁྲིལ་ཏེ་བཏགས་བཏགསཔ་ཨིནམ་སྦེ་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • འབྱམས་བྷ་/ Jamba:
    ལགས་སོ་ ད་ལྟོ་ ང་བཅས་རའི་ ནཱ་ལུ་ ནོར་བུ་སྒང་གཡུས་ཁར་ དང་ཕུ་ གཡུས་ ཆགས་ས་འདིའི་ ག་དེ་སྦེ་ཆགས་ཡི་ག་ འདིའི་སྐོར་ལས་ ནཱ་ལུ་ཞུ་བ་ཅིན་ ནཱ་ ང་གི་འདི་ མིང་ ནོར་བུ་ཝང་ དང་ཕུ་ ཨ་པ་ཨ་མ་
  • འབྱམས་བྷ་/ Jamba:
    ཨང་རྒས་ཨ་རྒས་ ཨ་རྒས་ཀྱི་ཨ་པ་ལས་མར་ལྟ་རང་ ནཱ་ ནོར་བུ་སྒང་ལུ་ཨིན་ལགས།
  • འབྱམས་བྷ་/ Jamba:
    དེ་ལས་འདི་ ངའི་མིང་འདི་ མཚམས་པ་ འབྱམས་པ་ཟེར་སླབ་ཨིན་ལགས།
  • འབྱམས་བྷ་/ Jamba:
    དེ་ལས་ ད་ལྟོ་ ང་གིས་ གནམ་མེད་ས་མེད་མི་ཤེས་ ང་གིས་ཤེས་མི་ཅིག་ འདོར་སྡུས་ཅིག་ཞུ་བ་ཅིན་ ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་ ནོར་བུ་ཝང་ ནོར་བུ་ཝང་ཟེར་ ག་དེ་སྦེ་ཐོབ་ཅིག་ག་ཟེར་བ་ཅིན་ ནོར་བུ་ཝང་ཐོབ་མིའི་རྩ་བ་འདི།
  • འབྱམས་བྷ་/ Jamba:
    དང་ཕུ་ ཨང་རྒས་ཨ་རྒས་ཚུ་གིས་གསུང་དེས་ལགས་ ཕ་མ་རྒྱལ་རབས་ཚུ་གིས་ལགས། དེ་ལས་ ང་བཅས་རའི་གཡུས་ཡང་ ཁྱིམ་བཅུ་གཉིས་དེམ་ཅི་སྡོད་ཡི་ཟེར་སླབ་དེས་ལགས་ ཁོང་གི་དེ་སྒང་ ནཱ་ལུ་ ཁོང་བསྐོར་ཏེ་ གཡུས་ཆགས་ནིའི་དོན་ལས་གཏན་གཏན་ནས་ནི་ས་གོ་ མ་མཐོང་པར།
  • འབྱམས་བྷ་/ Jamba:
    ལོ་རེ་ ས་ག་མནོ་སར་ཟ་དེས་ དེ་སྦེ་བསྐོར་ཏེ་འགྱོ་སྡོད་དེ་སྡོདཔ་ལས་ ཤུལ་ལས་ཟེརཝ་ད་ མི་བཏུབ་མས་ཟེར་ གཡུས་གཏན་གཏན་ཅིག་ ཆགས་དགོ་པའི་ང་བཅས་ཚུ་ཟེར་ ཁོང་ གཡུས་འཚོལ་ཏེ་འོངམ་ད་ ནཱ་ ནོར་བུ་ཝང་རི་(ཆུ)ཟེར་ས་ ཆུའི་དོང་ནང་འོང་བལྟཝ་ད།
  • འབྱམས་བྷ་/ Jamba:
    གླང་ཆེན་གྱི་ ཆེ་བ་ ཤི་མི་གི་ཐོབ་ཅི་ཟེར་སླབ་དེས་ལགས་ཁོང་གིས་ དེ་ལས་འདི་ ནཱ་ ནོར་བུ་ཐོབ་ཅི་ ནོར་བུ་ཝང་ཟེར་འབོ་ནི་ཟེར་ ང་བཅས་ཀྱི་ གཡུས་འདི་ ནཱ་ལུ་ཆགས་ནི་ ནོར་བུ་ཝང་འདི་ འབོ་ནི་མིང་ཟེར་ ང་བཅས་ཚུ་གི་ ནོར་བུ་ གླང་ཆེན་གྱི་ ཆེ་བ་ཐོབ་ཞིནམ་ལས།
  • འབྱམས་བྷ་/ Jamba:
    ནོར་བུ་ཐོབ་ཞིནམ་ལས་འདི་ ནོར་བུ་ཝང་ཟེར་འབོ་དགོ་པའི་རྒྱུ་མཚན་འདི་ཨིན་ཟེར་ ཧེ་མ་ཨང་རྒས་ཨ་རྒས་ཚུ་གིས་ དེ་སྦེ་གསུངས་དེས་ལགས།
  • འབྱམས་བྷ་/ Jamba:
    དེ་ལས་ ད་རུང་ ནཱ་ ང་བཅས་རའི་གཡུས་ཚན་བཞི་ཡོད་ལགས་ ནཱ་ རིན་ཆེན་ཟོར་ལུ་དང་ ནིང་ཤིང་བོ་རང་ ཚེང་ཟོར་ འདི་གསུམ་གྱི་ཡང་ དོར་འསྡུས་ཅིག་ ང་གིས་ཞུ་བ་ཅིན།
  • འབྱམས་བྷ་/ Jamba:
    ནཱ་ རིན་ཆེན་ཟོར་ཡང་ ཐོབ་དགོ་མི་ ག་ཅི་ཨིན་ན་ཟེར་བ་ཅིན་ ཁོང་ ང་བཅས་རའི་ རིན་ཆེན་ཟོར་ཟེར་འདི་ རིང་ཤུགས་ཟེར་ འ་ནི་ ཨང་རྒས་ ཨ་མ་ཚུ་གིས་ མགོ་ལ་ ཐགས་ཆས་ཐགཔ་ད་ལུ་ ཁོང་ རིང་ཤུགས་གཅིག་ ཁོང་ ནང་ན་བཙུགས་སྟེ།
  • འབྱམས་བྷ་/ Jamba:
    ཆུང་ཀུ་སྦེ་འདུག་ལགས་ འ་ནི་ནང་ན་ ག་ཅི་ སྦ་རིས་རང་ཆེན་པོ་ ཕར་ རིན་ཆེན་ཟོར་ཟེར་སར་ འ་ནི་རིང་ཤུགས་ སྦ་རིས་ རང་ཆེན་པོ་ཡོདཔ་ཨིན་མས་ལགས་ འདི་ལས་རྟེན་ཏེ་ རིན་ཆེན་ཟོར་ཟེར་སླབ་དགོ་པའི་ རིན་ཆེན་ཟོར་གཡུས་འདི་ རིང་ཤུགས་སྦ་རིས་ གཙང་ཙ་ཡོདཔ་ལས་རྟེན་ཏེ།
  • འབྱམས་བྷ་/ Jamba:
    ག་ར་ རིང་ཤུགས་པ་སྦ་རིས་ཡོད་པ་ལས་ཨིན་མས་ལགས་ འདི་ལས་རྟེན་ཏེ་ རིན་ཆེན་ཟོར་ཟེར་སླབ་དགོ་པའི་རྩ་བ་འདི་ཨིན་ རང་ལུ་དེ་སྦེ་གསུངས་དེས་ལགས་ཕ་མ་ཚུ་གིས།
  • འབྱམས་བྷ་/ Jamba:
    དེ་ལས་ ད་རུང་ ནིང་ཤིང་བོ་རང་གི་ཅིག་ཞུ་བ་ཅིན་ལགས་ དེ་ལས་ ནིང་ཤིང་བོ་རང་ཟེར་སླབ་དགོ་མི་ ག་ཅི་སྨོ་ཟེར་བ་ཅིན་ ནིང་ཤིང་ཟེར་ ང་བཅས་རའི་ འ་ནི་ ཧུམ་ ནན་མི་ དང་ཕུ་ ཨང་རྒས་ཨ་རྒས་ཚུ་གིས་ ཧུམ་ ནན་དེས་ ཁོང་གི་ནཱ་ ནིང་ཤིང་ཟེར་ ཤིང་གཅིག་འོང་ལགས་ འ་ནཱི་ཧུམ་ནན་ནི་གི་གཅིག
  • འབྱམས་བྷ་/ Jamba:
    འ་ནི་ ནིང་ཤིང་གཙང་པ་སྡོད་སྡོདཔ་ཨིན་མས་ལགས་ ནིང་ཤིང་བོ་རང་ལུ་འདི་ འ་ནི་སྡོད་པ་ལས་རྟེན་ཏེ་ འ་ནི་ལུ་ ནིང་ཤིང་བོ་རང་ཟེར་ ཁོང་ འ་ནི་ ནིང་ཤིང་གཙང་པ་སྡོད་པ་ལས་རྟེན་ཏེ་ ཆོག་ནི་ འབོ་དགོ་པའི་འདི་ཨིན་ཟེར་ ཕ་མ་ཚུ་གིས་ དང་ཕུ་ དེ་སྦེ་གསུངས་དེས་ལགས།
  • འབྱམས་བྷ་/ Jamba:
    དེ་ལས་ ད་རུང་ ཚེང་ཟོར་ཟེར་མི་ཅིག་འདི་ཞུ་བ་ཅིན་ ད་རུང་ ཡར་ཁ་ཐུག་གི་ གཡུས་གཅིག་ ཚལ་ཤིང་ཟོར་ཟེར་ཡོད་ལགས་ འ་ནཱ་འདི་ ཚལ་ཤིང་་གཙང་པ་སྡོད་སྡོདཔ་ཨིན་མས་ལགས་ དེ་ལས་འདི་ ཁོང་ ང་བཅས་ ཚ་ཚད་ཟ་མི་ ཚལ་ཤིང་ལགས།
  • འབྱམས་བྷ་/ Jamba:
    འདིའི་དོན་ལས་ འ་ནཱ་ ཤིང་རྐྱགམ་ཅིག་ཡོདཔ་ལས་ ཚལ་ཤིང་ཟོར་ཟེར་སླབ་དགོ་པའི་ དེ་སྦེ་ཨིན་ཟེར་ དང་ཕུ་ ཕ་མ་རྒྱལ་རབས་ཚུ་གིས་ དེ་སྦེ་གསུངས་དེས་ལགས། གཞན་འདི་ ང་གིས་ གནམ་མེད་ས་མེད་གཅིག་ ཞུ་ནིའི་མིན་འདུག་ ཨིན་རུང་ ང་བཅས་ནཱ་ད་རུང་།
  • འབྱམས་བྷ་/ Jamba:
    གཞུང་བཀའ་དྲིན་ཆེ་སྟེ་ དང་ཕུ་འདི་ ཕམ་ཚུ་ གནམ་མེད་ས་མེད་ ཚལ་མ་ནང་ན་ ཉིནམ་གཉིས་རེ་གསུམ་གསུམ་འགྱོ་ད་ལུ་ རང་རྐྱངམ་གཅིག་ མར་ རྒྱ་གར་ལུ་ ཚྭ་ ས་མར་ཁུ་ འབག་སྟེ་ དེ་སྦེ་དཀའཝ་སྤྱོད་ནུག་ ད་རེས་ནངས་པ་ ང་བཅས་རའི།
  • འབྱམས་བྷ་/ Jamba:
    དང་པ་ མི་དབང་མངའ་བདག་རིན་པོ་ཆེ་གི་ བཀའ་དྲིན་གྱི་ གཉིས་པ་ལྷོདཔ་ད་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ལྷན་ཁག་དང་ རྫོང་བདག་ དྲུང་པ་ཚུའི་བཀའ་དྲིན་ ང་བཅས་རའི་ ད་ལྟོ་ ག་ཅི་རང་འབད་རུང་ སྣུམ་འཁོར་ལམ་མེད་ས་ལུ་ སྣུམ་འཁོར་ལམ་ གཡུས་ཁར་རང་བཀལ་ཏེ།
  • འབྱམས་བྷ་/ Jamba:
    ཆུ་མེད་སར་ ཆུ་ག་ར་ ནཱ་ལུ་ ཁྱིམ་སྒོ་ཁར་ རང་རང་སའི་ གཡུས་རེ་རེ་ཞིན་དུ་འབག་སྟེ་ མེ་མེད་སར་ མེ་ག་ར་ གློག་མེ་ གཡུས་རེ་རེ་ཞིན་དུ་ ཀྲམ་སྤལ་འབད་དེ་ འདི་བཟུམ་དགའ་དགའ་ཏོག་ཏོ་ ང་བཅས་རའི་ དུས་ཚོད་ལུ་འདི་ དེམ་ཅི་ཐོབ་ནིའི་
  • འབྱམས་བྷ་/ Jamba:
    རེ་བ་རང་མེདཔ་སྡོད་ཡི་ལགས་ འ་ནི་བཟུམ་ ང་བཅས་ཀྱི་ཡང་ དུས་ལེགས་ཤོམ་ འ་ནི་འདི་ དེམ་ཅི་ཐོབ་མི་འདི་ གནམ་མེད་ས་མེད་ ནང་ལས་ ངལ་རངས་སྟེ་ གཞུང་ལུ་ཐ་དམ་ཚིག་འདི་ དེམ་ཅི་ཨིན་མས་ཟེར་ ངལ་རངས་སྟེ་ གནམ་མེད་ས་མེད་ ནང་ལས་ འདི་བཟུམ་ ད་རུང་ ཨིན་ཏེ་རང་འབད་རུང་།
  • འབྱམས་བྷ་/ Jamba:
    ཤུལ་ལས་འབདཝ་ད་ ཨ་ལོ་ཚུའི་སྒང་ལུ་ འདི་ལས་ལྷག་སྟེ་ ད་རུང་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ གནོད་རྐྱན་བར་ཆད་ག་ཅི་ཡང་མེད་པར་ ད་རུང་ ལེགས་ཤོམ་སྦེ་བཞུགས་སྟེ་ རྒྱལ་རབས་ལས་རྒྱལ་རབས་ལུ་ ད་རུང་ ང་བཅས་རའི།
  • འབྱམས་བྷ་/ Jamba:
    འབྲུག་རྒྱལ་ཁབ་ནད་རིགས་མུ་གེ་ ག་ཅི་ཡང་མེད་པར་ ལེགས་ཤོམ་འོང་ནིའི་འདི་ ཡར་ལྟ་ སྨོན་ལམ་འདི་ འ་ནི་གནང་སྟེ་ ད་རུང་འོང་ནི་འདི་ ཡང་ལས་ཡང་དུ་ སྨོན་ལམ་ཡོད་ཟེར་ཞུ་ནི་ལགས། ལགས་སོ།