Video Overview
Pasang from Lungo village in Gasa Dzongkhag (district), talks about how Zhabdrung named this village "Lungo", which means "remote place". According to Pasang, when Zhabdrung visited the area, three local women refused to give him alms. Disheartened by the ill treatment, Zhabdrung cast a spell to bring immediate rain and demanded the women call the place Lungo.
༉ ད་རེས་ནངས་པར་ ལ་གཡག་ལུང་སྒོ་ ཟེར་སླབ་སར་ ཧེ་མ་འབད་བ་ཅིན་ ལུང་ཁུ་ ཟེར་སླབ་དོ་ཡོདཔ་ཨིན་མས། དེ་ཡང་ པ་སངས་ཀྱིས་བཤད་མི་དང་འཁྲིལ་བ་ཅིན་ ཧེ་མ་ལ་ཡག་ལུང་སྒོ་དེ་ནང་ འབྲུ་སྣ་གི་རིགས་བྱཱ་རྐྱངམ་ཅིག་མ་གཏོགས་ གཞན་ག་ར་འཚོ་དོ་ཡོདཔ་ད་ ཚར་གཅིག་ཞབས་དྲུང་རིན་པོ་ཆེ་བྱོན་ཏེ་ བསོད་སྙོམས་ལྷང་པའི་སྐབས་ དེ་ནང་གི་མི་ཚུ་གིས་ ཞབས་དྲུང་རིན་པོ་ཆེ་ལུ་ བསོད་སྙོམས་ཕུལ་ཏེ་ཞབས་ཏོག་ལེགས་ཤོམ་མ་ཞུ་བའི་ཁ་ལུ་ སྨད་པ་རྐྱབ་ལས་བརྟེན་ཏེ་ གཡུས་དེ་ཚུའི་མིང་དང་བཅསཔ་སྦེ་ བླམ་གིས་ཐུགས་སྨོན་གནང་བཞག་ནི་དེ་གིས་ ད་རེས་ནངས་པར་ གཡུས་སྒོ་དེ་ནང་ འབྲུ་སྣའི་རིགས་ག་ཅི་མི་འཚོ་དོ་ཡོདཔ་ད་ གཡུས་ཀྱི་མིང་ཡང་ ལུང་སྒོ་ཟེར་མེན་པར་ ལུང་ཁུ་ཟེར་བཏགས་གནང་གནངམ་ཨིན་རུང་ ད་རེས་ནངས་པར་མི་ཚུ་གིས་བརྗོད་སྒྲའི་ཟུར་ཉམས་ཏེ་ ལུང་སྒོ་ ཟེར་སླབ་དོ་ཡོདཔ་བཤདཔ་ཨིན་མས།
- Loong-Go
- རིན་ཆེན། Rinchenལགས་སོ་ལགས། ད་རེས་ནཱ་ལས་ འདྲི་བ་དྲི་གནང་མི་འདི་ལུ་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ཟེར་ ཞུ་ནི་ཨིན་ལགས། ང་རང་ སྐྱེས་ས་ སྦོམ་ས་འདི་ ནཱ་ལུང་སྒོ་ལས་ཨིན། རོགས་ལུང་ལྷ་ཁང་ཟེར་མི་འདི་གི་ ཁྱིམ་ཚང་ཨིན། ང་རང་ སྐྱེས་ལོ་འདི་ ལྔ་བཅུ་ལྔ་བདུན་དེ་ཅིག་ ཡར་སོང་ཡི་ཟེར་ ཞུ་ནི་ཨིན་ལགས། འདི་འབདཝ་ད་ ང་ ནཱ་ལུང་སྒོ་གི་ གཡུས་འདི་གི་ གནམ་མེད་ས་མེད་ཅིག་ རྒྱས་ཤིང་རྒྱསཔ་སྦེ་ ང་གིས་ ཞུ་ཡང་མི་ཤེས་ ཏེ་ མདོར་བསྡུ་འདི་ཞུ་བ་ཅིན།
- རིན་ཆེན། Rinchenཧེ་མ་ རོགས་ལུང་སྒོ་ལྷ་ཁང་ ཆགས་ཚུལ་འདི་ ཏེ་ ཧེ་མ་ ལུང་སྒོ་ལྷ་ཁང་ ཆགས་ཚུལ་འདིའི་སྐོར་ལས་ དུམ་གྲ་ཅིག་ཞུ་བ་ཅིན་ སྤ་རོ་སྐྱིད་ཆུ་ལྷ་ཁང་དང་ བུམ་ཐང་བྱམས་པ་ལྷ་ཁང་ འབྲོག་ལུང་སྒོ་ལྷ་ཁང་ཟེར་ ཁོང་གསུམ་ གདན་ས་འདྲན་འདྲ་བཅགས་བཅགསཝ་ཨིན་ཟེར་ ཨིན་མས་ལགས། དང་ཕུ་གི་ མི་རྒན་ཤོས་ཚུ་གིས་ སླབ་སྲོལ་གོཝ་ད་ལུ།
- རིན་ཆེན། Rinchenའདི་ལས་ ཁོང་ གདན་ས་འདྲན་འདྲ་བཅགས་ ཏེ་ གྲུབ་ཐོབ་བརྒྱད་བཅུ་གི་ནང་ལས་ ཕ་ཇོ་འབྲུག་སྒོམ་བཞི་པོ་གི་ནང་ལས་ ང་བཅས་ བོད་ཀྱི་ མགོན་པོ་གཙང་པ་རྒྱ་རས་གཉིས་ ནཱ་བྱོན་ཞིནམ་ལས་ ནང་རྟེན་འདི་ཡང་འདི་ཡོད།
- རིན་ཆེན། Rinchenད་ལྟོ་ གདན་ས་བཅགས་མི་འདི་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་གཉིསཔ་འདི་ ཨིན་མས་ཟེར་ ཞུ་ནི་ཨིན་ལགས། དེ་ལས་ འདི་ནང་ལུ་ འགྲོ་བའི་མགོན་པ་གཙང་པ་རྒྱ་རས་ཀྱིས་ གདན་ས་བཅགས་ཞིནམ་ན་སྦེ་ ད་ལྟོའི་ ནང་རྟེན་འདི་ གཙོ་བོ་འདི་ ད་ལྟོ་ བཅུ་གཅིག་ཞལ་ཡོད་ཟེར་ ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenབཅུ་གཅིག་ཞལ་གྱི་ མཐའ་བསྐོར་འདི་ གནས་བརྟན་གྱི་ མཐའ་བསྐོར་དེ་གིས་ཡོད་ཟེར་ ཞུ་ནི་ཨིན་ལགས། ཏེ་ ཀུན་བཟང་ཡབ་ཡུམ་ཡོད་ཟེར་ ཞུ་ནི་ཨིན་ལགས། འདི་ལས་ འདི་དང་ཅིག་ཁར་ ང་བཅས་ནཱ་ལུ་ འབུམ་སྡེ་ བསྙུང་གནས་འདི་ཚུ་ ཧེ་མ་ཧེ་མ་ དང་ཕུ་ལས་འབད་བ་ཅིན་ ག་ནི་ཡང་འབད་ནི་མིན་འདུག རབ་གནས་འབད་བའི་སྲོལ་ཡང་མིན་འདུག
- རིན་ཆེན། Rinchenད་རེས་ནངས་པ་འབདཝ་ད་ལུ་ ང་བཅས་ དགུན་མར་ལས་ལོག་ལྷོད་ ཟླཝ་དང་པའི་ནང་ལུ་ལྷོདཔ་ཅིག་ ཟླཝ་གཉིས་པའི་ནང་ལུ་ གནསཔ་ཅིག་ གསོལ་ནི་ཡོད་ཟེར་ ཞུ་ནི་ཨིན་ལགས། གུང་པ་རེ་རེ་ལས་ མི་རེ་རེ་སྤུ་ར་(ག་ར)འཛོམས་འདི་གིས་སྦེ།
- རིན་ཆེན། Rinchenཨཔ་བདུད་རྒྱབ་ཟེར་མི་འདི་ ང་བཅས་རང་གི་གནསཔ་འདི་ དུས་ཡུན་གཅིག་ཆོ་ག་གཏང་ ཆོསཔ་འཚོལ་འདི་གིས་སྦེ་ ཆོ་ག་གཏང་ ཨ་ནཱི་སྦེ་ གནསཔ་གསོལ་ནི་ཡོདཟེར་ ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenཨ་ནཱི་ལས་ གནསཔ་འདི་ གསོལ་ཞིནམ་ན་སྦེ་ དེ་ལས་ ཟླ་བ་དྲུག་པའི་ནང་ལུ་ དྲུགཔ་ཚེས་བཞི་ནང་ལུ་ ཨ་ནཱི་གི་འབྲེལ་འདི་གིས་སྦེ་ ང་བཅས་ ནཱ་འབྲོག་ལུང་སྒོ་ལྷ་ཁང་ནང་ལུ་ བསྙུང་གནས་ཅིག་ཡོད་ཟེར་ ཞུ་ནི་ཨིན་ལགས། བསྙུང་གནས་ཚར་ཅིག་ ཕུལ་ནི་ཡོད་ཟེར་ ཞུ་ནི་ཨིན་ལགས། ང་བཅས་དམངས་ཀྱིས་སྦེ་ལགས།
- རིན་ཆེན། Rinchenའདི་ལས་ ཨ་ནཱི་དང་ཅིག་ཁར་ ང་བཅས་ནཱ་ལུ་ དམངས་ཀྱི་ཆོས་ཟེར་ བཀའ་འགྱུར་ རྒྱལ་བ་འབཀའ་འགྱུར་རིན་པོ་ཆེ་འདི་ ཟླ་བ་བདུན་པ་ནང་ལུ་ ལྷག་ཨིན།
- རིན་ཆེན། Rinchenརྒྱལ་བ་བཀའ་འགྱུར་རིན་པོ་ཆེ་འདི་ སྔོན་གོང་ལས་མིན་འདུག ད་རེས་ནངས་པ་ལུ་ མར་རྒྱ་གར་རྡོ་རྗེ་གདན་ལས་སྦེ་ མར་ལས་ཉོ་ ཐོན་ས་འདི་ མཱེ་སུར་ལས་ཨིན་ན་ ག་སྟེ་ལས་ཨིན་ན་མ་ཤེས་ རྡོ་རྗེ་གདན་ལས་ ཉོ་འདི་སྦེ་ ང་བཅས་ ནཱ་གི་ ནང་རྟེན་སྦེ་ཞུ་ ཨ་ནཱི་ཕུལ་འདི་གི་སྦེ་ ད་རེས་ནངས་པ་ ཟླ་བ་བདུན་པའི་ནང་ལུ་ ང་བཅས་ནཱ་ལུ་ རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཅིག་ ལྷགཔ་ནི་ཡོད་ཟེར་ ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenཧེ་མ་འབདཝ་ད་ ང་བཅས་འབུམ་ཅིག་ལྷག་ནི་ཡོད། ད་རེས་ནངས་པ་ འབུམ་འདི་ཡང་ ལྷག་སྟེ་རང་ཡོད། བཀའ་འགྱུར་འདི་ ད་རེས་གསརཔ་སྦེ་ ང་བཅས་ཟླཝ་བདུན་པའི་ནང་ རྟག་བུ་རང་ བཀའ་འགྱུར་འདི་ ཞལ་ཕྱེ་འདི་ ལྷག་དོ་ཟེར་ ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenཏེ་ ང་བཅས་ མར་འགྱོ་རེནམ་ད་ གནསཔ་འདི་ ཚར་གཅིག་ གསོལ་ནི་ཡོད་ཟེར་ ཞུ་ནི་ཨིན་ལགས། ང་བཅས་ ནཱ་འབུམ་སྡེ་འདི་ ལོ་གཅིག་ནང་ལུ་ ཁག་དྲུག་དེ་ཅིག་ བཟུང་ནི་ཡོད་ཟེར་ ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenཨ་ནཱི་དང་ཅིག་ཁར་ལུ་ ང་བཅས་ ནཱ་གནསཔ་ཨཔ་བདུད་རྒྱབ་ཟེར་མི་འདི་ཡང་ ཧེ་མ་ཧེ་མ་ལས་ ཁོ་ར་ ནཱ་གི་གཡུས་ཚན་འདི་ནང་གི་ ཏེ་ ལྷ་བཟུམ་ཅིག་ཨིན་མས། གནས་བདག་བཟུམ་ཅིག་ ཨ་ནཱི་ ང་བཅས་ཀྱིས་ ད་ལྟོ་ཡང་ གསོལ་རྐྱབ་རྐྱབ་ས་ར་ཡོད་ཟེར་ ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenཨ་ནཱི་འདི་ ཁོ་ལྷ་ཟེར་ ང་བཅས་ ནཱ་ལུ་ གནསཔ་ཟེར་ སླབ་རུང་ ཤུག་པའི་ ཤིང་གཅིག་རང་ཨིན་ཟེར་ ཞུ་ནི་ཨིན་ལགས། ཤུགཔ་འདི་གི་ ཏེ ཤུག་པའི་ཤིང་འདི་ ག་དེ་སྦེ་ཡོདཔ་སྨོ་ཟེར་བ་ཅིན་ ཁོ་ ཨཔ་སྒོ་མོ་ལུ་ དཔྱེ་བཞག་འདི་ ཨིན་མས་ཟེར་ ཞུ་ནི་ལགས།
- རིན་ཆེན། Rinchenཁོ་ མགུ་ཏོ་འདི་དམརཔོ་ ཨ་ནཱི་ ཁྲོ་བ་ཚམ་ཅིག་སྦེ་ མེ་རི་སྦེ་ འདི་ལས་ ཁོ་གི་ཆིབས་འདི་ རྟ་ནག་རྟིང་དཀར་གྱི་བདག་པོ། བདུད་རྐྱབ་བ་སྟེང་གི་བདག་པོ། །རྟ་ནག་རྟིང་དཀར་གྱི་བདག་པོ། །གཡག་ཁམས་པ་རུ་པ་གི་བདག་པོ། །
- རིན་ཆེན། Rinchenཁོ་གི་ ཆིབས་འདི་ རྟ་ནགཔོ་སྦེ་ཞིནམ་ན་སྦེ་ རྟིང་དཀར་རྐངམ་དཀརཔོ་ཅིག་ ཨིན་མས་ཟེར་ ཞུ་ནི་ལགས། གཡག་གཅིག་ཡོདཔ་ཨིན་མས། གཡག་དེ་ཡང་ ཁོ་གིས་ ཆིབས་རྟ་ཅོག་འཐདཔ་སྦེ་ གཡག་འདི་ མ་པ་ཁམས་པ་འབད་ཞིན་ན་ རྭ་དཀརཔོ་ཅིག་ཨིན་མས་ཟེར་ ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenང་བཅས་ གནསཔ་གི་རྩ་བར་ ང་བཅས་ ལོ་རེ་རེ་ནང་ལུ་ མར་འགྱོ་རནམ་ད་ལུ་ ཀར་བརྔ་ཚརཝ་ད་ ཚར་ཅིག་དང་ ཟླཝ་བརྒྱད་པའི་ནང་ ཚར་ཅིག་དང་ མར་ལས་ཡར་ ལྷོད་འདི་ ཟླཝ་གཉིསཔ་ནང་ཚར་ཅིག་ ལོ་རེ་ནང་ ཚར་གཉིས་གཉིས་འདི་ ལྟ་བུ་རང་ ཨ་ནཱི་གནསཔ་འདི་ ང་བཅས་ གུང་པ་རེ་རེ་ལས་ མི་རེ་རེ་འཛོམས་འདི་གིས་ གནསཔ་འདི་ བཏང་ནི་ཡོད་ཟེར་ཞུ་ནི་ཨིན་ལགས།
- རིན་ཆེན། Rinchenགཞན་གནམ་མེད་ས་མེད་ རྒྱས་ཤིང་རྒྱསཔ་སྦེ་ ང་གིས་ ག་ནི་ཡང་ཞུ་ནི་མེད་ ང་བཅས་ ལྷ་ཁང་ནང་ལུ་ ཨ་ནཱིམ་ཅིག་ར་ཨིན་མས་ཟེར་ ཞུ་ནི་ཨིན་ལགས།