Skip to main content Skip to search
29 Jun 2018
2 min 11 sec
Video Overview
Creators: 
Sherig Dentshog

It is said that Moenangsa Chorten of Khangma village under Pemagatshel District was built by Gyalpo Namgyal as per the prophecy given by fairy and it was sponsored by Jadrung. It is called also called as Gomang Chorten. It is said that rocks of the Chorten was introduced by fairy. Gyalpo Namgyal could not collect the good rocks. He had starts the base with weak rocks and worried about rocks. In midnight fairy came to his house and said, "Don’t worry about rocks, follow me, there is a brightening light on three stones of the rock". Then he followed the fairy and found out three stones with brightening light on the rock. He digs out the rock and got lots of rocks and he felt it is enough for two chorten. Then stopped producing rocks from it and while constructing it was not sufficient for now we can see around the neck of the chorten had built with ordinary rocks. At present, it is well cared by people of Khangma.

པད་མ་དགའ་ཚལ་རྗོང་ཁག་གཡུས་ཁང་མ་ལུ་ཡོད་མི་ མེ་ནངས་ས་མཆོན་རྟེན་འདི་ མཁའ་འགྲོའི་ལུང་བསྟེན་དང་འཁྲིལ་ དགོན་པོ་རྣམ་རྒྱལ་གིས་ བྱ་དྲུང་གི་བྱིན་བདག་མཛོད་ཐོག་ལས་ བཞེངས་ནུག མཆོན་རྟེན་འདི་གི་མིང་གཞན་ གོ་མང་མཆོན་རྟེན་ཟེར་སླབ་ཨིན་མས། དགོན་པོ་རྣམ་རྒྱལ་གིས་ མཆོན་རྟེན་འདི་བཞེངས་པའི་སྐབས་ རྡོ་ལེགས་ཤོམ་མ་ཐོབ་ལས་ གཞི་རྟེན་འདི་རྡོ་ཉེསཔ་གི་བཟོཝ་ལས་ ཁོ་ཚ་གྱང་ལང་ནུག། ཨིན་རུང་ནུམ་མོ་ཕྱེད་ལུ་ མཁའ་འགྲོ་འདི་ཁོ་གི་ཁྱིམ་ནང་ འབྱོན་ཞིནམ་ལས་ ཁྱོད་རྡོ་གི་སྐོར་ལས་ཚ་གྱང་མ་ལང་ ང་རྟིང་བདའ་སྟེ་ཤོ་ཟེར་་སླབ་སྟེ་ འོད་དང་ལྡན་པའི་རྡོ་ཕུ་ མ་འདྲཝ་གསུམ་བསྟོན་ནུག། དེ་ལས་ཁོ་གི་རྡོ་ཕུ་འདི་བརྐོ་ ཞིནམ་ལས་རྡོ་ལེ་ཤ་འཐོབ་སྟེ་  མཆོན་རྟེན་གཉིས་ཀྱི་དོན་ལུ་ ལང་ཟེར་མནོ་སྟེ་རྡོ་སྟོན་ནི་འདི་བཞག་ནུག ཨིན་རུང་མཆོན་རྟེན་འདི་ བཞེངས་པའི་སྐབས་ རྡོ་མ་ལངམ་ལས་མཆོན་རྟེན་གི་ལྟག་ཀོ་འདི་ སྤྱིར་བཏང་རྡོ་གི་བཞེངས་ནུག། ད་ལྟོ་འབད་ཝ་ཅིན་ མཆོན་རྟེན་འདི་ཁང་མ་ མི་འདི་ཚུ་གི་བདག་འཛིན་འཐབ་ཨིན་མས།

Transcript search
No results found for this search
0 of 0
  • ལྷ་བརྒྱ་དབང་འདུས་/Lhaja Wangdi:
    ཏེ་ འ་ནཱི་མཆོད་རྟེན་གཞེངས་པའི་སྐབས་ལུ་ དང་པ་ འ་ནཱི་བམ་རྡོ་ཙང་ཙ་གིས་རྐྱབ་སྟེ་སྡོད་ནུག ཏེ་འ་ནཱི་བམ་རྡོ་གིས་བཞེངས་ཞིནམ་ལས་ དེ་ལས་མི་བཏུབ་པས་ཟེར་ བཟོ་བོ་བི་ཤྭ་ཀརྨ་འདི་ ཁོ་ཐུགས་བཞེད་གནང་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ད་རུང་ མཁའ་འགྲོམ་གཉིས་ཁོ་འབད་སར་ལྷོད་ འབདཝ་ལས་ དེ་ལས་རྐྱངམ་ཅིག་ཕར་འགྱོ་ དེ་ལས་རྐང་རྗེས་བལྟ་འགྱོ་སྦེ་ ཕར་ལྷོདཔ་ད་ རྡོ་གསུམ་བརྩེགས་བཞག་སར་མཐོང་སྟེ་ ཨའེ་་་་ རྡོ་འ་ནཱ་ཡོདཔ་མས་ཟེར་ འ་ནཱི་རྡོ་ལྷོང་འབད་ཞིནམ་ལས་ དེ་ལས་རྐྱངམ་ཅིག་རྡོ་ལེགས་ཤོམ་འཐོན་ཡི་ཟེར་ ད་ལྟོ་རྡོ་དེ་ཡང་ ང་བཅས་ཀྱིས་ཐིག་བཏབ་སྦེ་གཞོག་སྟེ་འབད་རུང་ ལེགས་ཤོམ་བཟོ་མི་ཚུགས་པས་བ་ འ་ནཱི་བཟུམ་ལེགས་ཤོམ་ཡོད།
  • ལྷ་བརྒྱ་དབང་འདུས་/Lhaja Wangdi:
    མཁའ་འགྲོམ་གིས་གནང་གནངམ་གི་མཆོད་རྟེན་ཨིན་ཟེར་ མཚན་འབད་བ་ཅིན་ ཏེ་དམོད་གནང་ས་ཟེར་མི་འདི་ ཧེ་མ་འབད་བ་ཅིན་ ཧེ་མ་འདི་བསམ་གྲུབ་རྩེ་ཟེར་མི་འདི་ཨིན། བསམ་གྲུབ་རྩེ་ལས་འདི་ ད་ལྟོ་ ཏེ་ཤུལ་ལས་ འ་ནཱི་མཐོང་ལེགས་བུ་ཆུང་གི་ཁྲག་གཏོར་ཞིནམ་ལས་འདི་ ཏེ་འ་ནཱ་ལུ་དམོད་གནང་ས་ཟེར་ འབོ་མི་འདི་དེ་ལས་བརྟེན་ཨིན།
  • ལྷ་བརྒྱ་དབང་འདུས་/Lhaja Wangdi:
    དེ་ལས་འ་ནཱ་ལས་ མཆོད་རྟེན་འདི་ ཡར་ཨོལ་ལྐོག་ཁར་ལྷོདཔ་ད་མ་ལང་མི་འདི་ ཏེ་ད་ལྟོ་ བཟོ་བོ་བི་ཤྭ་ཀརྨ་གིས་ བླ་མ་མཁྱེན་ རྡོ་འདི་མངམ་རང་བཏོན་ཡི་ ལང་ཡི་ཟེར་སླབ་ཞིནམ་ལས་ ཏེ་འ་ནཱ་བཀག་བཏང་ བཀག་བཏང་ཞིནམ་ལས་ ཡར་ལྟག་ལུ་འདི་ ཏེ་འ་ནཱི་རྡོ་ཆུང་ཀུ་ཚུ་བཙུགས་ ལཱ་འབད་མི་འདི་ འདི་ལས་བརྟེན་ཨིན་ཟེར་ ཐོག་ཁའི་ཉིན་ཟླ་དེ་ཡང་ ཏེ་ཚར་གཅིག་ ཨ་ནཱི་ས་ཡོམ་འོང་སྟེ་ ས་ཁར་འབུད་སོང་ཡི། ལོག་སྟེ་ད་རུང་ཐོག་ཁར་བཀལ་ཏེ་ འ་ནཱི་སྦེ་ཕུལ་ཕུལཝ་ཨིན་ ཟེར་ཞུ་ནི་ཨིན་ལགས།། །།