Skip to main content Skip to search
04 Jul 2018
8 min 14 sec
Video Overview
Creators: 
Monika Subba

Pema Wangchuk from Soeltapsa village narrates an account of the sacred Mangie Tsho (Charred Wood Lake). The place was previously barren but later as people threw charred wood at the location, it came to be called Mangie. As people continued to contaminate the lake with remains of horses and other dead animals, the lake became flooded with water from Tibet. Many lives were lost and the lake started draining towards Samtse district. Pema Wangchuk also shared that the lake is used to predict the prosperity of the coming year. If filled with water, it indicates prosperity and if the lake is low, it is considered a bad sign. 

༉  བསམ་རྩེ་རྫོང་ཁག་ཆ་འོག་ ཧེ་མ་འབྲུག་པ་བིན་དུ་ཟེར་སར་ ད་རེས་ནངས་པར་གསོལཝ་བཏབ་ས་ཟེར་སར་ཡོད་པའི་མེ་མགལ་མཚོའི་སྐོར་ལས་ པདྨ་དབང་ཕྱུག་གིས་བཤད་ནི་འདུག མཚོ་དེའི་འབྱུང་ཁུངས་དེ་ བོད་ལས་ཨིནམ་སྦེ་བཤདཔ་ཨིནམ་ད་ མཚོ་དེ་དང་གཅིག་ཁར་མཚོ་བརྒྱ་དང་བརྒྱད་ཡོདཔ་སྦེ་བཤདཔ་ཨིན་པས། དེ་སྦེ་བྱུང་དགོ་མི་དེ་ཡང་ མཚོ་དེ་བོད་ལུ་སྡོད་པའི་རིང་ཁ་ལུ་ དངོས་གྲུབ་གནང་ནི་ཡོད་པའི་མཚོ་ཅིག་ཨིནམ་ད་ ནམ་ཅིག་འབདཝ་ད་ མཚོ་དེའི་མཐའ་འཁོར་ལུ་སྡོད་མི་ཚུ་གིས་ མཚོའི་དངོས་གྲུབ་ཀྱི་དཀོར་གྱིས་འཚིགས་ཏེ་ ལྷོདཔ་ཅིག་ལས་རྟ་ལ་སོགས་པའི་སེམས་ཅན་ཤི་ཤིཝ་གི་རོ་ཚུ་ཡང་མཚོ་དེ་ནང་བཀོ་ མཚོ་ནང་སྒྲིབ་ཞུགས་ཏེ་གིས་སྦེ་ མཚོ་བདག་ཁྲོས་པའི་རྐྱེན་གྱིས་ མི་ཚུ་བདའ་ བསད་འབད་བའི་སྐབས་ལུ་ བུམོ་གཅིག་ མོ་གིས་འབག་ཐེག་ཐེགཔ་གི་ཅ་ལ་ཚུ་འཐུ་འབག་སྟེ་བྱོག་འོངམ་ད་ལུ་ ལམ་ཁར་ཅ་ལ་རེ་རེ་བཀོ་སར་མཚོ་རེ་ཆགས་འབདཝ་ད་ བསྡོམས་ཀྱིས་མཚོ་བརྒྱ་དང་བརྒྱད་ཆགས་ཏེ་ཡོད་པའི་ལོ་རྒྱུས་སྦེ་བཤདཔ་ཨིན་པས། མཚོ་དེ་ཚུ་གི་མིང་ཚུ་ཡང་ མེ་མགལ་མཚོ་ལོ་ བྱ་པོད་མཚོ་ལོ་ བུམོ་མཚོ་ལོ་ཟེརཝ་ལ་སོགས་པ་ཚུ་ཡོདཔ་ད་ བུམོ་མཚོ་ཟེར་མི་དེ་ མཐའན་མཇུག་ལུ་ མོ་ར་ཡང་མཚོ་དེ་ནང་ཤི་ཤིཝ་འབད་ནི་དེ་གིས་ བུམོ་མཚོ་ཟེར་བཏགས་བཏགསཔ་ཨིན་པས། ཁོ་གིས་བཤད་མི་ནང་ བུམོ་མཚོ་དང་མེ་མགལ་མཚོ་གཉིས་ལས་ག་ཨིན་རུང་ མཚོ་དེ་གིས་ལེགས་ཉེས་ཀྱི་རྟགས་ཚུ་ཡང་སྟོན་དོ་ཡོདཔ་ད་ གཡུས་དེ་ནང་ལེགས་ཤོམ་འོང་ནི་ཨིན་པ་ཅིན་ མཚོ་དེ་ལྟེམས་ལྟེ་སྦེ་གང་ ག་དེམ་ཅིག་སྦེ་ ནད་ཡམས་མུ་གེ་ལ་སོགས་པ་མི་མཐུན་པའི་རྐྱེན་རེ་འབྱུང་ནི་ཨིན་པ་ཅིན་ ནམ་བྱཱར་འབད་རུང་ མཚོ་དེ་སྐམ་སྦེ་སྡོད་དོ་ཡོདཔ་ཨིན་མས། དེ་འབད་ནི་དེ་གིས་ གཡུས་དེ་ནང་ཡོད་པའི་ནང་པའི་ཆོསཔ་དང་ཧིནྡྷུའི་ཆོསཔ་ཚུ་གིས་ཡང་ འཕྲལ་འཕྲལ་རང་གསོལ་མཆོད་ཚུ་ཕུལ་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • པདྨ་དབང་ཕྱུག/Pema Wangchucuk:
    ང་ར་གི་མིང་འདི་ པདྨ་དབང་ཕྱུག་ཟེར་ཞུཝ་ཨིན་ལགས། ཏེ་ད་རེས་ང་བསྟན་འབྲུག་རྒེད་འོག་གི་རྒཔོ་འབད་ཕྱག་ཞུ་དོ་ཟེར་ཞུ་ནི་ཨིན་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ད་མ་ཞི་གཙོ་བོ་ང་བཅས་ཡར་ ད་རེས་གསོལ་བཏབ་ས་ཧེ་མ་འབད་བ་ཅིན་ ད་འབྲུག་པ་བིན་དུ་ཟེརཝ་མས་ལགས། ཏེ་ད་རེས་གསོལ་བཏབ་ས་ཟེར་བའི་ས་གོ་ནང་ལུ་ ང་བཅས་གི་[མེ་རྒྱས་?]མཚོ་ཟེར་ཡོད་མི་གི་སྐོར་ལས་ ད་མདོར་བསྡུས་ཅིག་འབད་ཞུཝ་འདྲཝ་ཅིག་འབད་བ་ཅིན་ མཚོ་འདི་གནམ་མེད་ས་མེད་བྱིན་རླབས་ཅན་གྱི་མཚོ་ཅིག་ཨིན་པས་ལགས། འདི་དང་ཕུ་ཡར་བོད་ལས་མར་ མི་བདའ་སྟེ་གིས་འབད་འོང་བའི་མཚོ་ཅིག་ཨིན་ཟེར་ དང་ཕུ་གི་ཕམ་དེ་ཚུ་གིས་དེ་སྦེ་བཤདཔ་ཨིན་པས།
  • པདྨ་དབང་ཕྱུག/Pema Wangchucuk:
    འདི་བཟུམ་མའི་མཚོ་འདི་ ཏེ་ང་བཅས་ད་རེས་ཡར་གསོལ་བཏབ་སའི་གོ་བདའ་སྟེ་གིས་འབད་ ཡར་བོད་ལས་ཚུར་བརྒྱ་དང་བརྒྱད་ཡོད་ཟེར་ ཏེ་ཁོང་གིས་སླབ་སྲོལ་འདུག་ལགས། ཏེ་དེ་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ འདི་མཚོ་འདི་གིས་ ཧེ་མ་བོད་ལུ་སྡོདཔ་ད་ལུ་ གནམ་མེད་ས་མེད་དངོས་གྲུབ་གནང་མི་གི་མཚོ་ཅིག་ཨིན་ཟེར་ ཨིན་མས་བ་ལགས། ཏེ་དངོས་གྲུབ་གནང་མི་གི་མཚོ་ཨིན་ཟེར་གོ་མི་འདི་ ཏེ་ཨ་ནཱི་མཚོ་འདི་གིས་ ཧེ་མ་ཡར་བོད་ལུ་གནམ་མེད་ས་མེད་ སྦྱིན་བདག་འདི་གི་ཁྱིམ་ནང་ལུ་ ག་ཅི་ར་དགོ་སྟེ་འབད་འབད་ས་ཅིག་རུ་དངོས་གྲུབ་གནངམ་ཨིན་ཟེར་ཨིན་པས་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་ཐ་ན་ལུ་ རྟ་ནོར་སེམས་ཅན་ག་ཅི་རང་དགོ་སྟེ་འབད་ས་ཅིག་རུ་ར་ དེ་འབདཝ་ད་ལུ་ ཤུལ་མ་མི་གནམ་མེད་ས་མེད་ཕྱུགཔོ་འགྱོ་ཡི་འགྱོ་ཡི་ར་འབདཝ་ད་ལུ་ ཏེ་དཀོར་གིས་འཚིག་སྟེ་གིས་འབད་ ཏེ་ནོར་ཤི་རུང་ མཚོ་འདི་ནང་རང་བཀོ་ རྟ་ཤི་རུང་ ཏེ་མཚོ་ནང་བཀོ་སྟེ་གིས་འབད་ གནམ་མེད་ས་མེད་ ཏེ་མཚོ་འདི་ལུ་གྲིབ་ཤོར་ཤོརཝ་མས་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་གྲིབ་ཤོརཝ་ད་ལུ་ ཏེ་ཉིམ་ཅིག་གི་ཚེ་འབདཝ་ད་ལུ་ མཚོ་འདི་གིས་ ཏེ་མཚོ་གི་ནང་ན་ལས་མི་སྐད་རྐྱབ་ཅི་ཟེར་ཨིན་མས་ལགས། ཏེ་ང་ཤོག་ག་ ང་ཤོག་ག་ཟེར་སླབ་ད་ལུ་ ཏེ་འདི་ནང་ལུ་ གཡུས་ཁའི་ཁྱིམ་འདི་ནང་གི་མི་དེ་ཚུ་གིས་ ད་འོང་མ་ད་ སྐུ་ཆེ་འབད་གེ་ ཏེ་ནངས་པར་ལས་དེ་སྦེ་མི་འབད་ཟེར་སླབ་སྟེ་གིས་འབད་ ཏེ་གསོལཝ་བཏབ་བསང་རེ་བཏང་སྦེ་འབདཝ་ད་ལུ་ ཨ་ཙི་དྲག་པས་ཟེར་ཨིན་མས་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་ཤུལ་མ་འབདཝ་ད་ལུ་ ཏེ་ཉིམ་ཅིག་འབདཝ་ད་ལུ་ ཏེ་རྩ་རྒས་ཅིག་ཡོདཔ་མས་ལོ་ལགས། མི་ག་ར་ཁྱིམ་ནང་ལས་ལཱ་སར་ཐོན་ཏེ་གིས་འབད་འགྱོ་ ཏེ་རྩ་རྒས་འདི་ཕར་ཁྱིམ་ནང་སྡོད་འབདཝ་ད་ལུ་ ཏེ་མཚོ་འདི་གིས་ ཉི་མ་ཁམས་ཅིག་ཁ་ལུ་ ཏེ་ཨ་རྟག་བཟུམ་སྦེ་སྐད་རྐྱབ་ཅི་ཟེར་ཨིན་མས་ལགས་ ང་ཤོས་ག་ཟེར། ཏེ་རྩ་རྒས་འདི་གིས་ འོང་པ་ཅིན་ཤོག་ཏེ་ ཟེར་སླབ་བཞག་སྦེ་ དེ་ལས་འ་ནཱི་ན་ལས་བརྒལ་ཏེ་གིས་འབད་ མཚོ་གིས་མི་བདའ་ནཱི་འགོ་བཙུགས་ཡི་ཟེར་ཨིན་མས་བ་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་ཁྱིམ་འདི་ནང་གི་མི་དེ་ཚུ་ག་ར་རབས་ཆད་ མཚོ་འདི་གིས་འབད་རབས་ཆད་ཅི་ཟེར་ཨིན་མས་བ་ལགས། ཏེ་བུམོ་གཅིག་ འདི་ནང་ལས་ སྒང་བདའ་སྟེ་གིས་འབད་ད་རེས་ ཡར་བོད་ལས་ཚུར་སྒང་བདའ་སྟེ་གིས་འབད་ ཏེ་[མེ་རྒྱས་?]མཚོ་ལོ། བྱ་པོད་མཚོ་ལོ། བུམོ་མཚོ། ར་ཅུ་མཚོ་ཟེར་མི་ ལེ་ཤ་ཡོདཔ་མས་ལགས། ཏེ་ད་རིས་ཨ་ནཱི་འདི་ ང་བཅས་ནཱ་ལུ་ཡོད་མི་འདི་ [མེ་རྒྱས་?]མཚོ་ཟེར་ཨིན་པས་བ་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་[མེ་རྒྱས་?]མཚོ་ཟེར་དགོ་མི་འདི་ ཏེ་ཡར་ལས་ཐབ་ཁ་ལས་[མེ་རྒྱས་?]འདི་འཐུ་འབག་འོང་སྦེ་འབདཝ་ད་ལུ་ ཏེ་ས་གོ་ད་རེས་ནཱ་མཚོ་ཆགས་ས་གི་ས་གོ་ནང་ལྷོདཔ་ད་ལུ་ ཏེ་བཀོ་བཀོཝ་ཨིན་ཟེར་ཨིན་མས་ལགས། ཏེ་འདི་གི་ཨ་ཙི་ཡར་ལྟག་ལུ་ ཏེ་བུམོ་མཚོ་ཟེར་་་་ བྱ་པོད་མཚོ་ཟེར་ཡོད་ལོ་ལགས། འདི་ནང་ལུ་བྱ་པོད་གཅིག་བཀོ་བཀོཝ་ཨིན་ཟེར་ཨིན་མས་ལགས། ཏེ་ནཱ་ལས་བརྒལ་ཏེ་ཨིན་མས་ འདི་མཚོ་ན་ལས་བརྒལ་ཏེ་གིས་འབད་ ཨ་ཙི་མར་འགྱོཝ་ད་ལུ་ ཏེ་བྱག་ཕུག་ཅིག་ནང་ལུ་ ནཱ་ང་བཅས་བིན་དུ་གི་ ད་ཧེ་མ་འབད་བ་ཅིན་[ཇེམ་སྐྲེ་?]ཟེརཝ་མས་ལགས། ཏེ་འ་ནཱི་གི་རྡོ་གི་རྩ་བ་ལུ་ ཏེ་ཆུ་ཆགས་ཏེ་ལོ།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་ན་ལས་[མེ་རྒྱས་?]འདི་བཀོ་བཞག་སྦེ་ ཏེ་འ་ནཱ་ལུ་མེ་རྒྱས་བཀོ་ས་ལུ་ ཏེ་མཚོ་ཆགས་ཅི་ཟེར་ཨིན་མས་ལགས། ཏེ་བུམོ་འདི་བྱོག་འགྱོ་སྟེ་གིས་འབད་ ཨ་ཙི་མར་ལྷོདཔ་ད་ལུ་ སྒོམ་ཆེན་གཅིག་སྒོམ་རྐྱབ་སྟེ་བཞུགས་པའི་ས་གོ་འདི་ནང་བྱོན་ཏེ་གིས་འབད་ སྐྱབས་འཚོལ་འཚོལཝ་མས་ལགས། རྐྱབ་འཚོལཝ་ད་ལུ་ ཏེ་སྒོམ་ཆེན་འདི་གིས་སྔགས་རེ་འཕུ་སྦེ་ ཚར་རེ་བཏངམ་ད་ལུ་ མཚོ་འདི་ཚར་རེ་འགྱོཝ་མས་ཟེརཝ་མས་ལགས། ཏེ་ད་རུང་ མཚོ་འདི་གིས་བདའ་འབདཝ་ད་ལུ་ ད་རེས་ས་གོ་འདི་ནང་ལུ་འ་དམ་ཁོག་ཁོག་སྦེ་ཡོདཔ་ཨིན་ལགས། ད་རེས་འ་ནཱི་རྡོ་འདི་གི་རྩ་བ་ལུ་ ཧེ་མ་སྒོམ་ཆེན་མཚམས་བཅད་སྦེ་བཞུགས་སའི་ས་གོ་ནང་ལུ།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་འདི་ནང་ལས་ཡང་འབད་མ་ཚུགས་པར་ སྒོམ་ཆེན་གྱིས་ཡང་འབད་མ་ཚུགས་པར་འབད་ ཏེ་ད་རེས་སིབ་སུ་དང་ ང་བཅས་ད་རེས་བཀྲ་ཤིས་ཆོས་གླིང་དྲུང་ཁག་ཟེར་སླབ་མས་ལགས་ སིབ་སུ་ར་སྡེ་པ་ནི་ཟེར་སའི་ཟམ་འོག་ལུ་ བུམོ་མཚོ་ཟེར་མི་འདི་ ཏེ་འ་ནཱི་ཆུ་གི་ནང་ན་ལུ་[རྒྱལ་གྲབ་བའི་?]ཆུ་གི་ནང་ན་ལུ་ ཧོནམ་ཧོནམ་སྦེ་སྡོད་སའི་མཚོ་ཅིག་ནང་ལུ་འབད་ བུམོ་འདི་ དེ་ཁ་ལུ་བསད་ཅི་ཟེར་ཨིན་མས་ལགས། ཏེ་འ་ནཱི་འབདཝ་ད་ལུ་ ཨ་ནཱི་མཚོ་འདི་ཆགས་ ད་རེས་ང་བཅས་ཀྱི་ ད་གཡུས་ཁ་ལུ་ ཏེ་ལོ་ཐོག་ལེགས་ནི་གི་རྟགས་དང་རྟེན་འབྲེལ་སྟོན་ནི་ཟེར་བ་ཅིན་ ཏེ་ལོ་ཐོག་ལེགས་ཟེར་བ་ཅིན་ ཏེ་འདི་གི་མཚོ་གནམ་མེད་ས་གང་སྦེ་སྡོདཔ་ཨིན་ལགས། ཏེ་གལ་སྲིད་ག་དེམ་ཅིག་འབད་ གཡུས་ཁ་ལུ་གནམ་མེད་ས་མེད་མུ་གེ་འདི་ཚུ་མང་ནི་བཟུམ་ཡོད་འབད་བ་ཅིན་ མཚོ་འདི་ ཏེ་གནམ་བྱཱར་ར་སྐམ་སྟེ་འགྱོཝ་ཡི་ ཟེར་ཞུ་ནི་སྦེ་ཨིན་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    འ་ནཱི་འབདཝ་ད་ལུ་ ད་རེ་ང་བཅས་གཡུས་ཁ་གི་མི་དེ་ཚུ་གིས་གནམ་མེད་ས་མེད་དད་པ་དང་མོས་གུས་ཀྱི་སྒོ་ལས་ བསྐྱེད་དེ་གིས་འབད་ ཏེ་འཕྲལ་འཕྲལ་གསོལ་ཁ་རེ་བཏང་ མཚོ་ནང་ལུ་ ཏེ་ཁོང་ལྷོ་མཚམས་པ་གི་ཁ་ཐུག་ལས་ ལྷོ་མཚམས་ཀྱི་པནྡྲིཏ་དེ་ཚུ་གིས་བཏང་ ནང་པའི་ཁ་ཐུག་ལས་ནཱ་གཡུས་ཁ་གི་སྒོམ་ཆེན་འདི་ཚུ་གིས་འབད་ ཏེ་ང་བཅས་ཀྱིས་ལོ་རེ་ཆད་མེད་པར་ར་ ཏེ་དེ་སྦེ་བསང་དང་གསེར་སྐྱེམས་བཏང་སྟེ་ཡོད་ ཟེར་ཞུ་ནི་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ད་ཨ་ནཱི་མཚོ་གི་སྐོར་ལས་ ད་དང་ཕུ་གི་ཐད་རི་བ་རི་བྱུང་བྱུངམ་གི་ དངོས་སུ་འབད་བྱུང་བྱུང་པའི་ལོ་རྒྱུས་ཅིག་བཤདཔ་འདྲཝ་ཅིག་འབད་བ་ཅིན་ ད་རེ་བ་ད་ལོ་སུམ་ཅུ་སོ་ལྔ་དེ་ཅིག་གི་ཧེ་མ་ཨིན་མས་ལགས། ཏེ་འདི་ནང་ལུ་ ཏེ་ང་བཅས་ཨ་རྒས་དང་ཨང་རྒས་འདི་ཚུ་གིས་ཐད་རི་བ་རེ་འབད་ང་བཅས་ལུ་བཤད་ ལོ་རྒྱུས་འབད་སྲུང་བཟུམ་ཅིག་འབད་ དེ་སྦེ་སླབ་ཅི་ཟེར་ཞུ་ནི་སྦེ་ཨིན་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    འདི་ག་དེ་འབད་སྨོ་ཟེར་བ་ཅིན་ ཧེ་མ་མཚོ་འདི་ནང་ལུ་ ཏེ་ང་བཅས་ར་ཤར་ཕྱོགས་ལུང་པ་ལས་ སྒོམ་ཆེན་འདི་ཚུ་དེ་བསྒག་དང་ཕུ་ ཏེ་མཚམས་སྒྲུབ་པ་གནང་ཡི་གནང་ཡི་ར་ ཏེ་རི་ཁྲོད་གངས་ཁྲོད་འགྲིམས་ཅི་ར་ བཞུགས་མི་དེ་ཚུ་ཨིནམ་འདྲས་ལགས། འདི་ཚུ་ཡར་མཚོ་གི་སྦོ་ལོགས་ཁ་ལུ་ མཚམས་བཅད་སྦེ་བཞུགས་བཞུགསཔ་མས་ལགས། ཏེ་མཚམས་བཅད་སྦེ་ ཏེ་ནུབ་མོ་མཚམས་བཅད་སྦེ་བཞུགསཔ་ད་ལུ་ ཏེ་ཨམ་ཚུ་དང་ཨ་ལུ་ཡང་ཡོདཔ་མས་ལགས་ ཨ་ལོ་ཆུང་ཀུ་ཅིག་ཡང་ཡོདཔ་མས་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་ཡོདཔ་ད་ལུ་ ཏེ་མཚམས་པ་འདི་མཚམས་ནང་བཞུགས་སྦེ་འབདཝ་ད་ལུ་ ཕྱི་རུ་ཆུ་ཚོད་བཅུ་གཉིས་དེ་ཅིག་གི་ནང་ལུ་ ཏེ་ཨ་ལུ་འདི་སངུ་ཡི་ཟེར་ཨིན་མས་ལགས། ཏེ་ཨ་ལུ་འདི་སྔུཝ་ད་ལུ་ ཏེ་སྒོམ་ཆེན་འདི་གིས་ ཏེ་ཨམ་ཚུ་དེ་ལུ་ དབའེ་ཨ་ལུ་སྔུ་དོ་ཟེར་ ལོ་རྒྱུས་དེམ་ཅིག་སླབ་ཅི་ཟེར་ཨིན་མས་བ་ལགས། དེ་འབདཝ་ད་ལུ་ ཏེ་ཁོ་གི་ཐུགས་དམ་ན་ཐུན་བཏང་སྦེ་བཞུགས་པའི་བར་ན་ལུ་ ཨ་ཙི་ཙི་སྟབས་མ་བདེཝ་བྱུང་བྱུངམ་འདྲས་ལགས། ཨ་ནཱི་འབདཝ་ད་ལུ་ ཏེ་ལྷོདཔ་ཅིག་ཁ་ལས་ ཏེ་ཨམ་ཚུ་འདི་གིས་ ཏེ་ཨ་ལུ་འདི་ཧེན་བཞག་སྦེ་ད་རུང་ སྒོམ་ཆེན་འདི་ཨ་རྟག་ཧ་ལུགས་སྒྲུབ་པ་གནང་ནི་འགོ་བཙུགས་ད་ནུག་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    དེ་འབདཝ་ད་ལུ་ ཧེ་མ་ཡུདཔ་ཅིག་ཁ་ལས་མཚོ་འདི་ནང་ལས་སྦལཔ་ཅིག་སྐད་རྐྱབ་མས་ཟེར་ཨིན་མས་ ཀྲེག་ཀྲེག་ཀྲེག་ བཏང་སྦལཔ་འདི་སྐད་རྐྱབ་ ཏེ་སྒོམ་ཆེན་འདི་གིས་ད་རུང་ སྒོམ་ར་རྐྱབ་སྒོམ་ར་རྐྱབ་སྦེ་སྡོདཔ་ད་ལུ་ ཡུདཔ་ཅིག་ཁ་ལས་སེམས་ཅན་སྟག་སྐད་རྐྱབ་ཅི་ཟེར་ཨིན་མས་ལགས་མཚོ་ནང་ལས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་སེམས་ཅན་སྟག་སྐད་རྐྱབ་ད་ཡང་ ད་རུང་སྒོམ་ཆེན་འདི་གིས་ ཁྱད་མེད་ག་ཅི་གུ་ཅི་གི་འཚུབ་དྲགས་རེ་འོང་ཟེར་སླབ་སྦེ་ ཏེ་ད་རུང་སྒྲུབ་པ་གནང་སྦེ་བཞུགས་བཞུགསཔ་མས་ལགས། ཏེ་ཡུདཔ་ཅིག་ཁ་ལས་ག་ཏེ་ཡང་མེད་པའི་མཚོ་གི་བར་ན་ལས་ ཐད་རི་བ་རི་འབད་ ཏེ་མཚོ་འདི་ཡར་གནམ་མེད་ས་མེད་ནམ་མཁའ་ལོངས་ཏེ་གིས་འབད་ བདའ་འོང་ཡི་ཟེར་ཨིན་མས་ལགས། མདའ་འོངམ་ད་ལུ་ ཏེ་སྒོམ་ཆེན་འདི་ག་ཅི་ཡང་འབད་ས་མ་མཐོངམ་པར་ འབད་ཞིནམ་ལས་ ཏེ་ཨ་ལུ་དང་ཨམ་ཚུ་འདི་ ཨ་ལུ་འདི་འཐུཝ་ཅིགན་ ཨམ་ཚུ་འདི་ལགཔ་བཤེད་དེ་བྱོག་ཡར་སོ་ནུག་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་མཚོ་འདི་ནང་ལས་ཨ་ཙི་ཙི་མར་ ཏེ་ང་བཅས་ཀྱི་ཨ་རྒས་དང་ཨང་རྒས་ཀྱི་ཁྱིམ་ཡོད་ཟེར་ཞུ་ནི་སྦེ་ཨིན་ལགས། ཏེ་འདི་ནང་ལུ་ ཏེ་ཕྱི་རུ་ནུབམོ་ཕྱེད་ལུ་ ཏེ་སྒོམ་ཆེན་དང་ཁོ་གི་ཨམ་ཚུ་ དེ་ལས་ཨ་ལུ་འདི་བྱོག་འོང་དེས་ཟེར་ཨིན་མས་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་འ་ནཱི་བསྒང་ལུ་ ཕྱི་རུ་གནསཔོ་འདི་ ཏེ་ངེའི་ཨ་རྒས་འབད་སར་སྡོད་སྦེ་འབདཝ་ད་ལུ་ ཁོང་གིས་ལོ་རྒྱུས་འདི་ཚུ་དེ་སྦེ་བཤད་བཤདཔ་མས་ལགས། ཏེ་མཚོ་འདི་གིས་བདའ་འོང་པའི་ལོ་རྒྱུས་ ལམ་ཕྱེད་ཚུན་ཚོད་འདི་མཚོ་གིས་བདའ་འོང་ཡི་ལགས། ཏེ་འདི་གི་དྲོ་པ་ཧ་སག་ལོངས་ཏེ་གིས་སྦེ་ ཏེ་ང་གི་ཨ་རྒས་དང་སྒོམ་ཆེན་འདི་གི་ཕྱག་ཞུ་སྟེ་གིས་སྦེ་ ངེའི་ཨ་རྒས་ཡར་མཚོ་ན་ལུ་འགྱོཝ་ད་ལུ་ ཏེ་ཨིན་པས་ལོ་ལགས།
  • པདྨ་དབང་ཕྱུག/Pema Wangchucuk:
    ཏེ་མཚོ་འདི་གིས་འབད་འབདཝ་ད་ལུ་ ཤིང་དུམ་སྦོམ་ཧ་ལམ་ཅིག་འབད་མི་འདི་ཚུ་ཡང་ ཏེ་བཏོག་བཀོ་ནུ་ཟེར་བའི་ལོ་རྒྱུས་འདི་ཚུ་ཡང་ ཏེ་ཁོང་གིས་བཤདཔ་ཨིན་པས་ལགས། ཏེ་འདི་ནང་ལས་ཁོང་གིས་ སྒོམ་ཆེན་འདི་གི་ཅ་ལ་འདི་ཚུ་ ཕྱི་རུ་ཅ་ལ་ཡར་ལུས་མི་འདི་ཚུ་འཐུ་བ་འགྱོཝ་ད་ལུ་ ཏེ་ཤིང་འདི་ཚུ་ཡང་ ཏེ་ལེ་ཤ་ཅིག་ར་བརྡབས་བཞག་ནུག་ཟེར་བའི་ལོ་རྒྱུས་ ངེའི་ཨ་རྒས་ཀྱིས་དེ་སྦེ་བཤདཔ་ཨིན་པས་ ཟེར་ཞུ་ནི་སྦེ་ཨིན་ལགས། བཀའ་དྲིན་ཆེ།། །།