Skip to main content Skip to search
03 Feb 2016
1 min 34 sec
Samten Yeshi
Video Overview
Creators: 
Dawa Tshering, Thinley Dorji

Ap Nako from Thimthrom explains how the name “Langtso Phakhar” came into existence. This land was initially called “Ludrong” (Dzo. klu = serpent; Dzo. grong = village) since it was filled with serpents. Another history relates that the place was also known as Langtso Phakhar because of its location near a lake called “Langtso” (Dzo. glang = ox; Dzo. mtsho -= lake), between the cremation ground and the present-day India House. 

 

༉ གླང་འཇོ་ཕར་ཁ་གཡུས་ཀྱི་ཁུངས་ གླང་འཇོ་ཕར་ཁ་ལུ་ ཀླུ་གྲོང་ཟེར་ཡང་སླབ་སྲོལ་ཡོདཔ་ད་ ཀླུ་གྲོང་ཟེར་སླབ་དགོ་མི་དེ་ཡང་ ས་གནས་ཐདམ་ཐད་ཁ་ལུ་ ཀླུའི་ཕོ་བྲང་ཚུ་ཡོད་ནི་འདི་གིས་ ཀླུ་གྲོང་ཟེར་དང་ གླང་འཇོ་པར་ཁ་འདི་ ཧེ་མ་འབད་བ་ཅིན་ ད་རེས་ནངས་པར་ཡོད་པའི་དུར་ཁྲོད་དང་ རྒྱ་གར་གཞུང་ཚབ་ཀྱི་ཁྱིམ་༼India House༽གྱི་བར་ན་ལུ་ མཚོ་ཅིག་ཡོདཔ་ད་ མཚོ་དེ་ཁར་མཚོ་གླང་ཅིག་སྡོད་སྡོདཔ་མས། དེ་ལས་བརྟེན་གླང་མཚོ་ཕར་ཁ་ ཟེར་བཏགས་བཏགསཔ་འོང་ནི་མས། ཨིནམ་ད་ལུ་ ཤུལ་ལས་སྒྲ་ཟུར་ཉམས་ཏེ་ གླང་འཇོ་ཕར་ཁ་ཟེར་འགྱུར་འགྱུརཝ་བཟུམ་སྦེ་བཤད་ནི་འདུག འདི་གི་ཞོར་ཁ་ལུ་ ཧེ་འཇོ་གི་སྐོར་ལས་ཡང་ དུམ་གྲ་ཅིག་བཤད་ནི་འདུག དེ་འབདཝ་ད་ ཧིང་སང་ས་ཅིག་བཤད་ནི་མིན་འདུག།

 

Transcript search
No results found for this search
0 of 0
  • ཨུ་རྒྱན་ལྷ་མོ། Ugyen Lhamo
    ལགས་སོ་ད་ ད་ལྟོ་ ང་གིས་འཐེན་མི་གི་ མ་ཎི་འདི་གི་ བཤད་པ་ཅིག་ཞུ་བ་ཅིན་ མ་ནི་འདི་ ཏེ་མ་ཎི་སོ་ནམ་རིན་ཆེན་ཟེར་མི་འདི་གི་ མ་ཎི་ཨིན་མས་ལགས། ཤོག་ཡར་ཤོག་ཟེར་མི་འདི།
  • ཨུ་རྒྱན་ལྷ་མོ། Ugyen Lhamo
    མི་ང་ངོ་ཁྱོད་ཀྱིས༌ མ་ཤེསན་ ང་འགྲོ་འདོད་ སོ་ནམ་རིན་ཆེན་ཨིན་ཟེར་མི་འདི་གི་ མ་ཎི་འདི་ཨིན་ལགས། ཤོག་ཡར་ཤོག་ མར་གྱི་ལྕགས་རི་འཁོར་བིའ་ནང་ཞད་ནང་ དམྱལ་བ་ཚ་གྲང་གི་སྡུག་བསྔལ་མ་མྱོང་བར་ ཡར་ཤོག་ཟེར།
  • ཨུ་རྒྱན་ལྷ་མོ། Ugyen Lhamo
    ཏེ་་ང་བཅས་ར་ ཤིཝ་ད་ མར་དམྱལཝ་ཚ་གྲང་གི་ སྡུག་བསྔལ་ནང་ལས་ ཡར་ཤོག་ཟེར་གསུངས་པའི་ ལོ་རྒྱུས་བཟུམ་ཅིག་ཨིན་མས་ལགས། ད་ང་ར་གིས་ ཤེས་ཤེསཔ་ མཐོང་མཐོངམ་ཅིག་ཞུ་བ་ཅིན་ འ་ནཱེ་སྦེ་ཨིན་མས་ཟེར་ ཞུ་ནི་ཨིན་ལགས།
  • ཨུ་རྒྱན་ལྷ་མོ། Ugyen Lhamo
    ད་ དམྱལ་བ་ཚ་གྲང་གི་སྡུག་བསྔལ་ནང་ལས་ ཏེ་ང་རྒྱལ་དང་ ཕྲ་དོག་སྤངས། བསྔོ་བ་ཞུ་སྟེ་ར་སྤངས་ཏེ་ ཡར་ཤོག་ཟེར་ ཁོ་དེ་ ཡར་ཐར་པའི་ལམ་ལུ་ འགྲོ་ནི་ཨིན། བདེ་བ་ཅན་གྱི་ཞིང་ཁམས་སྐྱེས་ནི་ཨིན་ཟེར་ འ་ནཱེམ་ཅིག་ཨིན་ཟེར་ཞུ་ནི་ཨིན་ལགས།