Skip to main content Skip to search
30 Aug 2018
22 min 19 sec
Video Overview
Creators: 
Penchela

The sacred relic of Dobji Dzong is the statue of Jetsun Milarepa, a Tibetan saint, brought by Tshamdra Je Ngawang Duba when he went to Tibet on pilgrimage. He visited Rulung monastery and offered butter tea, and offering that was very expensive in those days because of the large number of students and teachers in the monastery. In return, the Tibetan government offered him the statue of Milarepa as a token of appreciation. The statue was supposed to be taken to Tshamdra Goenpa, but his residence was in present day Dobji Dzong, so he was unwilling to move it to Tshamdra Goenpa, a monastery opposite the river to Dobji Dzong. At the same time, the holy water of Milarepa came along with the statue. The water emerged from a cliff near the Dzong on the next morning of their arrival at Dobji Dzong.

Transcript search
No results found for this search
0 of 0
  • ཉིནམ་རྡོ་རྗེ Nim Dorji
    ད་ང་བཅས་རྡོ་སྦྱིས་རྫོང་གི་ཨཱ་ལྷ་ཁང་གི་རྟེན་འདི་ཏེ་ད་ཡོད་ན་མེད་ན་འདི་རྗེ་བཙུན་མི་ལ་རསཔ་ད་རྗེ་བཙུན་མི་ལ་རསཔ་འདི་ཏེ་ཁོ་གི་ག་ཏེ་ལས་བྱོནམ་སྨོ་ཟེར་བ་ཅིན་རྗེ་བཙུན་མི་ལ་རསཔ་འདི་ཏེ་ཡར་བོད་ལས་བོད་ལས་ཞུ་ཞུཝ་མས།
  • ཉིནམ་རྡོ་རྗེ Nim Dorji
    ཁོ་ར་གི་གདན་ས་ངོ་མ་འདི་ ཡར་བོད་ར་ལུང་ཟེར་མི་དེ་ཁར་མས་རྗེ་བཙུན་མི་ལ་རས་པའི་གདན་ས་འདི་ བོད་ར་ལུང་ལུ་ཨིན་པས་ དེ་འབདཝ་ད་བོད་ལུ་ཡང་ཏེ་བོད་ར་ལུང་ལུ་ཡང་ཏེ་རྟེན་འདི་འ་ནཱེ་གཅིག་ར་ཨིན་དོ་ཡོདཔ་མས།
  • ཉིནམ་རྡོ་རྗེ Nim Dorji
    རྗེ་བཙུན་མི་ལ་རསཔ་ལས་རྒྱལ་རྒྱལ་བའི་རྟེན་ རྩ་ཆེ་དྲགས་གཞན་ག་ཅི་ཡང་མེདཔ་མས་རྟེན་རྩ་ཆེ་དྲགས་འདི་ར་འ་ནཱི་བོད་ར་ལུང་ལུ་ རྗེ་བཙུན་མི་ལ་རསཔ་གསུང་བྱོནམ་འདི་མས།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱི་འབདཝ་ད་ ཡར་བོད་ར་ལུང་ལུ་ཏེ་རྟེན་འདི་ཏེ་ཁོང་ར་བོད་པ་གིས་ཡང་ཏེ་ འ་ནཱི་རྩ་ཆེ་དྲགས་ཅིག་སྦེ་བརྩི་སྟེ་ཡོདཔ་འོང་ནི་མས་ ཏེ་འ་ནཱེ་སྦེ་སྡོདཔ་ཅིག་ཁར་ཚར་གཅིག་ཏེ་མར་མཚམས་བྲག་དགོན་པ་ལས་རྗེ་ངག་དབང་གྲུབ་ཟེར་མི་འདི་ཏེ་ཁོ་ཚར་ཅིག་ཏེ་མར་ལས་ཁོ་ར་མཚམས་ནང་ལས་ཐོན་འབད་ཞིནམ་ད་ ཏེ་ཡར་བོད་ལུ་གནས་སྐོར་བྱོན་བྱོནམ་མས།
  • ཉིནམ་རྡོ་རྗེ Nim Dorji
    ལྷ་ས་ལུ་ཏེ་ ཏེ་དང་ཕུག་འབད་བ་ཅིན་ཏེ་ཡར་ལྷ་ས་ཟེར་སླབ་དགོ་པས་ལྷ་ས་ཇོ་བོ་མཇལ་ཏེ་ལྷ་ས་ལུ་གནས་སྐོར་བྱོན་སྦེ་ཏེ་ཁོ་ར་གཅིག་ཏེ་གྲྭཔ་གྲྭ་རྐྱང་སྦེ་ཏེ་ཁོ་ར་གཅིག་བྱོན་བྱོནམ་མས་ལྷ་ས་ལུ།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་བྱོན་ཏེ་འབདཝ་ད་ཏེ་དེ་ལས་ཁོ་ཡར་ལྷ་ས་ལུ་ཏེ་མཚམས་བཅད་དེ་ཡང་བཞུགས་ནུགཏེ་དེ་ལས་ཏེ་གནས་གནས་སྐོར་གནས་འདི་ཚུ་ག་ར་ཡར་བོད་ལུ་ཏེ་གནས་རྩ་ཆེ་ཏོག་ཏོ་ཚུ་ག་ར་བསྐོར་ཏེ་འབདཝ་ད་ ཏེ་ཁོ་གིས་ མར་བོད་སྡེ་བ་གཞུང་གི་གྲྭ་ཚང་ནང་ལུ་མར་ཇ་ཅིག་དྲངས་དཔ་མས།
  • ཉིནམ་རྡོ་རྗེ Nim Dorji
    རྗེ་ངག་དབང་གྲུབ་ཀྱིས་ ཏེ་ང་བཅས་འབད་བ་ཅིན་ ད་ཇ་ཅིག་དྲངས་ནི་ཡོད་པ་སྨོ་ལགས་ གྲྭ་ཚང་ནང་འ་ནཱི་བཟུམ་སྦེ་ ཁོ་གིས་མར་ཇ་ཅིག་དྲངས་ད་ནུགད་དད་པ་གི་སྦེ་(མིག་བལྟ་)བོད་རྒྱལ་ཁབ་འདི་ནང་ལུ་ཏེ་ཆོས་དམ་ཆོས་ནཱ་ལས་དརཝ་མས་བོད་ཆོད་ལྡན་གྱི་རྒྱལ་ཁབ་ཅིག་ཨིན།
  • ཉིནམ་རྡོ་རྗེ Nim Dorji
    ང་གིས་འ་ནཱ་ ཏེ་ད་མར་ཇ་ཅིག་གྲྭ་ཚང་ནང་ལུ་ཇ་ཅིག་དྲངས་དགོ་ནི་མས་ཟེར་མནོ་ཏེ་ཁོ་ཇ་ཅིག་དྲངས་ད་ནུག་སྦ་ ཏེ་འ་ནཱི་ཇ་ཅིག་དྲངས་ཏེའབདཝ་ད་ དེ་ལས་བོདཔ་འདི་ཚུ་ གནམ་མེད་ས་མེད་ཧ་ལས་ཏེ་གནམ་མེད་ས་མེད་ཏེ་ཡིད་ཆེས་ནུག
  • ཉིནམ་རྡོ་རྗེ Nim Dorji
    དབའེ་ཟེར་ང་བཅས་ཀྱི་བོད་སྡེ་བ་གཞུང་གི་གྲྭ་ཚང་ནང་ལུ་གྲྭ་ཚང་སྦོམ་ཤོས་ནཱི་ཚུ་འདི་ ཕར་བཞག་དྲག་ཟེར་མི་ཡུདཔ་ཅིག་ང་བཅས་བོད་སྡེ་བ་་གཞུང་གི་གྲྭ་ཚང་ནང་ལུ་ མར་ཇ་དྲངས་མི་ཚུགས་ཟེར་ད་དཔེར་ན་ཁྱོད་ཀྱི་འབྲུག་གཞུང་གིས་སྦེ་འབྲུག་རྒྱལ་ཁབ་འབྲུག་གཞུང་གིས་སྦེ་དྲང་རུང་ཡང་ང་བཅས་ཀྱི་བོད་སྡེ་བ་གཞུང་ལུ་ མར་ཇ་དྲངས་མི་ཚུགས་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཁྱོད་ཁྱོད་ར་གྲྭ་རྐྱང་གྲྭཔ་གྲྭ་རྐྱང་ཕུད་རྡོག་གཅིག་གིས་ ང་བཅས་ཀྱི་ཏེ་གྲྭ་ཚང་ནང་ལུ་ཏེ་མར་ཇ་ཅིག་དྲངས་ཡི་ཟེར་འ་ནཱི་སྦེ་ནི་དེ་གིས་ང་བཅས་གནམ་མེད་ས་མེད་ཏེ་ཁྱོད་ལུ་བལྟ་ ང་བཅས་ཧ་ལས་ཡི་གསེས།
  • ཉིནམ་རྡོ་རྗེ Nim Dorji
    ཡ་མཚན་ཆེ་ཡི་ཟེར་ཏེ་ང་བཅས་ཀྱིས་ ད་ཁྱོད་ནཱ་ལས་མར་ལུ་ལོག་མར་ འབྲུག་ལུ་འབྱོནམ་ད་ལུ་ང་བཅས་ཀྱིས་ཁྱོད་ལུ་ ཏེ་ད་ལམ་ཆུང་ཅིག་རྐྱབ་དགོ་ཟེར་ཏེ་རོགས་བླ་མ་ཁོ་ར་གིས་གསུངས་ནུག
  • ཉིནམ་རྡོ་རྗེ Nim Dorji
    ལམ་ཆུང་ཡང་མི་དགོ་ ག་ཅི་ཡང་མི་དགོ་ང་ང་ར་དད་པ་མོས་གུས་ཀྱིས་སྦེ་ཁྱོད་ནཱ་ལུ་ཏེ་ བོད་སྡེ་པ་གཞུང་གི་གྲྭ་ཚང་ནང་ལུ་ང་ར་མོས་གུས་ཀྱིས་སྦེ་ཏེ་ཏེ་མར་ཇ་ཅིག་དྲངསམ་མ་གཏོགས་ཅིག་ང་ལམ་ཆུང་དགོ་པའི་རེ་ཆེ་མེད་ཟེར་ག་ཅི་ཡང་མི་ཞུ་ཟེརཝ་ད།
  • ཉིནམ་རྡོ་རྗེ Nim Dorji
    ཨ་ཅིག་འདི་ཁྱོད་ར་གཅིག་འདི་གསུངས་ར་གསུངས་དགོ་ང་བཅས་ཏེ་ངོ་ཚ་བ་ ང་བཅས་བོད་རྒྱལ་ཁབ་སྡེ་པ་གཞུང་མས་དབའེ་གྲྭ་ཚང་ཨིན་མས་ཏེ་ཁྱོད་མི་གྲྭཔ་གྲྭ་རྐྱང་གཅིག་གིས་ ང་བཅས་ནཱ་ལུ་ མར་ཇ་ཅིག་དྲངསམ་ད་ཏེ་ང་བཅས་ཁྱོད་ལུ་ ལམ་ཆུང་ཅིག་ཏེ་རྐྱབ་ར་རྐྱབ་དགོ་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ད་ཁྱོད་ར་ལམ་ཆུང་འདི་ ང་བཅས་ཀྱི་ས་ འ་ནཱི་ཨིན་འ་ནཱི་ཨིན་ཟེར་ དེ་སྦེ་ཁྱོད་ལུ་སླབ་ནི་མེད་ཁྱོད་ར་གིས་ ཐུགས་ག་མཉེསཔ་ཨིན་ན་ག་ཅི་ཅིག་བཞེས་པའི་ནི་ཐུགས་ཡོདཔ་ཨིན་ན་ཁྱོད་ར་ག་ཐུགས་མཉེས་མི་འདི་ འ་ནཱི་གསུངས་ད་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ང་འ་ནཱི་ད་ཁྱོད་ཀྱིས་བྱིན་པ་ཅིན་ འ་ནཱི་འབག་ནི་ཟེར་མི་འདི་གསུངས་ད་ང་བཅས་བཀལ་ཆོག་ཆོ་ཨིན་ད་ཕུལ་ཆོག་ཆོ་ཨིན་ཟེར་ཏེ་ཧེ་མ་ལས་ར་རྗེ་ངག་དབང་གྲུབ་པ་གིས་ཁོ་མངོན་པར་མཁྱེན་མས་སྦ་ཏེ་རྗེ་ངག་དབང་གྲུབ་པ་གིས་ཏེ་ཧེ་མ་ལས་ར་ ཁོ་ཐུགས་བསམ་ཅིག་བཞེས་སྡོད་སྡོདཔ་མས།
  • ཉིནམ་རྡོ་རྗེ Nim Dorji
    དབའེ་བོད་ར་ལུང་གི་རྗེ་བཙུན་མི་ལ་རསཔ་འདི་གཅིག་དང་ཡང་མ་འདྲཝ་ཅིག་འ་ནཱི་ཅིག་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་རྟེན་སྦེ་ཐོབ་པ་ཅིན་གནམ་མེད་ས་མེད་ ལེགས་ཤོམ་མས་མནོ་མི་འདི་ཁོ་ཐུགས་བསམ་བཞེས་ཏེ་འདུག་པ་ཏེ་
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱ་ལས་ ཏེ་རྗེ་ངག་དབང་གྲུབ་པ་གིས་གསུངས་ནུག་པ་ཏེ་ད་ང་གིས་ མར་ཇ་ཅིག་དྲངས་ཏེ་ཁྱོད་ཀྱིས་ནཱ་ལས་ བོད་སྡེ་པ་གཞུང་གྲྭ་ཚང་གིས་ཏེ་ང་ལུ་ཏེ་གཅིག་སླབ་ར་སླབ་དགོ་ཁྱེད་ང་མར་ལམ་ཆུང་ཅིག་བཀལ་དགོ་ཟེར་ཏེ་དེ་སྦེ་ར་གསུངམ་ཨིན་པས།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་མི་དགོ་ཟེར་བ་ཅིན་ཏེ་ཁྱེད་སེམས་མི་གསན་མས་ཟེར་ད་ཁྱེད་ཀྱིས་ ང་ལུ་གནང་ར་གནང་པ་ཅིན་གསེར་ཡང་མི་དགོ་དངུལ་ཡང་མི་དགོ་ག་ཅི་ཡང་མི་དགོ་ཁྱེད་ང་ལུ་གནང་ར་གནང་པ་ཅིན་ཏེ་ཨ་ནཱ་བོད་ར་ལུང་གི་ཏེ་ལྷ་ཁང་ནང་ཡོད་མི་རྗེ་བཙུན་མི་ལའི་སྐུ་འདྲ་གཅིག་འདུག་པ་འ་ནཱི་ང་ལུ་ཞུ་གེ་ཟེར་ཟེརཝ་མས།
  • ཉིནམ་རྡོ་རྗེ Nim Dorji
    འ་ནཱ་ལས་ཏེ་བོདཔ་ག་ར་ཕྱག་ཐལ་རྩེད་གི་རྡུངས་ གྲྭ་ག་ར་ མཁན་པོ་ག་ར་ཕྱག་ཐལ་རྩེད་ཡ་ཟེར་ད་འབདན་མ་པ་རོགས་སླབ་ནི་མེད་རོགས་མི་དགོ་ཟེརཝ་ད་ང་བཅས་ཀྱིས་ ནེ་སྦེ་ར་ཨེབ་ཨེབ་ཨིན་གཅིག་འདི་སླབ་ར་སླབ་དགོ་ཟེར་ཨེབ་ཨེབ་ཨིན།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་རོགས་ཁ་ཤོར་སོང་ཡི་ད་ང་བཅས་སྤྲོད་དགོ་ཟེར་ད་ང་བཅས་ནཱ་བོད་ལུ་ཡང་རྗེ་བཙུན་གསུང་བྱོནམ་འདི་ འ་ནཱི་གཅིག་ལས་མེད་ཟེར་ད་ཁྱོད་ཏེ་ནཱི་ཁྱོད་ནཱི་མར་འབྲུག་ལུ་ཏེ་ད་བསྣམས་བྱོན་ནི་མས་ཟེར་བཀལ་དགོ་ད་ཟེར་ང་བཅས་ཁ་ཤོར་ཡི་ཟེར་ད་བསྣམས་བྱོན་བསྣམས་འབྱོན་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ནཱི་ལས་ཏེ་ཏེ་བླམ་གྱིས་ཏེ་ད་ང་ང་ང་ར་གྲྭ་རྐྱང་གྲྭ་རྐྱང་ཅིག་ཨིན་ད་ང་གིས་ རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་ང་གིས་འབག་སྟེ་གི་མར་འབྲུག་ལུ་འདི་ ང་གིས་བཏོན་མི་ཚུགསཔ་ཟེར་ད་ང་ར་མར་འབྲུག་ལུ་ཚར་གཅིག་འགྱོ་ཏེ་མར་ལས་ང་མི་བཏང་དགོ་ཟེར་ནཱ་ལུ་རྗེ་བཙུན་གྱི་སྐུ་འདྲ་ཞུ་མི་མི་བཏང་དགོ་པས་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ནཱ་ལས་ཏེ་གྲྭ་ཚང་ནང་ལས་ཏེ་བཀའ་ཤོག་ཅིག་ཞུ་གནང་ཟེར་ཏེ་རོགས་ཡར་ལས་བོད་ཀྱི་སྡེ་པ་གཞུང་གིས་ཏེ་ནཱི་ལས་ཏེ་ བཀའ་ཤོག་བཏོན་ཏེ་དེ་ལས་ཕྱག་བསྡམས་རྐྱབ་ད་བོད་ར་ལུང་གི་རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་འདི་ མར་འབྲུག་ལུ་བསྐྱལ་ཆོགཔ་སྦེ་ཏེ་བཀའ་ཤོག་ཅིག་འབག་འོང་ནུག་ཁོ་གི་འདྲ་གཅིག་ཏེ་ཁོ་ར་བླམ་ཁོ་ར་ཡར་ལས་མར་བྱོན།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ནཱ་འབྲུག་ལུ་བྱོན་ཏེ་ནཱ་མཚམས་བྲག་དགོན་པ་ལྷོདཔ་ད་ཏེ་ཁོ་གིས་ནཱ་ལས་གྲྭཔ་མར་མཚམས་བྲག་དགོན་པའི་ཨ་ནཱ་ལས་ཕར་ཏེ་ག་ར་གྲྭཔ་ཡོད་སྦ་གྲྭཔ་ཡུདཔ་ཅིག་རྩ་བོ་མི་བརྒྱད་དགུ་ཅིག་ཡོད།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱི་ཚུ་བཀུགཔ་ཏེ་གྲྭཔ་རེ་རེ་ལས་ཏེ་ ་ཕོ་རྒྱ་ངར་ཡེང་སྒྲིང་སྒྲིང་གཞོནམ་མི་བརྒྱད་བཏོན་ཏེ་རྒྱགས་སྐལ་དང་ནཱི་ཚུ་ཡང་ཏེ་ནཱ་ལས་ཡར་ཡར་ལས་མར་ཚུན་ཚོད་ཀྱི་ རྒྱགས་སྐལ་འདི་ཚུ་ཡང་པུ་ར་(ག་ར་)བླམ་ཁོ་ར་གིས་གནང་ད་ཁྱེདཡར་བོད་ལུ་སོང་ཤིག་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ང་མདང་ཞག་ཡར་འགྱོཝ་ད་ལུ་བོད་སྡེ་པ་གཞུང་གི་གྲྭ་ཚང་ནང་ལས་ང་ལུ་རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་འདི་ ང་ལུ་གནང་ཡི་ཟེར་དེ་འབདཝ་ད་ང་གིས་ འབག་མ་འཐད་པར་ཏེ་ཁྱེད་ཞུ་བར་སོང་ཤིག་ཟེར་ཏེ་ཡར་ལས་མར་གྱི་ བོད་སྡེ་པ་གཞུང་གི་བཀའ་ཤོག་འདྲ་འདི་ཡང་ཏེ་ཁོང་གི་ལག་པར་བཀལ་སྦེ་ཁྱེད་ཡར་ལྷོདཔ་ད་ འ་ནཱི་བཏོན་ཤིག་ཟེར་ང་བཅས་མར་འབྲུག་ལས་འོངམ་ཨིན།
  • ཉིནམ་རྡོ་རྗེ Nim Dorji
    ང་བཅས་ནཱ་ལུ་ རྗེ་བཙུན་གྱི་སྐུ་འདྲ་འདི་ ཞུ་བ་འོངམ་ཨིན་ཟེརཝ་ད་ཏེ་ཁྱེད་ར་བཀའ་ཤོག་འདི་བཏོན་ དེ་སྦེ་བཀལ་འོང་ཟེར་ཏེ་བཏང་ད་ནུག་ཁོང་མི་བརྒྱད་ཨིན་མས་ཏེ་ཕོ་རྒྱ་བརྒྱད་ཡར་སོང་ བཀའ་ཤོག་འདི་ཡར་བཏོན་དེ་ལས་ཡར་ལས་ཏེ་རྗེ་བཙུན་མི་ལ་གི་སྐུ་འདྲ་འདི་ཏེ་ཏེ་ཨ་ནཱེ་སྦེ་ཏེ་བཅའ་ཤིང་གུ་སྦེ་བཀལ་ཏེ།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་གདོང་ཁ་ལས་ཕོ་རྒྱ་གཅིག་རྒྱབ་ཁ་ལས་ཕོ་རྒྱ་གཅིག་ཕོ་རྒྱ་གཉིས་གཉིས་གཉིས་གཉིས་སྦེ་ཏེ་སྐོར་རྐྱབ་རྐྱབ་འབག་དགོ་པས་པ་ཏེ་ཏེ་ཡུདཔ་ཅིག་ཨ་ནཱ་ལས་ཡུདཔ་ཅིག་མདའ་རྒྱང་དོ་དེ་ཅིག་ས་གི་ཁར་ལས་ཏེ་ འབད་མ་ཚུགས་ད་རུང་མི་གཉིས་སོར་དེ་རྐྱབ།
  • ཉིནམ་རྡོ་རྗེ Nim Dorji
    འ་ནཱེ་སྦེ་མི་བརྒྱད་སྦེ་ས་ལས་ཏེ་ཁོང་སོར་དེ་རྐྱབ་ཅིག་ར་འོང་ནུག་སྦ་ ཏེ་ཡར་ལས་མར་ཏེ་སྐུ་འདྲ་འདི་ཏེ་བོད་ལས་ཞུ་བདའ་འོངམ་མས་ཏེ་ཡར་ལས་ཞུ་ཡར་ལས་ཕར་རི་ཅན་ ལ་ལས་ལས་མར་སྦེ་ཏེ་སྤ་རོ་ལས་མར་སྦེ་ཞུ་ཞུཝ་མས་ཏེ་སྤ་རོ་དཔྱལ་ཁར་ལས་མར་སྦེ་ཐོན་དགོ་སྦ།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཡར་ལས་མར་སྦེ་ཞུ་ཏེ་ད་རེས་ཡར་ཡར་ འབྲུག་རྒྱལ་རྫོང་གི་མར་ ཨ་ཙི་མར་འོངམ་ད་འ་ནཱ་ས་མཚམས་མཆོད་རྟེན་ཟེར་ཅིག་ཡོད་པའི་མཆོད་རྟེན་གཅིག་ཡོད་འ་ནཱ་ཨཱ་་་་་ཏེ་གུང་ཞག་གཅིག་ འ་ནཱ་ས་མཚམས་མཆོད་རྟེན་ཨིན་མས་ ཡར་ལས་མར་རྗེ་བཙུན་ཞུ་བའི་ཚེ།
  • ཉིནམ་རྡོ་རྗེ Nim Dorji
    འ་འདིའི་ནངས་པར་དྲོ་པ་ཡར་ལས་ད་རུང་ཨུང་་་་རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་ཞུ་འབག་ཏེ་གུང་ཞག་གཅིག་མར་ཨ་མར་སྤ་རོ་ཤར་སྦི་ས་ཡོད་པའི་ཤར་པའི་བཞུགས་ཁྲི་ཡོད་ས་ཟེར་འ་ནཱ་མཆོད་རྟེན་ཅིག་ཡོད་ད་ད་རེས་ནངས་པར་གཱ་རི་ལམ་ཡར་ལས་ཕར་བཏོན་ད་འདི་ ད་མར་ལས་ཕར་འགྱོ་དགོཔ་མིན་འདུག
  • ཉིནམ་རྡོ་རྗེ Nim Dorji
    ད་མར་ལས་ཕར་རོགས་ག་ར་མི་གནག་པའི་ འ་ནཱི་ཨ་རི་དང་ འ་ནཱི་ཚུ་མས་གཞན་འ་ཨ་རི་སྦུག་ལས་ཨིན་ལམ་འདི་ཏེ་གུང་ཞག་གཅིག་འ་མར་ཤར་པའི་བཞུགས་ཁྲི་ཡོད་ས་ཟེར་ཏེ་འ་མི་ནང་མཆོད་རྟེན་གཅིག་ཡོདཔ་མས་ཏེ་འ་ནཱ་ལུ་དགུང་ཞག་ཅིག་འ་ནཱ་ཤར་པའི་བཞུགས་ཁྲི་ཡོད་ས་མས།
  • ཉིནམ་རྡོ་རྗེ Nim Dorji
    འ་དེའི་ནངས་པར་ འ་ནཱ་ལས་ཏེ་འབག་འགྱོཝ་ད་ཏེ་འ་མར་རྡོ་སྦྱིས་རྫོང་གི་ སྤོག་ཏོག་འདི་གུ་ཨིན་མས་དགུང་ཞག་གཅིག་དེ་བསྒང་འ་མཱི་ནང་མཆོད་རྟེན་ཡང་མིན་འདུག་ག་ཅིག་ཡང་མིན་འདུག
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཨ་ཕཱི་སྤོག་ཏོག་འདི་གུ་ཏེ་རོགས་ཨ་ནཱེ་སྦེ་རླུང་དར་ཨིན་མས་རླུང་དར་འཕྱར་འཕྱརཝ་གི་དར་ཤིང་ཏེ་ཧོ་བྱེམ་དར་འཕྱར་ཏེ་གཞན་ག་ཅི་ཡང་མིན་འདུག་རྡོ་སྦྱིས་རྫོང་ཡང་མིན་འདུག་ག་ཅིག་ཡང་མིན་འདུག་ད་ཨ་ནཱ་ལས་མར་སྦེ་ཏེ་དྲོ་པ་ཨ་ནཱ་ལས་མར་སྦེ་འབབ་མར་ཆུ་མཐའ་མར་འགྱོ་ མར་ལས་ཕར་རྡོ་སྒར་ཟམ་ཟེར་ཟམ་གཅིག་ཡོད་པའི།
  • ཉིནམ་རྡོ་རྗེ Nim Dorji
    ད་འ་ནཱི་རྡོ་གར་ཟམ་བརྒལཝ་ཅིག་ཏེ་ཨ་ཕར་ལས་ཡར་འཛེག་ཏེ་ཡུདཔ་ཅིག་ལས་ད་མི་ཁུར་ཆ་འབག་ནི་མེད་ ག་ཅིག་ཡང་མེད་པ་ཅིན་མར་རྡོ་སྒར་ཟམ་གྱི་མི་ནང་ལས་འགྱོ་བ་ཅིན་གན་དྲ་(ཆུ་ཚོད་)གཉིས་ལྷགཔ་ཅིག་འཛེག་དགོ་འ་ནཱ་ལས་ཏེ་ ཡར་མཚམས་བྲག་དགོན་པ་ལྷོདཔ་ཨིན།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་དེ་ལསན་ཏེ་དེ་ཚེ་ཕྱི་རུ་ཏེ་ འ་མི་རྡོ་སྦྱིས་པོག་ཏོ་གུ་ཏེ་དགུང་ཞག་འདི་འ་མར་བཞུགས་འབདཝ་ད་ཏེ་དེ་ལས་ཁོང་ར་ཏེ་ རྗེ་བཙུན་ཞུ་མི་ཚུ་ཡང་ཏེ་འུ་སྡུག་དེ་ལསན་ཏེ་ཕཱི་ནང་ལུ་འ་ནཱི་རྡོ་གཉིས་གསུམ་ཅིག་ཨ་ནཱེ་སྦེ་བཀལ་འདི་གུ་རྗེ་བཙུན་འདི་ཞུ་ བཅའ་ཁྲི་གུ་ཞུ་འདི་ཏེ་ཏེ་འ་ནཱེ་སྦེ་བཀལ་བཞག
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཁོང་ར་ལྟོ་འབད་རྐྱབ་སྦེ་འུ་སྡུག་ཏེ་ཞག་ཉལ་ཏེ་གཉིད་ཐལ་སོངམ་མས་ཏེ་ཁོང་གི་གཉིད་ཅིག་ནང་ཏེ་ཕར་ཕར་ལས་ཚུར་ཏེ་བང་རྔ་ཀྲིང་ཀྲི་རྡུངས་རྒྱ་གླིང་འཕུ་མི་སྐད་ཅིག་དུང་ཆེན་འཕུ་བའི་སྐད་ཅིག་ཐོན་དོ་ཟེརཝ་མས་ལོ་སྦ།
  • ཉིནམ་རྡོ་རྗེ Nim Dorji
    ག་ཅི་ན་སྨོ་གཉིད་ཚོར་བལྟཝ་དན་ཏེ་རོགས་ཕར་ལས་ཕྱི་རུ་ལས་རོགས་རྗེ་ངག་དབང་གྲུབ་པ་གིས་ མངོན་པར་མཁྱེན་ནུག་ཁོང་རྗེ་བཙུན་ཞུ་སྟེ་ཨ་ཕར་ཕར་གྱི་ལོག་གི་པོག་ཏོག་འདི་གུ་ལྷོདཔ་ཅིག་རྗེ་གིས་མཁྱེན་ནུག་སྦ་ཏེ་ཏེ་དྲོ་པ་ཕར་ལས་རོགས་ སེར་སྦྲེང་འབད་འབདཝ་མས།
  • ཉིནམ་རྡོ་རྗེ Nim Dorji
    ད་རྗེ་བཙུན་གྱི་སྐུ་འདྲ་བྱོན་དོ་ཟེར་ཕར་ལས་ཚུར་ཏེ་ཕར་ལས་ཚུར་གྲྭཔ་ག་ར་ཏེ་ཆོསཔ་འདི་ཚུ་ག་ར་ཐོན་ཏེ་དུང་ཆེན་འཕུ་ཏེ་ རྒྱ་གླིང་འཕུ་བང་རྔ་ཀྲིང་ཀྲི་རྡུངས་བསངས་བཏང་ཏེ་འབད་དོ་ཟེརཝ་མས་ལོ་ཕར་ལས་ཚུར་ཏེ་ནཱེ་ལས་ཏེ་ལོང་ དབའེ་དབའེ་ལྟོ་ཚང་ལོང་ལོང་ཕར་ལས་རོགས་རྗེ་གིས་སེར་སྦྲེང་འབད་དོ་སྨ་རེ་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ད་ང་བཅས་ནཱ་ཕྱི་རུ་ནཱ་ལྷོདཔ་ཏེ་ཕར་ལས་རྗེ་གིས་མཁྱེན་ནུག་ཟེར་ད་ང་བཅས་ ནཱ་ལས་རྗེ་བཙུན་ཞུ་སྦེ་ད་འབབ་གེ་ཟེར་ ཨེང་་་་ཏེ་བཅའ་ཤིང་འདི་ལས་ཏེ་ཁོང་ར་ཏེ་གོ་གྱོན་བཀབ་ནེ་ཕྱག་རྐྱབ་དེ་ལས་ཏེ་བཅའ་ཤིང་འདི་ མར་རྩ་བར་བཀལ་ཏེ་ཡར་ལས་ ཨ་ནཱི་རྡོ་གཉིས་གསུམ་ཅིག་ཨ་ནེ་སྦེ་རྩིགཔ་ཞིནམ་ན་ ཨ་ནཱི་གུ་བཀལ་བཀལཝ་མས་སྦ་རྗེ་བཙུན་འདི།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཡར་ལས་ཞུ་ཞུཝ་མས་རྗེ་བཙུན་འདི་ཏེ་ཞུ་བའི་བསྒང་ལས་ཏེ་རྗེ་བཙུན་ཡར་ལས་ཏེ་ རྩ་ལས་བྱོན་མ་བཏུབ་པས་ཏེ་ག་དེ་ཅིག་ཞུ་སྤོག་རུང་སྤོག་མ་ཚུགས་པས་ཏེ་དེ་ལས་ནཱ་ལས་ ཁོང་རྣམ་རྟོག་ལང་ཏེ་ནཱ་ལས་འུམ་འུམ་ད་འབདན་དེ་སྦེ་མེན་གསེས་ཨ་ནཱ་དར་ཤིང་འདུག་དར་ཤིང་བཏོག་ཤིག
  • ཉིནམ་རྡོ་རྗེ Nim Dorji
    ད་འབདན་མར་རྗེ་བཙུན་གྱི་ ཞབས་འོག་ལས་ཚུར་དབྱུག་མདའ་རྐྱབ་ད་སྤོག་དགོ་པས་ཟེར་ད་མར་སྦྱར་ཆེཔ་ཨིན་ན་ག་ཅི་ཨིན་ན་ ད་ཡར་མ་པ་ལས་བྱོན་མི་བཏུབ་པས་ཟེར་ཏེ་ཕར་ལས་དར་ཤིང་བཏོག་ཏེ་དར་ཤིང་གཅིག་ནཱ་ལས་ཕར་བཙུགས་གཅིག་ནཱ་ལས་ཕར་བཙུགས་ཏེ་དེ་ལས་ཏེ་བཤེད་ཏེ་དང་ཕུག་ང་བཅས་སླབ་ནི་ཡོད་པ་ཏེ་སྨོ་ཤོཝ་གཅིག་ཤོཝ་གཉིས་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱི་ཤོག་བརྡ་གྱངས་ཏེ་དེ་ལས་ཏེ་དབྱུག་མདའ་རྐྱབ་སྤོག་སྤོགཔ་མས་ཏེ་འ་ནཱི་སྤོག་ད་ཏེ་ ཞབས་གཡསཔ་འདི་ཨ་ཙིག་མར་དཔྱང་སྟེ་ཡོད་ ད་ལྟོ་ཡང་འ་ནཱེམ་ཅིག་འ་ནཱེམ་ཅིག་མར་དཔྱང་སྟེ་ཡོད།
  • ཉིནམ་རྡོ་རྗེ Nim Dorji
    ད་ཞབས་ཨ་ཙི་ཙིག་མར་དཔྱང་ད་ཡི་ཏེ་མར་དཔྱངམ་ཅིག་དེ་ལས་གསུང་བྱོན་ད་ནུག་དབའེ་ཁྱེད་ཀྱིས་ ང་བང་ཅན་མ་བཙོང་ང་ནཱ་བཞག་ཟེར་གསུངས་ནུག་ངེའི་གདན་ས་འདི་འ་ནཱ་ཨིན་ཟེར་ང་འ་ནཱ་སྡོད་ནི་ ང་ཕར་མི་འགྱོ་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    འ་ནཱ་བཞག་ཟེར་ཏེ་ཕར་ལུ་དགོ་པ་ཅིན་ཕར་ང་ར་དང་འདྲ་བའི་གི་ ཏེ་སྨོན་དམ་སྨན་སྐུ་སྦེ་སྐུ་འདྲ་ཅིག་བཞེངས་ཟེར་ཏེ་ང་རབ་གནས་ང་ར་ནཱ་ལས་མར་མཛད་ནི་ཟེར་ང་རའི་གདན་ས་ངོ་མ་འདི་འ་ནཱ་ཨིན་ང་འ་ནཱ་བཞག་ཟེར་གསུངསམ་ད་ཏེ་འ་ནཱ་ལས་ཁོང་གི་ཡང་ཏེ་དེ་ནང་ར་བཞག་སྦེ།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཁོང་མི་གཉིས་དེ་ཅིག་ ཕར་རྗེ་བཙུན་གྱི་དྲིཝ་ཀྲི་(སྲུང་)སྦེ་སྡོད་ཏེ་གཞན་མི་ཚུ་ཏེ་ རྡོ་སྒར་ཟམ་བརྒལ་ཏེ་ཡར་ཕར་ལས་འཛེག་ ཏེ་ཡར་མཚམས་བྲག་དགོན་པ་བླ་མའི་སྐུ་མདུན་སོང་ཏེ་ད་རྗེ་བཙུན་གསུང་བྱོན་ད་ཡི་ཟེར་ ད་སག་དྲོ་པ་ལས་ད་ཁོ་གི་གདན་ས་ཕར་ཨིན།
  • ཉིནམ་རྡོ་རྗེ Nim Dorji
    ཁོ་ཕར་བཞག་ཁོ་ནཱ་མི་འགྱོ་ཟེར་ འ་ནཱེ་སྦེ་གསུངས་ད་ཡི་ཟེར་ད་ག་དེ་སྦེ་དྲག་ག་ཟེར་ཏེ་དེ་ལས་རོགས་བླམ་ ཡར་ཨིན་ཏེ་ད་རོགས་ཁོ་ར་གིས་གསུང་བྱོན་ཁོ་དེ་སྦེ་འབད་བ་ཅིན་ད་ཁོ་ར་གིས་གསུང་མི་དེ་གུ་ཕར་སྦེ་བཞག་དགོ་ཟེར་རོགས་གདན་ས་ཕར་ཨིན་དོ་ཡོདཔ་མས་ཕར་བཞག་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱ་ལས་ཏེ་ ཏེ་དེ་ལས་ཏེ་ཕར་ཡང་སྐུ་འདྲ་གཅིག་སྨན་རྣམས་ཀྱི་སྦེ་བཞེངས་ མཚམས་བྲག་དགོན་པ་ཡོད་སྐུ་འདྲ་གཅིག་དེ་འབདཝ་ད་ཨ་ནི་ས་གི་བཞེངས་བཞེངསམ་ཨིན་ ཏེ་རྗེ་བཙུན་མི་ལ་རསཔ་ངོ་མ་འདི་ཁོ་ཆུ་ཟངས་ཨིན་པས་ཆུ་ཟངས་སྐུ་གཟུགས་ཡང་ཏེ་ཁོ་སྨན་སྐུ་སྦེ་མེན་པ་ཆུ་ཟངས་ཨ་ནཱི་ཆུ་ཟངས་ཟེར་མི་འདི་ཏེ་གསེར་ལས་ཁོ་གོང་མཐོ་བས།
  • ཉིནམ་རྡོ་རྗེ Nim Dorji
    ཆུ་ཟངས་འདི་ཏེ་ཆུ་ཟངས་ལས་གྲུབ་གྲུབ་པའི་སྐུ་འདྲ་ཨིན་མས་ ཏེ་ཡར་བོད་ལས་མར་ འ་ནཱེ་སྦེ་ཞུ་ཏེ་ཕར་ཏེ་དེ་ལས་ཏེ་རོགས་བླ་མ་གིས་ཏེ་ཕར་གྱི་སྐུ་འདྲ་འདི་བཞེངས་ཏེ་དེ་ལས་ཕར་ལས་ཚུར་ཚུར་ཚུར་གྱི་དེ་གུ་བྱོན་ཚུར་རྡོ་སྦྱིས་ཀྱི་པོག་ཏོ་འདི་གུ་བྱོན་ ཏེ་འདི་ནང་ལུ་ད་རྗེ་བཙུན་འདི་ཁོ་ར་བཞུགས་ས་ཅིག་ཏེ་ལྷ་ཁང་ཆུང་ཀུ་གཅིག་བཞེངས་དགོ་པས་ཟེར།
  • ཉིནམ་རྡོ་རྗེ Nim Dorji
    དེ་ལས་རྩིགཔ་རྩིགཔ་འདི་ཡང་ ཨ་ནཱི་ལེགས་ཤོམ་སྦེ་མ་རྐྱབ་པས་ཏེ་ཁོང་རྩིགཔ་འདི་ཡང་ཨ་ནཱེ་སྦེ་ཏེ་པ་ཀོ་པོ་ཀོ་ཅིག་སྦེ་ རྩིགཔ་བཞི་སྐོར་ཅིག་སྦེ་རྐྱབ་ཏེ་ སྒོ་ཅུང་ཆུང་ཀུ་ཅིག་བཏོན་སྦེ་ཏེ་འ་ནཱེ་སྦེ་ཏེ་ཀ་ར་ཅིག་བཏང་སྦེ་ཏེ་རྗེ་བཙུན་གྱི་སྐུ་འདྲ་འདི་ འ་ནཱ་བཙུགས་སྦེ་ཏེ་འ་ནཱེ་སྦེ་བཞག་བཞགཔ་མས།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱེ་སྦེ་རྗེ་བཙུན་འདི་མར་བྱོན་ཏེ་གིས་ཕྱི་རུ་མར་རྗེ་བཙུན་ ཕྱི་རུ་མར་རྡོ་སྦྱིས་ཀྱི་ཨ་མི་པོག་ཏོ་གུ་བྱོནམ་ད་དྲོ་པ་བལྟ་བའི་བསྒང་ལས་ཕར་ཨ་ནཱ་ལས་ཕར་སྦེ་འགྱོཝ་ད་ཨ་ཕར་བྱག་ཅིག་ཡོད་སྦ།
  • ཉིནམ་རྡོ་རྗེ Nim Dorji
    ང་བཅས་ཟླ་བ་ཁ་ཆུ་མེད་པ་ཆུ་དཀོན་ར་དཀོན་པ་ཏེ་ འ་ཕཱི་བྱག་བཀྱག་ཐགཔ་ཐགཔ་ནང་ལས་ཆུ་ལྟུམ་ཤོས་ཨ་ནཱེམ་ཅིག་ཐོན་ཏེ་དྲོ་པ་འབད་བའི་བསྒང་ལས་ཏེ་འ་ནཱི་ཡར་ལས་མར་གཅིག་ཁར་བྱོན་བྱོནམ་མས་རྗེ་བཙུན་གྱི་སྐུ་འདྲ་འདི་ཁོང་གིས་ཞུ་ཆུ་འདི་ཡར་ལས་མར་ཤུལ་ཤུལ་བདའ་འོང་འོངམ་མས།
  • ཉིནམ་རྡོ་རྗེ Nim Dorji
    བོད་ར་ལུང་འ་ནཱི་ཆུ་འདི་གི་བརྐ་འདི་ ཡར་བོད་ར་ལུང་ལས་ཨིན་མས་ཟེར་མས་འ་ནཱི་ད་རེས་ནངས་པ་རྗེ་བཙུན་མི་ལ་རས་པའི་གྲུབ་ཆུ་ཟེར་ རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་འདི་དང་ ཆུ་འདི་འདྲན་འདྲ་འོང་འོངམ་མས་བོད་ལས་མར།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཕྱི་རུ་འ་མར་པོག་ཏོ་འདི་གུ་ རྗེ་བཙུན་མི་ལ་རསཔ་གུང་ཞག་འ་མར་བཞུགས་པའི་ཚེ་ དྲོ་པ་ལས་འ་ཕར་ལས་ བྱག་ལས་ཚུ་ཆུ་འདི་ཐོན་ཐོནམ་མས་ད་ལྟོ་ཡང་ཡོད་ཆུ་འདི་ད་ལྟོ་ཡང་ཏེ་སྤ་གྲུབ་ཆུ་ཅིག་དང་མི་འདྲ་ད་འདི་ཏེ་ཕར་ཤར་ཕྱོགས་འཁོར་ལོ་རྩེ་བརྒྱད་ཤར་ཝང་ཕར་བུམ་ཐང་པ་ཁེངས་ག་ཏེ་གུ་ཏེ་གི་མི་གཱ་རི་བདའ་ད་ཕར་གཱ་རི་ལམ་ཅིག་ཡང་ཕར་རྡོ་སྦྱིས་ལྟག་ཐོན་སོ་ཡི་སྦ་གྲུབ་ཆུ་ཨོ་མི་འ་ནཱེ་སྦེ་ཨིན་ཏེ།
  • ཉིནམ་རྡོ་རྗེ Nim Dorji
    ག་ཅིག་ལུ་ཡང་ཕན་པས་ཟེར་ ཏེ་འ་མི་ལུངམ་འདི་ནང་ལུ་ཏེ་ཏེ་རོགས་མི་ག་ར་འོང་རུང་ཟེར་སྡོད་ས་མིན་འདུག་ཟེར་ཏེ་ཁོ་གིས་ཞབས་ཏོག་ཞུ་ཏེ་མི་ནང་འ་ནཱེ་སྦེ་ཏེ་ཌ་ལའི་(ས་ཐང་)རྐྱབ་ཏེ་ཐོག་གཅིགམ་ཅིག་ལྕགས་ཤོག་བཀབ་སློག་སྐྱོར་འདི་སྦ་ལེབ་རྐྱབ་ ལྕགས་ཤོག་བཀབ་ཏེ་ཀམ་ར་(ཁང་མིག་)ལྔ་འབད་མི་ཅིག་རོགས་དམག་སྲིད་སྐྱིདཔ་ཅུ་གིས་བཟོ་སྟེ་ཡོདཔ་ཨིན་ད་ལྟོ་འ་མི་གཞི་ཁྱིམ་ཅིག འ་ནཱེ་ཨིན།
  • ཉིནམ་རྡོ་རྗེ Nim Dorji
    ད་འ་ནཱི་རྗེ་བཙུན་མི་ལ་རས་པའི་གྲུབ་ཆུ་འདི་དང་ཏེ་ཡར་ལས་མར་རྗེ་བཙུན་ཁོ་ར་ཏེ་ཡར་ལས་མར་ བོད་ལས་མར་འདྲན་འདྲ་སྦེ་བྱོན་བྱོནམ་ཨིན་མས་སྦ་ ད་འ་ནཱེ་སྦེ་ཏེ་ རྗེ་བཙུན་མི་ལ་རས་པའི་ཏེ་འ་མི་ནང་ལུ་བཞུགས་ཏེ་འ་ནཱི་གིས་ ཟླཝ་ད་ཟླཝ་ཨིན་ན་ ལོ་ཨིན་ན་ང་གིས་ཞུ་ནི་མེད།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱ་ལས་ཏེ་བླམ་ངག་དབང་ཆོས་རྒྱལ་བྱོན་ཏེ་བླམ་ངག་དབང་ཆོས་རྒྱལ་གྱིས་ཏེ་འ་ནཱ་ལུ་རྫོང་ཅིག་རྐྱབ་དགོ་ཟེར་ད་འ་ནཱི་ལྷ་ཁང་འདི་གི་སྦོ་ལོགས་ཁར་ར་ཏེ་རྫོང་ཅིག་རྐྱབ་དགོ་པས་ཟེར་ཏེ་ངག་དབང་ཆོས་རྒྱལ་གྱི་གདན་ས་ཨིན་ འ་ནཱི་རྫོང་འདི་རྡོ་སྦྱིས་རྫོང་འདི།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ངག་དབང་ཆོས་རྒྱལ་གྱིས་བཀའ་གནང་ཏེ་རྫོང་རྐྱབ་ད་ལུ་ཨ་ནཱི་རྫོང་རྐྱབ་མི་བཟོཝ་འདི་ ང་བཅས་འབྲུགཔ་མེན་པས་འབྲུག་པའི་བཟོཝ་མེན་པས་རྫོང་རྐྱབ་མི་གི་བཟོཝ་དང་ ཆ་མཉམ་ཡར་བོད་ལས་མར་འོངམ་མས།
  • ཉིནམ་རྡོ་རྗེ Nim Dorji
    ཧེ་མ་འདི་ཏེ་བོད་པའི་བཟོ་སྦེ་བོད་པའི་གི་བཟོ་ལྟ་སྦེ་ཨིན་པ་ཏེ་རྫོང་འདི་ནཱ་རྡོ་སྦྱིས་རྫོང་འདི་རྫོང་གཞི་གཞན་དང་ཁོ་མི་འདྲ་བ་ཏེ་བོད་པའི་གི་ཆ་ལུགས་སྦེ་ཨིན་རྡོ་སྦྱིས་རྫོང་འདི་ཏེ་རོགས་ཁོང་ར་ཕར་གྱི་གནས་ཡིག་ནང་ལུ་འབད་བ་ཅིན་རྡོ་སྦྱིས་རྫོང་ཟེར་མི་འདི་ང་བཅས་ར་ནཱ་མི་གནག་པའི་ཁ་སྦེ་དེ་སྦེ་དར་དརཝ་མས།
  • ཉིནམ་རྡོ་རྗེ Nim Dorji
    ཡར་བོད་སྡེ་པ་གཞུང་གི་ཁྲམ་མའི་ནང་ལུ་ཡོད་ཟེར་མས་འབྲུག་རྡོགཔ་དྲེགས་རྫོང་ཟེར་ རྡོ་སྦྱིས་རྫོང་ཟེརཝ་མེན་པ་ རྡོག་དྲེགས་རྫོང་ཟེར་སླབ་མས་ཏེ་རྗེ་བཙུན་འ་མི་ནང་བྱོན་ཞིནམ་ན་ཏེ་ཁོ་ཕར་མཚམས་བྲག་དགོན་པ་མི་འགྱོ་ཟེར་ཞབས་མར་རྐྱངས་རྡོགསཔ་དྲེགས་ཆེ་ནུག་གོ་ཤིག
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱི་འབད་ནི་དེ་གིས་ འབྲུག་རྡོག་དྲེགས་རྫོང་ཟེར་ཡར་བོད་པའི་གི་ཁྲམ་མའི་ནང་ཡོད་ལོ་བོད་སྡེ་པ་གཞུང་གི་ཁྲམ་མའི་ནང་ཏེ་འ་ནཱི་ཏེ་རོགས་རྫོང་རྐྱབ་མི་ཡང་རོགས་བོདཔ་མས་ང་བཅས་འབྲུག་པ་གི་མ་རྐྱབ་པས་ཏེ་འ་ནཱེ་སྦེ་ཏེ་འ་མ་ནང་ལུ་ཏེ་ཏེ་དཔོན་འདི་ཏེ་ཤུལ་ལས་ཏེ་ཞབས་དྲུང་ཁོ་ར་བཞུགས་པའི་སྐབས་ལུ་ཏེ་ དཔོན་འདི་ཡང་ཏེ་དང་ཕུག་དགེ་སློང་ལས་བཀལཝ་མས་སྦ་དཔོན་འདི།
  • ཉིནམ་རྡོ་རྗེ Nim Dorji
    ཙན་དན་གསུམ་སྦེ་ཙན་དན་ཤིང་གི་ལྟག་ལས་མར་མཆོད་རྟེན་རིངམོ་ཅིག་ཡོད་འ་ནཱི་མཆོད་རྟེན་དེ་གི་མཐའ་མར་ལུ་འ་ནཱེ་སྦེ་རྡོ་གུ་ལུ་པར་བརྐོ་སྟེ་ཨིན་པས་ཨ་ནི་མ་ཎི་པར་བཏབ་སྦྱར་ནི་ཡོད་པ་སྟེ་སྨོ་ འ་ནཱི་པར་བརྐོ་ཏེ་འ་ནཱི་རྡོ་སྦྱིས་མཆོད་རྟེན་དེ་གི་ཟུར་ཁ་ལུ་འ་ནཱི་པར་ཅིག་ནང་ལུ་བལྟཝ་ད་ལུ་དཔོན་སློབ་བསྟན་འཛིན་དབངམོ་ཟེར་གཅིག་འདུག་སྦ།
  • ཉིནམ་རྡོ་རྗེ Nim Dorji
    ཧེ་མ་ལས་རྡོ་སྦྱིས་རྫོང་འདི་རྐྱབ་ཚརཝ་ད་ དཔོན་སློབ་འདི་དཔོན་སློབ་བསྟན་འཛིན་དབངམོ་ཟེར་མི་འདི་བཀལ་བཀལཝ་མས་འ་ནཱི་དཔོན་སློབ་བསྟན་འཛིན་དབངམོ་ཟེར་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་གོ་གྱོན་དཔའ་རྟགས་བཏགས་འ་ནཱེ་སྦེ་མེན་པས་སྦ་ཏེ་སྟོད་རྩེ་བཤམ་ཐབས་བཞེས་ཏེ་མས་སྦ་ཏེ་ཨ་ནཱི་དཔོན་སློབ་བསྟན་འཛིན་དབངམོ་ཟེར་མི་འདི་ དགེ་སློང་ཨིན་པས་པ་ཏེ།
  • ཉིནམ་རྡོ་རྗེ Nim Dorji
    འ་ནཱི་དང་ཕུག་ ཞབས་དྲུང་བཞུགས་པའི་སྐབས་འདི་ལུ་ དཔོན་སློབ་འདི་ཞབས་དྲུང་གིས་བཀལ་བཀལཝ་ཨིན་མས་དང་ཕུག་ང་བཅས་ནཱ་ལུ་རྒྱལཔོ་ཟེརཝ་མ་འཁྲུངས་མས་སྦ་ཏེ་རྒྱལཔོ་མ་བཀལ་བ་ཞབས་དྲུང་བཞུགས་པའི་སྐབས་ལུ་ད་འ་ནཱི་ཏེ་ཁོ་སྟོད་རྩེ་བཤམ་ཐབས་བཞེས་ཏེ་མས།
  • ཉིནམ་རྡོ་རྗེ Nim Dorji
    དཔོན་སློབ་བསྟན་འཛིན་དབང་མོའི་ཟེར་མི་འདི་རྡོ་སྦྱིས་དཔོན་སློབ་འགོ་དང་པ་འདི་འ་ནཱི་མས་ བསྟན་འཛིན་དབངམོ་ཟེར་མི་འདི་མིང་འདི་འ་མར་འདུག་དཔོན་སློབ་ཀྱི་མིང་འདི་ཏེ་ཁོ་ར་འདི་ཏེ་ག་དེ་ལས་ཏེ་ད་ གཤགས་སོང་མས་སྨོ་ཤིག་འ་ནཱི་ཏེ་དཔོན་སློབ་བསྟན་འཛིན་དབངམོ་སྦེ་ཏེ་དཔོན་སློབ་བསྟན་འཛིན་དབངམོ་གི་ཤུལ་ལས་ད་རུང་དཔོན་སློབ་གཉིས་གསུམ་དེ་ཅིག་བཀལ་བཀལཝ་མས།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ནཱེ་ལས་དེའི་ཤུལ་ལས་ཏེ་དཔོན་སློབ་འདི་འབད་བའི་བསྒང་ལས་ཏེ་དེ་ལས་ང་བཅས་རའི་དེ་བསྒང་ལས་ཏེ་ང་བཅས་རའི་ཏེ་འབྲུག་གི་རྒྱལཔོ་ཁྲི་མངའ་གསོལ་འབད་སྦེ་ཏེ་ཏེ་ཡར་སྤ་རོ་སྤང་སྦི་ས་ལས་ཏེ་དཔོན་སློབ་འདི་ཡར་ལས་བཀལ་ནུག་དཔོན་སློབ་སྤངམ་ཟེར་འ་ནཱི་དཔོན་སློབ་སྤང་གི་ཤུལ་ལས་ཏེ་ངེའི་ཨཔ་འདི་མས།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་དཔོན་སློབ་སྤངམ་ནང་ལས་ཏེ་ངེའི་ཨ་པ་གིས་རྩིས་སྤྲོད་ལེན་ཏེ་དེ་ལས་སྤ་རོ་སྐུ་གཞོག་ཚེ་རིང་དཔལ་འབྱོར་གྱིས་ ངེའི་ཨ་པ་འདི་ཏེ་རྡོ་སྦྱིས་དཔོན་སློབ་སྦེ་བཀལ་ཁོ་ཡར་ལས་གོ་གནས་གནང་ཏེ་འ་ནཱི་སྤངམ་ལས་ ང་བཅས་ཨ་པ་གིས་ཏེ་རྩིས་སྤྲོད་འདི་ལེན་ དེ་ལས་ང་བཅས་ཨ་པ་གི་ཤུལ་ལས་ད་རུང་སྦྱིས་མེདཔ་དབང་འདུས་ཟེར་གཅིག་འབད་ཡི་ དཔོན་སློབ།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནཱ་ལས་ཏེ་འ་ནཱི་སྦྱིས་མེདཔ་དབང་འདུས་མཇུག་བསྡུ་བའི་བསྒང་ལས་ཏེ་དེ་ལས་དཔོན་སློབ་མེད་ཏེ་དེ་ལས་ཏེ་དཔོན་སློབ་བཞག་ད་ཡི་ཏེ་འ་ནཱ་ལས་རབ་འབྱམས་ཟེར་ གཅིག་བཀལ་ཡི་ད་རུང་ཧེ་མ་ཕར་བྱིས་སྟེགས་རབ་འབྱམས་འདི་ཚུར་ཨིན་རྡོ་སྦྱིས་ རབ་འབྱམས་གཅིག་བཀལ་ཡི།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་ཤུལ་ལས་རབ་འབྱམས་འདི་ཡང་ ཕར་སྦྱིས་སྟེགས་ཁར་སྤོ་བཀལ་ད་ཡི་ཏེ་འ་ནཱི་རྡོ་སྦྱིས་ཀྱི་རྫོང་སྟོངམ་འདི་དང་ ནཱ་ལུ་ཏེ་ཨི་སི་ཀུ་ལི་(སློབ་གྲྭ་)བཟོཝ་མམ་ཏེ་ཟླ་བ་ཁའི་ཨི་སི་ཀུ་ལི་(སློབ་གྲྭ་)ཁྱིམ་སྦེ་ཨི་སི་ཀུ་ལི་ལོ་གསུམ་བཞི་དེམ་ཅིག་ཨི་སི་ཀུ་ལི་སྦེ་ར་བཞག་ཅིག
  • ཉིནམ་རྡོ་རྗེ Nim Dorji
    ཨ་ནཱི་རྡོབ་རྗེ་རྫོང་སྟོངམ་འདི་ཨི་སི་ཀུ་ལི་བལྟ་ས་ཏེ་ཤུལ་ལས་ཕི་ནང་ལས་མར་ རི་འདི་དོག་སྟེ་ཕར་ལས་མར་ཡང་བྱག་ཕར་ལས་མར་ཡང་བྱག་ག་ར་བྱག་འབད་ནི་དེ་གི་ཏེ་ཨ་ལོ་གཅིག་གཉིས་ཅིག་ ང་ལྟན་ཕི་ལས་མར་ཤི་སོངམ་བཟུམ་ཅིག་ཡོད།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་འ་ནང་ལས་ཏེ་ཨི་སི་ཀུ་ལི་བལྟ་ས་འདི་ མི་ནང་མི་བཏུབ་པས་ཟེར་རི་ག་ར་བྱག་མས་ལྟ་མ་ཨ་ལོ་ཉན་ཁ་འདུག་ཟེར་ཏེ་འ་ཕར་ལས་ཏེ་ཨ་ལུ་སྤོག་ཏེ་ཚུར་ཚུར་གྱི་ལོག་བཀྲ་ཤིས་སྒང་ཟེར་མི་ཏེ་ཁར་ཏེ་ཨི་སི་ཀུ་ལི་ཚུར་བཟོཝ་མམ་ཏེ།
  • ཉིནམ་རྡོ་རྗེ Nim Dorji
    ད་འ་ནཱ་ལོ་གསུམ་དེམ་ཅིག་བཞག་ཅིག་བཀྲ་ཤིས་སྒང་ལས་ཏེ་འ་ནཱི་བཀྲ་ཤིས་སྒང་ལས་སྤོག་ཏེ་དེ་ལས་ཡར་བཀལ་ད་ཡི་ཡར་ལུ་ལུངམ་ཅིག་ནང་ལུ་ད་ལྟོ་འ་ནཱ་ཨིན་ ལྷ་ཁང་བྱེད་ཁ་ཟེར་སླབ་ཨིན་འ་ནཱ་ལུ་ས་འདི་གི་མིང་།
  • ཉིནམ་རྡོ་རྗེ Nim Dorji
    འ་ནཱེ་སྦེ་ཏེ་ད་མི་ནང་གི་ རྗེ་བཙུན་མི་ལ་རསཔ་འདི་གསུངས་བྱོནམ་འདི་ཏེ་ད་ལྟོ་ཡང་ཏེ་ད་ཅིག་ཏེ་མི་ནང་ལུ་རོགས་མི་ནང་བླམ་གཅིག་བཀལ་ཡི་སྐྱབས་རྗེས་ཀྱིས་ཏེ་ད་ལྟོ་ཏེ་དགེ་སློང་ཞེས་གྲངས་ཁལ་ལྷགཔ་ཅིག་ཡོད་བླམ་གཅིག་ཡང་གྲྭ་ཚང་ནང་ལས་བཀལ་སྦེ།
  • ཉིནམ་རྡོ་རྗེ Nim Dorji
    འ་ནཱི་བླམ་དངོས་གྲུབ་དབང་ཕྱུག་གིས་ཏེ་རོགས་ ཏེ་ཨ་ནཱི་ས་ཡོངམ་རྐྱབ་ད་ཏེ་ལྷ་ཁང་འདི་མར་ལས་ཨ་ནཱི་ གནམ་མེད་ས་མེད་ལེགས་ཤོམ་མ་རྐྱབ་པས་སྦ་ཏེ་འ་ནཱི་ལྷ་ཁང་རྙིངམ་འདི་ ཏེ་ཨ་ཙི་གག་ཡང་གག་སོང་ནུག་ཏེ་འ་ནཱི་ལྷ་ཁང་རྙིངམ་འདི་སྤོག་ཏེ་རོགས་གྲོགས་རམ་ཅིག་ཡང་བྱིན་མི་ཐོན་ཐོནམ་མས།
  • ཉིནམ་རྡོ་རྗེ Nim Dorji
    འ་ནཱེ་འབད་སྦེ་ད་ཏེ་ཨིན་ནི་འདི་ ལྷ་ཁང་འདི་ཐོག་གཅིག་སྦེ་ར་ཨིན་འ་ནཱི་བཟུམ་སྦེ་འདི་འབདཝ་ད་ འ་ནཱི་བཟུམ་སྦེ་ར་རྐྱབ་ཅིག་པ་ཏེ་ལྷ་ཁང་འདི་སྤ་སྦོམ་སྦེ་ མ་བཏུབ་བཏུབ་སྦེ་སྒོ་འཆམ་བསྒྲིགས་ཏེ་ དེ་ལས་ཏེ་འ་ནཱེ་སྦེ་ཟངས་མདོག་དཔལ་རི་བཟུམ་སྦེ་བཟོ་ཏེ་གསེར་ཏོག་བཀལ་ཏེ་ལྷ་ཁང་ཡིད་ངེ་ཐིང་ངེ་སྦེ་དགར་འཇུག་ཡི་ ལྷ་ཁང་སྦོམ་སྦེ་ཡོད་ད་རྗེ་བཙུན་མི་ལ་རས་པའི་ལྷ་ཁང་འདི།
  • ཉིནམ་རྡོ་རྗེ Nim Dorji
    ད་འ་ནཱ་གི་རྟེན་འདི་ ད་ལྟོ་ཡང་འ་ནཱི་རྗེ་བཙུན་མི་ལ་རསཔ་འདི་ར་ཡོད་གསུངས་བྱོནམ་འདི་ར་ཏེ་རྡོ་སྦྱིས་རྫོང་འདི་ཡང་ཏེ་ཧེ་མ་ཚར་གཅིག་ཨ་ནཱི་དཔོན་སློབ་མེད་ཞིནམ་ལས་ཏེ་ཚར་གཅིག་ཏེ་རྫོང་འདི་ཚར་ཅིག་ཉམས་སོང་ཡི་རྫོང་ཐོག་བདུན་ཨིན་མས་རྫོང་འདི་ཐོག་གཅིག་མར་ས་ནང་འདུག
  • ཉིནམ་རྡོ་རྗེ Nim Dorji
    ཕྱི་ཁར་ལུ་ཐོག་དྲུག་འདུག་ཏེ་ཤུལ་ལས་དཔོན་སློབ་མེད་ཏེ་དེ་ལས་ཏེ་རྫོང་ཉམས་སྲུང་འབད་མི་མེད་ཏེ་རྫོང་ཉམས་ཏེ་ཏེ་ད་རུང་ཤུལ་ལས་ཏེ་ད་རུང་ཚར་གཅིག་ཏེ་ང་བཅས་ར་ནཱ་འབྲུག་རྒྱལ་བཞི་པ་གི་སྐབས་ལུ་ཏེ་རོགས་འབྲུག་རྒྱལ་བཞི་པ་གིས་ཏེ་ཚར་གཅིག་མར་བྱོན་ཡི་སྦ་ཏེ།
  • ཉིནམ་རྡོ་རྗེ Nim Dorji
    བཞི་པ་ཏེ་ཨ་ཞེ་ཚེ་རིང་བྱོན་ཡི་པ་ཏེ་རྡོ་སྦྱིས་རྫོང་ལུ་བྱོན་དེ་ལས་ཏེ་འབྲུག་རྒྱལ་བཞི་པ་གིས་ འ་ནཱ་ལས་བརྒལ་མ་མཇལ་བས་སྦ་ཏེ་རྗེ་བཙུན་འདི་མཐོང་ནི་འདི་ ང་གིས་གཞན་ཁར་ལས་ཡང་ རྗེ་བཙུན་སྐུ་འདྲ་མཐོང་ཡི་ཟེར་གསུངས་ནུག
  • ཉིནམ་རྡོ་རྗེ Nim Dorji
    འདི་འབདཝ་ད་འ་ནཱི་རྡོ་སྦྱིས་ཀྱི་རྗེ་བཙུན་ཅོག་འཐདཔ་ག་ཏེ་ཡང་མིན་འདུག་ཟེར་ཨ་ནཱི་རྡོ་སྦྱིས་ཀྱི་རྗེ་བཙུན་འདི་ གནམ་མེད་ས་མེད་གཅིག་དང་ཡང་མ་འདྲཝ་ཅིག་མཇལཝ་མས་ཟེར་ཏེ་དེ་སྦེ་མེན་པས་ཨ་ནཱི་ཚུ་དང་ཕུག་གི་ཏེ་ལམ་ལུགས་སྲོལ་ཨིན་པས།
  • ཉིནམ་རྡོ་རྗེ Nim Dorji
    ད་རྫོང་འདི་ཡང་ ཉམས་གསོ་འབད་དགོ་པས་ཟེར་རྫོང་འདི་ཡང་ད་ཨ་རྟག་ཧ་ལུགས་ག་ཨིནམ་སྦེ་ར་ད་རྫོང་ཉམས་གསོ་འབད་དགོ་པས་ཟེར་ད་ལྷ་ཁང་ཡང་ ཉམས་གསོ་འབད་དགོ་པས་ཟེར་ཏེ་འ་ནཱེ་ལས་ཏེ་ལྷ་ཁང་ཡང་ཉམས་གསོ་འབད་ ད་རྫོང་ཡང་ལོག་ཏེ་ར་ད་རུང་ཏེ་འ་ནཱི་གི་ ཧེ་མ་གི་རོགས་བོད་པའི་གི་ལུས་འདི་མ་བཞག་ཏེ་ཕྱི་ལས་ཕར་རབ་གསལ་འདི་ཚུ་ག་ར་སྤོག་བཀོ
  • ཉིནམ་རྡོ་རྗེ Nim Dorji
    དེ་ལས་ཏེ་སྒོ་འཆམ་བཙུགས་ད་ཡར་ལས་མར་ཐོག་གཅིག་མར་ཕབ་ད་ཡི་ཏེ་འབྲུག་རྒྱལ་བཞི་པ་གིས་ཨ་ཙི་མཐོ་ར་མཐོ་བས་རྫོང་འདི་འ་ནཱ་པོག་ཏོག་གུ་ཨིན་པས་ཟེར་གནམ་མེད་ས་མེད་ རླུང་མ་ཡོད་པ་ཨ་ནཱ་དབང་འདུས་ཕོ་བྲག་བཟུམ་སྦེ་ནམ་བྱཱར་དགུན་མེད་རླུང་མ་ཕུར་ཕུར་ཕུར་ཟེར་ གནམ་མེད་ས་མེད་རླུང་མ་འཕུར་ཡི།
  • ཉིནམ་རྡོ་རྗེ Nim Dorji
    རླུང་མ་ག་དེ་ཅིག་ར་འཕུ་ ས་ཡོམ་ག་དེམ་ཅིག་ར་རྐྱབ་རུང་ རྫོང་འདི་ཨ་ནཱེམ་ཅིག་སྦོག་ནི་མེད་ད་ཐོག་གཅིག་མར་ཕབ་ད་ཡི་རྫོང་འདི་ད་མར་ས་ནང་གི་གཏོགས་པ་ཐོག་དྲུག་ལས་མེད།
  • ཉིནམ་རྡོ་རྗེ Nim Dorji
    ཏེ་རོགས་རྫོང་གཞུང་གིས་ཉམས་གསོ་འབད་ཀ་ར་བཏང་ད་ཡིད་ངེ་ཐིང་ངེ་ བཟོ་བཞག་ཡི་རྫོང་འདི་སྡོད་མི་འདིནི་ག་ཡང་མེད་རྫོང་སྟོངམ་ཨིན་ད་ལྟོ་ཡང་ཏེ་མར་ལྷ་ཁང་ནང་གི་སློབ་གྲྭ་འདི་ཚུ་ཏེ་མར་ཕྱི་རུ་དགེ་སློང་འདི་ཚུ་ ཞག་ཉལ་སར་ཨིན་པས་འ་ཕར་ལྷ་ཁང་ནཱ་རྫོང་ཐོག་གཅིག་དང་གཉིས་ནང་ལས་ཕར་འདི་ཁོང་དགེ་སློང་འདི་ཚུ་སྡོདཔ་མས་འ་ནཱེ་སྦེ་ཡོདཔ་ཨིན།