Skip to main content Skip to search
28 Jun 2018
8 min 35 sec
Video Overview
Creators: 
Sherig Dentshog

Ngawang Phuntsho from Tsangchuthanma village in Martshala gewog, Samdrup Jongkhar narrates an account of a masked dance in their village. He said that a shortage of mask dancers has been a concern for the people in their village during their annual tshechu. Most of the community’s youth have left for the towns and cities, working as drivers. They said the shortage of mask dancers over the years has threatened the survival of the tshechu, a festival that has been there since the time of their forefathers.

 

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ གཙང་ཆུ་མཐའ་མ་གཡུས་ཚན་ནང་ལས་ ངག་དབང་ཕུན་ཚོགས་ཀྱི་ ཁོ་རའི་གཡུས་ཁ་ལུ་ཡོད་པའི་ འཆམ་གྱི་སྐོར་ལས་ ལོ་རྒྱུས་བཤདན་ནི་འདུག ཁོ་གིས་སླབ་མི་ནང་ ལོ་ལྟར་ཚེས་བཅུའི་སྐབས་ལུ་ འཆམ་རྐྱབ་མི་ མ་ལང་མི་འདི་ གཡུས་ཁའི་མི་ཚུ་ཚ་གྱང་ཆེ་ཤོས་ཅིག་ཨིན་ཟེར་ཨིནམ་དང་ གཡུས་ཁའི་ ན་གཞོན་མང་ཆེ་ཤོས་ཅིག་གིས་ གཡུས་འདི་སྤང་ཞིནམ་ལས་ ཁྲོམ་ཁར་ལུ་ དེད་གཡོགཔ་སྦེ་འགྱོ་ཡི་ཟེར་ཨིན་མས།  ལོ་ངོ་གཅིག་དེ་ཅིག་གི་ཧེ་མ་ལས་རང་ འཆམ་རྐྱབ་མི་ མ་ལང་བའི་དཀའ་ངལ་འདི་གིས་ ཁོང་གིས་ ཕ་མེས་སྐབས་ལས་རང་ བརྩི་སྲུང་འབད་སྲོལ་ཡོད་པའི་ཚེས་བཅུ་འདི་ འགོ་འདྲེན་འཐབ་ཚུགས་ནི་ལུ་ཡང་ གནད་པ་རྐྱབ་ཅིག་ཟེར་ཨིན་མས།

 

Transcript search
No results found for this search
0 of 0
  • ངག་དབང་ཕུན་ཚོགས་
    ཕ་མ་བཟང་པ་ཚུ་གིས་གནང་གནངམ་གྱི་ རང་གི་སྔར་སྲོལ་ལམ་ལུགས་ ཏེ་འཆམ་ཟེར་མི་ཅིག་ཡོད་ ཏེ་འ་ནཱི་ད་ལྟོ་ ཤིང་མཁར་ལའུ་རི་ལས་མར་ལྟག་ ང་བཅས་ར་དང་ཕུ་ས་མེད་ ཆུ་མེད་ཟེར་ འ་ནཱི་འདི་ཚུ་ཆ་མཉམ་ར་ ནོར་གྱི་བྱང་ས་(སྤམ)བཟུང་སྟེ་ ཁེར་ལུ་ར་ལོ་དག་པ་ཅིག་སྡོད་ཡི།
  • ངག་དབང་ཕུན་ཚོགས་
    སྡོད་རུང་ཁེར་ལུ་ཡང་ ཧ་ལམ་ཅིག་ལས་ ནཱ་ཨ་ལོ་ཚུ་གིས་ ཡར་ལྟག་འཆམ་ ཤིང་མཁར་ལའུ་རི་ འཆམ་རྐྱབ་ནི་འདུག་ ཡར་ལྟག་འཆམ་བལྟ་བར་འགྱོ་ནི་ཟེར་ཉན་མ་བཏུབ་པར།
  • ངག་དབང་ཕུན་ཚོགས་
    འཆམ་ལྟ་བར་འགྱོ་ས་ལུ་ ཏེ་ལོག་ནུག་ ཏེ་ལོག་འོངམ་ད་ ནཱ་ཚད་ཡོདཔ་ལས་ ཡར་མཐོ་ས་སོང་སྟེ་ལོག་ད་ལུ་ཏེ་ ཚདཔ་བཤེད་ན་ལ་ཁག་བཏང་སྟེ་ ཏེ་ནཱ་ཕ་མ་ཚུ་གིས་བསྟུན་གྲོས་རྐྱབ་སྟེ།
  • ངག་དབང་ཕུན་ཚོགས་
    ཁྱེད་ཚུ་ གནམ་མེད་ས་མེད་དཀའཝ་སྤྱདཔ་མས་ རང་གི་གཡུས་ཁར་འཆམ་ལྷབ་པའི་ཟེར་ ང་བཅས་ཚུ་གིས་ ད་རང་གི་གཡུས་ཁའི་ འཆམ་བཀོ་མ་བཞག་པར་ ང་བཅས་ཚུ་གིས་ཡང་ མར་ལྟག་ཞུ་སྟེ་ ཏེ་ང་བཅས་ཚུ་གིས་ཡང་ལྷབ་སྦེ་སྟོན་ནི།
  • ངག་དབང་ཕུན་ཚོགས་
    རང་གི་གཡུས་ཁར་ཡང་ ལེགས་ཤོམ་མེདཔ་འདི་མེན་མས་ ཚེ་ད་ལྟའི་བར་ཆད་སེལ་ ཕྱི་མ་སྔོན་སོངལས་གྲོལ་ནི་གི་ཅིག་ཨིན་མས་ཟེར་ དང་ཕུའི་འཆམ་རྐྱབ་འདི་ ཏེ་ང་བཅས་རའི་ མི་གནགཔ་ཚུ་གིས་མེན་པར་ ཧེ་མ་ཆོས་པ་ཚུ་གིས་ དགེ་སློང་ཚུ་གིས་ རྐྱབ་པའི་འཆམ་ཨིན་མས་ཟེར།
  • ངག་དབང་ཕུན་ཚོགས་
    ཏེ་འཆམ་ལོ་གསུམ་རྐྱབ་ཚུགས་པ་ཅིན་ མཚམས་ཚར་གཅིག་བཅདཔ་དང་ འདྲན་འདྲ་ཨིན་ཟེར་ ཧེ་མ་ཕམ་ཚུ་གིས་དེ་སྦེ་གསུངས་ཏེ་ ཏེ་ད་ལྟོ་ ཨ་ལོ་ཚུ་གིས་ཡང་ཉན་ཏེ་ འཆམ་འདི་ནཱ་འབག་ནཱ་འཆམ་རྐྱབ་སྟེ།
  • ངག་དབང་ཕུན་ཚོགས་
    ཏེ་ཁེར་ལུ་ར་ ལོ་དག་པ་ཅིག་སྟོན་ཡི་ ནཱ་ལུ་འདི་ ཁེར་ལས་ཚུར་ ང་བཅས་འ་ནཱི་ ཨེལ་ཕ་དང་བོ་དོ་ཐོན་ཏེ་ ཏེ་སྟབས་མ་བདེ་བར་ འདི་བཟུམ་སྦེ་འ་ར་འུ་རི་ཐོན་ཏེ་ ནཱེ་སྦེ་ཐོན་ཏེ།
  • ངག་དབང་ཕུན་ཚོགས་
    ཏེ་ག་ཅི་ཅིག་འབདཝ་ད་ ཏེ་ཁོ་ཡབ་འབད་རུང་ ཉི་མ་བཞུགས་ནི་མེད་ ནུབ་མོ་གཟིམ་ནི་མེད་པར་ འདི་བཟུམ་སྦེ་ འ་ནཱི་ཨེལ་ཕ་བོ་དོ་ཚུ་ གཟིགས་སྐོར་གནང་སྟེ་བྱོན།
  • ངག་དབང་ཕུན་ཚོགས་
    ཏེ་ང་བཅས་ཁེར་ལུ་བྱོན་ ཏེ་ཕར་སྐུ་ཞག་གཅིག་ ཕར་བཞུགས་སྦེ་ ཏེ་ད་ལྟོ་ཡབ་ཀྱིས་ ཏེ་ནཱ་ད་ལྟོ་ ཏེ་ཨ་པ་འདི་ཚུ་ལོག་གཅིག་ཁར་སྡོད་ ད་ཨའི་འདི་ཚུ་ལོག་གཅིག་ཁར་སྡོད་ ཨ་ལོ་ཚུ་ལོག་གཅིག་ཁར་སྡོད་སྦེ།
  • ངག་དབང་ཕུན་ཚོགས་
    ཏེ་ཡབ་ཀྱིས་ གནམ་མེད་ས་མེད་ དེ་སྦེ་གསུངས་ གསུངས་གྲོས་མཛད་གནང་སྟེ་ དེ་ལས་ཨ་ལོ་ག་ར་ལུ་ ཀྲེབ་ཀྲེབ་མེད་པར་ ཏེ་ཨ་པ་ཚུ་ཡང་ ཀྲེབ་ཀྲེབ་གཅིག་ར་བཙུགས་ནི་མེད་པར་ ག་ར་འདི་བཟུམ་སྦེ་སྡོད་དེ་ གནམ་མེད་ས་མེད་ དཀའ་ངལ་ཐོན་ནུག་ཟེར།
  • ངག་དབང་ཕུན་ཚོགས་
    ཏེ་ཨ་ལོ་ཚུ་ སློབ་གྲྭ་འ་ནཱ་བཙུགས་ཅི་ སློབ་གྲྭ་མེད་པར་ གྲལ་ཕམ་བཙུགས་པ་ ལམ་ཐག་རིངམོ་ལས་བཙུགས་མ་ཚུགས་པར་ གནམ་མེད་ས་མེད་དཀའ་ངལ་ཐོན་ཏེ་ ཏེ་དེ་ལས་ ད་རུང་ ནཝ་ཚཝ་འབདཝ་ད་ ཁྱེད་ཚུ་ལུ་སྨན་ཁང་མིན་འདུག་ སྨན་ཁང་ག་ཏེ་འབག་སྨོ་ཟེར་ ཡབ་ཀྱིས་འ་ནཱེ་སྦེ་གསུངསམ་ད་ དེ་བསྒང་ ལོག་ཡབ་ལུ།
  • ངག་དབང་ཕུན་ཚོགས་
    ནཝ་བའི་སྐབས་ དྲལ་ཕམ་གྱི་སྨན་ཁང་ནང་འབག་དོ་ཟེར་ འབག་པའི་སྐབས་ལམ་ཁར་ ནུབ་རེ་ ཉལ་ཞིནམ་ལས་རྐྱངམ་ཅིག་ དྲལ་ཕམ་ལུ་འ་ནཱེ་སྦེ་ལྷོདཔ་ཨིན།
  • ངག་དབང་ཕུན་ཚོགས་
    ཞུ་ཞིནམ་ལས་ ཡབ་ཀྱིས་ཨའུ་ག་དེ་སྦེ་སྨོ་ དཀའ་ངལ་གནམ་མེད་ས་མེད་སྦོམ་འདུག་ཟེར་ ལཱ་འབད་གི་འབད་རུང་ ག་ཏེ་ལས་ཡང་ ནཱ་བདའ་མ་འཛིནམ་ཅིག་འདུག་ཟེར་ དྲལ་ཕམ་ལས་ཚུར་བདའ་མི་འཛིན་ནི་མས་ ཏེ་ནཱ་བསམ་ལྗོངལས་འདི་ ད་རུང་ཕར་ལྟག་བདའ་མི་འཛིན་ནི་མས།
  • ངག་དབང་ཕུན་ཚོགས་
    ཏེ་ཕར་གྱི་ཚུ་ གནམ་མེད་ས་མེད་དཀའ་ངལ་སྦོམ་འདུག་ ཨ་ལོ་ཚུ་ཡང་སློབ་གྲྭ་མ་ཐོབ་པར་ ཏེ་སྨན་ཁར་སྦོག་ལོག་ཁར་མིན་འདུག་ གནམ་མེད་ས་མེད་ དཀའ་ངལ་སྦོམ་འདུག་ཟེར་ ཏེ་ཡབ་ཀྱིས་ ཏེ་ཡབ་ཀྱིས་གསུངམ་ད་ལུ་ ཁྱེད་ཚུ་གིས་ཉན་འོང་ག་ཟེར་གསུངས་དེས།
  • ངག་དབང་ཕུན་ཚོགས་
    གསུངས་ཞིནམ་ལས་ ང་བཅས་ག་ར་གིས་ ཡབ་ཀྱིས་གསུངས་མི་འདི་ ང་བཅས་ག་ར་གིས་ ཉན་ནི་ཨིན་ཟེར་ དེ་བཟུམ་ཅིག་ཞུ་ཞིནམ་ལས་ ཡབ་ཀྱིས་ ཨའུ་ གནམ་མེད་ས་མེད་ལེགས་ཤོམ་ཡར་སོང་ཡི།
  • ངག་དབང་ཕུན་ཚོགས་
    ཏེ་དེ་སྦེ་གསུངས་ཏེ་ ཏེ་ཁྱེད་ཚུ་ག་ར་ སྦང་ཀྲར་ལུ་འགྱོ་ནི་ཨིན་ཟེར་ འགྱོ་ནི་ན་ན་ཟེར་གསུངས་དེས་ ང་བཅས་ཚུ་གིས་ཡང་ འགྱོ་ནི་ཨིན་ཟེར་ཞུ་ཞིནམ་ལས་ ཁྱེད་ཚུ་ག་ར་ ཏེ་སྦང་ཀྲར་འགྱོ་བ་ཅིན་ གནམ་མེད་ས་མེད་ རྡོག་མ་ཤིང་དང་ ཚལ་ལུ་ཤིང་ ས་ལེགས་ཤོམ་ ཆུ་ཞིང་ནང་ན་ གནམ་མེད་ས་མེད་ལེགས་ཤོམ་ཡོད་ཟེར།
  • ངག་དབང་ཕུན་ཚོགས་
    ཁྱེད་ཆ་ཁྱབ་གནམ་མེད་ས་མེད་ ལ་ལུ་རྡོག་ལྡུམ་ར་ཐོབ་ ལ་ལུ་གིས་ ཚལ་ལུའི་ལྡུམ་ར་ཐོབ་ནི་ཨིན་ཟེར་གསུངས་སྟེ་ ཁྱེད་ཆ་ཁྱབ་ག་ར་ ཚུར་འོང་ནི་ཟེརཝ་ལས་ ཡབ་ཀྱིས་ཡ་བཏུབ་ཟེར་ ད་ཁྱེད་ཚུ་ནཱ་ལུ་ ཁྱིམ་གི་ཤིང་ཁྱུ་སྒང་ར་མ་ལུསཔ་སྦེ་ ག་ར་གཞུང་གི་སྣུམ་འཁོར་གནང་སྟེ་
    ག་ར་ཕར་ལྷོད་འོང་སྨ་རེ་ཟེར།
  • ངག་དབང་ཕུན་ཚོགས་
    ཏེ་ཁྱེད་ཚུ་ལོ་རེའི་བར་ན་ ཐོག་རིང་ག་དེ་རེ་བཏབ་དོ་ཟེར་གསུངས་དེས་ ང་བཅས་ཚུ་གིས་ ཏེ་ལོ་རེའི་ན་ཐོག་རིང་ གཉིས་གཉིས་རེ་བཏབ་ཨིན་ཟེརཝ་ད་ ཟླཝ་ག་དེ་ཅིག་ལུ་ཐོནམ་མས་ཟེར་གསུངས་དེས་ ཟླཝ་གསུམ་གསུམ་གྱི་ནང་ཐོནམ་ཨིན་ཟེར།
  • ངག་དབང་ཕུན་ཚོགས་
    དམའ་ཤོས་ར་ འ་ནཱེ་རེ་ཐོནམ་ཨིན་ཟེར་ཞུཝ་ལས་ ཡ་ ཏེ་ཟླཝ་དྲུག་དྲུག་གི་ལྟོ་རྒྱགས་གནང་ནི་ཟེར་ ད་ ཁྱེད་ཚུ་ ལྟོ་རྒྱགས་མ་བྱིན་པ་ཅིན་ ནཱ་ལཱ་འབད་ནི་ ཨ་ཙི་ཅིག་མི་ཚུད་ནི་མས་ཟེར།
  • ངག་དབང་ཕུན་ཚོགས་
    ཁྱེད་ཚུ་ག་ར་ཕར་ལྟག་སོང་ཟེར་གསུངས་སྟེ་ ནངས་པ་གནངས་ཚེ་ནཱ་ལས་ ཏེ་དམག་མི་གི་སྣུམ་འཁོར་གནང་སྟེ་ ཚུར་ལྟག་འབག་སྟེ་ གནམ་མེད་ས་མེད་ ཏེ་ད་ལྟོ་ཡབ་ཀྱི་ བཀའ་དྲིན་ཨིན་ ང་བཅས་ཚུ་ད་ལྟོ་ཚུན་ཚོད་ སྡོདན་སེམས་སྐྱིད་ཏོང་ཏོ་ འགྱོ་བ་ཅིན་ག་ཏེ་འགྱོ་རུང་ སེམས་སྐྱིད་ཏོང་ཏོ་ ཉལ་རུང་གཉིད་སྐྱིད་ཏོང་ཏོ་འོང་མི་འདི་ ག་ར་ཡབ་རིན་པོ་ཆེའི་བཀའ་དྲིན་ཨིན་ཟེར་ཞུ་ཨིན་ལགས།
  • ངག་དབང་ཕུན་ཚོགས་
    ཏེ་འ་ནཱེ་སྦེ་འབད་དེ་ ཏེ་ང་བཅས་ཚུ་ ད་ལྟོ་འཆམ་ར་འབད་རུང་ དང་ཕུའི་སྔར་སྲོལ་ལམ་ལུགས་སྦེ་ ཏེ་ང་བཅས་ཚུ་ག་ར་གིས་ ད་ལྟོ་ ཧེ་མ་ཆོསཔ་ཚུ་གིས་རྐྱབ་ནུག་ འ་ནཱི་མེདཔ་ལས་ མི་གནག་པ་ཚུ་གིས་རྐྱབ་སྟེ་ ཏེ་ང་བཅས་ཚུ་གིས་ བཀོ་བཞག་པ་མི་བཏུབ་ནི་མས་ཟེར།
  • ངག་དབང་ཕུན་ཚོགས་
    ཏེ་དང་ཕུའི་ ཨ་རྟག་ཧ་ལུགས་སྦེ་རྐྱབ་མི་འདི་ མི་རབས་འདི་ ག་དེ་ཅིག་འགྱོ་ཡི་ག་ ང་བཅས་ཚུ་གིས་མི་ཤེས་ནི་མས་ ཨིན་རུང་ ནཱ་བཙུགས་ཞིནམ་ལས་ ད་ལྟོ་ཚུན་ཚོད་ ང་བཅས་ཚུ་གིས་ བཀོ་མ་བཞག་པར་རྐྱབ་སྟེ་ ང་བཅས་ཚུ་གིས་ལོ་རྫོགསཔ་ད་ ཟླཝ་བཅུ་གཉིས་པ་ ཚར་རེ་ཚར་རེ་ ཚེས་བཅུ་ཉིམ་གཉིས་རེ་འབད་དོ་ཟེར་ཞུ་ནི་ཨིན།
  • ངག་དབང་ཕུན་ཚོགས་
    ཏེ་འ་ནཱི་འབད་ནི་འདི་གིས་ ང་བཅས་ཚུ་གིས་ ད་ལྟོའི་བར་ན་ཡང་ བཀོ་མ་བཞག་པར་འབད་དོ་ དེ་སྦེ་འབདཝ་ད་ ད་རེས་ནངས་པ་ ག་ར་སློབ་གྲྭ་ནང་འཛུལཝ་ལས་ ལ་ལུ་ སྣུམ་འཁོལ་དེད་གཡོགཔ་ལུ་སོང་ ལ་ལུ་སློབ་གྲྭ་ནང་བལྟ་སྟེ་ ལ་ལུ་དམག་མི་ ཁྲིམས་སྲུང་ནང་སོང་སྦེ་ འཆམ་རྐྱབ་མི་ཡང་མེདཔ་སྦེ་ཡར་སོང་ཡི།
  • ངག་དབང་ཕུན་ཚོགས་
    ད་གནམ་མེད་ས་མེད་ རབས་ཆད་ནི་བཟུམ་ཆད་ནི་བཟུམ་ ཆད་ནི་བཟུམ་སྦེ་ དཀའ་ངལ་ཐོན་དོ་ཟེར་ཞུ་ནི་ཨིན་ལགས་ དེ་སྦེ་ཨིན་རུང་ ད་ལྟོ་ཚུན་ཚོད་ བཀོ་མ་བཞག་པར་རྐྱབ་སྟེ་ཡོད་ ང་བཅས་ཚུ་གིས་ ད་ལྟོ་ག་ར་ང་བཅས་ཚུ་ལས་ ག་ར་ཡོད་ཟེར་ཞུ་ནི་ དེ་སྦེ་ཨིན་རུང་ ང་བཅས་ཚུའི་འཆམ་ཟེར་མི་འདི།
  • ངག་དབང་ཕུན་ཚོགས་
    ཉིནམ་འདི་ གཤིན་རྗེ་འཆམ་ཟེར་མི་ ཉིནམ་གཅིག་ཡོད་ ད་ལས་ ཤ་བའི་འཆམ་ཟེར་མི་ ཉིནམ་གཅིག་ཡོདཔ་ཨིན་ཟེར་ཞུ་ནི་ ཏེ་ད་ལྟོ་ ཏེ་གཤིན་རྗེ་འཆམ་ཟེར་མི་འདི་ ནངས་པ་དྲོ་པ་ལས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་འདི་ དྲོ་པ་འདི་ སྒྱེན་མོ་སྦེ་འཐེནམ་ཨིན་ ཀེང་འཆམ་ཟེར་སླབ་ཨིན ད་ལྟོ་ཁོང་ཡར་ ཆོས་པ་ཚུ་གིས་འབད་བ་ཅིན་ ག་ཅི་ དུར་བདག་ཟེར་སླབ་མས་སྨོ་ལགས།
  • ངག་དབང་ཕུན་ཚོགས་
    འ་ནཱི་བཟུམ་སྦེ་གསུངས་དེས་ འདི་ཚུ་ལས་ཡར་ལྟག་འགོ་བཙུགས་སྟེ་ ནངས་པ་དྲོ་པ་ ཀེང་གིས་ས་བཏུལ་ཏེ་ ས་དེ་སྦེ་བཏུལ་ཏེ་ འདི་གི་ཤུལ་ལས་ཏེ་ ད་ལྟོ་ ལོག་སྟེ་འ་ནཱི་འཛུལ་ཞིནམ་ལས་འདི་ ཆོས་ཀྱི་རྒྱལ་པོ་དང་ ཏེ་ད་ལྟོ།
  • ངག་དབང་ཕུན་ཚོགས་
    ཆོས་ཀྱི་རྒྱལ་པོ་གིས་འཁྱིད་དེ་རྐྱབ་སྟེ་ ད་ལྟོ་ སྡིག་ཅུང་དང་ སྒོམ་ཆེན་ཟེར་ཐོན་ཏེ་གནང་སྟེ་ འདིའི་ཤུལ་ལས་འདི་ཏེ་ ཏེ་ད་ལྟོའི་ ང་བཅས་རའི་འགོ་དཔོན་ཟེར་ ད་ལྟོ་ གླང་གདོང་གི་འཁྱིད་དེ་ཐོན་ཏེ་ དེ་སྦེ་གནངམ་ཨིན་ཟེར་ཞུ་ནི།
  • ངག་དབང་ཕུན་ཚོགས་
    དེ་སྦེ་གནང་སྟེ་ ཏེ་ད་ལྟོ་ ཉིནམ་ཕྱེད་ཀ་ དྲོ་པ་གི་འདི་ ཏེ་ད་ལྟོ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་སྡིག་ཅུང་འདི་དང་ཕུ་ ད་ལྟོ་ ཤ་བདའ་ ཉ་བཟུང་སྟེ་འབད་འབདཝ་གི་ ཁོ་ར་ཨིན་རུང་ ཉིནམ་ཕྱེད་ཀའི་ཕྱི་རུ་འདི་ ཁོ་བཟུང་སྟེ་ འཆམ་རྐྱབ་མི་ཚུ་གིས་བཟུང་སྟེ་ ག་ཏེ་འགྱོ་རུང་འཚོལ་ཏེ།
  • ངག་དབང་ཕུན་ཚོགས་
    ཏེ་ཁོ་ཡང་ཏེ་ དམྱལ་བ་ནང་བཙུགས་པའི་རྩིས་སྦེ་ར་དེ་སྦེ་ཨིནམ་འོང་ དེ་སྦེ་ར་བཟུང་སྟེ་ ལོག་སྟེ་ར་ ང་བཅས་མི་སེར་ཚུ་གིས་ར་ དང་ཕུའི་སྔར་སྲོལ་ལམ་ལུགས་སྦེ་ར་ ཧེ་མ་ ཕམ་ཚུ་གིས་གནང་བཞག་མི་འདི་ ལོག་ཁོ་ར་སྦེ་རུང་ སྲོག་ལེན་སྦེ་ལོག་སྟེ་ ཚེ་མཐར་བཏང་ ཁོ་ཡང་ཡར་བཏངམ་ཨིན་ཟེར་ཞུ་ནི་ཨིན།
  • ངག་དབང་ཕུན་ཚོགས་
    དེ་སྦེ་བཏང་སྟེ་ ཁོ་ ལོག་སྟེ་ར་ མཚམས་ནང་འཛུལ་ཏེ་ ལོག་མནའ་བཟའ་སྟེ་ ལོག་ཐོནམ་ཨིན་ཟེར་ཞུ་ནི་ དེ་སྦེ་ཐོན་ཏེ་ ལོག་ད་རུང་ འཆམ་འདི་ཕྱི་རུ་ལྷོདཔ་ད་ ཁོ་ སྒོམ་ཆེན་གྱི་ལས་རིམ་སྦེ་རྐྱབ་ཨིན་ཟེར་ཞུ་ནི།
  • ངག་དབང་ཕུན་ཚོགས་
    ཏེ་སྒོམ་ཆེན་ར་འབད་རུང་ འ་ནཱི་བཟུམ་སྦེ་ ཁོ་ར་སྡོད་པའི་རིང་ལུ་ ཁོ་ སྒོམ་ཆེན་ར་ཨིན་རུང་ རང་མི་གནག་པའི་མི་འདི་ ག་ཅི་དཀའཝ་མི་སྤྱད་ནི་ ཁོང་སྒོམ་ཆེན་ར་འབད་རུང་ འདི་བཟུམ་མའི་ལས་ ཧེ་མ་འདི་བཟུམ་སྦེ་ འབད་འབདཝ་བའི་ལས་འབདཝ་ལས་ ཁོ་ར་འབད་རུང་ ལོག་སྟེ།
  • ངག་དབང་ཕུན་ཚོགས་
    ཕྱི་རུ་འཆམ་རྐྱབ་མི་ཚུ་གིས་ ད་ལྟོ་ ཏེ་ཕག་གདོང་དང་ ཏེ་སྦུལ་གདོང་ གླང་གདོང་ ཁོང་གསུམ་གྱིས་བཟུང་སྟེ་བདའ་འོང་སྟེ་ ཁོང་ཚུ་གིས་འདི་བཟུམ་སྦེ་བཞག་ ལོག་སོང་ཞིནམ་ལས་འབག་འོང་སྟེ་ འདི་གིས་སྦེ་བཟུང་སྟེ་ ཏེ་ག་ཅི་ཅིག་འབད་དེ་བཙུགཔ་ཨིན།
  • ངག་དབང་ཕུན་ཚོགས་
    ག་དེ་སྦེ་ཨིན་རུང་ ཁོང་གསུམ་འབད་རུང་ ཁོང་སྒོམ་ཆེན་ར་ཨིན་རུང་ ལོག་སྟེ་སྲོག་ལེན་འབད་དེ་ ཁོ་བཏང་ཚར་ཞིནམ་ལས་ ཏེ་ཁོ་གི་སྲོག་ལེན་འབད་དེ་ ཁོ་བཏང་ཚར་ཞིནམ་ལས་ དེ་ལས་ཏེ་ འདིའི་ཤུལ་ལས་ར་ འཆམ་འདི་དང་ཕུའི་ལུགས་སྲོལ་སྦེ་ ད་ལྟོ་ དམྱལ་ཁམས་ དམྱལ་ཁམས་རང་གི་མི་ཤེས་པས།
  • ངག་དབང་ཕུན་ཚོགས་
    འ་ནཱི་དམྱལ་ཁམས་ནང་ན་ ཁོང་ཆོསཔ་ཚུ་གིས་ཤེས་པས་ རང་འཇིག་རྟེན་མི་གནག་པའི་མི་ དཔེ་ཆ་མ་བལྟཝ་ལས་མི་ཤེས་པས་ ཏེ་འ་ནཱེ་སྦེ་འབད་དེ་ དེ་ལས་ཏེ་ ཁོ་གི་འཁྱིད་དེ་ དེ་ལས་ཏེ་ ད་ལྟོའི་འཆམ་པ་ག་ར་ ཚར་གཅིག་ཕྱི་རུ་ཤིཝ་ཨིན་ཟེར་ཞུ་ནི་ཨིན།
  • ངག་དབང་ཕུན་ཚོགས་
    ཏེ་འཆམ་ཤི་སྟེ་ ཏེ་ཕྱི་རུ་འཆམ་ཤི་སྟེ་ ལོག་དེ་ལས་ཏེ་ ད་ལྟོ་ ལྷ་དང་ འ་ནཱི་འཁྱིད་དེ་ལྷ་གི་སྦེ་ལོག་སྟེ་ མ་ཎི་སྐུལ་ཏེ་ དེ་ལས་ཏེ་ ད་ལྟོའི་འཆམ་པ་ཚུ་ག་ར་ལོག་སྟེ་ ལོག་ལོང་སྟེ་ ལོག་སླབ་ཨིན་ཟེར་ཞུ་ནི།
  • ངག་དབང་ཕུན་ཚོགས་
    དེ་སྦེ་སླབ་སྟེ་ དེ་ལས་ཏེ་ ཡར་ལྟག་ལོག་སྟེ་ དང་པ་ ཏེ་ཆོས་ཀྱི་ སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ལུ་ལྟག་སྟེ་ དེ་སྦེ་འཆམ་རྐྱབ་སྟེ་ ཕར་ལྟག་ཕྱག་དབང་ཞུ་ ཕར་ལས་སྦེ་ དེ་ལས་ ཆོས་ཀྱི་རྒྱལ་པོ་ལུ་ལྟག་ཞུ་སྟེ་ ཏེ་དེ་ལས་སྦེ་ཏེ་ ད་ ད་ལྟོ་ལོག་སྟེ་ དེ་ལས་འདི་ནང་ན་འཛུལ་ཏེ་གྲོལཝ་ཨིན་ཟེར་ཞུ་ནི་ཨིན་ལགས།